菩薩藏佛教學會
20
背景
翻譯
下載 ▾

d0190聖女轉變授記大乘經c3.5s

D190 d0190位於德格甘珠爾第61 函,相當於大正藏

  0566 14 P0930 樂瓔珞莊嚴方便品經 (1卷)〖 姚秦 曇摩耶舍譯〗

@##། །རྒྱ་གར་སྐད་དུ། ཨཱརྱ་སྟྲཱི་བི་བརྟ་བྱཱ་ཀ་ར་ཎ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་ པ་བུད་མེད་འགྱུར་བ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་ལྔ་སྟོང་གི་དགེ་སློང་ གི་དགེ་འདུན་ཆེན་པོ་དང་།བྱང་ཆུབ་སེམས་དཔའ་བརྒྱད་སྟོང་མངོན་པར་གྲགས་པ། མངོན་པར་ཤེས་པ་ཐོབ་པ། སྤོབས་པ་ཐོགས་པ་མེད་པ། མི་འཇིགས་པ་ཐོབ་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་དང་ལྡན་པ། སངས་རྒྱས་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ། ཐེག་པ་ཆེན་ པོའི་རྗེས་སུ་སོང་བ་ཤ་སྟག་ལ་འདི་ལྟ་སྟེ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མུ་ཁྱུད་འཛིན་དང་། ས་འཛིན་དང་། བང་རིམ་འཛིན་དང་། མཆོད་སྦྱིན་རུས་འཛིན་དང་། སྣང་བའི་བློ་གྲོས་དང་། རྣམ་པར་དག་པའི་བློ་གྲོས་དང་། སྦྱངས་པའི་བློ་གྲོས་དང་། ཁྱད་པར་བློ་གྲོས་ དང་།མཐའ་ཡས་བློ་གྲོས་དང་། འཕེལ་བའི་བློ་གྲོས་དང་། མཐོང་དགའ་དང་། ལེགས་མཐོང་དང་། ཆེར་སྣང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཀུན་མཐོང་ལ་སོགས་པ་དང་ཐབས་ཅིག་ཏུ་བཞུགས་སོ། །བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འཁོད་དོ།།དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་རྟེན་ཅིང་བཞུགས་ཏེ། རྒྱལ་པོ་དང་། རྒྱལ་པོའི་བུ་རྣམས་དང་། ཚོང་དཔོན་རྣམས་དང་། ཁྱིམ་བདག་རྣམས་དང་། བློན་པོ་རྣམས་དང་། འཁོར་རྣམས་དང་། གྲོང་རྡལ་པ་དང་། ཡུལ་གྱི་མི་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་སྔ་དྲོའི་དུས་ཀྱི་ཚེ་སྨད་གཡོགས་དང་། ཆོས་གོས་བགོས། ལྷུང་བཟེད་ཐོགས་ནས་བཅོམ་ལྡན འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ།

以下是對給定文字的完整直譯: 梵文:Ārya-strī-vivarta-vyākaraṇa-nāma-mahāyāna-sūtra 藏文:འཕགས་པ་བུད་མེད་འགྱུར་བ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། 漢譯:《聖女轉變授記大乘經》 第一卷 頂禮一切佛菩薩。 如是我聞:一時,世尊在王舍城耆阇崛山中,與大比丘眾五千人俱,菩薩八千人,皆悉知名,得大神通,辯才無礙,獲得無畏,安住不生法忍,于無量佛所植諸善根,隨順大乘。其名曰:持輪菩薩摩訶薩、持地菩薩摩訶薩、持級菩薩摩訶薩、持祭祀種姓菩薩摩訶薩、光明慧菩薩摩訶薩、清凈慧菩薩摩訶薩、修習慧菩薩摩訶薩、殊勝慧菩薩摩訶薩、無邊慧菩薩摩訶薩、增長慧菩薩摩訶薩、見喜菩薩摩訶薩、善見菩薩摩訶薩、大現菩薩摩訶薩、見一切義菩薩摩訶薩等。 彌勒等賢劫一切菩薩摩訶薩亦悉集會於此眾中。 爾時,世尊住王舍大城,為王及王子、長者、居士、大臣、眷屬、城邑人民所恭敬、尊重、承事、供養。 時,具壽須菩提于晨朝時,著下衣持缽,往詣世尊所。到已,頂禮世尊足,退坐一面。坐已,具壽須菩提白世尊言:

།བཅོམ་ལྡན་འདས་མདང་སུམ་བདག་གི་རྨི་ལམ་ན་དེ་བཞིན་ གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་ཞིག་མཐོང་སྟེ།དེས་ཕྱག་གཡས་པ་གསེར་གྱི་མདོག་ཅན་བརྐྱང་ནས་བདག་གི་སྤྱི་བོར་བཞག་སྟེ། རབ་འབྱོར་སང་ཁྱོད་ཀྱི་སྔོན་མ་ཐོས་པའི་ཆོས་སྟོན་པ་ཐོས་པར་འགྱུར་རོ་ཞེས་དེ་སྐད་ཅེས་བཀའ་སྩལ་ན། བཅོམ་ལྡན་འདས་དེ་ གང་གི་སྔ་ལྟས་ལགས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཆོས་འདོད་པ་རྣམས་ཀྱི་སྔོན་མ་ཐོས་པའི་ཆོས་ཐོས་པར་འགྱུར་བའི་སྔ་ལྟས་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་ སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེའི་དུས་ལ་དབབ་པར་ཤེས་ན་སོང་ཤིག་།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱིས་གནང་ནས། བཅོམ་ ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་མཐར་ཆགས་སུ་བསོད་སྙོམས་ལ་རྒྱུ་ཞིང་སོང་བ་ལས། ཁྱིམ་བདག་ཅིག་གི་གནས་ག་ལ་བ་ དེར་སོང་སྟེ་ཕྱིན་ནས་སྒོ་ཁང་གི་ནང་ལོགས་སུ་ཅང་མི་སྨྲ་བར་སྡོད་དོ།།དེ་ནས་ཁྱིམ་དེའི་ནང་ནས་བུད་མེད་མཆོག་གི་གཟུགས་དང་ལྡན་པ། བལྟ་ན་སྡུག་པ། རྒྱན་གྱིས་ལེགས་པར་བཀླུབས་ཏེ། ནོར་བུ་དང་། མུ་ཏིག་དང་། བྱི་རུ་དང་། གསེར་གྱི་རྒྱན་གྱིས་བརྒྱན་པ། དཔལ་ཤིན་ཏུ་ འབར་བ།ཁ་དོག་རྒྱས་ཤིང་མཛེས་པ་དང་ལྡན་པ་ཞིག་བྱུང་ངོ་། །དེ་ནས་བུད་མེད་དེས་ཚེ་དང་ལྡན་པ་རབ་འབྱོར་གྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཁྱོད་ཅི་ཞིག་བཞེད་པའི་སླད་དུ་སྒོ་ཁང་འདི་ན་གཞེས། རབ་འབྱོར་ གྱིས་སྨྲས་པ།ཆེ་ཞེ་བདག་ནི་བསོད་སྙོམས་འདོད་པའི་ཕྱིར་སྒོ་གང་འདི་ན་སྡོད་དོ།

以下是完整的直譯: “世尊,昨夜我夢見如來安住菩提道場,他伸出金色右手放在我頭頂上,說道:‘須菩提,明日你將聽聞前所未聞之法。‘世尊,這是什麼徵兆?” 世尊回答說:“須菩提,這是善男子善女人渴求佛法者將聽聞前所未聞之法的徵兆。” 然後,具壽須菩提又對世尊說:“世尊,我將去王舍大城乞食。” 世尊說道:“須菩提,你知道時機,就去吧。” 於是,具壽須菩提得到世尊允許后,頂禮世尊雙足,進入王舍大城乞食。 具壽須菩提在王舍大城次第乞食時,來到一位居士家門前,默然而立。 這時,從屋內走出一位容貌殊勝的女子,美麗動人,裝飾華美,佩戴珍珠、琉璃、珊瑚、黃金等飾品,光彩照人,膚色鮮艷美麗。 那女子向具壽須菩提頂禮雙足,對他說道:“尊者須菩提,您為何站在這門廊處?” 須菩提回答說:“大姐,我為乞食而站在此門前。”

།བུད་མེད་དེས་སྨྲས་པ། བཙུན་པ་རབ་འབྱོར་ཁྱོད་ལ་ད་དུང་ཡང་བསོད་སྙོམས་ཀྱི་འདུ་ཤེས་འབྱུང་ལགས་སམ། བཙུན་པ་རབ་འབྱོར་ཁྱོད་ལ་ད་དུང་ཡང་བསོད་སྙོམས་ཀྱི་འདུ་ཤེས་ཐུགས་ སུ་མ་ཆུད་དམ།རབ་འབྱོར་གྱིས་སྨྲས་པ། ཆེ་ཞེ་བདག་གིས་བསོད་སྙོམས་ཀྱི་འདུ་ཤེས་ནི་ཁོང་དུ་ཆུད་མོད་ཀྱི། འོན་ཀྱང་ཕ་མ་ལས་སྐྱེས་པའི་ལུས་འབྲས་ཆན་དང་ཟན་དྲོན་གྱིས་བསྐྱེད་པ་འདི་ཟས་མེད་ཀྱི་བར་དུ་འཚོ་བར་མི་ནུས་སོ། །བུད་མེད་དེས་སྨྲས་པ། བཙུན་པ་རབ་འབྱོར་གྱིས་ མ་རིག་པ་འགགས་པས་འདུ་བྱེད་འགག་།འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་།རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་།མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་།སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་།རེག་པ་འགགས པས་ཚོར་བ་འགག་།ཚོར་བ་འགགས་པས་སྲེད་པ་འགག་།སྲེད་པ་འགགས་པས་ལེན་པ་འགག་།ལེན་པ་འགགས་པས་སྲིད་པ་འགག་།སྲིད་པ་འགགས་པས་སྐྱེ་བ་འགག་།སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་འགག་པ་མངོན་སུམ་དུ་མ་མཛད་དམ། རབ་འབྱོར་གྱིས་སྨྲས་པ། ཆེ་ཞེ་བདག་གིས་འགོག་པ་མངོན་སུམ་དུ་བྱས་སོ། །སྨྲས་པ་བཙུན་པ་རབ་འབྱོར་ཅི་ཞིག་ནི་འགོག་པར་འགྱུར། ཆོས་གང་ནི་རབ་ཏུ་བསྒོམ་པར་བགྱི། སྨྲས་པ་ཆེ་ཞེ་འགོག་པ་ནི ཆོས་གང་གི་རབ་ཏུ་བསྒོམ་པར་བྱ་བ་ཡང་མ་ཡིན་ནོ།།སྨྲས་པ། བཙུན་པ་རབ་འབྱོར་གལ་ཏེ་འགོག་པ་ཆོས་གང་གི་རབ་ཏུ་བསྒོམ་པ་ཡང་མ་ལགས་ན་བཙུན་པ་རབ་འབྱོར་གྱི་ལུས་བསོད་སྙོམས་ཀྱིས་ཇི་ལྟར་འཚོ་བར་འགྱུར། སྨྲས་པ། ཆེ་ཞེ་འགོག་པ་ལ་སྙོམས་པར་ཞུགས་ཏེ་ ཚོར་བ་ཐམས་ཅད་བཀག་པ་ལས་ལངས་པའི་ལུས་འཚོ་བར་བྱེད་དོ།།སྨྲས་པ། བཙུན་པ་རབ་འབྱོར་གལ་ཏེ་གཏན་དུ་མྱ་ངན་ལས་འདས་ན་ཁྱོད་ཀྱི་ལུས་ཇི་ལྟར་འཚོ་བ་ལ་འཇུག་པར་འགྱུར། སྨྲས་པ། ཆེ་ཞེ་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ནི་ལུས་འཚོ་བར་བྱ་བའི་ཕྱིར་བསོད་ སྙོམས་ལ་རྒྱུའོ།།སྨྲས་པ། དེས་ན་བཅོམ་ལྡན་འདས་ཀྱིས་བཙུན་པ་རབ་འབྱོར་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཏུ་མ་བསྟན་ཏམ། སྨྲས་པ། ཆེ་ཞེ་དེ་ཡིན་ནོ། །སྨྲས་པ། ཅི་ཉོན་མོངས་པ་མེད་པ་དེ་རྒྱུ་བའམ་རབ་ཏུ་རྒྱུ་བ་ལགས་སམ། སྨྲས་པ། ཆེ་ཞེ་མ་ ཡིན་ནོ།

以下是完整的直譯: 那女子說道:“尊者須菩提,您還有乞食的想法嗎?尊者須菩提,您還沒有領悟乞食的含義嗎?” 須菩提回答說:“大姐,我雖然領悟了乞食的含義,但是父母所生的這個身體,由米飯和熱食滋養,若無食物就無法存活。” 那女子說道:“尊者須菩提,您不是已經親證了’無明滅則行滅,行滅則識滅,識滅則名色滅,名色滅則六入滅,六入滅則觸滅,觸滅則受滅,受滅則愛滅,愛滅則取滅,取滅則有滅,有滅則生滅,生滅則老死、憂悲苦惱皆滅’嗎?” 須菩提回答說:“大姐,我已經親證了滅。” 女子問道:“尊者須菩提,什麼是滅?應當修習何法?” 須菩提回答說:“大姐,滅並非任何應當修習的法。” 女子又問:“尊者須菩提,如果滅不是任何應當修習的法,那麼尊者須菩提的身體如何依靠乞食而生存?” 須菩提回答說:“大姐,入滅盡定,遮止一切感受后出定,身體便能存活。” 女子又問:“尊者須菩提,如果永遠涅槃了,您的身體如何繼續存活?” 須菩提回答說:“大姐,世尊的聲聞弟子們爲了維持身體的生存而乞食。” 女子說道:“那麼,世尊不是說尊者須菩提是無煩惱住者中的第一嗎?” 須菩提回答說:“大姐,是的。” 女子又問:“無煩惱者還會行走或四處遊蕩嗎?” 須菩提回答說:“大姐,不會。”

།སྨྲས་པ། འོ་ན་ཅིའི་སླད་དུ་བཙུན་པ་རབ་འབྱོར་བསོད་སྙོམས་ལ་རྒྱུ་བ་མཛད། སྨྲས་པ། ཆེ་ཞེ་བདག་ནི་ལུས་ཆ་བའི་ཕྱིར་བསོད་སྙོམས་ལ་རྒྱུ་བ་མ་ཡིན་གྱི། སྲོག་གི་ཕྱིར་ཚོར་བ་དགག་པའི་དོན་དུ་བསོད་སྙོམས་ལ་རྒྱུའོ། །སྨྲས་པ། བཙུན་པ་རབ་འབྱོར་ད་དུང་ཡང་ཚོར་ བས་འཕྲོགས་སམ།སྨྲས་པ། ཆེ་ཞེ་བདག་ནི་ཚོར་བས་མི་འཕྲོགས་མོད་ཀྱི། ཚོར་བ་དགག་པའི་ཕྱིར་བསོད་སྙོམས་ལ་རྒྱུའོ། །སྨྲས་པ། བཙུན་པ་རབ་འབྱོར་ཉོན་མོངས་པ་མེད་པ་ནི་མཚུངས་པ་མེད་པ་སྟེ། དེ་ཅིའི་སླད་དུ་ཞེ་ན། ཉོན་མོངས་པ་མེད་པར་གནས་པ་ནི་ ལུས་དང་སེམས་ཀྱི་ཚོར་བ་མྱོང་བ་མ་མཆིས་སོ།།ཉོན་མོངས་པ་མེད་པ་ནི་ལུས་དང་སེམས་དང་མཚུངས་པར་ལྡན་པ་མ་ལགས་སོ། །ཉོན་མོངས་པ་མེད་པ་ནི་དགའ་བའམ། ཡིད་མི་དགའ་བ་སྐྱེད་པ་མི་བགྱིད་དོ། །ཉོན་མོངས་པ་མེད་པ་ནི་སུ་ལ་ཡང་ཉོན་མོངས་པས་ཉེ་བར་གནས་ པ་མ་མཆིས་སོ།།གཞན་ཡང་གང་གི་སླད་དུ་བཅོམ་ལྡན་འདས་ཀྱིས་བཙུན་པ་རབ་འབྱོར་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཏུ་བསྟན་ན། ཅིའི་སླད་དུ་ནི་ཉོན་མོངས་པ་མེད་པ་ཉོན་མོངས་པ་མེད་པ་ཞེས་བགྱི། རབ་འབྱོར་གྱིས་སྨྲས་པ། ཆེ་ཞེ་དམིགས་པ་མེད་ པའི་ཉོན་མོངས་པ་མེད་པ་ནི་འདོད་ཆགས་ཀྱི་རྡུལ་དང་བྲལ་བ་ཡིན་ནོ།།སྨྲས་པ། བཙུན་པ་རབ་འབྱོར་ཅི་ཉོན་མོངས་པ་མེད་པའི་ཕྱིར་འདོད་ཆགས་དང་བྲལ་བར་འགྱུར་རམ། སྨྲས་པ། ཆེ་ཞེ་མ་ཡིན་ནོ། །སྨྲས་པ། བཙུན་པ་རབ་འབྱོར་འོ་ན་ཉོན་མོངས་པ་མེད་པ་དེ་ཇི་ལྟར་འདོད་ ཆགས་ཀྱི་རྡུལ་དང་བྲལ་བར་གྱུར།སྨྲས་པ། ཆེ་ཞེ་ཉོན་མོངས་པ་མེད་པར་བསྟན་པ་འདི་ནི་བཤད་པ་ཙམ་དུ་ཟད་དོ། །སྨྲས་པ། བཙུན་པ་རབ་འབྱོར་ཅི་ཉོན་མོངས་པ་མེད་པ་ལ་བཤད་པ་མཆིས་སམ། སྨྲས་པ། ཆེ་ཞེ་མེད་དོ། །སྨྲས་པ། བཙུན་པ་རབ་འབྱོར་གལ་ཏེ་ ཉོན་མོངས་པ་མེད་པ་ལ་བཤད་པ་མ་མཆིས་ན་ཅི་ཞིག་འཆད་ཅིང་བཞུགས།སྨྲས་པ། ཆེ་ཞེ་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ནི་ཐ་སྙད་ཙམ་གྱིས་ཐ་སྙད་དུ་འདོགས་པར་ཟད་དོ། །སྨྲས་པ། བཙུན་པ་རབ་འབྱོར་ཇི་ཙམ་དུ་བརྗོད་པ་མཆིས་པ་དེ་ཙམ་དུ་ཐ་སྙད་འདོགས་སོ། །ཇི་ཙམ་ དུ་ཐ་སྙད་འདོགས་པ་དེ་ཙམ་དུ་ཕྱིན་ཅི་ལོག་གོ།།ཇི་ཙམ་དུ་ཕྱིན་ཅི་ལོག་པ་དེ་ཙམ་དུ་རྩོད་པར་འགྱུར་རོ། །ཇི་ཙམ་དུ་རྩོད་པ་དེ་ཙམ་དུ་དགེ་སྦྱོང་གི་ཆོས་མ་ལགས་སོ།

以下是完整的直譯: 女子說道:“那麼,尊者須菩提為何還要乞食?” 須菩提回答說:“大姐,我乞食不是爲了養活身體,而是爲了生命,爲了遮止感受而乞食。” 女子問道:“尊者須菩提,您還被感受所困擾嗎?” 須菩提回答說:“大姐,我並不被感受所困擾,但爲了遮止感受而乞食。” 女子說道:“尊者須菩提,無煩惱是無與倫比的。為什麼呢?因為無煩惱住者不會經歷身心的感受。無煩惱者不與身心相應。無煩惱者不會產生喜悅或不悅。無煩惱者不會被任何煩惱所困擾。再者,既然世尊說尊者須菩提是無煩惱住者中的第一,為什麼還稱之為’無煩惱’呢?” 須菩提回答說:“大姐,無所緣的無煩惱是遠離貪慾塵垢的。” 女子問道:“尊者須菩提,是因為無煩惱而遠離貪慾嗎?” 須菩提回答說:“大姐,不是。” 女子又問:“尊者須菩提,那麼無煩惱如何遠離貪慾塵垢呢?” 須菩提回答說:“大姐,這種無煩惱的說法只是言說而已。” 女子問道:“尊者須菩提,無煩惱有可說的嗎?” 須菩提回答說:“大姐,沒有。” 女子又問:“尊者須菩提,如果無煩惱沒有可說的,您在說什麼呢?” 須菩提回答說:“大姐,世尊的聲聞們只是以言說來施設言說而已。” 女子說道:“尊者須菩提,有多少言說,就有多少施設;有多少施設,就有多少顛倒;有多少顛倒,就有多少爭論;有多少爭論,就有多少不是沙門法。”

།སྨྲས་པ། ཆེ་ཞེ་འོ་ན་དགེ་སྦྱོང་གི་ཆོས་གང་ཡིན། སྨྲས་པ། བཙུན་པ་རབ་འབྱོར་དགེ་སྦྱོང་གི་ཆོས་ནི་ཐ་སྙད་མ་མཆིས་ པ།ཕྱིན་ཅི་མ་ལོག་པ་རྩོད་པ་མ་མཆིས་པའོ། །དགེ་སྦྱོང་གི་ཆོས་ནི་ཆོས་དང་ཆོས་མ་ལགས་པ་དང་བྲལ་བའོ། །དགེ་སྦྱོང་གི་ཆོས་ནི་ཆགས་པ་དང་མ་ཆགས་པ་དང་བྲལ་བའོ། །དགེ་སྦྱོང་གི་ཆོས་ནི་ཡུལ་མ་མཆིས་པ་དང་། ཡུལ་མ་ལགས་པའོ། །དགེ་སྦྱོང་གི་ཆོས་ནི་ ཆགས་པ་མ་མཆིས་པ་དང་།མ་བཅིངས་མ་གྲོལ་བའོ། །དགེ་སྦྱོང་གི་ཆོས་ནི་སེམས་མ་མཆིས་པ་སྟེ། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བའོ། །དགེ་སྦྱོང་གི་ཆོས་ནི་ཆོག་ཤེས་པའོ། །དགེ་སྦྱོང་གི་ཆོས་ནི་ཕྲག་དོག་དང་ཆགས་པ་སྤངས་པའོ། །དགེ་ སྦྱོང་གི་ཆོས་ནི་འདོད་པ་ཆུང་ཞིང་ཆོག་ཤེས་པའོ།།དགེ་སྦྱོང་གི་ཆོས་ནི་འདོད་པ་ཐམས་ཅད་དང་བྲལ་བའོ། །དགེ་སྦྱོང་གི་ཆོས་ནི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་དང་ཞེན་པ་མ་མཆིས་པའོ། །དགེ་སྦྱོང་གི་ཆོས་ནི་ཕུང་པོའི་བདུད་ལས་ངེས་པར་གྲོལ་བའོ། །དགེ་ སྦྱོང་གི་ཆོས་ནི་ཉོན་མོངས་པ་མ་མཆིས་པ་སྟེ།ཉོན་མོངས་པའི་བདུད་ལས་ཡང་དག་པར་འདས་པའོ། །དགེ་སྦྱོང་གི་ཆོས་ནི་མ་སྐྱེས་པའོ། །དགེ་སྦྱོང་གི་ཆོས་ནི་འཆི་བདག་གི་བདུད་དང་བྲལ་བའོ། །དགེ་སྦྱོང་གི་ཆོས་ནི་གཡོ་བ་མ་མཆིས་པ་དང་། རློམ་སེམས་མ་མཆིས་པ་དང་། རྟོག་པ་མ་མཆིས་པ་དང་། རྣམ་པར་མ་བསྒྲིབས་པ་དང་། སྤྱད་པ་མ་ལགས་པའོ། །དགེ་སྦྱོང་གི་ཆོས་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདས་པའོ། །དགེ་སྦྱོང་གི་ཆོས་ནི་བླང་བ་མ་མཆིས་པ་དང་། དོར་བ་མ་མཆིས་པའོ། །དགེ་སྦྱོང་གི་ཆོས་ནི་སྐྱེ་བ་དང་། འཇིག་པ་དང་བྲལ བའོ།།དགེ་སྦྱོང་གི་ཆོས་ནི་ལྷའི་བུའི་བདུད་དང་མ་འབགས་པའོ། །དགེ་སྦྱོང་གི་ཆོས་ནི་ཡིད་ལ་བྱེད་པ་མ་མཆིས་པ་དང་། ཐམས་ཅད་དུ་གོས་པ་མ་མཆིས་པའོ། །དགེ་སྦྱོང་གི་ཆོས་ནི་མངོན་པར་ཞེན་པ་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། མཚན་མ་ཐམས་ཅད་དང་བྲལ་བའོ། ། དགེ་སྦྱོང་གི་ཆོས་ནི་ཁམས་དང་ཁམས་མ་ལགས་པའི་ཚུལ་ཐམས་ཅད་ཀྱིས་བཅོས་པ་མ་ལགས་པ་དང་། བགྲང་བ་དང་། བྲལ་བ་དང་། གནས་མ་མཆིས་པ་དང་། ནམ་མཁའ་དང་མཉམ་པའོ། །དགེ་སྦྱོང་གི་ཆོས་བསྟན་པ་འདི་བཤད་པ་ན་སྒོ་གང་དེར་ལྷའི་བུ་གང་དག་ཆོས་མཉན་པའི་ཕྱིར འདུས་པ་དེ་དག་ལས་ལྷའི་བུ་བཞི་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ།

以下是完整的直譯: 須菩提說道:“大姐,那麼什麼是沙門法呢?” 女子回答說:“尊者須菩提,沙門法是無言說、無顛倒、無爭論的。沙門法是遠離法與非法的。沙門法是遠離貪著與無貪的。沙門法是無境且非境。沙門法是無貪著、無束縛、無解脫的。沙門法是無心的,遠離心、意、識的。沙門法是知足的。沙門法是斷除嫉妒和貪著的。沙門法是少欲知足的。沙門法是遠離一切慾望的。沙門法是超越一切境界且無執著的。沙門法是從蘊魔中解脫的。沙門法是無煩惱的,超越煩惱魔的。沙門法是無生的。沙門法是遠離死魔的。沙門法是無動搖、無傲慢、無分別、無遮蔽、非行為的。沙門法是超越魔境的。沙門法是無取無舍的。沙門法是遠離生滅的。沙門法是不染天子魔的。沙門法是無作意的,完全無染的。沙門法是無執著的,無相的,遠離一切相的。沙門法是以一切界與非界的方式無造作的,遠離計數的,無住處的,如虛空一樣的。” 當這個沙門法的教說被宣說時,在那個門口聚集聽法的天子中,有四千天子獲得了清凈無垢、遠離塵染的法眼。

།རྒྱ་ཆེན་པོ་ལ་མོས་པའི་ལྷའི་བུ་ལྔ་བརྒྱ་ནི་བུད་མེད་དེའི་སྤོབས་པ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེ་ནས་ཚེ་དང་ལྡན་པ་ རབ་འབྱོར་འདི་སྙམ་དུ་སེམས་ཏེ།ཆེ་ཞེ་འདི་འདི་ལྟར་སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ནི་ངོ་མཚར་ཏེ། ཆེ་ཞེ་འདིའི་སྤོབས་པ་འདི་འདྲ་བ་ལས་ན་འདི་ནི་དེ་བཞིན་གཤེགས་པའི་སྤྲུལ་པ་ཡིན་པར་ཐེ་ཙོམ་མེད་དོ་སྙམ་མོ། །དེ་ནས་བུད་མེད་དེའི་སེམས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་གྱི་ སེམས་ཤེས་ནས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ།།བཙུན་པ་རབ་འབྱོར་འདི་ལྟར་འདི་ནི་དེ་བཞིན་གཤེགས་པའི་སྤྲུལ་པ་ཡིན་པར་ཐེ་ཙོམ་མེད་དོ་སྙམ་དུ་དགོངས་པ་དེ་ནི་ཇི་ལྟར་དགོངས་པ་དེ་བཞིན་ཏེ། དེ་ཅིའི་སླད་དུ་ཞེ་ན། ཇི་ལྟར་དེ་བཞིན་གཤེགས་པས་དེ་བཞིན་ཉིད་ཐུགས་ སུ་ཆུད་པ་དེ་བཞིན་དུ་བདག་གིས་ཀྱང་དེ་བཞིན་ཉིད་ཁོང་དུ་ཆུད་དེ།དེས་ན་བདག་ནི་དེ་བཞིན་གཤེགས་པའི་སྤྲུལ་པའོ། །དེ་བཞིན་གཤེགས་པའི་གཟུགས་ཀྱི་དེ་བཞིན་ཉིད་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ལགས་པ་དེ་བདག་ གི་དེ་བཞིན་ཉིད་ཀྱང་དེ་ཉིད་དེ།དེས་ན་བདག་ནི་དེ་བཞིན་གཤེགས་པའི་སྤྲུལ་པའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ལགས་པ་དེ་ནི་ནམས་ཀྱང་། དེ་བཞིན་ཉིད་མ་ལགས་པར་མི་འགྱུར་རོ། །བདག་གི་དེ་བཞིན་ཉིད་གང་ལགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དེ་ བཞིན་ཉིད་གང་ལགས་པ་དེ་ནི་ནམས་ཀྱང་དེ་བཞིན་ཉིད་མ་ལགས་པར་མི་འགྱུར་ཏེ།དེས་ན་བདག་ནི་དེ་བཞིན་གཤེགས་པའི་སྤྲུལ་པའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ལགས་པ་དེ་ནི་རེས་འགའ་དེ་བཞིན་ཉིད་དུ་འགྱུར་བ་མ་ལགས་ལ། བདག་གི་དེ་བཞིན་ཉིད་གང་ ལགས་པ་དེ་ཡང་རེས་འགའ་དེ་བཞིན་ཉིད་དུ་འགྱུར་བ་མ་ལགས་ཀྱི།རྟག་ཏུ་དེ་བཞིན་ཉིད་དེ་ཁོ་ན་ལགས་སོ། །དེས་ན་བདག་ནི་དེ་བཞིན་གཤེགས་པའི་སྤྲུལ་པའོ། །བདག་གི་དེ་བཞིན་ཉིད་གང་ལགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ལགས་པ་དང་། ཆོས་ཐམས་ ཅད་ཀྱི་དེ་བཞིན་ཉིད་གང་ལགས་པ་དེ་ནི་ཡང་དག་པ་ཇི་ལྟ་བ་དང་།གཞན་མ་ཡིན་པ་དེ་ནི་དེ་བཞིན་ཉིད་དེ། དེས་ན་བདག་ནི་དེ་བཞིན་གཤེགས་པའི་སྤྲུལ་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ།

這是完整的直譯: 五百位信仰廣大的天子聽到這位女子的辯才后,生起了無上正等正覺的菩提心。然後,具壽須菩提心想:“這位大姐如此具有圓滿的辯才,真是稀有啊。從這位大姐如此的辯才來看,她無疑是如來的化身。” 於是,那位女子以心知道具壽須菩提的心念,對長老須菩提說道:“尊者須菩提,您認為’這無疑是如來的化身’,您的想法正是如此。為什麼呢?正如如來證悟真如一樣,我也證悟了真如。因此,我是如來的化身。如來色蘊的真如、受蘊、想蘊、行蘊和識蘊的真如,與我的真如是一樣的。因此,我是如來的化身。如來的真如永遠不會變成非真如。我的真如以及一切眾生的真如也永遠不會變成非真如。因此,我是如來的化身。如來的真如不會有時成為真如,我的真如也不會有時成為真如,而是永遠都是真如。因此,我是如來的化身。我的真如、一切眾生的真如以及一切法的真如,就是如實、不二的真如。因此,我是如來的化身。” 然後,具壽須菩提對那位女子說道:

།ཆེ་ཞེ་ཅི་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ མཐུས་བདག་གི་སེམས་ཤེས་སམ།འོན་ཏེ་རང་གི་ཤེས་པས་ཤེས་སྨྲས་པ། བཙུན་པ་རབ་འབྱོར་ཉན་ཐོས་རྣམས་སམ། རང་སངས་རྒྱས་རྣམས་སམ། བྱང་ཆུབ་སེམས་དཔའ་རྣམས་སམ། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་གང་ཡང་རུང་སྟེ། སེམས་ཅན་གཞན་གྱི་སེམས་ཤེས་ པ་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་མཐུས་གཞན་གྱི་སེམས་ཤེས་པ་ལགས་སོ།།དེ་ལྟར་གནས་བརྟན་རབ་འབྱོར་གཞན་གྱི་སེམས་མཁྱེན་པ་གང་ལགས་པ་དེ་ཡང་སངས་རྒྱས་ཀྱི་མཐུས་མཁྱེན་པ་ལགས་སོ། །བཙུན་པ་རབ་འབྱོར་དཔེར་ན་ཟླ་བ་དང་། ཉི་མ་དང་། མེ་དང་། ནོར་བུ་ དང་།མར་མེ་དང་། སྐར་མ་ལ་བརྟེན་ནས་སྐྱེས་བུ་མིག་དང་ལྡན་པ་རྣམས་ཀྱིས་གཟུགས་རྣམས་མཐོང་བ་དེ་བཞིན་དུ་བཙུན་པ་རབ་འབྱོར་མ་རིག་པའི་མུན་པ་ནི་འཇིག་རྟེན་གནས་པ་ལས་གང་སུ་དག་ཕ་རོལ་གྱི་སེམས་ཤེས་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལ་བརྟེན་ནས་ཤེས་ པ་ལགས་སོ།།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཆེ་ཞེ་ཁྱོད་འདི་ལྟ་བུའི་སྤོབས་པ་དང་ལྡན་པ་ཁྱོད་སུ་ཡིན་པ་དང་། ག་ལས་འོངས་པ་བདག་ལ་སྟོན་ཅིག་།བུད་མེད་དེས་སྨྲས་པ། བཙུན་པ་རབ་འབྱོར་གང་ཞིག་དེ་བཞིན་གཤེགས་པའི་སྤྲུལ་པ་ལ་ འདྲི་སྟེ།རིགས་ཀྱི་བུ་ཁྱོད་སུ་ཡིན་པ་དང་། ག་ལས་འོངས་པ་བདག་ལ་སྟོན་ཅིག་ཅེས་དེ་སྐད་སྨྲས་ན། ཇི་སྐད་དུ་ལན་འདེབས་པར་འགྱུར། སྨྲས་པ། ཆེ་ཞེ་ཅུང་ཟད་ཀྱང་ལན་གདབ་ཏུ་མེད་དོ། །སྨྲས་པ། བཙུན་པ་རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་སྤྲུལ་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ དུ་ཤེས་ན་བདག་གིས་ཅི་ཞིག་ཞེས་སུ་མཆིས།གཞན་ཡང་གང་ཞིག་བཙུན་པ་རབ་འབྱོར་ལ་འདྲི་སྟེ། ཅི་ཁྱོད་སོ་སོའི་སྐྱེ་བོ་ཡིན་ནམ། འོན་ཏེ་སློབ་པའམ། དགྲ་བཅོམ་པ་ཡིན་ཞེས་དེ་སྐད་སྨྲས་ན། ལན་ཇི་སྐད་གདབ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་སེམས་པ་ལ་ཞུགས་ཏེ། ཆེ་ཞེ་འདིའི་ ལན་ཇི་སྐད་གདབ་པར་བྱ་སྙམ་མོ།།དེ་ནས་བར་སྣང་ལས་བཙུན་པ་རབ་འབྱོར་ཁྱོད་ཀྱིས་ཅུང་ཟད་ཅིག་ཐོབ་པའམ། རྟོགས་པའམ། མངོན་སུམ་དུ་བྱས་པའམ། མངོན་པར་རྟོགས་པ་གང་གིས་དགྲ་བཅོམ་པ་ཡིན་པར་ཤེས་པ་དེ་ཆེ་ཞེ་འདི་ལ་སྟོན་ཅིག་ཅེས་སྒྲ་བྱུང་ ངོ་།།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བར་སྣང་དེ་ལས་སྒྲ་བྱུང་བ་དེ་ཐོས་ནས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཆེ་ཞེ་བདག་ནི་སོ་སོའི་སྐྱེ་བོ་ཡང་མ་ཡིན། སློབ་པ་ཡང་མ་ཡིན། དགྲ་བཅོམ་པ་ཡང་མ་ཡིན་ནོ།

以下是完整的直譯: “大姐,你是通過如來的神力知道我的心,還是通過自己的智慧知道的?” 女子回答說:“尊者須菩提,無論是聲聞、獨覺、菩薩,還是具有五種神通的仙人,凡是能知他心的眾生,都是依靠佛陀的神力而知他心的。同樣,長老須菩提您所知的他心,也是依靠佛陀的神力而知的。尊者須菩提,譬如依靠月亮、太陽、火、寶石、燈火、星星,有眼之人才能看見色法。同樣,尊者須菩提,在無明黑暗的世間中,凡是能知他心的人,都是依靠如來而知的。” 然後,具壽須菩提對那位女子說道:“大姐,你具有如此辯才,請告訴我你是誰,從哪裡來?” 那位女子說:“尊者須菩提,如果有人問如來的化身:‘善男子,請告訴我你是誰,從哪裡來?‘他會如何回答?” 須菩提說:“大姐,根本無法回答。” 女子說:“尊者須菩提,同樣地,如果知道一切法都是幻化的本質,我又怎麼能說是誰呢?此外,如果有人問尊者須菩提:‘你是凡夫、有學還是阿羅漢?‘您會如何回答?” 於是,具壽須菩提陷入沉思:“我該如何回答這個問題呢?” 這時,空中傳來聲音說:“尊者須菩提,你以何所得、所悟、所證、所覺而知自己是阿羅漢?請向這位大姐說明。” 具壽須菩提聽到空中傳來的聲音后,對那位女子說道:“大姐,我既不是凡夫,也不是有學,也不是阿羅漢。”

།སྨྲས་པ། བཙུན་པ་རབ་འབྱོར་དེ་བདག་གིས་ཇི་ལྟར་གཟུང་བར་ བགྱི།སྨྲས་པ། ཆེ་ཞེ་དེ་བཞིན་གཤེགས་པའི་སྤྲུལ་པའི་གདགས་པ་ཇི་ལྟ་བ་དེ་བཞིན་དུ་བདག་ལ་ཟུང་ཤིག་།སྨྲས་པ། བཙུན་པ་རབ་འབྱོར་ནི་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་དང་ཡོན་གནས་ཞེས་བགྱི་བ་ལགས་སོ། ། སྨྲས་པ། ཆེ་ཞེ་བདག་ནི་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་དང་ཡོན་གནས་མ་ཡིན་ནོ། །སྨྲས་པ། བཙུན་པ་རབ་འབྱོར་དེ་ལྟར་ན་ཤེས་བཞིན་གྱིས་གསུང་བར་མི་འགྱུར་རམ། སྨྲས་པ། ཆེ་ཞེ་གལ་ཏེ་བདག་ཟག་པ ཟད་པ།ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་དང་། ཡོན་གནས་ཡིན་པར་འཛིན་པར་གྱུར་ན་ནི་དེ་ལྟར་ན་བདག་དུ་སྨྲ་བར་འགྱུར་ན། གང་གི་ཕྱིར་བ་དག་དེ་ལྟར་མི་འཛིན་པ་དེའི་ཕྱིར་བ་དག་ནི་ཡང་དག་པར་སྨྲ་བ་ཡིན་གྱི་དུ་སྨྲ་བ་ཞེས་མི་བྱའོ། །སྨྲས་ པ།བཙུན་པ་རབ་འབྱོར་སྒོ་གང་འདིར་ལྷ་བདེན་པ་མཐོང་བ་ཆོས་མཉན་པའི་ཕྱིར་འདུས་པ་རྣམས་ལ་སླུ་བར་མི་འགྱུར་རམ། སྨྲས་པ། ཆེ་ཞེ་བདེན་པ་མཐོང་བ་གང་དག་ཡིན་པ་དེ་དག་ནི་སླུ་བར་མི་ནུས་སོ། །སྨྲས་པ། བཙུན་པ་རབ་འབྱོར་གྱིས་བདེན་པ་རྣམས་གཟིགས་སམ། སྨྲས་པ། མཐོང་ངོ་། །སྨྲས་པ། གལ་ཏེ་བདེན་པ་རྣམས་མཐོང་དུ་རུང་ན་ནི་དེ་དག་བདེན་པ་མ་ལགས་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བདེན་པ་རྣམས་ནི་སུས་ཀྱང་མཐོང་བར་མི་ནུས་པའི་སླད་དུའོ། །རབ་འབྱོར་གྱིས་སྨྲས་པ། ཆེ་ཞེ་བདེན་པ་མཐོང་བ་ཞེས་བྱ་བ་དེ་གང་གི་ཚིག ཡིན།སྨྲས་པ། བཙུན་པ་རབ་འབྱོར་བདེན་པ་མཐོང་བ་ཞེས་བགྱི་བ་དེ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཡང་དག་པར་མཐོང་བའི་ཚིག་སོ། །བདེན་པ་མཐོང་ཞེས་བགྱི་བ་དེ་ནི་ཕྱིན་ཅི་ལོག་ཡང་དག་པར་མཐོང་བའི་ཚིག་སོ། །སྨྲས་པ། ཆེ་ཞེ་ཁྱོད་ཀྱིས་ གང་ལས་བསམས་ཏེ་དེ་སྐད་སྨྲས།སྨྲས་པ། བཙུན་པ་རབ་འབྱོར་ཕྱིན་ཅི་ལོག་གིས་ཉོན་མོངས་པ་ཀུན་ནས་བསླང་བ་གང་ལགས་པ་དེ་ནི་བདེན་པ་མཐོང་བས་སྐྱེ་བར་འགྱུར་ཏེ། དེས་ན་ཕྱིན་ཅི་ལོག་ཡང་དག་པར་མཐོང་བས་བདེན་པ་མཐོང་ཞེས་བགྱིའོ། །དེ་ནས་སྒོ་གང་དེར་ ཆོས་མཉན་པའི་ཕྱིར་ལྷ་འདུས་པ་དེ་དག་གིས་གནས་བརྟན་རབ་འབྱོར་ལ་རགས་པའི་ལུས་བསྟན་ནས་འདི་སྐད་ཅེས་སྨྲས་སོ།།བཙུན་པ་རབ་འབྱོར་ཁྱོད་ཀྱིས་ཆེ་ཞེ་འདིའི་སྤོབས་པ་ཐོས་པ་དེ་ནི་ཁྱོད་ཀྱིས་རྙེད་པ་ལེགས་པ་རྙེད་དོ།

以下是完整的直譯: 須菩提說:“大姐,我該如何理解這個?” 女子說:“尊者須菩提,就像理解如來的化身一樣理解我吧。” 須菩提說:“尊者須菩提被稱為阿羅漢、漏盡、無煩惱住者中的最勝者和應供處。” 女子說:“大姐,我不是阿羅漢、漏盡、無煩惱住者中的最勝者和應供處。” 須菩提說:“尊者須菩提,這樣說不就是明知故犯嗎?” 女子說:“大姐,如果我執著于自己是漏盡、無煩惱住者中的最勝者和應供處,那就是我執的說法。因為我不這樣執著,所以我是如實說,而不是我執的說法。” 須菩提說:“尊者須菩提,這樣不是欺騙了來此聽法的見真諦的天眾嗎?” 女子說:“大姐,真正見真諦的人是不會被欺騙的。” 須菩提說:“尊者須菩提見到真諦了嗎?” 女子說:“見到了。” 須菩提說:“如果真諦可見,那就不是真諦了。為什麼呢?因為真諦是任何人都無法看見的。” 須菩提說:“大姐,‘見真諦’這個說法是誰說的?” 女子說:“尊者須菩提,‘見真諦’這個說法是指如實見一切法平等性的說法。‘見真諦’這個說法是指如實見顛倒的說法。” 須菩提說:“大姐,你是基於什麼考慮而這樣說的?” 女子說:“尊者須菩提,由顛倒而生起的煩惱,是由見真諦而產生的。因此,如實見顛倒就稱為見真諦。” 然後,聚集在那裡聽法的天眾向長老須菩提顯現粗大身相,說道:“尊者須菩提,你聽到這位大姐的辯才,這對你來說是很好的收穫。”

།སེམས་ཅན་གང་དག་གིས་བསྟན་པ་འདི་ཐོས་ ནས་མོས་པ་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་པ་ཡིན་ནོ།།གང་དག་མོས་པ་དེ་དག་ནི་གང་ལས་ཀྱང་རྣམ་པར་གྲོལ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མོས་པ་མང་བ་རྣམས་ནི་གང་ལས་ཀྱང་རྣམ་པར་གྲོལ་བ་མེད་དོ། །མོས་པ་མང་བ་ལ་ནི་འཆིང་བ་མེད་པས་ན་དེ་ནི་གང་ལས་ཀྱང་རྣམ་ པར་གྲོལ་བ་མེད་དོ།།དེ་ནས་བུད་མེད་དེས་ཡང་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བསོད་སྙོམས་ལ་རྒྱུར་མི་བཞུད་དམ། བཤོས་བཅད་དེ་ཅི་བགྱི། སྨྲས་པ། ཆེ་ཞེ་བདག་གི་ཟས་ནི་འདི་ཉིད་ཡིན་ཏེ། ཆོས་མཉན་པ་འདི་ལྟ་བུས་ཆོག་གོ། །ཆེ་ཞེ་ གང་ཆོས་གོས་དང་བསོད་སྙོམས་ཀྱི་ཕྱིར་ཡིད་མི་བདེ་བ་སྐྱེ་བ་དེ་ནི་ཆོས་འདོད་པ་མ་ཡིན་ནོ།།གང་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པ་དེ་ནི་ཆོས་འདོད་པ་མ་ཡིན་ནོ། །གང་ལུས་དང་། སྲོག་དང་། བསོད་སྙོམས་འདོད་པ་དེ་ནི་ཆོས་འདོད་པ་མ་ཡིན་ནོ། །གང་ཐ་ན་ ལེགས་སོ་ཞེས་བྱ་བ་འདོད་པ་དེ་ཡང་ཆོས་འདོད་པ་མ་ཡིན་ནོ།།སྨྲས་པ། ཆེ་ཞེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ཆོས་འདོད་པ་ཇི་ལྟ་བུ་ཡིན། སྨྲས་པ། བཙུན་པ་རབ་འབྱོར་གང་འདོད་པ་ལ་མི་སྲེད་པ་དེ་ནི་ཆོས་འདོད་པའོ། །གང་མིག་དང་གཟུགས་མི་འདོད་པ་དང་། རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་དང་། ཡིད་དང་། ཆོས་མི་འདོད་པ་དེ་ནི་ཆོས་འདོད་པའོ། །གང་ཆོས་ཅི་ལ་ཡང་མི་རྟེན་པ་དེ་ནི་ཆོས་འདོད་པའོ། །བཙུན་པ་རབ་འབྱོར་གཞན་ཡང་གང་དག་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་མི་འདོད་པ དེ་ནི་ཆོས་འདོད་པའོ།།གང་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་མི་འདོད་པ་དེ་ནི་ཆོས་འདོད་པའོ། །གང་དམིགས་པའི་མཚན་མ་ལ་དམིགས་པ་མི་འདོད་པ་དེ་ནི་ཆོས་འདོད་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཆེ་ཞེ་བཟོད་ པར་གྱིས་ཤིག་།བདག་སྒོ་གང་འདི་ནས་འགྲོའོ། །བུད་མེད་དེས་སྨྲས་པ། བཙུན་པ་རབ་འབྱོར་དཔེར་ན་སའི་ཁམས་ལ་བཟོད་པ་གསོལ་མི་འཚལ་བ་དེ་བཞིན་དུ་བཙུན་པ་རབ་འབྱོར་གང་གི་སེམས་ས་དང་འདྲ་བ་དེ་ལ་ནི་བཟོད་པ་གསོལ་མི་འཚལ་ལོ། །བཙུན་པ་རབ་འབྱོར་ཆུ་ལ བཟོད་པ་གསོལ་མི་འཚལ་བ་དེ་བཞིན་དུ་གང་གི་སེམས་ཆུ་དང་འདྲ་བ་དེ་ལ་ནི་བཟོད་པ་གསོལ་མི་འཚལ་ལོ།

以下是完整的直譯: 凡是聽聞此教法而生起信解之眾生,他們也是獲得善得。那些生起信解的人,從任何事物中都沒有解脫。為什麼呢?因為有眾多信解的人,從任何事物中都沒有解脫。對於有眾多信解的人來說,由於沒有束縛,所以他從任何事物中都沒有解脫。 然後那位婦女又對長老須菩提如是說道:“尊者須菩提,您不去乞食嗎?我應該如何準備食物呢?” (須菩提)說道:“大姐,我的食物就是這個,聽聞如此的佛法就足夠了。大姐,凡是爲了法衣和乞食而生起不悅之心的,那不是求法。凡是貪求利養、恭敬和偈頌的,那不是求法。凡是貪求身體、生命和乞食的,那不是求法。乃至於凡是貪求’善哉’這樣的讚美的,那也不是求法。” (婦女)說道:“大姐,那麼善男子或善女人應當如何求法呢?” (須菩提)說道:“尊者須菩提,凡是不貪著慾望的,那就是求法。凡是不貪求眼與色、耳與聲、鼻與香、舌與味、身與觸、意與法的,那就是求法。凡是不依賴任何法的,那就是求法。尊者須菩提,此外,凡是不貪求蘊、界、處的,那就是求法。凡是不貪求欲界、色界、無色界的,那就是求法。凡是不貪求所緣相的,那就是求法。” 然後長老須菩提對那位婦女如是說道:“大姐,請原諒,我要從這個門離開了。” 那位婦女說道:“尊者須菩提,比如不需要向地界請求原諒一樣,尊者須菩提,對於心如大地的人也不需要請求原諒。尊者須菩提,就像不需要向水請求原諒一樣,對於心如流水的人也不需要請求原諒。”

།བཙུན་པ་རབ་འབྱོར་མེ་དང་། རླུང་དང་། ནམ་མཁའ་ལ་བཟོད་པ་གསོལ་མི་འཚལ་བ་དེ་བཞིན་དུ་གང་གི་སེམས་མེ་དང་། རླུང་དང་། ནམ་མཁའ་དང་འདྲ་བ་དེ་ལ་ནི་བཟོད་པ་གསོལ་ མི་འཚལ་ལོ།།བཙུན་པ་རབ་འབྱོར་གྲུ་དང་། སྟེགས་དང་། ཟམ་པ་དང་། ལམ་པོ་ཆེ་ལ་བཟོད་པ་གསོལ་མི་འཚལ་བ་དེ་བཞིན་དུ་བཙུན་པ་རབ་འབྱོར་གང་གི་སེམས་གྲུ་དང་། སྟེགས་དང་། ཟམ་པ་དང་། ལམ་པོ་ཆེ་དང་འདྲ་བ་དེ་ལ་ནི་བཟོད་པ་གསོལ་མི་འཚལ་ལོ། །བཙུན་པ་ རབ་འབྱོར་བྱིས་པ་རྣམས་ལ་ནི་བཟོད་པ་གསོལ་འཚལ་གྱི་འཕགས་པ་རྣམས་ལ་ནི་བཟོད་པ་གསོལ་མི་འཚལ་ལོ།།བཙུན་པ་རབ་འབྱོར་གང་དག་ལ་གནོད་སེམས་དང་། ཁྲོ་བ་དང་། བག་ལ་ཉལ་སྐྱེ་བ་དེ་དག་ལ་ནི་བཟོད་པ་གསོལ་འཚལ་གྱི། གང་དག་ལ་མི་སྐྱེ་བ་དེ་དག་ལ་ནི་བཟོད་པ་གསོལ་ མི་འཚལ་ལོ།།བཙུན་པ་རབ་འབྱོར་དཔེར་ན་མེ་འབར་བ་ནི་ཞི་བར་བགྱི་འཚལ་གྱི། མེ་མི་འབར་བ་ནི་ཞི་བར་བགྱི་མི་འཚལ་བ་དེ་བཞིན་དུ་བཙུན་པ་རབ་འབྱོར་གང་དག་གི་ཉོན་མོངས་པ་འབར་བ་དེ་དག་ལ་ནི་བཟོད་པ་གསོལ་འཚལ་གྱི། གང་དག་ཉོན་མོངས་པ་མེད་པ་དེ་དག་ལ་ནི་བཟོད་པ་ གསོལ་མི་འཚལ་ལོ།།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཆེ་ཞེ་ཁྱོད་ཅི་ཞིག་འདོད་ན་འདི་ལྟར་སེང་གེའི་སྒྲ་སྒྲོགས། སྨྲས་པ། བཙུན་པ་རབ་འབྱོར་གང་འདོད་པ་མཆིས་པ་དེས་ནི་སེང་གེའི་སྒྲ་སྒྲོགས་པར་མི་ནུས་སོ། །གང་དག་ཅི་ཡང་མི་འདོད་པ་ དེ་དག་ནི་སེང་གེའི་སྒྲ་སྒྲོགས་པར་བགྱིད་དོ།།དེ་ཅིའི་སླད་དུ་ཞེ་ན། དམིགས་པ་མཆིས་པ་ལ་ནི་འདོད་པ་མཆིས་ལ། གང་ལ་དམིགས་པ་མ་མཆིས་པ་དེ་ལ་ནི་སེང་གེའི་སྒྲ་ཅི་ཡང་མ་མཆིས་སོ། །འཇིག་ཚོགས་ལ་ལྟ་བ་མཆིས་པ་ལ་ནི་འདོད་པ་མཆིས་ལ། གང་ལ་ལྟ་བའི་རྣམ་པ་མ་མཆིས་ པ་དེ་ལ་ནི་སེང་གེའི་སྒྲ་ཅི་ཡང་མ་མཆིས་སོ།།བཙུན་པ་རབ་འབྱོར་གཞན་ཡང་ཅི་ཞིག་བཞེད་པ་ལས་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་འགྱུར། སྨྲས་པ། ཆེ་ཞེ་འདོད་པ་ཡོད་པ་ལ་ནི་རྣམ་པར་གྲོལ་བ་ཅི་ཡང་མེད་དོ། །སྨྲས་པ། བཙུན་པ་རབ་འབྱོར་ གང་བཞེད་པས་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བ་དེ་བཞིན་དུ་བདག་ཀྱང་དེ་ལྟ་བུའི་འཇུག་པས་ཞུགས་སོ།།བདག་ཀྱང་དེ་ལྟ་བུའི་རྣམ་པར་གྲོལ་བའི་འཇུག་པས་ཞུགས་སོ། །བདག་ཀྱང་དེ་ལྟ་བུའི་ཆོས་ཀྱི་དབྱིངས་ཀྱི་འཇུག་པས་ཞུགས་སོ། །དེ་ ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ།

以下是完整的直譯: 尊者須菩提,就像不需要向火、風、虛空請求原諒一樣,對於心如火、風、虛空的人也不需要請求原諒。尊者須菩提,就像不需要向船、橋、渡口、大路請求原諒一樣,尊者須菩提,對於心如船、橋、渡口、大路的人也不需要請求原諒。尊者須菩提,對凡夫需要請求原諒,而對聖者則不需要請求原諒。尊者須菩提,對於生起害心、嗔恨、隨眠的人需要請求原諒,而對於不生起這些的人則不需要請求原諒。尊者須菩提,比如燃燒的火需要熄滅,而不燃燒的火則不需要熄滅,同樣地,尊者須菩提,對於煩惱熾盛的人需要請求原諒,而對於無煩惱的人則不需要請求原諒。 然後長老須菩提對那位婦女如是說道:“大姐,你想要什麼而如此發出獅子吼?” (婦女)說道:“尊者須菩提,有所欲求的人是無法發出獅子吼的。那些毫無慾求的人才能發出獅子吼。為什麼呢?因為有所緣的人就有欲求,而對於無所緣的人來說,獅子吼是不存在的。對於有我見的人就有欲求,而對於無任何見解的人來說,獅子吼是不存在的。尊者須菩提,此外,從何種欲求中無所取而心從諸漏解脫呢?” (須菩提)說道:“大姐,有欲求的人是毫無解脫的。” (婦女)說道:“尊者須菩提,正如從欲求中無所取而心從諸漏解脫一樣,我也以如此的方式趣入。我也以如此的解脫方式趣入。我也以如此的法界方式趣入。” 然後長老須菩提對那位婦女如是說道:

།ཆེ་ཞེ་ཐེག་པའི་རྣམ་པ་གང་ཡིན་པ་རྣམས་དང་། རྟགས་གང་ཡིན་པ་རྣམས་དང་། མཚན་མ་གང་དག་ཡིན་པ་འདི་ལྟ་བུ་དག་བདག་ལ་སྟོན་པ་ལས་ན། ཁྱོད་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ པར་ཐེ་ཙོམ་མེད་དོ།།བུད་མེད་དེས་སྨྲས་པ། བཙུན་པ་རབ་འབྱོར་ཐེག་པ་ཆེན་པོའི་རྣམ་པ་རྣམས་དང་། རྟགས་རྣམས་དང་། མཚན་མ་རྣམས་མཁྱེན་ཏམ། སྨྲས་པ། ཆེ་ཞེ་ཉན་ཐོས་ཀྱིས་ནི་མ་ཐོས་པར་ཐེག་པ་ཆེན་པོའི་རྣམ་པ་རྣམས་དང་། རྟགས་རྣམས་དང་། མཚན་མ་ རྣམས་ཤེས་པར་མི་ནུས་ཀྱི།ཆེ་ཞེ་ཐེག་པ་ཆེན་པོའི་རྣམ་པ་རྣམས་དང་། རྟགས་རྣམས་དང་། མཚན་མ་རྣམས་ཤོད་ཅིག་།སྨྲས་པ། བཙུན་པ་རབ་འབྱོར་ཐེག་པ་ཆེན་པོ་ཞེས་བགྱི་བ་དེ་ནི་ཆགས་པ་མ་མཆིས་པའི་ཐེག་པ་དང་། སྒྲིབ་པ་མ་མཆིས་པའི་ཡེ་ཤེས་དང་། ཐ་དད་པ་མ་མཆིས་ པའི་ཡེ་ཤེས་ཀྱི་ཚིག་སོ།།བཙུན་པ་རབ་འབྱོར་དཔེར་ན་ལས་སུ་འགྲོ་བའི་ལྷའི་བུ་རྣམས་དང་། ཟླ་བ་དང་། ཉི་མའི་གཞལ་མེད་ཁང་རྣམས་ནི་སེམས་ཅན་རྣམས་ལ་སྣང་བར་བགྱི་བའི་སླད་དུ་ཆགས་པ་མ་མཆིས་པ་དང་། སྒྲིབ་པ་མ་མཆིས་པ་དང་། རྒྱུན་མི་འཆད་པར་ནམ་མཁའ་ལ་ཤུགས་ཀྱིས་མཆི་བ་དེ་བཞིན་དུ། བཙུན་པ་རབ་འབྱོར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སྐྱེས་བུ་དམ་པ་རྣམས་ནི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྣང་བ་བགྱི་བའི་སླད་དུ་ཆགས་པ་མ་མཆིས་པ་དང་། སྒྲིབ་པ་མ་མཆིས་པ་དང་། རྒྱུན་མི འཆད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་ཤུགས་ཀྱིས་མཆིའོ།།བཙུན་པ་རབ་འབྱོར་དཔེར་ན་གླིང་བཞི་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལགས་ཏེ། དེ་གང་དང་གང་དུ་མཆི་བ་དེ་དང་དེར་གླིང་བཞི་པའི་མི་རྣམས་ཀྱིས་བསྟེན་པའི་འོས་སུ་འགྱུར་བ་ལགས་ལ། འཁོར་ལོས་སྒྱུར་བའི་ རྒྱལ་པོ་ཡང་སེམས་ཅན་དེ་དག་ལ་བསམ་པ་མི་མཉམ་པའི་རྣམ་པ་མ་མཆིས་ཏེ་བྱམས་པར་བགྱིད་པ་དེ་བཞིན་དུ།བཙུན་པ་རབ་འབྱོར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་ དང་།རྒྱལ་པོའི་ཕོ་བྲང་ཐམས་ཅད་དུ་གང་དང་གང་དུ་མཆི་བ་དེ་དང་དེར་སེམས་ཅན་ཐམས་ཅད་ཀྱིས་བསྟེན་པའི་འོས་སུ་གྱུར་པ་ལགས་ལ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་ཤིང་ཐ་དད་དུ་སྤྱོད་པ་མ་མཆིས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བསྡུ་བ་རྣམས་བཞིས་སྡུད་པ་ ན་སེམས་ཅན་རྣམས་ལ་བྱམས་པ་ཐ་དད་པ་མ་མཆིས་ཏེ་དེས་ན་ཐེག་པ་ཆེན་པོ་ཞེས་བགྱིའོ།

以下是完整的直譯: 大姐,你向我展示了這些乘的形相、標誌和特徵,毫無疑問,你已經真正趣入了大乘。 那位婦女說道:“尊者須菩提,您知道大乘的形相、標誌和特徵嗎?” (須菩提)說道:“大姐,聲聞未聞而無法知道大乘的形相、標誌和特徵。大姐,請你說說大乘的形相、標誌和特徵。” (婦女)說道:“尊者須菩提,所謂大乘,是無執著的乘、無障礙的智慧、無差別的智慧之名。尊者須菩提,比如行事的天子們以及月亮和太陽的宮殿,爲了照耀眾生而無執著、無障礙、不間斷地在虛空中自然執行。同樣地,尊者須菩提,真正趣入大乘的善士們爲了給一切眾生以法光,無執著、無障礙、不間斷地以六波羅蜜的力量而行。尊者須菩提,比如四大洲屬於轉輪聖王,他無論去到哪裡,四大洲的人民都應該侍奉他,而轉輪聖王對這些眾生也沒有不平等的心,而是以慈愛對待。同樣地,尊者須菩提,真正趣入大乘的菩薩們無論去到哪個村莊、城市、鄉鎮、地區、國土和王宮,所有眾生都應該侍奉他們,而他們對一切眾生心平等無別。菩薩們以四攝法攝受時,對眾生的慈愛沒有差別,因此稱為大乘。”

།བཙུན་པ་རབ་འབྱོར་ཐེག་པ་ཆེན་པོ་ཞེས་བགྱི་བ་ནི་ཐེག་པ་དེ་ཆེ་བ་ལགས་ལ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་ དང་།ལྟོ་འཕྱེ་ཆེན་པོ་རྣམས་དང་། མི་དང་མི་མ་ཡིན་པ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་དང་། མཁས་པ་རྣམས་དང་། སྐྱེས་བུ་དམ་པ་རྣམས་དང་། ཤེས་པ་རྣམས་དང་། ཡང་དག་པར་སོང་བ་རྣམས་དང་། ཡང་དག་པར་ཞུགས་པ་རྣམས་ ཀྱིས་མཆོད་པ་ལགས་ཏེ།དེས་ན་ཐེག་པ་ཆེན་པོ་ཞེས་བགྱིའོ། །ཐེག་པ་དེ་ནི་མ་སྐྱེས་པའི་ཕྱིར་མི་ཟད་པའོ། །ཐེག་པ་དེ་ནི་སངས་རྒྱས་ཀྱི་རིགས་མི་འཆད་པའོ། །ཐེག་པ་དེ་ནི་ཆོས་ཀྱི་རིགས་སྡུད་པའོ། །ཐེག་པ་དེ་ནི་དགེ་འདུན་གྱི་རིགས་ཡོངས་སུ་འཛིན་པའོ། །ཐེག་པ་དེ་ནི་སེམས་ཅན་ ཐམས་ཅད་ལ་གོ་སྐབས་འབྱེད་ཅིང་སྒྲིབ་པ་མེད་པའི་ཕྱིར་ཡངས་པའོ།།ཐེག་པ་དེ་ནི་ཕན་མ་མཆིས་པའི་ཕྱིར་འདུས་མ་བྱས་པའོ། །ཐེག་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཤིན་ཏུ་སྦྱང་བ་བྱས་པའོ། །ཐེག་པ་དེ་ནི་བསྡུ་བ་རྣམ་བཞིས་ལེགས་པར་བསྡུས་པའོ། །ཐེག་ པ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་རྗེས་སུ་འབྲང་བའི་ཕྱིར་ཤིན་ཏུ་ཡང་དག་པར་སོང་བའོ།།ཐེག་པ་དེ་ནི་ཞི་གནས་དང་། ལྷག་མཐོང་བསྒོམས་པས་བཞོན་པ་བཟང་པོ་ལྡན་པའོ། །ཐེག་པ་དེ་ནི་དྲན་པ་ཉེ་བར་གཞག་པ་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཕྱིར་ཁ་ལོ་ སྒྱུར་བ་བཟང་པོའི་གནས་སོ།།ཐེག་པ་དེ་ནི་སྙིང་རྗེ་ཆེན་པོས་ཤིན་ཏུ་བརྟན་པའོ། །ཐེག་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ལེགས་པར་གནས་པའོ། །ཐེག་པ་དེ་ནི་བདུད་ཐམས་ཅད་ཕམ་པར་བྱས་པས་འཇིགས་པ་དང་བྲལ་བའོ། །ཐེག་པ་དེ་ནི་ཤེས་རབ་ཀྱི་སྣང་བ་ཡང་ དག་པར་སྟོན་པའི་ཕྱིར་མུན་པ་དང་བྲལ་བའོ།།ཐེག་པ་དེ་ནི་དགེ་བའི་རྩ་བ་ཐམས་ཅད་སྡུད་ཅིང་སོགས་པས་ཤིན་ཏུ་འབྱོར་བའོ། །ཐེག་པ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱིས་པའོ། ཐེག་པ་དེ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་རྫི་བའོ། །ཐེག་པ་དེ་ནི་ ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་དཀའ་བའོ།།ཐེག་པ་དེ་ནི་མ་དད་པ་རྣམས་དགའ་བར་བགྱིད་པའོ། །ཐེག་པ་དེ་ནི་སྡང་བ་རྣམས་བྱམས་པར་བགྱིད་པའོ། །ཐེག་པ་དེ་ནི་སེར་སྣ་ཅན་རྣམས་ཀྱི་གཏོང་བ་བགྱིད་པའོ། །ཐེག་པ་དེ་ནི་ཚུལ་ཁྲིམས་འཆལ་ པ་རྣམས་ཀྱི་ཚུལ་ཁྲིམས་བགྱིད་པའོ།

以下是完整的直譯: 尊者須菩提,所謂大乘,是因為該乘是偉大的,受到天、龍、夜叉、乾闥婆、阿修羅、迦樓羅、緊那羅、摩睺羅伽、人非人、帝釋、梵天、護世者、智者、善士、有智之人、正行者、正趣者的供養,因此稱為大乘。該乘因為無生故不滅。該乘是佛種不斷。該乘是攝集法種。該乘是攝持僧種。該乘因為對一切眾生開放且無障礙故廣大。該乘因為無所增益故是無為。該乘是由六波羅蜜多極善清凈。該乘是由四攝法善攝。該乘因隨順八支聖道故極正行。該乘因修習止觀故具良駕。該乘因念住和不忘失菩提心故是善馭之處。該乘因大悲心故極堅固。該乘因一切智智故善安住。該乘因戰勝一切魔故離怖畏。該乘因正示智慧光明故離黑暗。該乘因攝集並積累一切善根故極富足。該乘是包括天界在內的世間所禮敬。該乘是一切論敵所不能屈服。該乘是一切聲聞緣覺所難以了知。該乘能令不信者生歡喜。該乘能令嗔恨者生慈愛。該乘能令慳吝者行佈施。該乘能令破戒者持戒。

།ཐེག་པ་དེ་ནི་གནོད་སེམས་ཀྱི་སེམས་དང་ལྡན་པ་རྣམས་ཀྱི་བཟོད་པ་བགྱིད་པའོ། །ཐེག་པ་དེ་ནི་ལེ་ལོ་ཅན་རྣམས་ཀྱི་བརྩོན་འགྲུས་བགྱིད་པའོ། །ཐེག་པ་དེ་ནི་བརྗེད་ངས་པ་རྣམས་དྲན་པར་བགྱིད་པའོ། །ཐེག་པ་དེ་ནི་སེམས་རྣམ་པར་གཡེངས་ པ་རྣམས་ཉེ་བར་ཞི་བར་བགྱིད་པའོ།།ཐེག་པ་དེ་ནི་ཤེས་རབ་འཆལ་པ་རྣམས་ཀྱི་ཤེས་རབ་བགྱིད་པའོ། །ཐེག་པ་དེ་ནི་དབུལ་པོ་རྣམས་ཀྱི་ནོར་བགྱིད་པའོ། །ཐེག་པ་དེ་ནི་སྡུག་བསྔལ་བ་རྣམས་བདེ་བར་བགྱིད་པའོ། །ཐེག་པ་དེ་ནི་མཁས་པ་རྣམས་མཆོག་ ཏུ་དགའ་བར་བགྱིད་པའོ།།ཐེག་པ་དེ་ནི་ཤེས་པ་རྣམས་དང་བར་བགྱིད་པ་སྟེ། དེས་ན་ཐེག་པ་ཆེན་པོ་ཞེས་བགྱིའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཆེ་ཞེ་ཁྱོད་ཀྱིས་ཐེག་པ་ཆེན་པོའི་རྣམ་པ་རྣམས་དང་། རྟགས་རྣམས་དང་། མཚན་ མ་རྣམས་ལེགས་པར་སྨྲས་སོ།།བུད་མེད་དེས་སྨྲས་པ། བཙུན་པ་རབ་འབྱོར་ཐེག་པ་ཆེན་པོའི་རྣམ་པ་རྣམས་དང་། རྟགས་རྣམས་དང་། མཚན་མ་རྣམས་ནི་བསྐལ་པའམ། དེ་བས་ཆེས་ལྷག་པར་བདག་གིས་བཤད་དུ་ལགས་ཀྱང་མཐར་ཕྱིན་པར་མི་འགྱུར་རོ། །བཙུན་པ་ རབ་འབྱོར་ཐེག་པ་ཆེན་པོ་ཇི་ལྟར་ཚད་མ་མཆིས་པ་དེ་བཞིན་དུ་རྣམ་པ་རྣམས་དང་།རྟགས་རྣམས་དང་། མཚན་མ་རྣམས་ཀྱང་ཚད་མ་མཆིས་སོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས་བུད་མེད་དེ་ལ་གཞན་ཡང་འདི་སྐད་ཅེས་སྨྲས་སོ།

以下是完整的直譯: 該乘能令懷恨心者生忍辱。該乘能令懈怠者生精進。該乘能令忘失者生憶念。該乘能令心散亂者得寂靜。該乘能令愚癡者生智慧。該乘能令貧窮者得財富。該乘能令痛苦者得安樂。該乘能令智者生最上歡喜。該乘能令有智者生凈信,因此稱為大乘。 然後,具壽須菩提對那位女子如是說道:“大姐,你已善說大乘的諸相、諸標誌和諸征相。” 那位女子說道:“尊者須菩提,即使我用一劫或更長時間來解說大乘的諸相、諸標誌和諸征相,也無法窮盡。尊者須菩提,正如大乘無量,其諸相、諸標誌和諸征相也是無量的。” 具壽須菩提又對那位女子如是說道:

།ཆེ་ཞེ་ཁྱོད་ཀྱིས་བདག་ལ་ཁྱོད་ཅི་ཞིག་འདོད་ དེ་བསོད་སྙོམས་ལ་རྒྱུ་བར་བྱེད་ཅེས་གླགས་བཙལ་བ་དེ་ནི་དེ་བཞིན་གཤེགས་པ་ཆོས་ཀྱི་མངའ་བདག་ཉིད་ཀྱང་བསོད་སྙོམས་ལ་རྒྱུ་བ་མཛད་ན་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་ཡང་དེའི་གླགས་བཙལ་ལམ།བུད་མེད་དེས་སྨྲས་པ། བཙུན་པ་རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་ པ་ཐབས་གང་གིས་བསོད་སྙོམས་ལ་རྒྱུ་བ་མཛད་པ་མཁྱེན་པ་ལྟ་ན་དེ་སྤོབས་པར་མཛོད་ཅིག་།རབ་འབྱོར་གྱིས་སྨྲས་པ། ཆེ་ཞེ་དེ་བཞིན་གཤེགས་པ་ཐབས་ཇི་ལྟ་བུ་ཞིག་གིས་བསོད་སྙོམས་ལ་རྒྱུ་བ་མཛད། བུད་མེད་དེས་སྨྲས་པ། བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པ་ནི་དོན གྱི་དབང་ཉི་ཤུ་རྩ་གཅིག་གཟིགས་ནས་བསོད་སྙོམས་ལ་རྒྱུ་བ་མཛད་དེ།ཉི་ཤུ་རྩ་གཅིག་པོ་གང་ཞེ་ན། གཟུགས་ཀྱི་སྐུ་བཟང་པོ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་བསོད་སྙོམས་ལ་རྒྱུ་བ་མཛད་དེ། དེར་སེམས་ཅན་གང་དག་གིས་དེ་བཞིན་གཤེགས་པའི་སྐུ་སྐྱེས་བུ་ཆེན་པོའི་མཚན་ སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་མཐོང་བ་དེ་དག་།དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུའི་མཚན་འཐོབ་པར་བགྱི་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བགྱིད་དེ། བཙུན་པ་རབ་འབྱོར་དེ་བཞིན གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་བསོད་སྙོམས་ལ་རྒྱུ་བ་མཛད་དོ།།བཙུན་པ་རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་གྲོང་དང་། གྲོང་ཁྱེར་དུ་བསོད་སྙོམས་ལ་གཤེགས་ན་སེམས་ཅན་ལོང་བ་རྣམས་ཀྱིས་ནི་གཟུགས་རྣམས་མཐོང་བར་འགྱུར། སེམས་ཅན་འོན་ པ་རྣམས་ཀྱིས་ནི་སྒྲ་ཐོས་པར་འགྱུར།སེམས་ཅན་སྨྱོན་པ་རྣམས་ཀྱིས་ནི་དྲན་པ་རྙེད་པར་འགྱུར། སེམས་ཅན་གཅེར་བུ་རྣམས་ཀྱིས་ནི་གོས་རྙེད་པར་འགྱུར། སེམས་ཅན་བཀྲེས་པ་རྣམས་ཀྱིས་ནི་ཟས་རྙེད་པར་འགྱུར། སེམས་ཅན་སྐོམ་པ་རྣམས་ཀྱིས་ནི་བཏུང་བ་རྙེད་པར་འགྱུར་ལ། སེམས་ཅན་སུ་ལ་ཡང་འདོད་ཆགས་སམ། ཞེ་སྡང་ངམ། གཏི་མུག་དང་། ཕྲག་དོག་དང་། སེར་སྣ་དང་། ཁྲོ་བ་དང་། རྒྱགས་པ་དང་། འཆབ་པ་དང་། ཡོངས་སུ་གདུང་བའི་གནོད་པ་མ་མཆིས་སོ།

以下是完整的直譯: “大姐,你向我尋問’你為何乞食’,這就如同如來法王自身也乞食一樣,你是否也會向如來尋問此事?” 那位女子說道:“尊者須菩提,如果你知道如來以何方便乞食,請說說看。” 須菩提說道:“大姐,如來以何種方便乞食?” 那位女子說道:“尊者須菩提,如來觀察二十一種利益而乞食。什麼是二十一種呢?爲了顯示殊勝色身,如來乞食。在那裡,某些眾生見到如來以三十二大丈夫相莊嚴、具足一切相好的身體,爲了獲得如來色身之相而發起無上正等正覺心。尊者須菩提,如來觀察此種利益而乞食。 尊者須菩提,此外,如來前往村落、城市乞食時,盲人能見色,聾者能聞聲,瘋癲者能恢復記憶,赤身者能得衣服,飢餓者能得食物,口渴者能得飲料,而任何眾生都不會有貪慾、嗔恨、愚癡、嫉妒、慳吝、憤怒、驕傲、隱瞞和煩惱的危害。

།སེམས་ཅན་ཐམས་ཅད་བྱམས་པའི་སེམས་དང་ལྡན་ཏེ་གཅིག་ལ་གཅིག ཕ་མའི་འདུ་ཤེས་སྐྱེད་པར་འགྱུར་ཏེ།དེར་སེམས་ཅན་མང་པོས་དེ་བཞིན་གཤེགས་པ་གྲོང་དང་། གྲོང་ཁྱེར་དུ་གཤེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དེ་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བགྱིད་དེ། བཙུན་པ་རབ་འབྱོར་དེ་བཞིན་ གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་བསོད་སྙོམས་ལ་རྒྱུ་བ་མཛད་དོ།།བཙུན་པ་རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་ནི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དུ་གཤེགས་ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ ལྡིང་དང་།མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་མཆོད་པའི་ལས་བགྱི་བའི་སླད་དུ་ཕྱི་བཞིན་དུ་འབྲང་སྟེ། དེར་སངས་རྒྱས་ཀྱི་མཐུས་མི་རྣམས་ཀྱིས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་བཅོམ་ལྡན་འདས་ལ་མཆོད་པ་བགྱིད་པ་མཐོང་ནས་དེ་དག་དེ་བཞིན་གཤེགས་པ་ལ་འདོད་པ་སྐྱེ་སྟེ། དེ་བཞིན་གཤེགས་པ་ནི་ངོ་མཚར ཆེ་བ་ནས་རྨད་དུ་བྱུང་བའི་བར་གྱི་ཆོས་དང་ལྡན་ནོ་སྙམ་སྟེ།དེ་དག་གིས་དེ་བཞིན་གཤེགས་པ་ལ་འདོད་པ་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བགྱིད་དེ། བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་བསོད་ སྙོམས་ལ་རྒྱུ་བ་མཛད་དོ།།བཙུན་པ་རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་བསོད་སྙོམས་ལ་རྒྱུ་བ་མཐོང་ན་སེམས་ཅན་དཔག་ཏུ་མེད་པ་ལོངས་སྤྱོད་དང་དབང་ཕྱུག་གིས་རྒྱགས་ཤིང་མྱོས་པ་དང་། གཟུགས་དང་། རིགས་དང་། འཚོ་བ་དང་། ནད་མེད་པས་རྒྱགས་ཤིང་མྱོས་ པ་འདི་རྣམས་འདི་སྙམ་དུ་སེམས་ཏེ།འདི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བོར་ནས་རབ་ཏུ་བྱུང་ཞིང་བསོད་སྙོམས་ལ་རྒྱུ་ཞེས་གྲགས་ཏེ། དེས་ཀྱང་འདི་ལྟར་ང་རྒྱལ་བཅོམ་ན། ཀྱེ་མ་བདག་ཅག་གིས་ཀྱང་ང་རྒྱལ་གཞོམ་པར་བྱའོ་སྙམ་སྟེ། དེ་དག་གིས་དེ་ལྟ་བུ་མཐོང་ནས་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བགྱིད་དེ།བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་བསོད་སྙོམས་ལ་རྒྱུ་བ་མཛད་དོ།

以下是完整的直譯: 一切眾生生起慈心,彼此視如父母。在那裡,許多眾生見到如來前往村落、城市的殊勝功德,因此發起無上正等正覺心。尊者須菩提,如來觀察此種利益而乞食。 尊者須菩提,此外,當如來前往村落、城市和鄉鎮時,天、龍、夜叉、乾闥婆、阿修羅、迦樓羅、緊那羅、摩睺羅伽以及帝釋、梵天、護世天等爲了供養而跟隨。在那裡,由佛陀威力,人們見到天、龍、夜叉、乾闥婆、阿修羅、迦樓羅、緊那羅、摩睺羅伽以及帝釋、梵天、護世天等供養世尊,因此對如來生起歡喜心,認為如來具足稀有乃至希有之法。他們對如來生起歡喜心后,便發起無上正等正覺心。尊者須菩提,如來觀察此種利益而乞食。 尊者須菩提,此外,見到如來乞食時,無量眾生中那些因財富權勢而驕傲自滿的,以及因容貌、種姓、生計和無病而驕傲自滿的,會這樣想:“據說他捨棄轉輪王位而出家乞食。他尚且能如此降伏我慢,噫,我等也應當降伏我慢。“他們見到這種情況后,便發起無上正等正覺心。尊者須菩提,如來觀察此種利益而乞食。

།བཙུན་པ་རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་གྲོང་དང་། གྲོང་ཁྱེར་དུ་བསོད་སྙོམས་ལ་རྒྱུ་བ་ན། ལྷ་གཟི་ བྱིན་ཆེ་བ་གཟི་བྱིན་ཆེ་བ་རྣམས་ཀྱིས་དགོངས་པ་ལ་བལྟས་ནས་འདི་སྐད་དུ་འདི་ལ་ནི་བཀྲེས་པ་དང་།སྐོམ་པའི་གནོད་པ་ཡང་མེད་ལ། ལུས་ཉམ་ཆུང་བ་ཡང་མེད་ཀྱི། སེམས་ཅན་རྣམས་ལ་སྙིང་བརྩེ་བ་ཆེད་ཆེར་བྱས་ནས་བསོད་སྙོམས་ལ་རྒྱུ་བ་མཛད་ཀྱིས། བདག་ཅག་ཀྱང་དེ་བཞིན་ དུ་སེམས་ཅན་རྣམས་ལ་སྙིང་བརྩེ་བ་ཆེད་ཆེར་བྱ་བའི་སེམས་ཀྱིས་བསོད་སྙོམས་ལ་རྒྱུ་བར་བྱའོ་ཞེས་སྨྲ་ཞིང་དེ་དག་གིས་དེ་ལྟ་བུ་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བགྱིད་དེ།བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་ ནས་བསོད་སྙོམས་ལ་རྒྱུ་བ་མཛད་དོ།།བཙུན་པ་རབ་འབྱོར་གཞན་ཡང་སེམས་ཅན་ལེ་ལོ་ཅན་སྙོམ་ལས་ཅན་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་མི་མཆི་བ་དེ་དག་དེ་བཞིན་གཤེགས་པ་གྲོང་དང་། གྲོང་ཁྱེར་དུ་གཤེགས་ ན་འབད་མི་འཚལ་བར་མཐོང་བར་འགྱུར་ལ།མཐོང་ནས་ཀྱང་དགའ་བ་དང་། མཆོག་ཏུ་དགའ་བ་ཆེན་པོ་འཐོབ་པར་འགྱུར་ཏེ། དགའ་བ་དང་མཆོག་ཏུ་དགའ་བ་ཐོབ་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བགྱིད་དེ། བཙུན་པ་རབ་འབྱོར་དེ་བཞིན་ གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་བསོད་སྙོམས་ལ་རྒྱུ་བ་མཛད་དོ།།བཙུན་པ་རབ་འབྱོར་གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཐོང་ན་དོན་ཡོད་པ་སྟེ། ཐ་ན་སེམས་ཅན་གང་དག་གིས་སེམས་ཀྱི་སྐད་ཅིག་གཅིག་ཙམ་ལ་ཞི་བའི་མིག་གིས་དེ་བཞིན་གཤེགས་ པ་མཐོང་ན་ཡང་དེ་འབའ་ཞིག་གིས་ཀྱང་དེ་དག་ཐམས་ཅད་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་བར་གྱི་རྒྱུར་འགྱུར་ཏེ།བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་བསོད་སྙོམས་ལ་རྒྱུ་བ་མཛད་དོ། །བཙུན་པ་རབ་འབྱོར་གཞན་ཡང་དེ་བཞིན་ གཤེགས་པ་གྲོང་དང་།གྲོང་ཁྱེར་དུ་གཤེགས་ན་སེམས་ཅན་བཅིང་པས་བཅིངས་པ་རྣམས་བཅིང་བ་ལས་གྲོལ་བར་འགྱུར་ལ། དེ་དག་གིས་དེ་བཞིན་གཤེགས་པའི་མཐུས་བདག་ཅག་བཅིང་བ་འདི་དག་ལས་གྲོལ་བར་གྱུར་ཏོ།

以下是完整的直譯: 尊者須菩提,此外,當如來在村落、城市乞食時,具大威德的天神們觀察其意趣后,會這樣說:“他既無飢渴之苦,身體也不虛弱,而是出於對眾生的大悲心而乞食。我等也應當以如是對眾生的大悲心而乞食。“他們見到這種情況后,便發起無上正等正覺心。尊者須菩提,如來觀察此種利益而乞食。 尊者須菩提,此外,那些懶惰、懈怠,不願前來觀看、禮拜、承事如來的眾生,當如來前往村落、城市時,他們不費力就能見到。見到后,他們獲得歡喜和極大的歡喜。獲得歡喜和極大歡喜后,他們便發起無上正等正覺心。尊者須菩提,如來觀察此種利益而乞食。 尊者須菩提,此外,見到諸佛世尊必有利益。即便眾生僅以一剎那寧靜的目光見到如來,僅憑這一點,也將成為他們所有人最終涅槃的因。尊者須菩提,如來觀察此種利益而乞食。 尊者須菩提,此外,當如來前往村落、城市時,被束縛的眾生將從束縛中解脫。他們因如來的威力而想:“我等從這些束縛中解脫了。”

།ཞེས་ཤེས་ཏེ་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་ བ་དང་།བྱས་པ་ཚོར་བར་གྱུར་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བགྱིད་དེ། བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་བསོད་སྙོམས་ལ་རྒྱུ་བ་མཛད་དོ། །བཙུན་པ་རབ་འབྱོར་གཞན་ཡང་རིགས་ཀྱི་བུའམ། རིགས་ ཀྱི་བུ་མོ་དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་ཐོས་ན།ཀྱེ་མ་མ་ལ་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསོད་སྙོམས་དབུལ་བར་བྱའོ། །ཆོས་གོས་དབུལ་བ་དང་། མཆོད་པ་དང་། བཀུར་སྟིར་བྱ་བ་ཅི་ཡང་རུང་བས་མཆོད་པ་བྱའོ་སྙམ་དུ་སེམས་པ་དེ་ལྟ་བུ་དག་མཆིས་ ལ་དེ་དག་ལས་ཀྱང་མས་བསྲུངས་པའམ།ཕས་བསྲུངས་པའམ། མིང་པོས་བསྲུངས་པའམ། ཕུ་ནུ་མོས་བསྲུངས་པའམ། ཁྱིམ་ཐབ་ཀྱིས་བསྲུངས་པའམ། མཛའ་བོས་བསྲུངས་པ་རྣམས་དེ་དང་དེའི་རྐྱེན་གྱིས་དེ་བཞིན་གཤེགས་པའི་ཐད་དུ་མཆི་མི་ནུས་ཏེ། དེ་ དག་གིས་དེ་བཞིན་གཤེགས་པ་གྲོང་དང་།གྲོང་ཁྱེར་དུ་གཤེགས་པ་མཐོང་ན་ཚིམ་ཞིང་མགུ་ལ་རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་དེ་བཞིན་གཤེགས་པ་ལ་བསོད་སྙོམས་དབུལ་བར་བགྱིད་དོ། །ཕུལ་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་སེམས་སྐྱེད་པར་བགྱིད་དེ།བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་བསོད་སྙོམས་ལ་རྒྱུ་བ་མཛད་དོ། །བཙུན་པ་རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་ལ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་ལྷུང་བཟེད་ཕུལ་ནས་དེ་བཞིན་གཤེགས་ པས་བཞེས་པ་མཆིས་ཏེ།དེར་སེམས་ཅན་ལོངས་སྤྱོད་ཆུང་བ་དང་། ཆུང་ངུ་སྦྱིན་པར་འཚལ་བ་གང་དག་ལགས་པ་དེ་དག་གིས་ནི་དེ་བཞིན་གཤེགས་པའི་ལྷུང་བཟེད་གང་བར་མཐོང་ངོ་། །སེམས་ཅན་ལོངས་སྤྱོད་ཆེ་ཞིང་མང་དུ་སྦྱིན་པར་འཚལ་བ་གང་དག་ལགས་པ་དེ་དག་ གིས་ནི་དེ་བཞིན་གཤེགས་པའི་ལྷུང་བཟེད་མ་གང་བར་མཐོང་ནས་དེ་དག་གིས་ཇི་ཙམ་དགོས་པ་ཕུལ་ཏེ།ལྷུང་བཟེད་གང་བར་བགྱིས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བགྱིད་དེ། བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་ བསོད་སྙོམས་ལ་རྒྱུ་བ་མཛད་དོ།

以下是完整的直譯: 知道這一點后,他們對如來生起感恩和知恩之心,便發起無上正等正覺心。尊者須菩提,如來觀察此種利益而乞食。 尊者須菩提,此外,有些善男子或善女人聽聞如來功德的讚頌后,會這樣想:“噫,我等應當向如來供養食物。應當供養法衣,或以任何方式供養、承事。“雖有這樣的想法,但他們中有些人被母親看管,或被父親看管,或被兄長看管,或被姐妹看管,或被丈夫看管,或被朋友看管,因種種原因無法前往如來處。當他們見到如來前往村落、城市時,便滿足、歡喜、極其喜悅,生起歡喜和愉悅之心,向如來供養食物。供養后,他們便發起無上正等正覺心。尊者須菩提,如來觀察此種利益而乞食。 尊者須菩提,此外,四大天王天的諸天曾向如來獻上缽,如來接受了。在那裡,那些財富少、想要佈施少量的眾生,會看到如來的缽已滿。那些財富多、想要佈施大量的眾生,會看到如來的缽未滿,於是他們供養所需之量,使缽裝滿,然後發起無上正等正覺心。尊者須菩提,如來觀察此種利益而乞食。

།བཙུན་པ་རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པའི་ལྷུང་བཟེད་ཀྱི་ནང་དུ་བཅའ་བ་དང་། བཟའ་བ་དང་། མྱང་བར་བྱ་བ་རོ་བརྒྱ་དང་ལྡན་པ་བླུགས་ན། བཅའ་བ་དང་། བཟའ་བ་དང་། མྱང་བར་བྱ་བ་དེ་དག་འདྲེ་བར་མི་འགྱུར་ཏེ། ཇི་ལྟར་སྣོད་ ཐ་དད་པའི་ནང་ན་མཆིས་པ་དེ་ཁོ་ན་བཞིན་དུ་མཆིས་ཏེ།དེར་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་མང་པོ་དག་གིས་དེ་བཞིན་གཤེགས་པའི་ལྷུང་བཟེད་ཀྱི་ཆོ་འཕྲུལ་དེ་ལྟ་བུ་མཐོང་ནས་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བགྱིད་དེ།བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་བསོད་སྙོམས་ལ་རྒྱུ་བ་མཛད་དོ། །བཙུན་པ་རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པའི་ལྷུང་བཟེད་ཀྱི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ ཟས་བླུགས་ཀྱང་དེས་ལྷུང་བཟེད་དེ་མ་གང་བ་འམ།གང་བར་ཡང་མི་འགྱུར་ཏེ། དེར་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་མང་པོ་དག་གིས་དེ་བཞིན་གཤེགས་པའི་ལྷུང་བཟེད་ཀྱི་ཆོ་འཕྲུལ་དེ་ལྟ་ བུ་མཐོང་སྟེ་ངོ་མཚར་དུ་གྱུར་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བགྱིད་དེ།དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་བསོད་སྙོམས་ལ་རྒྱུ་བ་མཛད་དོ།

以下是完整的直譯: 尊者須菩提,此外,當具有百種滋味的固體食物、軟食和飲品被倒入如來的缽中時,這些固體食物、軟食和飲品不會混合,而是如同放在不同容器中一樣保持分離。在那裡,許多天、龍、夜叉、乾闥婆、阿修羅、迦樓羅、緊那羅和摩睺羅伽見到如來缽的如此神變后,便發起無上正等正覺心。尊者須菩提,如來觀察此種利益而乞食。 尊者須菩提,此外,即使將所有比丘的食物倒入如來的缽中,也不會使缽裝滿或溢出。在那裡,許多天、龍、夜叉、乾闥婆、阿修羅、迦樓羅、緊那羅和摩睺羅伽見到如來缽的如此神變後感到驚奇,便發起無上正等正覺心。如來觀察此種利益而乞食。

།བཙུན་པ་རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པའི་སྐུ་ནི་གཅིག་ཏུ་ མཁྲེགས་ཤིང་ཁོང་སྟོང་མ་ལགས་ལ་རྡོ་རྗེ་ལྟར་མཁྲེགས་པ་སྟེ།དེ་བཞིན་གཤེགས་པའི་སྐུ་ལ་ཕོ་བ་འམ། ལོང་ཀ་ཡང་མི་མངའ། ཕྱིས་ཡང་མི་མངའ། གཅིན་ཡང་མི་མངའ་མོད་ཀྱི། འོན་ཀྱང་བསོད་སྙོམས་ལ་རྒྱུ་བ་དང་། བཤོས་གསོལ་བ་དེ་ལྟར་ཡང་གདའ་ལ་ཁོང་དུ་ མིད་པ་ཡང་མི་མངའ་སྟེ།ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་མང་པོ་དག་གིས་དེ་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ པར་བགྱིད་དེ།བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་བསོད་སྙོམས་ལ་རྒྱུ་བ་མཛད་དེ། བཙུན་པ་རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་གྲོང་དང་། གྲོང་ཁྱེར་དུ་གཤེགས་ན་སེམས་ཅན་མང་པོ་དག་གིས་བསོད་སྙོམས་མང་པོ་འམ། ཉུང་ངུའམ། བཟང་པོ་འམ། ངན་པ་ཡང་རུང་སྟེ། དབུལ་བར་བགྱིད་ལ། སེམས་ཅན་དེ་དག་གིས་ཀྱང་དེ་བཞིན་གཤེགས་པ་ལ་བསྐྱེད་པའི་ཡོན་ཏན་རྣམས་མཐར་ཐུག་པར་བགྱིད་མི་ནུས་ཏེ། ལྷ་དང་མི་རྣམས་ཀྱི་ཕུན་སུམ་ཚོགས་པ་མང་པོ་དག་ཀྱང་ཉམས་སུ་མྱོང་བར་འགྱུར ལ་ཡོན་ཏན་དེ་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་བར་དུ་བས་པར་མི་འགྱུར་ཏེ།བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་བསོད་སྙོམས་ལ་རྒྱུ་བ་མཛད་དོ།

以下是完整的直譯: 尊者須菩提,此外,如來的身體是堅實的,不是空心的,如金剛般堅固。如來的身體沒有胃,沒有大腸,沒有小便,也沒有大便。然而,他仍然乞食和進食,但並不吞嚥。許多天、龍、夜叉、乾闥婆、阿修羅、迦樓羅、緊那羅、摩睺羅伽、人和非人見到這種情況后,便發起無上正等正覺心。尊者須菩提,如來觀察此種利益而乞食。 尊者須菩提,此外,當如來前往村落和城市時,許多眾生會供養大量或少量、上等或下等的食物。這些眾生無法窮盡如來所生起的功德,他們將體驗許多天人的圓滿,而這些功德直到入涅槃時也不會耗盡。尊者須菩提,如來觀察此種利益而乞食。

།བཙུན་པ་རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་ བཞག་པ་སྟེ་ཏིང་ངེ་འཛིན་ལས་ཉམས་པ་མི་མངའ་ལ།དེར་ཚངས་པ་འམ། དེ་མ་ཡིན་པའི་གཟུགས་ན་སྤྱོད་པའི་ལྷ་གཟི་བྱིན་ཆེ་བ་གཟི་བྱིན་ཆེ་བ་རྣམས་ཀྱིས་དེ་བཞིན་གཤེགས་པ་བསོད་སྙོམས་ལ་རྒྱུ་ཞིང་ཏིང་ངེ་འཛིན་ལས་ཀྱང་མི་གཡོ་བ་མཐོང་ན་དེ་དག་འདི་སྙམ་དུ་སེམས་ཏེ། འདི་ ནི་སེམས་ཅན་གྱི་དོན་ལ་བརྩོན་པ་ཡིན་གྱི།ཟས་འདོད་པ་མ་ཡིན་པར་ཐེ་ཙོམ་མེད་དོ་སྙམ་ནས་དེ་དག་དགའ་བ་ཐོབ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བགྱིད་དེ། བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་བསོད་སྙོམས་ལ་རྒྱུ་བ་མཛད་ དོ།།བཙུན་པ་རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་བསོད་སྙོམས་ལ་རྒྱུ་བ་མི་མཛད་དེ། ཞལ་ཟས་ཀྱང་མི་གསོལ་བར་གྱུར་ན་ནི་དེ་ལྟ་ན་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དེ་དག་ཀྱང་ཟས་མི་ ཟ་བ་ལ་ཞུགས་ཏེ།བདག་ཅག་ཀྱང་བསོད་སྙོམས་ལ་རྒྱུ་བར་མི་བྱ། ཟས་ཀྱང་བཟའ་བར་མི་བྱའོ་སྙམ་ནས་དེ་དག་ཀྱང་བཀྲེས་ཤིང་ཉམ་ཆུང་བར་གྱུར་པས་ཁྱད་པར་ཐོབ་པར་རྟོགས་པར་མི་ནུས་ཏེ། དེ་དག་གིས་མ་འོངས་པ་ན་ཁྱད་པར་འཐོབ་པའི་བསམ་པ་རྫོགས་པར་མཛད་པའི་ ཕྱིར་ཡང་དེ་བཞིན་གཤེགས་པ་བསོད་སྙོམས་ལ་རྒྱུ་ཞིང་གསོལ་བར་མཛད་དོ།།བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་བསོད་སྙོམས་ལ་རྒྱུ་བ་མཛད་དོ། །བཙུན་པ་རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་ནི་འཕགས་པའི་རིགས་རྣམས་ ཡང་དག་པར་ཡོངས་སུ་གཟུང་བའི་ཕྱིར་བསོད་སྙོམས་ལ་རྒྱུ་བ་མཛད་དོ།།བཙུན་པ་རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་ནི་སྐྱེ་བོ་ཕྱི་མ་རྣམས་ལ་ཐུགས་བརྩེ་བའི་ཕྱིར་བསོད་སྙོམས་ལ་རྒྱུ་སྟེ། ཕྱི་མའི་དུས་ན་བྲམ་ཟེ་དང་། ཁྱིམ་བདག་མ་དད་པ་རྣམས་འདི་སྐད་དུ་གལ་ཏེ་འདི་དག་ གི་སྟོན་པ་ཉིད་ཀྱིས་ཀྱང་བསོད་སྙོམས་ལ་རྒྱུ་བ་མ་བྱས་ན་འདི་དག་ཅིའི་ཕྱིར་བསོད་སྙོམས་ལ་རྒྱུ་བར་བྱེད་ཅེས་དེ་དག་དགེ་སློང་དང་།དགེ་སློང་མ་རྣམས་ལ་ཤས་ཆེར་མི་དགའ་བར་མི་འགྱུར་བར་བྱ་བའི་ཕྱིར་རོ།

以下是完整的直譯: 尊者須菩提,此外,如來常處等持,不離三昧。在那裡,大梵天或其他色界諸天見到如來乞食而不離三昧時,他們心想:“這必定是爲了利益眾生,毫無疑問不是爲了食物。“他們因此生起歡喜,發起無上正等正覺心。尊者須菩提,如來觀察此種利益而乞食。 尊者須菩提,如果如來不乞食也不進食,那麼善男子、善女人在善說的法律中從家出家的人也會不食,想著:“我們也不應乞食,不應進食。“他們因此會飢餓衰弱,無法證得殊勝。爲了使他們在未來能夠圓滿證得殊勝的意願,如來才乞食進食。尊者須菩提,如來觀察此種利益而乞食。 尊者須菩提,此外,如來爲了正確地攝受聖種而乞食。 尊者須菩提,此外,如來爲了憐憫後世眾生而乞食。這是爲了防止未來時婆羅門和居士不信者說:“如果他們的導師都不乞食,這些人為什麼要乞食?“而對比丘和比丘尼們生起極大的不悅。

།དེ་བས་ན་དེ་དག་ཀྱང་འདི་སྙམ་དུ་སེམས་ཏེ། འདི་དག་གི་སྟོན་པས་ཀྱང་ བསོད་སྙོམས་ལ་རྒྱུ་བར་བྱས་ན་འདི་དག་ཅིའི་ཕྱིར་བསོད་སྙོམས་ལ་རྒྱུ་བར་མི་བྱེད་སྙམ་སྟེ།དེ་དག་གིས་བསྔགས་པ་ཡང་རྗོད་པར་བགྱིད་ལ། བསོད་སྙོམས་ཡང་སྟེར་བར་འགྱུར་ཏེ། འདི་སྐད་དུ་བསོད་སྙོམས་ལ་རྒྱུ་བ་འདི་ནི་གཙུག་ལག་ལས་འབྱུང་བའི་བསོད་སྙོམས་ཡིན་ནོ། ། སྤྱོད་པ་འདི་ནི་དེ་བཞིན་གཤེགས་པས་བསྔགས་པ་ཡིན་ནོ་ཞེས་ཀྱང་སྨྲ་བར་འགྱུར་ཏེ། བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་བསོད་སྙོམས་ལ་རྒྱུ་བ་མཛད་དོ། །བཙུན་པ་རབ་འབྱོར་གཞན་ཡང་རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ བདག་དང་།བློན་པོའི་བུ་རྣམས་ལས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དེ་དག་།བདག་ཅག་ནི་འདི་ལྟར་རིགས་ཆེན་པོར་སྐྱེས་པ་ཡིན་ན། ཟས་ཀྱི་ཕྱིར་ཁྱིམ་ནས་ཁྱིམ་དུ་བསོད་སྙོམས་ལ་ཅིའི་ཕྱིར་རྒྱུ་བར་བྱ་སྙམ་སྟེ། ངོ་ཚ་ནས་ བསོད་སྙོམས་ལ་རྒྱུ་བར་མི་བགྱིད་པ་དེ་དག་དེ་བཞིན་གཤེགས་པའི་བསོད་སྙོམས་དང་།གཟི་བྱིན་དང་ལྡན་པའི་སྐུའི་རྗེས་སུ་སློབ་ཅིང་བསོད་སྙོམས་ལ་རྒྱུ་བར་འགྱུར་ཏེ། བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་བསོད་སྙོམས་ལ་རྒྱུ་བ་མཛད་དོ། ། བཙུན་པ་རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་འཇིག་རྟེན་དང་འཐུན་པར་མཛད་འཚལ་ཏེ། ཇི་ལྟ་ཇི་ལྟར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་འགྱུར་བ་དེ་ལྟ་དེ་ལྟར་འཐུན་པར་མཛད་དེ། བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་བསོད སྙོམས་ལ་རྒྱུ་བ་མཛད་དོ།

以下是完整的直譯: 因此,他們會這樣想:“如果他們的導師都乞食,這些人為什麼不乞食呢?“他們會讚歎並供養食物,說道:“這種乞食是出自經典的乞食。這種行為是如來所讚歎的。“尊者須菩提,如來觀察此種利益而乞食。 尊者須菩提,此外,那些出身於國王、大臣、婆羅門、居士和大臣之子的家庭,因信仰善說的法律而從家出家的人們會想:“我們生於如此高貴的家族,為何要爲了食物從一家到另一家乞食呢?“他們因羞恥而不願乞食。這些人會效仿如來的乞食和具有威嚴的身相而開始乞食。尊者須菩提,如來觀察此種利益而乞食。 尊者須菩提,此外,諸如來應當隨順世間,以何種方式能使眾產生熟,就以何種方式隨順。尊者須菩提,如來觀察此種利益而乞食。

།བཙུན་པ་རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་ལ་ནི་སྒྲིབ་པའམ། སྐྱེམས་པ་ཡང་མི་མངའ། ཉམ་ཆུང་བ་ཡང་མི་མངའ། ཆགས་པ་ཡང་མི་མངའ། ཆགས་པར་འགྱུར་བ་ཡང་མི་མངའ། སྡིག་པ་བཞེད་པ་ཡང་མ་ལགས། སོགས་པ་ཡང་ མི་མངའ་མོད་ཀྱི།འོན་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཇིག་རྟེན་དང་འཐུན་པར་མཛད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་སླད་དུ་བསོད་སྙོམས་ལ་རྒྱུ་བ་མཛད་དེ། བཙུན་པ་རབ་འབྱོར་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དོན་གྱི་དབང་དེ་གཟིགས་ནས་བསོད་སྙོམས་ལ་རྒྱུ་བ་མཛད་ན།བཙུན་པ་རབ་འབྱོར་དེ་ལྟ་བུའི་ཐབས་དང་དེ་ལྟ་བུའི་སྙིང་རྗེ་ཆེན་པོ་དང་། དེ་ལྟ་བུའི་དོན་ཡོངས་སུ་དག་པ་སུ་བསོད་སྙོམས་ལ་རྒྱུ་བར་སྤྱོད་དམ། སྨྲས་ པ།ཆེ་ཞེ་བདག་གིས་ནི་འདི་མི་ནུས་ཏེ། ཆེ་ཞེ་དཔེར་ན་ཁྱི་དང་བྱི་ལ་ཐམས་ཅད་ཀྱིས་རིའི་རྒྱལ་པོ་རི་རབ་གཞིག་པར་མི་ནུས་པ་དང་། ཝ་ཐམས་ཅད་ཀྱིས་ཀྱི་རྒྱལ་པོ་སེང་གེ་ལ་བསྐལ་པའི་བར་དུ་ཡང་མཐུ་རྩལ་ལམ་སྒྲ་བསྒྲགས་པ་བསྟན་པར་མི་ནུས་པ་དེ་བཞིན་དུ། ཆེ་ཞེ་ཉན་ ཐོས་དང་།རང་སངས་རྒྱས་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ལ་སྤྱོད་པའམ། ཐབས་སམ། སྙིང་རྗེ་ཆེན་པོ་བསྟན་པར་མི་ནུས་སོ། །དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་དང་། བསོད་སྙོམས་ལ་རྒྱུ་བའི་གཏམ་བསྟན་པ་འདི་བཤད་པ་ན་ཁྱིམ་བདག་དེའི་ནང་ མི་དེ་དག་དང་།ཁྱིམ་གཞན་དག་ནས་ཆོས་མཉན་དུ་འོངས་པ་རྣམས་ཀྱི་ནང་ནས་མི་ཉིས་སྟོང་བརྒྱད་བརྒྱས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཆེ་ཞེ་ཁྱོད་ཀྱི་ཁྱིམ་ཐབ་ ད་ལྟ་ག་ལ་འདུག་།བུད་མེད་དེས་སྨྲས་པ། བཙུན་པ་རབ་འབྱོར་བདག་གི་ཁྱིམ་ཐབ་ནི་གཅིག་པུར་མ་བས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་རབ་འབྱོར་སེམས་ཅན་ཇི་སྙེད་དགའ་བ་བཀོད་པའི་ཐབས་ལ་མཁས་པས་འདུལ་བར་འགྱུར་བ་དེ་དག་ཐམས་ཅད་ནི་བདག་གི་ཁྱིམ་ཐབ་ལགས སོ།།སྨྲས་པ། ཆེ་ཞེ་དེ་བཞིན་གཤེགས་པས་ནི་སུ་ལ་ཡང་འདོད་པའི་དགའ་བ་གནང་བ་མེད་དོ།

以下是完整的直譯: 尊者須菩提,此外,如來無有障礙,無有飢渴,無有衰弱,無有貪著,無有可貪著,無有惡意,無有遺忘。然而,如來、阿羅漢、正等正覺爲了隨順世間和成熟眾生而乞食。尊者須菩提,如來、阿羅漢、正等正覺觀察此種利益而乞食。尊者須菩提,誰能以如此方便、如此大悲、如此清凈的目的而乞食呢? [須菩提]說道:大德,我不能做到這一點。大德,就像所有的狗和貓都無法摧毀須彌山王,所有的狐貍即使經過一劫也無法向獅子王展示力量或發出吼叫一樣,大德,所有聲聞和獨覺都無法展示如來的行為、方便或大悲。 當講述這個關於如來方便善巧和乞食的故事時,那個居士家的家人和從其他家來聽法的人中有兩千八百人發起無上正等正覺心。 然後,具壽須菩提對那位婦女說道:“大德,你的丈夫現在在哪裡?” 那位婦女回答說:“尊者須菩提,我的丈夫不是一個人。為什麼呢?尊者須菩提,所有能被歡喜莊嚴方便善巧調伏的眾生,都是我的丈夫。” [須菩提]說道:“大德,如來並未允許任何人有慾望的喜悅。”

།སྨྲས་པ། བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པས་ནི་དགེ་སློང་གང་རྐྱེན་དུ་འཚལ་བའི་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། སྨན་ཟོང་དང་། མཛའ་བཤེས་ཀྱི་ཁྱིམ་དང་། བསོད་སྙོམས་སྟེར་བའི་ཁྱིམ་བསྟེན་ཅིང་བསྙེན་པ་དང་། གྲོགས་པོ་དགའ་བར་བྱ་བ་དང་། མཁན་པོ་དང་སློབ་དཔོན་བསྟེན་པ་དང་། བསྙེན་པ་དང་། བསྙེན་བཀུར་བྱ་བ་ཀུན་ཏུ་བསྟེན་པར་བྱེད་པ་དེ་ལ་ཡང་དགེ་བའི་ཆོས་འཕེལ་བར་འགྱུར་བ་དང་། མི་དགེ་བའི་ཆོས་འགྲིབ་པར་འགྱུར་བ་གསུངས་སོ། །སྨྲས་པ། ཆེ་ཞེ་དེ་ནི་ཁྱོད་ཇི་སྐད་ཟེར་བ་བཞིན་ནོ། །སྨྲས་པ། བཙུན་པ་རབ་འབྱོར་དེ་བས་ན་དེ་བཞིན་གཤེགས་པས་ནི་ཐབས་དེ་ལྟ་བུས་སེམས་ཅན་རྣམས་ལ་འདོད་པའི་དགའ་བ་ཐམས་ཅད་གནང་ངོ་། །སྨྲས་པ། ཆེ་ཞེ་ཁྱོད་ཀྱིས་དགའ་བ བཀོད་པའི་ཐབས་ལ་མཁས་པས་སེམས་ཅན་ཇི་སྙེད་བཏུལ་སྨྲས་པ།བཙུན་པ་རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སྐར་མའི་གཟུགས་རྣམས་ནི་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་ནུས་ཀྱི། བདག་གིས་དགའ་བ་བཀོད་པའི་ཐབས་ལ་མཁས་པས་སེམས་ ཅན་བཏུལ་ཏེ།བཏུལ་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པ་གང་དག་ལགས་པ་དེ་དག་ལ་ནི་དེ་ལྟར་མི་ནུས་སོ། །སྨྲས་པ། ཆེ་ཞེ་ཁྱོད་སེམས་ཅན་དེ་དག་ལ་དགའ་བ་ཇི་ལྟ་བུ་དག་སྟོབས་པར་བྱེད། བུད་མེད་དེས་སྨྲས་པ། བཙུན་པ་རབ་འབྱོར་སེམས་ཅན་ཚངས་ པའི་དགའ་བ་ལ་མོས་པ་དག་ཀྱང་མཆིས་ཏེ།བཙུན་པ་རབ་འབྱོར་དེ་དག་ལ་ནི་བདག་ཚངས་པར་འགྱུར་བ་ཐོབ་པར་བགྱི་བའི་སླད་དུ་ཚད་མེད་པའི་བསམ་གཏན་གྱི་དགའ་བ་སྟོབས་པར་བགྱིད་དེ། བསྟབས་ནས་ཀྱང་དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཛུད་པར་བགྱིད་དོ། །བཙུན་ པ་རབ་འབྱོར་སེམས་ཅན་བརྒྱ་བྱིན་གྱི་དགའ་བ་ལ་མོས་པ་དག་ཀྱང་མཆིས་ཏེ།དེ་དག་ལ་ནི་བདག་བརྒྱ་བྱིན་གྱི་དགའ་བ་སྟོབས་པར་བགྱིད་དེ། བསྟབས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཛུད་པར་བགྱིད་དོ། །བཙུན་པ་རབ་འབྱོར་སེམས་ཅན་ལྷ་དང་། ཀླུ་དང་། གནོད་སྦྱིན་ དང་།དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་དགའ་བ་ལ་མོས་པ་དག་ཀྱང་མཆིས་ཏེ། དེ་དག་ལ་ནི་བདག་ལྟོ་འཕྱེ་ཆེན་པོའི་བར་གྱི་དགའ་བ་སྟོབས་པར་བགྱིད་དེ་བསྟབས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཛུད་པར་བགྱིད་དོ།

以下是完整的直譯: [須菩提]說道:“尊者須菩提,如來說過,如果比丘爲了條件而依賴和親近法衣、乞食、臥具、坐具、病人的藥品、藥材、親友之家、施捨食物之家,以及取悅朋友、依止和親近和尚與阿阇黎,並全面依止和恭敬供養,那麼他的善法會增長,不善法會減少。” [婦女]說道:“大德,正如你所說。” [須菩提]說道:“尊者須菩提,因此如來以這種方便允許眾生一切慾望的喜悅。” [須菩提]說道:“大德,你以歡喜莊嚴的方便善巧調伏了多少眾生?” [婦女]說道:“尊者須菩提,三千大千世界中的星辰形體可以通過計數的方法了知其邊際,但我以歡喜莊嚴的方便善巧調伏眾生,並將他們安置於無上正等正覺的數量,卻無法如此計數。” [須菩提]說道:“大德,你給予那些眾生什麼樣的喜悅?” 那位婦女說道:“尊者須菩提,有些眾生傾心於梵天的喜悅,尊者須菩提,爲了使他們獲得梵天的境界,我給予他們無量禪定的喜悅,給予之後,再引導他們進入無上正等正覺。尊者須菩提,有些眾生傾心於帝釋天的喜悅,我給予他們帝釋天的喜悅,給予之後,再引導他們進入無上正等正覺。尊者須菩提,有些眾生傾心於天、龍、夜叉、乾闥婆、阿修羅、迦樓羅、緊那羅、摩睺羅伽的喜悅,我給予他們直至摩睺羅伽的喜悅,給予之後,再引導他們進入無上正等正覺。”

། བཙུན་པ་རབ་འབྱོར་སེམས་ཅན་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་དགའ་བ་ལ་མོས་པ་དག་ཀྱང་མཆིས་སོ། །བློན་པོ་དང་། གྲོང་རྡལ་གྱི་མི་དང་། ཡུལ་གྱི་མི་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ཀྱི་དགའ་བ་ལ་མོས་པ་དག་ཀྱང་མཆིས་སོ། ། སེམས་ཅན་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པའི་དགའ་བ་ལ་མོས་པ་དག་ཀྱང་མཆིས་སོ། །སེམས་ཅན་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་།ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྔ་ཡབ་ཀྱི་དགའ་བ ལ་མོས་པ་དག་ཀྱང་མཆིས་སོ།།སེམས་ཅན་གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། ཤེལ་དང་། མུ་ཏིག་དམར་པོ་དང་། བྱི་རུ་དང་། རྡོའི་སྙིང་པོ་དང་། སྤུག་དང་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་དགའ་བ་ལ་མོས་པ་དག་ཀྱང་ མཆིས་སོ།།སེམས་ཅན་རྔ་བོ་ཆེ་དང་། རྫ་རྔ་དང་། དུང་དང་། ཁར་རྔ་དང་། པི་བང་དང་། གླིང་བུ་དང་། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་ཀྱི་དགའ་བ་ལ་མོས་པ་དག་ཀྱང་མཆིས་ཏེ། བཙུན་པ་རབ་འབྱོར་སེམས་ཅན་དེ་དག་ལ་ཡང་བདག་གིས་བསམ་པ་ཐམས་ཅད་དང་། དགའ་བ་དང་། རྩེད་མོ་ ཐམས་ཅད་སྟོབས་པར་བགྱིད་དེ།བསྟབས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཛུད་པར་བགྱིད་དོ། །རབ་འབྱོར་གྱིས་སྨྲས་པ། ཆེ་ཞེ་འདོད་པའི་ཡོན་ཏན་ལྔ་ནི་འཕགས་པའི་ལམ་གྱི་བར་དུ་གཅོད་པ་ཡིན་ན། ཇི་ལྟར་དེ་དག་བསྟབས་པས་འདུལ་བར་འགྱུར་ཏེ། གནས་འདི་ཕན་ཚུན་མི་འཐུན་པ་ཡིན་ནོ། །ཆེ་ཞེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཕགས་པའི་ལམ་ལ་བར་དུ་གཅོད་པར་བྱེད་པའི་ཆོས་གང་ཁོ་ན་ཡིན་པ་དེ་དག་ཉིད་ཀྱིས་སེམས་ཅན་རྣམས་འདུལ་བར་བྱེད་པ་ནི་དཀའ་བར་བྱེད་པ་སྟེ་ངོ་མཚར་ཏོ།། །།བམ་པོ གཉིས་པ་སྟེ་ཐ་མ།དེ་ནས་བུད་མེད་དེས་དགའ་བ་བཀོད་པའི་ཐབས་ལ་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་པའི་ཚོང་དཔོན་གྱི་བུ་གཉིས་ཆོས་མཉན་པའི་ཕྱིར་སྒོ་གང་དེར་འདུས་པར་གྱུར་ཏེ། དེ་གཉིས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ ཅེས་སྨྲས་སོ།

以下是完整的直譯: 尊者須菩提,有些眾生傾心於轉輪聖王王權的喜悅。也有些眾生傾心於大臣、城鎮居民、地方居民、婆羅門、剎帝利、吠舍、首陀羅的喜悅。有些眾生傾心於色、聲、香、味、觸的喜悅。有些眾生傾心於花、薰香、香、花鬘、涂香、香粉、傘蓋、幢幡、幡幢、拂塵的喜悅。有些眾生傾心於金、銀、寶石、珍珠、琉璃、螺貝、瑪瑙、水晶、紅珠、珊瑚、玉石、琥珀和各種珍寶的喜悅。有些眾生傾心於大鼓、陶鼓、法螺、小鼓、琵琶、笛子和各種音樂聲的喜悅。尊者須菩提,對於這些眾生,我也給予他們一切意願、喜悅和遊戲,給予之後,再引導他們進入無上正等正覺。 須菩提說道:“大德,五欲功德是聖道的障礙,怎麼能通過給予它們來調伏眾生呢?這兩者是相互矛盾的。大德,菩薩摩訶薩們正是用那些對聖道構成障礙的法來調伏眾生,這是非常困難和令人驚歎的。” 第二卷終 然後,那位婦女以歡喜莊嚴的方便善巧使兩位商主之子在無上正等正覺中得以成熟,他們爲了聽法而聚集在那個門處。那兩人對具壽須菩提如是說道:

།བཙུན་པ་རབ་འབྱོར་རང་གི་ཤེས་རབ་ཀྱིས་བྱང་ཆུབ་སེམས་དཔའི་ཤེས་རབ་སད་པར་མ་མཛད་ཅིག་།དེ་ཅིའི་སླད་དུ་ཞེ་ན། བཙུན་པ་རབ་འབྱོར་འདི་ཇི་སྙམ་དུ་དགོངས། འབྲུ་མར་གྱི་མར་མེ་ཆུང་ངུ་གང་ལགས་པ་དེ་ཁའི་དབུགས་སམ། ལག་པས་གཡབས་པའམ། གོས་ཀྱིས་གཡབས་པའི་རླུང་གིས་ཞི་བར་མཛད་སྤྱོད་དམ། སྨྲས་པ། རིགས་ཀྱི་བུ་དག་འབྲུ་མར་གྱི་མར་མེ་ཆུང་ངུ་གང་ཡིན་པ་དེ་ནི་ཁའི་དབུགས་སམ། ལག་པས་གཡབས་པའམ། གོས་ཀྱིས་གཡབས་པའི་རླུང་གིས་ཞི་བར་བྱེད་ནུས་སོ། །དེ་གཉིས་ཀྱིས་སྨྲས་པ། བཙུན་པ རབ་འབྱོར་དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ།རིགས་ཀྱི་བུ་མོའི་ཤེས་རབ་ཀྱི་སྣང་བ་དང་། བསོད་ནམས་ཀྱི་སྣང་བ་ཆུང་ངུ་དེ་ནི་འདོད་པའི་རྟོག་པ་གཅིག་གིས་ཀྱང་མ་མཆིས་པར་བགྱིད་དོ། །བཙུན་པ་རབ་འབྱོར་འདི་ཇི་སྙམ་དུ་དགོངས། སྲེག་པའི་བསྐལ་པའི་མེའི་ ཕུང་པོ་གང་ལགས་པ་དེ་གང་གཱའི་ཀླུང་ཆུས་གང་བས་ཞི་བར་མཛད་སྤྱོད་དམ།སྨྲས་པ། རིགས་ཀྱི་བུ་དག་དེ་ནི་རྒྱ་མཚོ་འབུམ་གྱིས་ཀྱང་ཞི་བར་མི་ནུས་ན་གང་གཱའི་ཀླུང་ཆུས་ཡོངས་སུ་གང་བས་ལྟ་ཅི་སྨོས། དེ་གཉིས་ཀྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་སྣང་བ་དང་།བསོད་ནམས་ཀྱི་སྣང་བ་ཡང་དེ་དང་འདྲ་བར་བལྟ་བར་བགྱིའོ། །བཙུན་པ་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདོད་པའི་ཡོན་ཏན་ལྔས་རྩེ་ཞིང་དགའ་ལ་དགའ་ དགུར་སྤྱོད་ཀྱང་།དེ་དག་གིས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྣང་བ་དང་། བསོད་ནམས་ཀྱི་སྣང་བ་ཟད་པར་མི་ནུས་སོ། །བཙུན་པ་རབ་འབྱོར་དཔེར་ན་མི་དབུལ་པོ་ནད་པ་གསོ་ཞིང་ནད་ཞི་བར་བགྱི་བའི་སླད་དུ་སྨན་པས་སྨན་མངར་བ་དང་། སྐྱུར་བ་དང་། ལན་ཚྭའི་རོ་དང་། ཚ་བ་དང་། ཁ་བ་ དང་།བསྐ་བ་ལས་མོད་པ་དང་། རིན་ཆུང་བ་གང་ལགས་པ་དེ་དག་སྩོལ་བར་བགྱིད་དོ། །དེས་ཀྱང་བདག་བདེ་བ་ཉམས་སུ་མྱོང་བར་བགྱི་བའི་སླད་དུ་དེ་དག་བསྟེན་པར་བགྱིད་དོ།

以下是完整的直譯: “尊者須菩提,請不要用自己的智慧貶低菩薩的智慧。為什麼呢?尊者須菩提,您怎麼認為,一盞小小的油燈,能被口中的氣息、手的扇動或衣服扇動的風熄滅嗎?” [須菩提]說道:“善男子們,小小的油燈確實能被口中的氣息、手的扇動或衣服扇動的風熄滅。” 那兩人說道:“尊者須菩提,同樣地,聲聞乘的善男子或善女人的智慧之光和福德之光雖小,但一個慾望的念頭就能使之消失。尊者須菩提,您怎麼認為,劫末大火的火堆能被恒河水熄滅嗎?” [須菩提]說道:“善男子們,即使十萬大海也無法熄滅它,更何況是恒河水呢?” 那兩人說道:“尊者須菩提,同樣地,應當這樣看待菩薩摩訶薩的智慧之光和福德之光。尊者須菩提,即使菩薩摩訶薩在恒河沙數劫中以五欲功德遊戲、歡喜、隨意享受,這些也無法耗盡菩薩的智慧之光和福德之光。尊者須菩提,比如爲了治療貧窮病人並使其病癒,醫生會給予甜、酸、咸、辣、苦、澀等味道溫和且便宜的藥物。病人爲了自己的安樂而服用這些藥物。”

།དེ་དག་བསྟེན་པས་ནད་ཆུང་བའི་སླད་དུ་ནད་དེ་ལས་ཐར་བར་འགྱུར་བ་དེ་བཞིན་དུ། བཙུན་པ་རབ་འབྱོར་ཉན་ཐོས་ཀྱི་ ཐེག་པ་པ་སྦྱངས་པའི་ཡོན་ཏན་དང་།ཡོ་བྱད་བསྙུངས་པ་དང་། འདོད་པ་ཉུང་བ་དང་། དགོན་པ་ན་གནས་པ་དང་། ཆོག་ཤེས་པ་དང་། ལོངས་སྤྱོད་ཆུང་བ་དང་། བྱ་བ་ཉུང་བས་སྡུག་བསྔལ་ཐམས་ཅད་ཉམས་སུ་མྱོང་ནས། དེའི་འོག་ཏུ་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་ འདའ་བར་འགྱུར་ཏེ།བཙུན་པ་རབ་འབྱོར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བགྱི་སྟེ། ཇི་ལྟར་མི་དབུལ་པོ་གསོ་བ་དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་པའི་རྣམ་པར་གྲོལ་བ་ཡང་དེ་དང་འདྲ་བར་བལྟ་བར་བགྱིའོ། །བཙུན་པ་རབ་འབྱོར་དཔེར་ན་རྒྱལ་རིགས་ཀྱི་རྒྱལ་པོ་སྤྱི་བོ་ནས་དབང་ བསྐུར་བ་ནད་པ་གསོ་བའི་ཕྱིར་སྨན་པས་རྒྱལ་པོ་ལ་འོས་པའི་སྨན་ཁ་དོག་ཕུན་སུམ་ཚོགས་པ་དང་།དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་དང་ཁར་བཅུག་ན་ཡང་ཞིམ་ལ་ལྟོར་སོང་ན་ཡང་བདེ་བ་དེ་ལྟ་བུ་ལེགས་པར་སྦྱར་ནས་སྦྱིན་པར་བགྱིད་དེ་རྒྱལ་པོ་ལ་འོས་པའི་ཁུ་བཅུད་དོ་ཅོག་ཀྱང་ དེ་ལ་སྦྱིན་པར་བགྱིད་དོ།།རྒྱལ་པོ་དེ་ཡིད་མི་བདེ་བར་མི་འགྱུར་བར་བགྱི་བའི་སླད་དུ་ཡང་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་རྣམས་དེ་ལ་འབུལ་བར་བགྱིད་དོ། །སིལ་སྙན་དང་། ཕེག་རྡོབ་པ་རྣམས་ཀྱང་དེ་དང་འཐུན་པར་སྦྱོར་ཞིང་གླུ་ལེན་པར་བགྱིད་དོ། །དེ་ཇི་ ཙམ་དུ་དགའ་བ་རྣམ་པ་སྣ་ཚོགས་དེ་དག་གིས་དགའ་བར་གྱུར་པ་དེ་ཙམ་དུ་ནད་དེ་ལས་ཐར་བར་འགྱུར་བ་དེ་བཞིན་དུ།བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་ཁ་ཅིག་དགའ་བ་བཀོད་པའི་ཐབས་ལ་མཁས་པས་དགའ་བ་ཐམས་ཅད་ཀྱང་མྱོང་ལ། བདེ་བ་ཐམས་ཅད་དང་ལྡན་པའི་ཐེག་ པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟ་བུ་དག་ཀྱང་མཆིས་ཏེ།བཙུན་པ་རབ་འབྱོར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བགྱི་སྟེ། ཇི་ལྟར་རྒྱལ་པོ་གསོ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡེ་ཤེས་མངོན་པར་ རྟོགས་པ་ཡང་དེ་དང་འདྲ་བར་བལྟ་བར་བགྱིའོ།།བཙུན་པ་རབ་འབྱོར་གཞན་ཡང་འདོད་པའི་ཡོན་ཏན་ལྔ་ཡང་རྩ་བ་མ་མཆིས་པ་དང་། གནས་མ་མཆིས་པ་ལགས་ལ། ཐམས་ཅད་མཁྱེན་པ་ཉིད་ཀྱང་རྩ་བ་མ་མཆིས་པ་དང་། གནས་མ་མཆིས་པ་ལགས་ཏེ། དེ་ལྟ་བུར་བཟོད་པ་གང་ ལགས་པ་དེས་ནི་བདག་གིས་བྱ་བ་ནི་གང་ཡིན།མི་བྱ་བ་ནི་གང་ཡིན་སྙམ་དུ་རང་གིས་འཚལ་ཏོ།

以下是對給定文字的完整直譯: 依靠那些,爲了減少疾病,將從那疾病中解脫。同樣地,尊者須菩提,聲聞乘者通過修習功德、減少資具、少欲、住于寂靜處、知足、少享用、少事務,經歷一切苦后,最終無所取而完全涅槃。尊者須菩提,以此方式你也應當如此了知:如同治療貧窮之人,聲聞乘者的解脫也應當視為與之相似。 尊者須菩提,例如,爲了治療灌頂王族之王的疾病,醫生會給予適合國王的藥物,具有殊勝的色、香、味,放入口中美味,入腹后舒適,如此精心調配后施與。也會給予適合國王的一切精華。爲了使國王心情愉悅,還會獻上花、薰香、香、花環、涂香等。樂器和拍手也會與之相應,並唱歌。他通過這些各種歡樂而變得快樂,就會從那疾病中解脫。同樣地,尊者須菩提,有些菩薩善巧安立歡喜的方法,雖然經歷一切喜樂,但通過具足一切安樂的乘,將現前圓滿無上正等正覺。 尊者須菩提,以此方式你也應當如此了知:如同治療國王,菩薩的智慧證悟也應當視為與之相似。尊者須菩提,此外,五欲功德也是無根無處,一切智性也是無根無處。對此如是忍可者,會自問:“我應做什麼?不應做什麼?”

།འདོད་པའི་ཡོན་ཏན་ལྔ་མི་དམིགས་པ་ལགས་ཏེ་གང་གིས་དེ་ལྟ་བུར་བཟོད་པ་དེས་ནི་ལམ་ནི་གང་ཡིན་ལམ་ངན་པ་ནི་གང་ཡིན་སྙམ་དུ་རང་གིས་འཚལ་ཏོ། །འདོད་པའི་ཡོན་ཏན་ལྔ་ཡང་སྟོང་ ལ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྟོང་སྟེ།གང་གིས་དེ་ལྟ་བུར་བཟོད་པ་དེས་ནི་འདོད་པ་རྣམས་ལས་བཟློག་མི་འཚལ་ཏེ་དེ་ནི་རང་ཉིད་ཀྱིས་འདོད་པ་རྣམས་ལ་སྨོད་པར་བགྱིད་དེ་སྟོན་པར་མི་བགྱིད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚོང་དཔོན་གྱི་བུ་དེ་གཉིས་ལ་འདི་སྐད་ཅེས་སྨྲས་ སོ།།ཆེ་ཞེ་འདི་རིགས་ཀྱི་བུ་ཁྱེད་གཉིས་ཀྱི་ཅིར་འོང་། དེ་ནས་ཚོང་དཔོན་གྱི་བུ་དེ་གཉིས་ཀྱིས་དེའི་ཚེ་ཚེ་དང་ལྡན་པ་རབ་འབྱོར་ལ་ཐལ་མོ་སྦྱར་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འདི་ནི་ཕ་ལགས་མ་ཡང་ལགས། །འདི་ནི་མཛའ་བོ་གྲོགས་མཆོག་འདི། །འདི་ནི་ཁྱོ་ལགས་ འཁྲ་ས་ལགས།།འདི་ནི་སྟོན་པ་བླ་ན་མེད། །འདི་ནི་ཉིད་ཀྱི་མཐུ་སྟོབས་ཀྱི། །འདི་ནི་ཡོངས་སུ་གྲོལ་བར་བགྱིས། །འདི་ནི་དེ་བཞིན་ཉིད་ལྡན་པས། །སྡུག་བསྔལ་འཆིང་ལས་བདག་ཅག་བཀྲོལ། །འདི་ནི་ཆོས་ཀུན་སྟོན་པ་སྟེ། །རིགས་པ་ཀུན་གྱིས་རྣམ་པར་རྟོགས། ། བདག་ཅག་གཉིས་ནི་དགའ་བྱིན་ནས། །འཆི་བ་མེད་ལ་ལེགས་པར་བཙུད། །ཇི་ལྟར་ཉ་ནི་ཤས་གཡོགས་པའི། །མཆིལ་པ་ཡིས་ནི་བཟུང་བ་ལྟར། །འདིས་ནི་ཐབས་ཀྱིས་བདག་ཅག་གཉིས། །བསོད་ནམས་བརྒྱས་ནི་བཅུས་པར་གྱུར། །གདུག་པའི་སྦྲུལ་གྱིས ཟིན་པ་ཡི།།དུག་ནི་དུག་གིས་ཞི་བགྱིད་ལྟར། །དེ་བཞིན་འདིས་ནི་བདག་ཅག་གི། །འདོད་ཆགས་དུག་ནི་དུག་གིས་བཅོམ། །ཇི་ལྟར་མི་ནི་མེས་ཚིག་པ། །མེ་ཡིས་བསྲོས་ན་ཞི་བ་ལྟར། །དེ་བཞིན་རང་གི་ཉོན་མོངས་གདུང་། །ཉོན་མོངས་རྣམས་ཀྱིས་ཡོངས་སུ་བཀྲོལ། ། བདག་ཅག་གཉིས་ཀྱིས་དམ་ཆོས་རྟོགས། །འདོད་པ་བདག་ཅག་གཉིས་མི་འཚལ། །བྱིས་པ་གང་དག་འདོད་པ་འཚལ། །དེ་དག་བྱང་ཆུབ་འདོད་མ་ལགས། །འཇིག་རྟེན་འདོད་པར་གསུངས་པ་རྣམས། །དེ་དག་འཇིགས་ཆེན་གཤེད་མ་སྟེ། །དེ་དག་ཉིད་ནི་ཡོངས་རྟོགས པ།།མཁས་པ་རྣམས་ཀྱི་རྣམ་གྲོལ་ལགས། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ།

以下是對給定文字的完整直譯: 五欲功德是不可得的。對此如是忍可者,會自問:“什麼是道路?什麼是邪路?“五欲功德也是空的,一切智性也是空的。對此如是忍可者,不會遠離慾望,他會自己呵斥慾望,但不會教導他人。 然後,具壽須菩提對那兩位商主之子如是說道:“大德,你們二位為何而來?” 於是,那兩位商主之子當時向具壽須菩提合掌,說了這些偈頌: “這是父亦是母, 這是摯友最佳伴, 這是夫君亦是師, 這是無上之導師。 這是以自威力, 這使我們得解脫, 這具如是真實性, 解我等苦縛束縛。 這是諸法之導師, 以諸理趣而通達, 我等二人生歡喜, 善入不死之境界。 如魚被肉所覆蓋, 為唾液所捕獲般, 此以方便令我等, 為百福德所攝受。 如毒蛇所咬之毒, 以毒藥而得平息, 如是此以我等之, 貪慾之毒以毒破。 如人為火所灼燒, 以火溫暖得平息, 如是自身煩惱苦, 以諸煩惱得解脫。 我等二人悟正法, 我等二人不求欲, 愚者追求諸慾望, 彼等不欲求菩提。 世間所說諸慾望, 彼等乃大怖畏敵, 彼等本身全了悟, 即是智者之解脫。” 然後,具壽須菩提對那位女子如是說道:

།ཆེ་ཞེ་ཅི་ཁྱོད་ཀྱིས་རིགས་ཀྱི་བུ་རྣམས་ཁོ་ན་དགའ་བ་བཀོད་པའི་ཐབས་ལ་མཁས་པ་འདིས་འདུལ་བར་བྱེད་དམ། འོན་ཏེ་རིགས་ཀྱི་ བུ་མོ་དག་ཀྱང་འདུལ་བར་བྱེད།སྨྲས་པ། བཙུན་པ་རབ་འབྱོར་བདག་གིས་ནི་དགའ་བ་བཀོད་པའི་ཐབས་ལ་མཁས་པས་སེམས་ཅན་ཐམས་ཅད་གང་ཡང་འདུལ་བར་མི་བགྱིད་པ་མ་མཆིས་ཏེ། བཙུན་པ་རབ་འབྱོར་བུད་མེད་ཀྱི་སེམས་ནི་ལྷག་པར་ཡང་དགའ་བ་ལ་སྲེད་པས་ན་བདག་གིས་ནི་ བུད་མེད་ཆོས་མང་དུ་དགའ་བ་བཀོད་པའི་ཐབས་ལ་མཁས་པས་བཏུལ་གྱི་སྐྱེས་པ་དག་ནི་དེ་ལྟ་མ་ལགས་སོ།།སྨྲས་པ། ཆེ་ཞེ་ཁྱོད་ཀྱིས་ཇི་ལྟར་བུད་མེད་ཀྱི་གཟུགས་ཀྱིས་བུད་མེད་འདུལ་བར་བྱེད། དེ་ནས་བུད་མེད་དེས་དེའི་ཚེ་སྐྱེས་པ་ལོ་ཉི་ཤུ་རྩ་གཉིས་ལོན་པ། གོས་གཙང་མ་སྲབ་ མོ་བགོས་པ།སྐྱེས་པའི་རྒྱན་གྱིས་བརྒྱན་པ། མཛེས་ཤིང་བལྟ་ན་སྡུག་ལ་ཁ་དོག་རྒྱས་པ་མཆོག་དང་ལྡན་པ་ཅི་འདྲ་བ་དེ་ལྟ་བུར་སྣང་བར་བྱས་ནས་དེས་སྨྲས་པ། བཙུན་པ་རབ་འབྱོར་བུད་མེད་ནི་གཟུགས་ཀྱི་ལུས་འདི་ལྟ་བུས་འདུལ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ གྱིས་རིགས་ཀྱི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ།།ཅི་ཁྱོད་བུད་མེད་ཡིན་ནམ། འོན་ཏེ་སྐྱེས་པ་ཡིན། དེས་སྨྲས་པ། བཙུན་པ་རབ་འབྱོར་ཅི་ཁྱོད་སོ་སོའི་སྐྱེ་བོའམ། འོན་ཏེ་སློབ་པ་ལགས། སྨྲས་པ། རིགས་ཀྱི་བུ་བདག་ནི་སོ་སོའི་སྐྱེ་བོ་ཡང་མ་ཡིན། སློབ་པ་ཡང་མ་ཡིན་ནོ། །སྨྲས་ པ།བཙུན་པ་རབ་འབྱོར་བ་དག་ཀྱང་དེ་བཞིན་ཏེ། བུད་མེད་ཀྱང་མ་ལགས། སྐྱེས་པ་ཡང་མ་ལགས་སོ། །རབ་འབྱོར་གྱིས་སྨྲས་པ། གལ་ཏེ་ཁྱོད་སྐྱེས་པ་ཡང་མ་ཡིན། བུད་མེད་ཀྱང་མ་ཡིན་ན་བདག་གིས་ཁྱོད་ཇི་ལྟར་གཟུང་བར་བྱ། སྨྲས་པ། གལ་ཏེ་བཙུན་པ་སོ་སོའི་སྐྱེ་བོ་ ཡང་མ་ལགས།སློབ་པ་ཡང་མ་ལགས་ན་བདག་གིས་ཁྱོད་ཇི་ལྟར་གཟུང་བར་བགྱི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྱང་ཆུབ་སེམས་དཔའ་འདི་ནི་ཤེས་རབ་ཟབ་མོ་དང་ལྡན་ཏེ་གལ་ཏེ་བདག་གིས་བརྩམས་ན་ནི་ཡང་བདག་ལ་འདྲི་བར་འོང་ངོ་སྙམ་ མོ།།དེ་ནས་རིགས་ཀྱི་བུ་དེས་ཚེ་དང་ལྡན་པ་རབ་འབྱོར་གྱི་སེམས་སེམས་ཀྱིས་བརྟགས་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཁྱོད་ནི་བརྟན་པོ་མ་ལགས་ཏེ་འདྲི་བས་སྐྲག་གིས། བཙུན་པ་རབ་འབྱོར་འདྲི་བས་སྐྲག་པར་མ་མཛད་ཅིག་།སྨྲས་ པ།བདག་ནི་དགྲ་བཅོམ་པ་ཟག་པ་ཟད་པའོ།

以下是對給定文字的完整直譯: “大德,你是否僅以這善巧安立歡喜的方法來調伏善男子們?還是也調伏善女人們?” 回答道:“尊者須菩提,我以善巧安立歡喜的方法,沒有任何眾生是不能調伏的。尊者須菩提,因為女性的心更加貪戀歡喜,所以我多以善巧安立歡喜的方法調伏女性,而對男性則不是這樣。” 問道:“大德,你如何以女性的形象來調伏女性?” 然後,那位女子當時顯現為二十二歲的男子,身著潔凈輕薄的衣服,以男性飾品裝飾,美麗可愛,容色殊勝,並說道:“尊者須菩提,女性是以這樣的色身來調伏的。” 然後,具壽須菩提對那位善男子如是說道:“你是女性還是男性?” 他回答說:“尊者須菩提,你是凡夫還是有學?” 回答道:“善男子,我既不是凡夫,也不是有學。” 說道:“尊者須菩提,我也是如此,既不是女性,也不是男性。” 須菩提說:“如果你既不是男性也不是女性,那我該如何稱呼你?” 回答說:“如果尊者既不是凡夫也不是有學,那我該如何稱呼您?” 然後,具壽須菩提心想:“啊,這位菩薩具有甚深智慧,如果我開始詢問,他又會反問我。” 然後,那位善男子觀察具壽須菩提的心意,對具壽須菩提如是說道:“尊者須菩提,您不堅定,害怕被問。尊者須菩提,請不要害怕被問。” 回答道:“我是阿羅漢,諸漏已盡。”

།སྨྲས་པ། བཙུན་པ་རབ་འབྱོར་ཟག་པ་ཟད་པ་དེ་དག་གང་ལགས། ཅི་འདས་པ་རྣམས་ལགས་སམ། མ་འོངས་པ་རྣམས་ལགས་སམ། ད་ལྟར་བྱུང་བ་རྣམས་ལགས་སམ། འདས་པ་གང་ལགས་པ་དེ་དག་ཟད་ཅེས་བགྱིར་ནི་ འདས་པ་ལ་ཟད་པ་མ་མཆིས་སོ།།མ་འོངས་པ་གང་ལགས་པ་དེ་དག་ཀྱང་ད་དུང་མ་ཕྱིན་པ་སྟེ། དེ་དག་ཀྱང་ཟད་པར་བགྱིར་མི་ནུས་སོ། །ད་ལྟར་བྱུང་བ་གང་ལགས་པ་དེ་དག་ནི་མི་གནས་པ་སྟེ། དེ་དག་ཀྱང་ཟད་པར་བགྱིར་མི་ནུས་སོ། །རབ་འབྱོར་གྱིས་སྨྲས་པ། རིགས་ཀྱི་བུ་བདག་གིས་ ནི་འདྲི་བ་ཐམས་ཅད་ཀྱི་ལན་གདབ་པར་མི་ནུས་པའི་སྟེང་དུ་བསོད་སྙོམས་ཀྱི་དུས་ལ་བབ་སྟེ་བདག་གི་དུས་ཡོལ་དུ་འོང་གིས་བསོད་སྙོམས་ལ་འགྲོའོ།།དེ་ནས་དེའི་ཚེ་རིགས་ཀྱི་བུ་དེ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀུན་ཏུ་སྟོན་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ སོ།།རིགས་ཀྱི་བུ་དེ་སྙོམས་པར་ཞུགས་མ་ཐག་ཏུ་ཚེ་དང་ལྡན་པ་རབ་འབྱོར་གྱིས་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་གྲངས་མེད་པ་དག་མཐོང་སྟེ། ལ་ལར་ནི་ཉི་མ་འཆར་ཀ་ཙམ། ལ་ལར་ནི་ཉི་མ་བག་དྲོས་ཙམ། ལ་ལར་ནི་དྲོས་བུ་ཆུང་ཙམ། ལ་ལར་ནི་སྔ་དྲོ་ཕྱེད་ཙམ། ལ་ལར་ནི་དྲོ་ལ་ བབ་ཏུ་ཉེ་བའི་དུས་ཙམ།ལ་ལར་ནི་གཎྜཱི་རྡུང་བའི་དུས་ཙམ། ལ་ལར་ནི་སྔ་མ་བཀད་པ་ཙམ། ལ་ལར་ནི་བཀད་ཟིན་པ་ཙམ། ལ་ལར་ནི་ཟན་ཟ་ཞིང་འདུག་པ་ཙམ། ལ་ལར་ནི་ལྡང་བ་ཙམ། ལ་ལར་ནི་ལྷུང་བཟེད་འཁྲུ་བ་ཙམ། ལ་ལར་ནི་ཕྱེད་ཡོལ་གྱི་དུས་ཙམ། ལ་ལར་ནི་ ཕྱེམ་རེད་ཀྱི་དུས་ཙམ།ལ་ལར་ནི་སྲོད་ཙམ། ལ་ལར་ནི་ནམ་ཕྱེད་ཙམ། ལ་ལར་ནི་ནམ་ཆུང་འཁོར་ཙམ། ལ་ལར་ནི་ཟླ་བ་དང་ཉི་མ་མེད་དེ་རང་གི་འོད་དང་ལྡན་པར་མཐོང་ངོ་། །དེ་ནས་རིགས་ཀྱི་བུ་དེས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་ འབྱོར་ཁྱོད་དུས་ཚོད་གང་གི་ཚེ་བཤོས་གསོལ།དུས་ཚོད་ནི་ཇི་ཙམ་དུ་གདའ། རབ་འབྱོར་གྱིས་སྨྲས་པ། རིགས་ཀྱི་བུ་བདག་ནི་འདི་ཉིད་ཀྱི་དུས་ཚོད་ལ་ཟན་ཟའི་སངས་རྒྱས་ཀྱི་ཞིང་གཞན་གྱི་དུས་ཚོད་ལ་མ་ཡིན་ནོ། །དེ་ནས་རིགས་ཀྱི་བུ་དེས་དེའི་ཚེ་ཉི་མའི་དཀྱིལ་ འཁོར་ནུབ་ཕྱོགས་སུ་སོང་བ་དེ་སྔ་དྲོའི་ཕྱེད་ཙམ་དུ་བཞག་སྟེ།ཅི་ནས་སྔ་དྲོའི་ཕྱེད་ཙམ་དུ་འཛིན་པར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་སོ། །དེ་ནས་རིགས་ཀྱི་བུ་དེས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ།

以下是對給定文字的完整直譯: 說道:“尊者須菩提,那些諸漏已儘是指什麼?是指過去的嗎?是指未來的嗎?還是指現在的嗎?如果說過去的已盡,過去是沒有盡的。未來的尚未到來,也不能說已盡。現在的是不住的,也不能說已盡。” 須菩提說:“善男子,我不能回答所有的問題,而且已到乞食時間,我的時間已過,我要去乞食了。” 然後,那時那位善男子入于名為’顯示一切佛土’的菩薩三昧。那位善男子剛入定時,具壽須菩提見到無量無數佛土:有的是日出時分,有的是日初升時分,有的是日稍暖時分,有的是上午一半時分,有的是接近中午時分,有的是敲犍椎時分,有的是剛開始用餐時分,有的是用餐結束時分,有的是正在用餐時分,有的是起身時分,有的是洗缽時分,有的是午後時分,有的是傍晚時分,有的是黃昏時分,有的是半夜時分,有的是後半夜時分,有的是無月無日而自身發光。 然後,那位善男子對長老須菩提如是說道:“尊者須菩提,您在什麼時候用餐?現在是什麼時候?” 須菩提說:“善男子,我是在此處的時間用餐,而不是在其他佛土的時間。” 然後,那位善男子當時以神通力使已偏西的日輪迴到上午一半時分,使之保持在上午一半時分。 然後,那位善男子對具壽須菩提如是說道:

།བཙུན་པ་རབ་འབྱོར་དུས་ཚོད་ ཇི་ཙམ་ལ་བབ་པ་གཟིགས་ཤིག་།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་མཐོང་ནས་ཡིད་ཆེས་ཏེ་མི་རིང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་རིགས་ཀྱི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་མིང་ཅི་ཡིན་བདག་ལ་སྟོན་ཅིག་།རིགས་ཀྱི་བུ་དེས་སྨྲས་པ། བཙུན་པ་རབ་འབྱོར་ཁྱོད་ལ་བདག་གི་མིང་གིས་ཅི་ཞིག་བགྱི། །ཡང་ན་དེ་བཞིན་གཤེགས་པ་ཉིད་ལ་ཞུས་ཤིག་དང་དེ་ཁྱོད་ལ་ལན་འདེབས་སོ། །བཙུན་པ་རབ་འབྱོར་གཞན་ཡང་མིང་ཐམས་ཅད་ནི་མིང་མ་མཆིས་པའོ། །དེ་ཅིའི་སླད་དུ་ཞེ་ན། མིང་ཐམས་ཅད་ནི་ཀུན་བརྟགས་པ་དང་། ཡང་དག་པ་མ་ལགས་པ་སྟེ། གང་ཀུན་བརྟགས་པ་དང་། ཡང་དག་པ་མ་ལགས་པ་དེ་ལ་མིང་འདི་ཞེས་ཇི་སྐད་བགྱི། བཙུན་པ་རབ་འབྱོར་གྱིས་སྨྲས་པ། ཅི་ཐམས་ཅད་མཁྱེན་པ་ཉིད་ཀྱི་མིང་གང་ཡིན་པ་དེ་ཡང་ཀུན་བརྟགས་པ་དང་། ཡང་དག་པ་མ་ཡིན་པ་ཡིན་ནམ། སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་དེ་བཞིན་ཏེ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱང་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ན་མིང་ཕན་ཚུན་ཐ་དད་པ་མ་མཆིས་པའི་སླད་དུའོ། །སྨྲས་པ། རིགས་ཀྱི་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མིང་ཐ་དད་པ་ཇི་ལྟ་བུ་ཡིན། སྨྲས པ།བཙུན་པ་རབ་འབྱོར་ཐམས་ཅད་མཁྱེན་པ་ཉིད་ལ་སངས་རྒྱས་ཀྱི་ཞིང་ལ་ལར་ནི་མཐུ་ཞེས་བགྱིའོ། །ལ་ལར་ནི་སྡུད་པ་ཞེས་བགྱིའོ། །ལ་ལར་ནི་ཐམས་ཅད་དུ་སྣང་བ་ཞེས་བགྱིའོ། །ལ་ལར་ནི་དྲི་མ་མེད་པ་ཞེས་བགྱིའོ། །ལ་ལར་ནི་དོན་ཐམས་ཅད་སྟོན་པ་ཞེས་བགྱིའོ། ། ལ་ལར་ནི་ཉམས་པ་མེད་པ་ཞེས་བགྱིའོ། །ལ་ལར་ནི་མཆོད་པ་པོ་ཞེས་བགྱིའོ། །ལ་ལར་ནི་མངོན་སུམ་པ་ཞེས་བགྱིའོ། །ལ་ལར་ནི་བྱི་རུ་འཛིན་ཅེས་བགྱིའོ། །ལ་ལར་ནི་རྣམ་པར་རྒྱལ་བ་ཆེན་པོ་ཞེས་བགྱིའོ། །ལ་ལར་ནི་སྒྲ་ཆེན་པོ་ཞེས་བགྱིའོ། །ལ་ལར་ནི་དཔག་ཏུ་མ མཆིས་པ་ཞེས་བགྱི་སྟེ།བཙུན་པ་རབ་འབྱོར་དེ་ལྟར་ན་ཐམས་ཅད་མཁྱེན་པ་ཉིད་ཀྱང་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ན་མིང་ཐ་དད་པ་དཔག་ཏུ་མ་མཆིས་སོ། །དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ མིང་ཐ་དད་པ་ཡང་དཔག་ཏུ་མ་མཆིས་སོ།

以下是對給定文字的完整直譯: “尊者須菩提,請看現在是什麼時候。“然後具壽須菩提看見后相信,不再懷疑。然後具壽須菩提對那位善男子如是說道:“善男子,請告訴我你的名字。” 那位善男子說:“尊者須菩提,我的名字對你有什麼用?或者你可以問如來,他會回答你。尊者須菩提,再者,一切名字都是無名的。為什麼呢?因為一切名字都是遍計所執的、非真實的。對於遍計所執的、非真實的,怎麼能說這是某某名字呢?” 須菩提說:“難道一切智智的名字也是遍計所執的、非真實的嗎?” 回答說:“尊者須菩提,確實如此。為什麼呢?因為一切智智在不同的佛土中名字各不相同的緣故。” 問道:“善男子,一切智智的名字有何不同?” 回答說:“尊者須菩提,一切智智在某些佛土中稱為’威力’,在某些佛土中稱為’攝受’,在某些佛土中稱為’普照’,在某些佛土中稱為’無垢’,在某些佛土中稱為’顯示一切義’,在某些佛土中稱為’無損’,在某些佛土中稱為’能供養者’,在某些佛土中稱為’現前’,在某些佛土中稱為’持珊瑚’,在某些佛土中稱為’大勝’,在某些佛土中稱為’大音’,在某些佛土中稱為’無量’。尊者須菩提,如是,一切智智在不同的佛土中有無量不同的名字。同樣,色、受、想、諸行、識的名字也有無量不同。”

།དེ་བཞིན་དུ་ཕུང་པོ་རྣམས་དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ ཀྱི་ཡན་ལག་རྣམས་དང་།འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ཀྱང་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ན་མིང་ཐ་དད་པ་དཔག་ཏུ་མ་མཆིས་ཏེ། དེ་བས་ན་བཙུན་པ་རབ་འབྱོར་རྣམ་གྲངས་དེས་ཀྱང་མིང་ཐམས་ཅད་ནི་མིང་མ་མཆིས་པ་དང་། ཀུན་བརྟགས་པ་ དང་།ཡང་དག་པ་མ་ལགས་པ་དེ་ལྟར་རིག་པར་བགྱིའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་རིགས་ཀྱི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོའི་ཁབ་ཀྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ནི་དེ་ན་ཡོན་གནས་འདི་ལྟ་བུ་དག་འཁོད་པ་ལས་ན་རྙེད་པ་ལེགས་པར་རྙེད་པ་ཡིན་ནོ། ། རིགས་ཀྱི་བུ་དེས་སྨྲས་པ། བཙུན་པ་རབ་འབྱོར་འཇིག་རྟེན་ན་ཡོན་གནས་གང་ལགས་པ་མཁྱེན་ཏམ། སྨྲས་པ། རིགས་ཀྱི་བུ་ཇི་ལྟར་བདག་གིས་སྤོབས་པ་དེ་བཞིན་དུ་བསྟན་པར་བྱ་སྟེ། ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ལ་ཞུགས་པ། སེམས་འཁྲུལ་པ་མེད་པ་གང་ཡིན་པ་དེ དག་ནི་འཇིག་རྟེན་ན་ཡོན་གནས་ཡིན་ནོ།།སྨྲས་པ། བཙུན་པ་རབ་འབྱོར་ཁྱོད་ཀྱིས་ཇི་སྐད་བསྟན་པ་དེ་དག་ནི་ཡོན་གནས་ཡོངས་སུ་རྫོགས་པ་མ་ལགས་སོ། །སྨྲས་པ། རིགས་ཀྱི་བུ་ཡོན་གནས་ཡོངས་སུ་རྫོགས་པ་ཇི་ལྟ་བུ་ཡིན། སྨྲས་པ། བཙུན་པ་རབ་འབྱོར་སེམས་ཅན་ ཐམས་ཅད་ལ་བྱམས་པ་ཆེན་པོ་དང་།སྙིང་རྗེ་ཆེན་པོ་ཡང་སྐྱེ་ལ་སེམས་ཅན་གང་ཡང་མི་དམིགས་པ་གང་དག་ལགས་པ་དེ་དག་ནི་འཇིག་རྟེན་ན་ཡོན་གནས་ལགས་སོ། །སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ཚུལ་མི་གཅོད་པ་གང་དག་ལགས་པ་དེ་དག་ནི་ འཇིག་རྟེན་ན་ཡོན་གནས་ལགས་སོ།།སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤོང་བ་ལ་བརྩོན་པ་གང་དག་ལགས་པ་དེ་དག་ནི་འཇིག་རྟེན་ན་ཡོན་གནས་ལགས་སོ། །ཡེ་ཤེས་མི་ཟད་པ་དང་། ཤེས་རབ་མི་ཟད་པ་དང་། བསོད་ནམས་མི་ཟད་པ་དང་། སྤོབས་པ་མི་ ཟད་པ་གང་དག་ལགས་པ་དེ་དག་ནི་འཇིག་རྟེན་ན་ཡོན་གནས་ལགས་སོ།།སོ་སོའི་སྐྱེ་བོའི་གྲོགས་མི་བགྱིད་ལ་འཕགས་པའི་གྲོགས་བགྱིད་པ་གང་དག་ལགས་པ་དེ་དག་ནི་འཇིག་རྟེན་ན་ཡོན་གནས་ལགས་སོ། །གང་དག་མཐོང་བ་ཙམ་གྱིས་སེམས་ཅན་རྣམས་ཀྱི་ཡེ་ཤེས་མཐོང་བ་ རྣམ་པར་དག་པར་འགྱུར་བ་གང་དག་ལགས་པ་དེ་དག་ནི་འཇིག་རྟེན་ན་ཡོན་གནས་ལགས་སོ།

以下是對給定文字的完整直譯: 同樣地,諸蘊、諸界、諸處、四念住、四正斷、四神足、諸根、諸力、諸覺支、八聖道支在不同的佛土中也有無量不同的名字。因此,尊者須菩提,由此理由,應當了知一切名字都是無名的、遍計所執的、非真實的。 然後具壽須菩提對那位善男子如是說道:“王舍城的婆羅門和居士們能有如此福田住於此處,他們獲得了善利。” 那善男子說:“尊者須菩提,您知道世間什麼是福田嗎?” 回答說:“善男子,我將盡我所能回答。具足戒律、趣入善法、心無迷亂者,這些在世間是福田。” 說道:“尊者須菩提,你所說的這些並非圓滿的福田。” 問道:“善男子,什麼是圓滿的福田?” 回答說:“尊者須菩提,對一切眾生生起大慈大悲,卻不執著任何眾生,這些在世間是福田。不斷絕佛法僧三寶之道者,這些在世間是福田。精進于斷除一切眾生煩惱者,這些在世間是福田。具有無盡智慧、無盡般若、無盡福德、無盡辯才者,這些在世間是福田。不與凡夫為伴而與聖者為伴者,這些在世間是福田。僅僅見到就能使眾生的智慧見解清凈者,這些在世間是福田。”

།དེ་ནས་གནས་བརྟན་རབ་འབྱོར་གྱི་ཕྱི་བཞིན་དུ་རྟག་ཏུ་འབྲང་བའི་ལྷ་ངེས་པ་ལ་མ་ཞུགས་པ་གང་ཡིན་པ་དེས་ཡོན་གནས་ཀྱིས་བསྟན་པ་འདི་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་སེམས་བསྐྱེད་དེ།ཚེ་དང་ལྡན་པ་རབ་འབྱོར་གྱི་རྐང་པ་ལ་ཕྱག་འཚལ་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་བཟོད་པ་གསོལ་ཏེ། བཙུན་པ་རབ་འབྱོར་བ་དག་ཁྱོད་ཀྱི་སླད་བཞིན་དུ་འབྲང་བར་མི་བགྱིད་དོ་ཞེས་བྱས་སོ། །དེ་ནས་རིགས་ཀྱི་བུ་དེས་ལྷ་དེ་ལ་འདི་སྐད་ཅེས་སྨྲས་ སོ།།ལྷ་ཁྱོད་ཅིའི་ཕྱིར་བཙུན་པ་རབ་འབྱོར་ལ་བཟོད་པ་གསོལ། སྨྲས་པ། རིགས་ཀྱི་བུ་བདག་ལོ་བཅུ་གཉིས་ཀྱི་བར་དུ་བཙུན་པ་རབ་འབྱོར་གྱི་ཕྱི་བཞིན་འབྲངས་ཀྱང་། བདག་གིས་ཡོན་གནས་ཀྱིས་བསྟན་པ་འདི་ལྟ་བུ་སྔོན་ཆད་མ་ཐོས་ཏེ། དེ་བས་ན་ད་ལྟར་ཡོན་གནས་ ཀྱིས་བསྟན་པ་འདི་ཐོས་ནས་བདག་གི་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བདག་འདི་སྙམ་དུ་སེམས་ཏེ།གང་དང་གང་ན་ཡོན་གནས་ཀྱིས་ཡོངས་སུ་དག་པར་བྱེད་པའི་བྱང་ཆུབ་སེམས་དཔའ་སྡུད་པར་བྱེད་པའི་ཆོས་ འདི་ལྟ་བུ་དག་ཐོས་པར་འགྱུར་བ་དེ་དང་དེར་འགྲོའོ་སྙམ་མོ།།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ལྷ་དེའི་སེམས་བསྐྱེད་པ་དེ་ལ་རྗེས་སུ་ཡི་རངས་ནས་ལྷ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ཁྱོད་ཀྱི་སེམས་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དག་ལ་བཏུད་པ་དེ་ནི་རྙེད་པ་ལེགས་པར་རྙེད་དོ། །ལྷ་ བདག་ནི་ཐམས་ཅད་མཁྱེན་པ་ཉིད་ལ་སེམས་སྣད་པར་གྱུར་ཏེ།སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་མ་གྱུར་པས་ཅི་བྱར་ཡང་མེད་དོ། །ལྷ་གལ་ཏེ་བདག་སེམས་རྣམ་པར་གྲོལ་བར་མ་གྱུར་ན་ནི་བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞིག་ མོད།ལྷ་གཞན་ཡང་ཁྱོད་ཀྱིས་ནི་སྔོན་མ་ཐོས་པའི་ཆོས་རྣམས་ཐོས་པར་བྱེད་པ་དང་། ཐོས་པ་རྣམས་ཀྱང་ཆུད་མི་ཟ་བར་བྱེད་པའི་སྐྱེས་བུ་དམ་པ་འདི་ཅི་འདྲ་བ་དེ་ལྟ་བུའི་དགེ་བའི་བཤེས་གཉེན་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྟེན་པར་བྱའོ། །དེ་ནས་རིགས་ཀྱི་བུ་དེས་ལྷ་དེ་ལ་འདི་ སྐད་ཅེས་སྨྲས་སོ།།ལྷ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འགྲུབ་པར་དཀའ་སྟེ། དེ་ནི་གོ་ཆ་ངན་ངོན་ཙམ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ།

以下是對給定文字的完整直譯: 然後,常隨長老須菩提的那位未入定的天神聽到這關於福田的教導后,發起無上正等正覺之心。他頂禮具壽須菩提的雙足,向具壽須菩提請求寬恕,說道:“尊者須菩提,我不再跟隨您了。” 然後那善男子對那天神如是說道:“天神,你為什麼向尊者須菩提請求寬恕?” 回答說:“善男子,我跟隨尊者須菩提十二年,但從未聽過如此關於福田的教導。因此,現在聽到這福田的教導后,我以增上意樂發起無上正等正覺之心,我這樣想:‘無論在何處能聽到如此清凈福田、攝集菩薩的法,我都要去那裡。’” 然後具壽須菩提隨喜那天神的發心,對那天神如是說道:“天神,你的心趨向佛陀廣大法,這是善得善利。天神,我對一切智性心生厭倦,不堪為佛法之器,已無可為。天神,若我的心未得解脫,我也應當發無上正等正覺心。天神,此外,你應當經常不間斷地親近這樣的善知識,他能使你聽聞未曾聽聞的法,並使已聽聞的不會失壞。” 然後那善男子對那天神如是說道:“天神,無上正等正覺是難以成就的,僅憑微小的鎧甲是無法現前圓滿成佛的。”

།ལྷས་སྨྲས་པ། སྐྱེས་བུ་དམ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་དཀའ་བ་ཡིན་མོད་ ཀྱི།འོན་ཀྱང་ཅི་ནས་བདག་གིས་བཙལ་བ་དོན་ཡོད་པར་འགྱུར་བར་བདག་གིས་བསྒྲུབ་པར་བྱའོ། །སྨྲས་པ། ལྷ་ཁྱོད་ཀྱིས་ཇི་ལྟར་བསྒྲུབ་པར་བྱ། སྨྲས་པ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཉོན་མོངས་པ་ལས་རབ་ཏུ་གྲོལ་བར་བྱ་བ་ དང་།སེམས་ཅན་ཐམས་ཅད་ཀྱི་ཕུང་པོའི་ཁུར་ཁྱེར་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། སྡུག་བསྔལ་ཐམས་ཅད་རྟོགས་པར་བྱ་བའི་ཕྱིར་དེ་ལྟར་བསྒྲུབ་པར་བྱའོ། །རིགས་ཀྱི་བུ་དེས་སྨྲས་པ། ལྷ་སེམས་ཅན་དུ་འདུ་ཤེས་པ་ལ་ནི་སེམས་ཅན་ཐམས་ཅད་ལ་སེམས་ སྙོམས་པ་མེད་དོ།།ཉོན་མོངས་པར་འདུ་ཤེས་པ་ལ་ནི་སེམས་ཅན་ཐམས་ཅད་རབ་ཏུ་གྲོལ་བར་བྱེད་པ་མེད་དོ། །ཕུང་པོར་འདུ་ཤེས་པ་ལ་ནི་སེམས་ཅན་ཐམས་ཅད་ཀྱི་ཕུང་པོའི་ཁུར་ཁྱེར་བ་མེད་དོ། །ཀུན་བརྟགས་པའི་དགེ་བའི་རྩ་བ་ཅན་ལ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ མེད་དོ།།བདག་དང་གཞན་དུ་འདུ་ཤེས་པ་ལ་ནི་སྡུག་བསྔལ་ཐམས་ཅད་རྟོགས་པར་བྱེད་པ་མེད་དོ། །དེ་ནས་ལྷ་དེ་གདམས་ངག་འདི་བསྟན་པས་འཐུན་པའི་ཆོས་རྣམས་ལ་བཟོད་པ་ཐོབ་བོ། །དེ་ནས་ལྷ་དེས་རིགས་ཀྱི་བུ་དེ་ལ་མཆོད་པའི་ལས་བྱ་བའི་ཕྱིར་ སྒོ་གང་དེར་ལྷའི་མེ་ཏོག་སིལ་མས་གཏོར་ཏོ།།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་བདག་གིས་ཁྱོད་ཀྱི་བསམ་པ་མ་ཤེས་ནས་ཉན་ཐོས་ཀྱི་ཆོས་རྣམས་ཀྱི་གཏམ་བྱས་ཏེ་དགའ་བ་སྐྱེད་པ་དེ་ཁྱོད་ཀྱིས་ཀྱང་བཟོད་པ་གྱིས་ཤིག་།དེ་ནས་ལྷ་ དེས་འདི་སྐད་ཅེས་སྨྲས་སོ།།བཙུན་པ་རབ་འབྱོར་ཁྱོད་ལ་བདག་ཕྱག་འཚལ་གྱིས་སེམས་ཅན་སུའི་ཚོད་ཀྱང་མ་འཛིན་ཅིག་།སེམས་ཅན་སུ་ལ་ཡང་རུང་སྟེ་བསམ་པ་མ་བརྟགས་པར་ཆོས་མ་འཆད་ཅིག་།དེ་ཅིའི་ཕྱིར་ཞེ་ན། བཙུན་པ་རབ་འབྱོར་མ་ཐོས་པ་ནི་སླའི་བྱང་ཆུབ་ འདོད་པས་ཉན་ཐོས་ཀྱི་ཐེག་པ་ཐོས་པ་ནི་དེ་ལྟ་མ་ཡིན་ནོ།།བཙུན་པ་རབ་འབྱོར་ཡུན་རིང་དུ་བཀྲེས་པ་ནི་སླའི་ཁ་ཟས་དུག་དང་འདྲེས་པ་ཟོས་པ་ནི་དེ་ལྟ་མ་ཡིན་ནོ། །བཙུན་པ་རབ་འབྱོར་དེ་བཞིན་དུ་མ་ཐོས་པ་ནི་སླའི་བྱང་ཆུབ་སེམས་དཔའི་ཐེག་པ་པས་ཉན་ཐོས་ཀྱི་ཐེག་པ་ཐོས་པ་ནི་དེ་ལྟ་ མ་ཡིན་ནོ།།དེ་ནས་རིགས་ཀྱི་བུ་དེས་ཡང་བུད་མེད་ཀྱི་གཟུགས་དང་། ཁ་དོག་སྔ་མ་ཇི་ལྟ་བ་དེ་བཞིན་དུ་བསྟན་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ།

以下是對給定文字的完整直譯: 天神說道:“聖者,無上正等正覺確實難以成就,但我將努力使我的追求變得有意義。” 問道:“天神,你將如何努力?” 回答說:“我將這樣努力:對一切眾生平等心,使一切眾生從煩惱中解脫,擔負一切眾生的蘊的重擔,成熟一切眾生,爲了了知一切苦。” 那善男子說:“天神,若有眾生想,則無法對一切眾生平等心。若有煩惱想,則無法使一切眾生解脫。若有蘊想,則無法擔負一切眾生的蘊的重擔。若有遍計所執的善根,則無法成熟眾生。若有自他之想,則無法了知一切苦。” 然後,那天神因這教誡而獲得了順法忍。 然後,那天神爲了供養那善男子,在門口散撒天界的零散花朵。 然後,具壽須菩提對那天神如是說道:“天神,因我不知你的心意而宣說聲聞法,使你生歡喜,請你也原諒。” 然後,那天神如是說道:“尊者須菩提,我向您頂禮。請不要揣測任何眾生的程度。請不要在未觀察任何眾生的心意之前為其說法。為什麼呢?尊者須菩提,未聞法容易,而欲求菩提者聽聞聲聞乘則不然。尊者須菩提,長期捱餓容易,而食用混有毒的食物則不然。尊者須菩提,同樣地,未聞法容易,而菩薩乘者聽聞聲聞乘則不然。” 然後,那善男子又顯現出先前那樣的女性形象和膚色,對具壽須菩提如是說道:

།བཙུན་པ་རབ་འབྱོར་བདག་གིས་བསོད་སྙོམས་མ་ཕུལ་གྱི་བར་དུ་རེ་ཞིག་གཞེས་ཤིག་།དེ་ནས་བུད་མེད་དེ་རང་ གི་ཁྱིམ་དུ་སོང་སྟེ།རོ་བརྒྱ་དང་ལྡན་པའི་ཟས་བླངས་ནས་ཕྱིར་བྱུང་སྟེ། འོངས་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ།

以下是對給定文字的完整直譯: “尊者須菩提,請稍等,直到我供養乞食為止。“然後,那女子去了自己的家,取了具有百味的食物,出來後來到具壽須菩提面前,如是說道:

།བཙུན་པ་རབ་འབྱོར་བསོད་སྙོམས་འདི་བཞེས་ལ་འདོད་ཆགས་དང་བཅས་པར་ཡང་མ་མཛད་ཅིག་།འདོད་ཆགས་དང་བྲལ་བར་ཡང་མ་མཛད་ ཅིག་།ཞེ་སྡང་དང་བཅས་པར་ཡང་མ་མཛད་ཅིག་།ཞེ་སྡང་དང་བྲལ་བར་ཡང་མ་མཛད་ཅིག་།གཏི་མུག་དང་བཅས་པར་ཡང་མ་མཛད་ཅིག་།གཏི་མུག་དང་བྲལ་བར་ཡང་མ་མཛད་ཅིག་།ཉོན་མོངས་པ་དང་བཅས་པར་ཡང་མ་མཛད་ཅིག་།ཉོན་མོངས་པ་དང་བྲལ་བར ཡང་མ་མཛད་ཅིག་།གལ་ཏེ་བཙུན་པ་རབ་འབྱོར་གྱིས་སྡུག་བསྔལ་ཡོངས་སུ་མ་མཁྱེན། ཀུན་འབྱུང་བ་མ་སྤངས། འགོག་པ་མངོན་སུམ་དུ་མ་བགྱིས། ལམ་མ་བསྒོམས་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག་།གལ་ཏེ་བཙུན་པ་རབ་འབྱོར་གྱིས་དྲན་པ་ཉེ་བར་གཞག་པ བཞི་མ་བསྒོམས།ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་བསྒོམས་ན། དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག་།གལ་ཏེ་བཙུན་ པ་རབ་འབྱོར་གྱིས་འཇིག་ཚོགས་ཀྱང་མ་དཀྲུགས་ལ་བགྲོད་པ་གཅིག་པའི་ལམ་ཡང་ཐོབ་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག་།གལ་ཏེ་བཙུན་པ་རབ་འབྱོར་གྱིས་མ་རིག་པ་མ་བཤིག་པར་རིག་པས་རྣམ་པར་གྲོལ་བ་མངོན་སུམ་དུ་མཛད་པ་དང་། འདུ་བྱེད་ཟད་པར མ་མཛད་པར་འདུས་མ་བྱས་མངོན་སུམ་དུ་མཛད་པ་དང་།རྣམ་པར་ཤེས་པའི་རྒྱུ་བ་ལ་མ་བརྟེན་པར་རྣམ་པར་གྲོལ་བར་གྱུར་པ་དང་། མིང་དང་གཟུགས་སུ་སྒྲོ་མ་བཏགས་པར་ཁམས་གསུམ་པ་ལས་ཡང་དག་པར་འདས་པ་དང་། སྐྱེ་མཆེད་དྲུག་ལ་མ་བརྟེན་པར་རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་བསྒོམས་པ་དང་།མིག་གི་འདུས་ཏེ་རེག་པ་ལ་མ་བརྟེན་པར་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་བསྒོམས་པ་དང་། ཚོར་བ་མ་དམིགས་པར་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་མངོན་སུམ་དུ་མཛད་པ་དང་། སྲེད་པ་མི་དམིགས་པར་དེ་ བཞིན་ཉིད་ཡོངས་སུ་མཁྱེན་པ་དང་།ལེན་པ་རློམ་སེམས་སུ་མ་མཛད་པར་ལེན་པ་མེད་པ་ཀུན་མཁྱེན་པ་དང་། སྲིད་པ་མི་འབྱུང་བའི་ཚུལ་དུ་ཡོངས་སུ་མཁྱེན་པ་དང་། སྐྱེ་བ་མི་སྐྱེ་བར་ཡོངས་སུ་མཁྱེན་པ་དང་། རྒ་ཤི་བརྗོད་དུ་མེད་པའི་ཚུལ་དུ་ཡོངས་སུ་མཁྱེན་པ་ དེ་ལྟ་བུར་སྲིད་པའི་ཡན་ལག་རྣམས་ཀུན་མཁྱེན་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག་།གལ་ཏེ་བཙུན་པ་རབ་འབྱོར་གྱིས་སངས་རྒྱས་ཀྱང་མ་གཟིགས། ཆོས་ཀྱང་མ་གསན། དགེ་འདུན་ལ་ཡང་མི་རྟོན་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག་།

以下是對給定文字的完整直譯: “尊者須菩提,請接受這乞食,但不要有貪慾,也不要離貪慾;不要有嗔恨,也不要離嗔恨;不要有愚癡,也不要離愚癡;不要有煩惱,也不要離煩惱。如果尊者須菩提未完全了知苦,未斷除集,未現證滅,未修道,那麼請接受這乞食。如果尊者須菩提未修四念住、四正斷、四神足、五根、五力、七覺支、八聖道分,那麼請接受這乞食。如果尊者須菩提既未擾亂我見,又獲得一乘道,那麼請接受這乞食。如果尊者須菩提未破除無明而現證明解脫,未滅盡諸行而現證無為,不依識的活動而得解脫,不執著名色而超越三界,不依六處而修空解脫門,不依眼觸而修無相解脫門,不緣受而現證無愿解脫門,不緣愛而遍知真如,不執取而遍知無取,以不生的方式遍知有,遍知生為不生,以不可言說的方式遍知老死,如此遍知諸有支,那麼請接受這乞食。如果尊者須菩提既不見佛,也不聞法,也不依止僧伽,那麼請接受這乞食。”

དགེ་འདུན་ལ་ཡང་མི་རྟོན་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག་།གལ་ཏེ་བཙུན པ་རབ་འབྱོར་གྱིས་འཕགས་པའི་མཉམ་པ་ཉིད་ཀྱིས་སོ་སོའི་སྐྱེ་བོ་མཉམ་པ་ཉིད་དུ་ཡོངས་སུ་མཁྱེན་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག་།གལ་ཏེ་བཙུན་པ་རབ་འབྱོར་ཉིད་འདི་ནས་ཀྱང་མེད་པར་གྱུར་ལ་ཕ་རོལ་ཏུ་ཡང་མི་སྐྱེ་ན་དེ་ལྟ་ན་བསོད སྙོམས་འདི་བཞེས་ཤིག་།གལ་ཏེ་བཙུན་པ་རབ་འབྱོར་གྱིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མཉམ་པ་ཉིད་ཀྱིས་ཉོན་མོངས་པ་མེད་པ་མཉམ་པ་ཉིད་དུ་ཡོངས་སུ་མཁྱེན་ལ། ཉོན་མོངས་པ་མེད་པ་མཉམ་པ་ཉིད་ཀྱིས་ཀྱང་འདོད་ཆགས་དང་། ཞེ་སྡང་དང་། གཏི མུག་མཉམ་པ་ཉིད་དུ་ཡོངས་སུ་མཁྱེན་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག་།གལ་ཏེ་བཙུན་པ་རབ་འབྱོར་སོ་སོའི་སྐྱེ་བོའི་ས་ལས་ཀྱང་མ་འདས་ལ་འཕགས་པའི་ས་ལ་ཡང་མ་ཞུགས་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག་།གལ་ཏེ་བཙུན་པ་རབ་འབྱོར་སྣང་བ་ཡང མ་ལགས།སྣང་བར་འགྲོ་བ་ཡང་མ་ལགས། འཁོར་བ་ལ་ཡང་མ་ཞུགས། མྱ་ངན་ལས་འདས་པ་ཡང་མི་འཐོབ། དུ་སྨྲ་བ་ཡང་མ་ལགས། བདེན་པར་སྨྲ་བ་ཡང་མ་ལགས་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག་།གལ་ཏེ་བཙུན་པ་རབ་འབྱོར་གྱིས་ཟག་ པ་ཡང་ཟད་པར་མི་མཛད་ལ་མི་ཟད་པ་ཡང་འཁྲུག་པར་མི་མཛད།ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལས་ཀྱང་མི་གཡོ་ལ་རྟེན་པ་མ་མཆིས་པར་ཡང་ཉོན་མོངས་པ་མ་མཆིས་པ་བསམ་གཏན་དུ་མཛད། ཐམས་ཅད་ལ་ཡང་རྟག་ཏུ་སྨོན་པ་མི་མངའ་ལ་ཆོས་ རྣམས་ཀྱང་སེམས་ཀྱིས་ཤིན་ཏུ་ཐུགས་སུ་ཆུད་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག་།བཙུན་པ་རབ་འབྱོར་གལ་ཏེ་ཁྱོད་ཀྱིས་གང་གི་ཕྱིར་རབ་ཏུ་བྱུང་བའི་ཆོས་དེ་མ་རྟོགས་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག་།བཙུན་པ་རབ་འབྱོར་གྱི་ཉོན་མོངས་པ་མེད་པ་གང་ལགས པ་དང་།སེམས་ཅན་དམྱལ་བ་པ་རྣམས་ཀྱི་ཉོན་མོངས་པ་མེད་པ་གང་ལགས་པ། བཙུན་པ་རབ་འབྱོར་གལ་ཏེ་ཉོན་མོངས་པ་མེད་པ་འདི་གཉིས་ལ་ཡོན་གནས་ཆེས་ལྷག་པ་མ་མཆིས་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག་།འཕགས་པ་རབ་འབྱོར་ལ་ཡོན་གནས་ ཡིན་པར་འདུ་ཤེས་སྐྱེད་པ་གང་ལགས་པ་དེ་དག་ནི་བཙུན་པ་རབ་འབྱོར་ལ་མེད་པ་དང་།ཡང་དག་པ་མ་ཡིན་པས་སྐུར་པ་འདེབས་པ་སྟེ། གལ་ཏེ་བཙུན་པ་རབ་འབྱོར་ཁྱོད་ཆོས་དེ་ལྟ་བུ་དང་ལྡན་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག་།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་སྒོ་གང་དེ་གཡོས་ པར་བྱས་ནས་ལག་པ་གཡས་པ་བརྐྱང་སྟེ་འདི་སྐད་ཅེས་སྨྲས་སོ།

以下是對給定文字的完整直譯: “也不依止僧伽,那麼請接受這乞食。如果尊者須菩提以聖者平等性遍知凡夫平等性,那麼請接受這乞食。如果尊者須菩提自身從此處不存在,也不會在他處出生,那麼請接受這乞食。如果尊者須菩提以貪、嗔、癡的平等性遍知無煩惱的平等性,以無煩惱的平等性也遍知貪、嗔、癡的平等性,那麼請接受這乞食。如果尊者須菩提既未超越凡夫地,也未進入聖者地,那麼請接受這乞食。如果尊者須菩提既非顯現,也非趨向顯現,既未入輪迴,也不獲涅槃,既非妄語者,也非實語者,那麼請接受這乞食。如果尊者須菩提既不滅盡漏,也不擾亂不滅盡,不動于蘊、界、處,無所依而修無煩惱禪定,對一切恒常無愿,而又以心通達諸法,那麼請接受這乞食。尊者須菩提,如果你未證悟為之出家的法,那麼請接受這乞食。尊者須菩提的無煩惱與地獄眾生的無煩惱,尊者須菩提,如果這兩種無煩惱中沒有更殊勝的福田,那麼請接受這乞食。那些認為聖者須菩提是福田的觀念,對尊者須菩提來說是不存在的,是不如實的誹謗。如果尊者須菩提你具有如此這般的法,那麼請接受這乞食。“然後,具壽須菩提輕輕推開門,伸出右手,如是說道:

།ཆེ་ཞེ་གང་དག་ཡང་དག་པར་སྨྲ་བ་ན་འདི་ལྟ་བུའི་ཆོས་ལྡན་པར་སྨྲ་བ་དེ་དག་ནི་བདག་ལ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནོ། །དེ་སྐད་ཅེས་སྨྲས་ནས་བསོད་སྙོམས་དེ་བླངས་སོ། །དེ་ནས་བུད་མེད་དེས་ཚེ་དང་ ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་འདི་སྐད་ཅེས་སྨྲས་སོ།།གང་དག་མཉམ་པ་ཉིད་ཀྱིས་བསོད་སྙོམས་ལེན་པའི་ཡོན་གནས་དེ་དག་ནི་དཀོན་ནོ། །སྨྲས་པ། མངོན་པའི་ང་རྒྱལ་ཅན་རྣམས་ནི་མཉམ་པ་ཉིད་འདི་སུན་ཕྱུང་སྟེ་སྨད་ནས་ཕལ་ཆེར་སེམས་ཅན་དམྱལ་བར་འགྲོ་ བར་འགྱུར་རོ།།དེ་ནས་ལྷ་དེས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཁྱོད་ཀྱིས་ཅི་ལས་བསམས་ཏེ་གང་དག་ཆོས་འདི་སུན་ཕྱུང་སྟེ་སྨད་ནས་ཕལ་ཆེར་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ་ཞེས་དེ་སྐད་སྨྲ། སྨྲས་པ། ལྷ་འདི་ཇི་སྙམ་དུ་ སེམས།སྒྱུ་མའི་ཆོས་འགའ་ཞིག་ལ་འདི་ནི་རྒྱུ་དང་བཅས་པའོ། །འདི་ནི་རྒྱུ་མེད་པའོ་ཞེས་སུན་འབྱིན་པའམ། སྨོད་པར་བྱེད་དམ། སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ལྷ་དེ་བཞིན་དུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ན་བདག་གིས་ སུན་དབྱུང་བའམ་སྨད་དུ་ཅི་ཞིག་ཡོད།ལྷ་གཞན་ཡང་བདག་ནི་སེམས་ཅན་ཐམས་ཅད་ཀྱིས་ཡང་དག་པའམ། ཡང་དག་པ་མ་ཡིན་པ་བརྗོད་པའི་སྒྲ་དེ་དག་ཐམས་ཅད་དང་མཉམ་མོ། །དེ་ཅིའི་ཕྱིར་ཞེ་ན། བརྗོད་པ་ཐམས་ཅད་ནི་སྒྱུ་མའི་ངོ་བོ་ཉིད་ཀྱིས་བརྗོད་དུ་མེད་དོ། །བསོད་ སྙོམས་ལེན་པ་བསྟན་པ་འདི་བཤད་པ་ན་ལྷའི་བུ་བརྒྱ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ།།དེ་ནས་བུད་མེད་དེས་འཕགས་པ་རབ་འབྱོར་ལ་བཟོད་པ་གསོལ་ནས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བཤོས་གསོལ་ནས་བཅོམ་ལྡན་འདས་ ག་ལ་བ་དེར་བཞུད་ཅིག་དང་།བདག་ཀྱང་ཆོས་མཉན་པའི་སླད་དུ་དེར་མཆིའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བསོད་སྙོམས་དེ་བླངས་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ནས་བྱུང་ནས་དེ་ཆོས་ཐོས་པའི་དགའ་བ་དང་། མཆོག་ཏུ་དགའ་བས་ཟས་ལ་ སེམས་མི་འཇུག་པར་གྱུར་ནས་དེ་འདི་སྙམ་དུ་སེམས་ཏེ་བདག་གིས་བསོད་སྙོམས་བླངས་ན་གང་ལ་ལོག་པར་ལྟུང་བར་མི་འགྱུར་བ་སུ་ཞིག་ལ་སྦྱིན་པར་བྱ་སྙམ་མོ།

以下是對給定文字的完整直譯: “凡是如實說者,說具有如此這般法的人,他們是對我如實說的說者。“說完這些話后,他接受了那乞食。然後那女子對具壽須菩提說”善哉”,並如是說道:“以平等性接受乞食的福田是稀有的。“(須菩提)說:“有增上慢者貶低、誹謗這種平等性,大多將往生地獄。“然後那天神對具壽須菩提如是說道:“尊者須菩提,你基於什麼考慮而說’凡是貶低、誹謗這法的人,大多將往生地獄’?“(須菩提)說:“天神,你怎麼想?對於幻化的法,有人說’這是有因的’,‘這是無因的’,是在貶低或誹謗嗎?“(天神)說:“尊者須菩提,不是的。“(須菩提)說:“天神,同樣地,如果了知一切法如幻,我有什麼可貶低或誹謗的呢?天神,再者,我與一切眾生所說的一切正確或不正確的言語是平等的。為什麼呢?因為一切言說以幻化的本性是不可言說的。“當講說這取乞食的教法時,一百天子對諸法生起無塵無垢清凈的法眼。然後那女子向聖者須菩提請求寬恕,並如是說道:“尊者須菩提,用過齋飯後請前往世尊所在之處,我也將為聽法而前往那裡。“然後具壽須菩提接受了那乞食,從王舍城出來,因聽法的歡喜和極大歡喜而不想進食,他這樣想:‘我接受了乞食,應該給誰才不會成為邪命呢?’”

།དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་མི་ལེན་པས་ཚེ་དང་ལྡན་པ་རབ་འབྱོར་གྱི་སེམས་སེམས་ཀྱིས་ཤེས་ ནས།ཚེ་དང་ལྡན་པ་རབ་འབྱོར་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་རབ་འབྱོར་གྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བསོད་སྙོམས་འདི་བདག་ལ་བྱིན་ཅིག་དང་། བདག་ལ་བྱིན་ན་ལོག་པར་ལྟུང་བར་ མི་འགྱུར་རོ།།སྨྲས་པ། རིགས་ཀྱི་བུ་ཅི་ཁྱོད་ཚུལ་ཁྲིམས་བླངས་པའམ། ཚུལ་ཁྲིམས་ལ་གནས་པ་ཡིན་ནམ། སྨྲས་པ། བཙུན་པ་རབ་འབྱོར་ཆོས་ཐམས་ཅད་ནི་བླང་དུ་མེད་པ་སྟེ། དེ་ལ་ནི་ཚུལ་ཁྲིམས་ཀྱང་མེད། འཆལ་པའི་ཚུལ་ཁྲིམས་ཀྱང་མེད་དོ། །བཙུན་པ་ རབ་འབྱོར་གཞན་ཡང་བདག་ནི་སྲོག་གཅོད་པར་བྱེད་པ་དང་།མ་བྱིན་པར་ལེན་པ་བྱེད་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་བྱེད་པ་དང་། དུ་སྨྲ་བ་བྱེད་པ་དང་། ཕྲ་མ་བྱེད་པ་དང་། ཚིག་རྩུབ་པོ་སྨྲ་བ་དང་། ཚིག་ཀྱལ་པ་སྨྲ་བ་དང་། བརྣབ་སེམས་ཅན་དང་། གནོད་ སེམས་ཀྱི་སེམས་དང་ལྡན་པ་དང་།ལོག་པར་ལྟ་བ་ཅན་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་འདི་སྙམ་དུ་སེམས་ཏེ། རིགས་ཀྱི་བུ་འདིའི་བསྟན་པ་འདི་འདྲ་བ་ལས་ན་འདི་ནི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཡིན་པར་ཐེ་ཙོམ་མེད་ཀྱིས་ལྡེམ་པོ་ངག་འདི་བདག་གིས་དྲི་བར་ བྱའོ་སྙམ་མོ།།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་རིགས་ཀྱི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ།

以下是對給定文字的完整直譯: 然後,菩薩一切法不取以心知具壽須菩提之心,前往具壽須菩提所在之處。到達后,以頭頂禮具壽須菩提的雙足,對具壽須菩提如是說道:“尊者須菩提,請將這乞食給我吧。如果給我,就不會成為邪命。“(須菩提)說:“善男子,你是受持戒律還是住于戒律?“(菩薩)說:“尊者須菩提,一切法是不可取的,其中既無戒律,也無破戒。尊者須菩提,再者,我是殺生者、不與取者、邪淫者、妄語者、離間語者、粗惡語者、綺語者、貪心者、具有害心者、邪見者。“然後具壽須菩提心想:“從這善男子如此的教說來看,他無疑是不退轉菩薩,我應當詢問這隱晦的語言。“然後具壽須菩提對那善男子如是說道:

།རིགས་ཀྱི་བུ་ཁྱོད་ཀྱིས་ཅི་ལས་བསམས་ཏེ། འདི་སྐད་དུ་བདག་ནི་སྲོག་གཅོད་པ་བྱེད་པ་དང་། མ་བྱིན་པར་ལེན་པ་བྱེད་པ་དང་། འདོད་པས་ལོག་པར་གཡེམ་པ་བྱེད་པ་དང་། དུ་ སྨྲ་བ་བྱེད་པ་དང་།ཕྲ་མ་བྱེད་པ་དང་། ཚིག་རྩུབ་པོ་སྨྲ་བ་དང་། ཚིག་ཀྱལ་པ་སྨྲ་བ་དང་། བརྣབ་སེམས་ཅན་དང་། གནོད་སེམས་ཀྱི་སེམས་དང་ལྡན་པ་དང་། ལོག་པར་ལྟ་བ་ཅན་ཡིན་ནོ་ཞེས་སྨྲ། དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་མི་ལེན་པས་ཚེ་དང་ལྡན་པ་རབ་འབྱོར་ལ་ཚིགས་སུ་ བཅད་དེ་སྨྲས་པ།བྱང་ཆུབ་ལམ་ནི་བླ་མེད་པའི། །ལམ་ནི་བདག་གིས་རྣམ་པར་སྦྱངས། །སྲོག་ཆགས་བྱེ་བ་ཕྲག་སྟོང་ཡང་། །ལམ་དེ་ལ་ནི་ཡོངས་སུ་བཀོད། །སྲོག་ནི་བདག་གི་ཤིན་ཏུ་གཏུགས། །དེ་ཕྱིར་བདག་ནི་དེ་སྐད་སྨྲ། །གང་དག་ལམ་ནི་རྣམ་པར་སྦྱངས། །དེ་དག་སྲོག་ གཅོད་པ་ཞེས་བྱ།།ལྷས་ནི་བྱང་ཆུབ་བྱིན་མ་ཡིན། །བརྒྱ་བྱིན་ཚངས་པས་མ་བྱིན་ཏེ། །མ་བྱིན་པར་ནི་བདག་གིས་བླངས། །དེ་ཕྱིར་བདག་ནི་མ་བྱིན་ལེན། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །འཐུན་པའི་ཐེག་པ་བླངས་པས་ན། །དེ་ཕྱིར་ཐེག་པ་ཆེན་པོ་འདི། །མ་བྱིན་བླངས་ ཞེས་བྱ་བ་ཡིན།།འདོད་པས་ལོག་པར་ཡོངས་ཤེས་པ། །ཆོས་འདོད་ཡིན་ཞེས་དེ་དག་ཤེས། །འདོད་པ་འདི་དག་འདོད་མ་ཡིན། །དེ་ཕྱིར་ལོག་ཅེས་སྤྱོད་པར་བྱེད། །སྒྲར་ནི་ཇི་སྙེད་གདགས་པ་རྣམས། །དེ་དག་ཞེས་ཡང་དག་གསུངས། །མེད་པའི་ཕྱིར་ན་དེ་ཏེ། ། དུ་སྨྲ་བ་ཞེས་ཀྱང་བྱ། །ཐེག་པ་དམན་པ་འདོད་པ་ཡི། །སེམས་ཅན་གང་དག་སུ་ཡང་རུང་། །སེམས་ཅན་དེ་དག་དབྱེ་བའི་ཕྱིར། །ཐེག་པ་ཆེ་ལ་དགོད་པར་བྱེད། །ཕྲ་མའི་ཚིག་ནི་སྨྲ་བྱེད་ཅིང་། །མུ་སྟེགས་ཅན་གཞན་འབྱེད་པར་བྱེད། །སེམས་ཅན་ལམ་ངན་ལྷུང་བ་རྣམས། ། ཡང་དག་ལམ་ལ་འཛུད་པར་བྱེད། །རྒོལ་བ་དེ་དག་ཚར་བཅད་དེ། །དེ་དག་ཤིན་ཏུ་དགའ་བ་མེད། །རྩུབ་པའི་ཚིག་ནི་སྨྲས་ནས་ཀྱང་། །བདུད་རྣམས་ཐམས་ཅད་ཕམ་པར་བྱས། །རྩུབ་པའི་ཚིག་ནི་སྨྲ་མོད་ཀྱི། །འོན་ཀྱང་སེམས་ལ་ཁྲོ་བ་མེད། །སེམས་ཅན་སྨིན་པར་བྱ་བ ལ།།དཔའ་བོ་རྣམས་ཀྱིས་ཐབས་ལ་ལྟོས། །གང་ལས་དགོངས་ཏེ་གསུངས་པ་ཡི། །དགོངས་པའི་ཚིག་ནི་རབ་ཏུ་ཤེས། །དེས་ན་བསམས་ཏེ་རབ་སྨྲ་ཞིང་། །སེམས་ཅན་བྱེ་བ་འདུལ་བར་བྱེད། །ཁ་ཅིག་ལ་ནི་བསམས་ཏེ་སྨྲས། །ཁ་ཅིག་དེ་དག་པར་ཤེས། ། དེ་ཕྱིར་བསམས་ཏེ་སྨྲ་བ་ཡིན། །ཆོས་ཀྱི་མངོན་སུམ་རྟོགས་པར་བྱེད། །སེམས་ཅན་ཇི་སྙེད་ཡོད་པ་རྣམས། །རེ་རེ་ལ་ཡང་དེ་དག་ནི། །

以下是對給定文字的完整直譯: “善男子,你基於什麼考慮而說’我是殺生者、不與取者、邪淫者、妄語者、離間語者、粗惡語者、綺語者、貪心者、具有害心者、邪見者’呢?“然後菩薩一切法不取對具壽須菩提以偈頌說道: “無上菩提道, 此道我已凈, 億萬諸眾生, 安置於此道。 生命我已盡, 是故如是說, 凡凈化此道, 彼稱為殺生。 諸天未授予, 帝釋梵天未與, 我自取未予, 故我為不與取。 為利諸眾生, 取相應乘故, 是故此大乘, 稱為不與取。 以欲遍知邪, 知彼為法欲, 此欲非為欲, 故行邪淫行。 凡可施設聲, 彼等稱如實, 以其不存在, 故稱為妄語。 凡諸求下乘, 任何諸眾生, 為分裂彼等, 安置大乘中。 說離間語言, 分裂諸外道, 眾生墮惡道, 引入正道中。 降伏諸論敵, 彼等極不悅, 雖說粗惡語, 降伏諸魔眾。 雖說粗惡語, 然心無嗔恨, 為成熟眾生, 勇士觀方便。 了知所說義, 密意之言語, 故思而善說, 調伏億眾生。 對某思而說, 某些如實知, 是故思而說, 現證法體性。 一切諸眾生, 于彼一一中,”

སེམས་ཅན་ཇི་སྙེད་ཡོད་པ་རྣམས། །རེ་རེ་ལ་ཡང་དེ་དག་ནི། །མི་མིན་ལྷ་ཡི་བདེ་བ་དག་།འཇིག་རྟེན་ན་ནི་བརྣབ་སེམས་བྱེད། །བདེ་བ་གང་དག་ལྡན་གྱུར་ན། །འཇིག་རྟེན་མགོན་པོ་ཕན བྱེད་འགྱུར།།བདེ་བ་དེ་ནི་སེམས་ཅན་ཀུན། །ལྡན་པར་མཁས་རྣམས་བརྣབ་སེམས་བྱེད། །སེམས་ཅན་ཐམས་ཅད་རྒྱལ་གྱུར་ཅེས། །རྟག་ཏུ་དེ་དག་བརྣབ་སེམས་བྱེད། །བརྣབ་སེམས་དེ་འདྲ་ཡིན་པས་ན། །དེ་ཕྱིར་བརྣབ་སེམས་ཅན་ཞེས་སྨྲས། །དམ་པའི་ཆོས་ནི་ འཇིག་པའི་ཚེ།།སྟོབས་ཆེན་རྣམས་ཀྱིས་ཚར་བཅད་དེ། །དེ་དག་རང་གི་བདེ་བ་སྤོང་། །ཆོས་དང་སྲོག་ཆགས་སྤོང་མི་བྱེད། །འཇིག་རྟེན་ཀུན་གྱི་རྒོལ་བ་དང་། སེམས་ཅན་ཀུན་དང་མི་འཐུན་ཏེ། །ཐམས་ཅད་འཐུན་པར་བྱ་བའི་ཕྱིར། །དེ་དག་གནོད་སེམས་སྟོན་པར་བྱེད། ། དེ་དག་བསྐལ་པར་རྩོད་བྱེད་དམ། །བསྐལ་པ་བྱེ་བར་རྩོད་ཀྱང་རུང་། །དམ་པའི་ཆོས་ནི་སྤོང་མི་བྱེད། །སླར་ཡང་ལྡོག་པར་ཡོངས་མི་བྱེད། །ལོག་པར་ལྟ་ལ་དཔའ་བ་རྣམས། །དེ་དག་འདུས་བྱས་ཀུན་ལ་སྙོམས། །ལོག་པར་ལྟ་བ་རབ་ཏུ་ཤེས། །ཡང་དག་ལྟ་བའི་རྣམ་པར རྟོག་།གང་དག་དེ་འདྲའི་ཆོས་དང་ལྡན། །དེ་དང་དེ་དག་ཁྲིམས་ལ་གནས། །གནས་མེད་ལ་ནི་གནས་བཅས་ནས། །མཁས་རྣམས་བྱང་ཆུབ་རྟོགས་པར་འགྱུར། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་རིགས་ཀྱི་བུ་དེ་ལ་བསོད་སྙོམས་དེ་བྱིན་ནས་འདི་སྐད་དུ་སྐྱེས་བུ་དམ་པ་འདི་ལྟ་བུ དག་གིས་ནི་དད་པས་བྱིན་པའི་བསོད་སྙོམས་ལོག་པར་ལྟུང་བར་མི་བྱེད་དོ་ཞེས་སྨྲས་སོ།།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཟན་མ་ཟོས་ཏེ་ཕྱེམ་རེད་ཀྱི་དུས་ན་ནང་དུ་ཡང་དག་འཇོག་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ ཕྱག་འཚལ་ཏེ།ཇི་ལྟར་གྱུར་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་སུ་ཡིན་པ་ཤེས་སམ། གསོལ་པ། བཅོམ་ལྡན་འདས་མ་འཚལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ།རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བུད་མེད་འགྱུར་བ་ཞེས་བྱ་སྟེ་དགའ་བ་བཀོད་པའི་ཐབས་ལ་མཁས་པས་སེམས་ཅན་རྣམས་འདུལ་བར་བྱེད་དོ།

以下是對給定文字的完整直譯: 一切諸眾生, 于彼一一中, 非人天之樂, 世間生貪心。 若具何等樂, 世間怙主利, 智者對眾生, 皆具彼樂貪。 愿眾生得勝, 恒常生貪心, 如是貪心故, 故說具貪心。 正法毀滅時, 大力者降伏, 捨棄自身樂, 不捨法眾生。 與世間諸敵, 眾生皆不和, 為令一切和, 彼等示害心。 彼爭一劫或, 爭億劫亦然, 不捨正法且, 永不再退轉。 勇於邪見者, 平等視諸行, 善知邪見已, 正見作分別。 具如是法者, 彼等住戒中, 住于無所住, 智者證菩提。 然後,具壽須菩提將那乞食給予那善男子后如是說道:“像這樣的勝者,不會以信施的乞食而墮入邪命。” 然後,具壽須菩提未食用食物,于午後時分從正定中起身,前往世尊所在之處。到達后,以頭頂禮世尊雙足,將所發生的一切如實稟告世尊。世尊說道:“須菩提,你知道那菩薩是誰嗎?“(須菩提)答道:“世尊,我不知道。“世尊說道:“須菩提,那菩薩摩訶薩名為’轉變為女性’,以善巧方便莊嚴歡喜而調伏眾生。”

།རབ་འབྱོར་དཔེར་ན་ཡུངས་འབྲུས་ཤིང་རྟ་བཀང་བ་ལ་ཡུལ་མ་ག་དྷཱའི་ཁལ་བཅུ་ཚད་ཉི་ཤུ་ ཡོད་པ་ལས་ལོ་བརྒྱ་ཞིང་ཡུངས་འབྲུ་རེ་རེ་བོར་བ་ནི་བགྲང་བ་དེ་ལྟ་བུའི་ཚུལ་གྱིས་ཤིང་རྟ་དེའི་ཡུངས་འབྲུའི་མཐའ་ཆེས་མྱུར་དུ་རྟོགས་པར་ནུས་ཀྱི།བྱང་ཆུབ་སེམས་དཔའ་བུད་མེད་འགྱུར་བས་དགའ་བ་བཀོད་པའི་ཐབས་ལ་མཁས་པས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པ་དང་།སེམས་ཅན་མང་པོ་ལྷ་དང་མིར་སྐྱེ་བ་ལ་བཀོད་པ་རྣམས་ནི་དེ་ལྟ་མ་ཡིན་ནོ། །དེ་ནས་བུད་མེད་དེ་བུད་མེད་ལྔ་བརྒྱས་བསྐོར་ཅིང་མདུན་དུ་བདར་ཏེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས་བྱ་རྒོད་ཀྱི་ཕུང་པོའི་རི་ ག་ལ་བ་དང་།བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་བུད་མེད་དེ་འོང་བ་ཐག་རིང་པོ་ནས་གཟིགས་ཏེ། གཟིགས་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་བུད་མེད་ལྔ་བརྒྱ་ཙམ་འོང་བ་འདི་དག་མཐོང་ངམ། གསོལ་པ། བཅོམ་ ལྡན་འདས་མཐོང་ལགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་བུད་མེད་འགྱུར་བས་དགའ་བ་བཀོད་པའི་ཐབས་ལ་མཁས་པས་ཡོངས་སུ་སྨིན་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པ་ཤ་སྟག་གོ། ། དེ་ནས་བུད་མེད་དེ་བུད་མེད་ལྔ་བརྒྱས་བསྐོར་ཅིང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བུད་མེད་དེ་བསུ་ནས་ཐལ་མོ་སྦྱར་ཏེ་ཕྱག་བྱས་སོ། །དེ་ནས་ཚེ་དང་ལྡན པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ།།ཚེ་དང་ལྡན་པ་རབ་འབྱོར་འཕགས་པའི་ཆོས་མ་ཐོབ་པ་དང་། འཕགས་པའི་ལུས་སུ་མི་གནས་པའི་བུད་མེད་ལ་ཅིའི་ཕྱིར་ཕྱག་འཚལ། བུད་མེད་དེས་སྨྲས་པ། གནས་བརྟན་ཤཱ་རིའི་བུ་གལ་ཏེ་འཇིག་རྟེན་ན་འཕགས་པ་ནི་གང་ དག་ལགས།འཕགས་པ་མ་ལགས་པ་ནི་གང་དག་ལགས་པ་མཁྱེན་ན་ཁྱོད་ཀྱིས་སྤོབས་པ་མཛོད་ཅིག་།གནས་བརྟན་ཤཱ་རིའི་བུས་སྨྲས་པ། ཆེ་ཞེ་ཁྱོད་ཀྱིས་འཇིག་རྟེན་ན་འཕགས་པ་གང་དག་ཡིན་པ་དང་། འཕགས་པ་མ་ཡིན་པ་གང་དག་ཡིན་པ་ཤེས་སམ། སྨྲས་པ། བཙུན་པ་ཤཱ་རིའི་བུ་བདག་གིས་འཚལ་ཏོ།

以下是對給定文字的完整直譯: “須菩提,譬如一車芥子能裝載摩揭陀國二十倍的十擔量,若每百年取出一粒芥子,以此方式計數,那輛車中的芥子尚能很快窮盡。然而,菩薩轉變為女性以善巧方便莊嚴歡喜,在此娑婆世界令眾產生熟無上正等正覺,以及安置眾多眾生生於天人之中,卻不是如此。” 然後,那女子被五百女子圍繞在前,從王舍大城出發,前往靈鷲山世尊所在之處。世尊遠遠看見那女子前來,看見后對具壽須菩提說道:“須菩提,你看到這約五百位女子前來嗎?“(須菩提)答道:“世尊,我看到了。“世尊說道:“這些全都是被菩薩轉變為女性以善巧方便莊嚴歡喜而成熟,並安置於無上正等正覺的。” 然後,那女子被五百女子圍繞來到世尊所在之處。到達后,以頭頂禮世尊雙足,坐於一旁。然後,具壽須菩提迎接那女子,合掌行禮。然後,具壽舍利弗對具壽須菩提如是說道:“具壽須菩提,為何向未得聖法、不住聖身的女子行禮?“那女子說道:“長老舍利弗,如果你知道世間誰是聖者,誰不是聖者,請自信地說吧。“長老舍利弗說:“大姐,你知道世間誰是聖者,誰不是聖者嗎?“(女子)說道:“尊者舍利弗,我知道。”

།སྨྲས་པ་དེ་དག་གང་ཡིན། སྨྲས་པ། བཙུན་པ་ཤཱ་རིའི་བུ་འཕགས་པའི་རིགས་མི་གཅོད་པ་གང་དག་ལགས་པ་དེ་དག་ནི་འཕགས་པའོ། །སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་རིགས་མི་གཅོད་པ་གང་དག་ལགས་པ དེ་དག་ནི་འཕགས་པའོ།།འཕགས་པ་རྣམས་ལ་བྱམས་པའི་སེམས་དང་ལྡན་པ་དང་། འཕགས་པ་མ་ཡིན་པ་རྣམས་ལ་ཐར་བ་འདོད་པ་གང་དག་ལགས་པ་དེ་དག་ནི་འཕགས་པའོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་བུད་མེད་རྒྱན་གྱིས་ལེགས་པར་བརྒྱན་པ། གོས་གཙང་མ་སྲབ་མོ་ གྱོན་པ།ཕྱེ་མ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་རྣམས་ལ་སྟེན་པ། འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་ནི་ཆེས་སླའི་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དབེན་པ་ན་གནས་པ་ནི་དེ་ལྟ་མ་ལགས་སོ། ། བཙུན་པ་ཤཱ་རིའི་བུ་གཞན་ཡང་དོན་འདི་ཉིད་བརྡ་སྤྲད་པའི་ཕྱིར་ཁྱོད་ལ་དཔེ་བསྟན་པར་བགྱི་ན་བཙུན་པ་ཤཱ་རིའི་བུ་འདི་ཇི་སྙམ་དུ་དགོངས། མཆིང་བུའི་ནོར་བུ་བཻ་དཱུརྱའི་སྣོད་དུ་བཅུག་པ་འདམ་མམ། འོན་ཏེ་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་འདམ་རྫབ་ཏུ་བཅུག་པ་འདམ། གནས་བརྟན་ཤཱ་རིའི བུས་སྨྲས་པ།ཆེ་ཞེ་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་འདམ་རྫབ་ཏུ་བཅུག་པ་འདམ་གྱི་མཆིང་བུའི་ནོར་བུ་བཻ་དཱུརྱའི་སྣོད་དུ་བཅུག་པ་ནི་དེ་ལྟ་མ་ཡིན་ནོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་བུད་མེད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་ནི་ ཆེས་འཕགས་ཀྱི།དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དབེན་པ་ན་གནས་པ་དེ་ནི་དེ་ལྟ་མ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཆེ་ཞེ་ཁྱོད་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནམ། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཐེག་པ་ཆེན་པོ་ནི་ གང་ལ་ཡང་མི་གནས་ལ་ལྡོག་པ་ཡང་མ་མཆིས་སོ།།སྨྲས་པ། ཆེ་ཞེ་གལ་ཏེ་ཁྱོད་ཐེག་པ་ཆེན་པོ་གང་ལ་ཡང་མི་གནས་ལ་ལྡོག་པ་ཡང་མེད་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་དག་ཡིན་པ་དེ་དག་ཅི་ལ་ཞུགས། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཐེག་པ་ཆེན་པོ་པ་རྣམས་ནི་ ཅི་ལ་ཡང་མི་གནས་ཏེ།མ་རིག་པ་ཟད་པར་བགྱི་བའི་སླད་དུ་དེ་དག་མི་གནས་པ་ནས་རྒ་ཤིའི་བར་དུ་ཟད་པར་བགྱི་བའི་སླད་དུ་དེ་དག་མི་གནས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་ཤཱ་རིའི་བུ་མ་རིག་པ་ནས་རྒ་ཤིའི་བར་དུ་མི་ཟད་པའི་སླད་དུའོ།

以下是對給定文字的完整直譯: (舍利弗)說道:“那些是什麼?“(女子)說道:“尊者舍利弗,不斷聖種者即是聖者。不斷佛、法、僧種者即是聖者。對聖者具有慈心,對非聖者希求解脫者即是聖者。尊者舍利弗,此外,女子以妙飾莊嚴,身著潔凈輕薄衣服,喜好香粉、涂香、花鬘,具足五欲功德,不離一切智心,這反而更容易;而阿羅漢修習八解脫,獨處靜修,卻不是如此。尊者舍利弗,爲了進一步說明這個道理,我將為你舉例說明。尊者舍利弗,你認為如何?是選擇放在毗琉璃器中的青寶石,還是選擇放在泥漿中的無價寶珠?“長老舍利弗說:“大姐,應選擇放在泥漿中的無價寶珠,而不是放在毗琉璃器中的青寶石。“(女子)說道:“尊者舍利弗,同樣地,具足五欲功德而不離一切智心的女子更為殊勝,而獨處靜修八解脫的阿羅漢則不是如此。” 然後,具壽舍利弗說道:“大姐,你是否真正趣入大乘?“(女子)說道:“尊者舍利弗,大乘不住于任何處,也無有退轉。“(舍利弗)說道:“大姐,如果大乘不住于任何處且無有退轉,那麼真正趣入大乘者趣入何處?“(女子)說道:“尊者舍利弗,大乘行者不住于任何處。爲了斷盡無明,他們不住;乃至爲了斷盡老死,他們不住。為什麼呢?尊者舍利弗,因為從無明乃至老死都是不可窮盡的。”

།དེས་ན་དེ་དག་ནི་སྐྱེ་བའི་ཆོས་ཅན་ ཡང་མ་ལགས།འགག་པའི་ཆོས་ཅན་མ་ལགས་སོ། །གལ་ཏེ་སྐྱེ་བར་གྱུར་ན་ནི་དེ་ལས་ཟད་པར་འགྱུར་ན་གང་གི་ཕྱིར་མི་སྐྱེ་བ་དེའི་ཕྱིར་མི་ཟད་དོ། །དེ་བས་ན་ཟད་པ་ཡང་མ་མཆིས། སྐྱེ་བ་ཡང་མ་མཆིས་སོ། །དགེ་སྦྱོང་གི་ཆོས་ནི་མི་སྐྱེ་བའི་ཆོས་ཅན་ནོ། །བཙུན་པ་ཤཱ་རིའི་བུ་དེ་ ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་མ་སྐྱེས་པ་དང་མ་འགགས་པ་ལགས་སོ།།དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཆེ་ཞེ་ཁྱོད་ནི་ལྷར་བཅས་པའི་འཇིག་རྟེན་དང་། ཉན་ཐོས་དང་། རང་སངས་རྒྱས་དང་བཅས་པས་ཕྱག་བྱ་བའི་འོས་ཡིན་ན་ཚེ་དང་ ལྡན་པ་རབ་འབྱོར་གྱིས་ལྟ་ཅི་སྨོས།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཟག་གིས་གང་ཟག་ལ་ཚོད་འཛིན་པ་སུ་ཞིག་མཆིས་ཏེ། ཆེ་ཞེ་འདི་ནི་འདི་ལྟར་རྒྱན་གྱིས་ལེགས་པར་བརྒྱན་ལ་འདི་ལྟར་སྤོབས་པ་ཕུན་སུམ་ ཚོགས་པ་དང་ལྡན་པ་ལགས་སོ།།བུད་མེད་དེས་སྨྲས་པ། བཙུན་པ་ཤཱ་རིའི་བུ་འདི་ནི་རྒྱན་གྱི་སྤོབས་པ་མ་ལགས་སོ། །སྨྲས་པ། འོ་ན་གང་གི་སྤོབས་པ་ཡིན། སྨྲས་པ། བཙུན་པ་ཤཱ་རིའི་བུ་བརྒྱད་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱན་ལགས་ཏེ། བརྒྱད་གང་ཞེ་ན། འདི་ ལྟ་སྟེ།བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱན་དང་། སྙིང་རྗེ་ཆེན་པོའི་ལྷག་པའི་བསམ་པ་ལ་གནས་པའི་རྒྱན་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་ཀྱི་རྒྱན་དང་། ཐོས་པའི་ཆོས་ཡོངས་སུ་འཚོལ་བ་ལ་ཆོག་མི་ཤེས་པའི་རྒྱན་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་དང་ ཇི་ལྟར་ཀུན་ཆུབ་པར་བྱས་པ་རྣམས་ལ་ཚུལ་བཞིན་དུ་སོ་སོར་རྟོག་ཅིང་དཔྱོད་པའི་རྒྱན་དང་།སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཀྱང་ཆོས་ཐམས་ཅད་མི་དམིགས་པའི་རྒྱན་དང་། ཆོས་ཟབ་མོ་རྣམ་པར་ངེས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། སེམས་ཅན་གྱི་དབང་པོ་ མཆོག་དང་།མཆོག་མ་ཡིན་པ་ཤེས་པའི་ཡེ་ཤེས་ཀྱི་རྒྱན་དང་། རྒྱན་དེ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། ཐབས་ལ་མཁས་པའི་རྒྱན་ཏེ། བཙུན་པ་ཤཱ་རིའི་བུ་བརྒྱད་པོ་དེ་དག་ནི་རྒྱན་དག་ལགས་ཏེ། རྒྱན་དེ་དག་གིས་བརྒྱན་པའི་བྱང་ཆུབ་སེམས་དཔའ་ནི་ཐོགས་པ་མེད་པའི་སྤོབས་པ་ དང་ལྡན་ནོ།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།

以下是對給定文字的完整直譯: 因此,它們既非生法,亦非滅法。若有生,則會有盡,因為不生,所以不盡。因此,既無盡,亦無生。沙門法是不生之法。尊者舍利弗,如是,緣起法是不生不滅的。 然後,具壽舍利弗對那位女子如是說道:“大姐,你堪受包括天人在內的世間、聲聞、辟支佛的禮敬,更何況是具壽須菩提。” 接著,具壽舍利弗對世尊如是稟告:“世尊,誰能判斷他人?大姐如此莊嚴裝飾,如此具足辯才。” 那位女子說道:“尊者舍利弗,這不是裝飾的辯才。” (舍利弗)說道:“那麼是什麼的辯才?” (女子)說道:“尊者舍利弗,這八種是菩薩的裝飾。哪八種呢?即:不忘失菩提心的裝飾,安住于大悲增上意樂的裝飾,對一切眾生無嗔恨心的裝飾,對所聞法無厭足尋求的裝飾,如理思維觀察所聞法和所了知法的裝飾,成熟眾生卻不執著一切法的裝飾,通達甚深法、緣起、了知眾生根器勝劣的智慧裝飾,以及佛陀加持和善巧方便的裝飾。尊者舍利弗,這八種即是裝飾。菩薩以這些裝飾莊嚴,即具足無礙辯才。” 然後,具壽舍利弗對世尊如是稟告:

།བཅོམ་ལྡན་འདས་ཆེ་ཞེ་འདི་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་ལགས། དེ་ནས་བུད་མེད་དེས་བདག་ཉིད་ཀྱི་ལུས་ཅི་འདྲ་བ་དེ་ཁོ་ན་འདྲ་བའི་བུད་མེད་དག་གཅིག་ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་དུ་ སྤྲུལ་ཏོ།།སྤྲུལ་ནས་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་ཁྱོད་ཀྱིས་བུད་མེད་འདི་ལ་ག་ལས་ཤི་འཕོས་ཏེ་འདིར་སྐྱེས་ཞེས་དྲིས་ཤིག་།གནས་བརྟན་ཤཱ་རིའི་བུས་སྨྲས་པ། བུད་མེད་འདི་ནི་སྤྲུལ་པ་ཡིན་ཏེ། སྤྲུལ་པ་ལ་ནི་འཆི་འཕོ་དང་སྐྱེ་བ་མེད་དོ། ། སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་སྤྲུལ་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཆོས་ཐམས་ཅད་སྤྲུལ་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་ཤེས་པ་གང་ཡིན་པ་དེ་དག་ལ་ནི་འཆི་འཕོའམ་སྐྱེ་བ་འདྲི་བར་མི་བྱའོ། །དེ་ནས་བཅོམ་ལྡན་འདས ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ།ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བུད་མེད་འགྱུར་བ་ཞེས་བྱ་བ་ཡིན་ཏེ། དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་མངོན་པར་དགའ་བ་ནས་ཤི་འཕོས་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ འདིར་འོངས་སོ།།ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བུད་མེད་འགྱུར་བ་འདིས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བུད་མེད་འགྱུར་བས་ བུད་མེད་ཀྱི་གཟུགས་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།།བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་པའི་བར་དང་། བདག་གི་བུད་མེད་ཀྱི་ལུས་མ་མཆིས་པར་གྱུར་ཏེ། སྐྱེས་པའི་ལུས་སུ་མ་གྱུར་གྱི་བར་ དུ་བཅོམ་ལྡན་འདས་ཀྱི་ཞབས་ལས་མི་ལྡང་ལགས་སོ།།བུད་མེད་ལྔ་བརྒྱ་པོ་དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་བུད་མེད་ཀྱི་རང་བཞིན་ལས་གྱུར་ཏེ། སྐྱེས་པའི་རང་བཞིན་དུ་མ་གྱུར་གྱི་བར་དང་། བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་གྱི་བར་དུ་བདག་ཅག་མི་ལྡང་ལགས་སོ།།དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ།

以下是對給定文字的完整直譯: “世尊,這位大姐從何處死後轉生於此?” 然後,那位女子在具壽舍利弗面前幻化出與自己身形完全相同的女子。幻化后,對具壽舍利弗如是說道:“尊者舍利弗,你問這位女子從何處死後轉生於此。” 長老舍利弗說道:“這位女子是幻化,幻化無有死亡和出生。” (女子)說道:“尊者舍利弗,如是,如來證悟一切法皆為幻化本性之相。對於了知一切法皆為幻化本性之相者,不應詢問其死亡或出生。” 然後,世尊對具壽舍利弗如是宣說:“舍利弗,這是名為’女性轉變’的菩薩摩訶薩,她從不動如來佛土歡喜世界死後轉生,為成熟眾生而來此處。舍利弗,這位’女性轉變’菩薩已在此娑婆世界成熟無量無數眾生,令其趣向無上正等正覺。” 然後,女性轉變菩薩以女性之身,以頭頂禮世尊足,如是稟告:“在我未被授記無上正等正覺之前,在我的女性之身未消失、未轉變為男性之身之前,我不從世尊足下起身。” 那五百位女子也頂禮世尊足,如是稟告:“世尊,我們也在未從女性本性轉變為男性本性之前,在未被授記無上正等正覺之前,我們不起身。” 然後,此時世尊微笑。

།འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེ་ནས་དེའི་མོད་ལ་བཅོམ་ལྡན་འདས་ ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་དུ་མ་སྣ་ཚོགས་འདི་ལྟ་སྟེ།སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་སྟེ། འོད་ཟེར་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་འོད་ཀྱིས་ཁྱབ་པར་བྱས་ནས་ཚངས་ པའི་འཇིག་རྟེན་གྱི་བར་དུ་ཐུག་སྟེ།ཕྱིར་ལོག་ནས་བཅོམ་ལྡན་འདས་ཀྱི་སྤྱི་བོའི་གཙུག་ཏུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ དགའ་བོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་བུད་མེད་འགྱུར་བ་བུད་མེད་ལྔ་བརྒྱས་བསྐོར་བ་དེ་བཞིན་གཤེགས་པའི་ཞབས་ལ་གཏུགས་པ་མཐོང་ངམ།གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ བུད་མེད་འགྱུར་བ་འདི་བསྐལ་པ་བགྲང་བ་ལས་འདས་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ།འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་གྱི་རྒྱལ་པོའི་སྤོབས་ པ་ཅན་ཞེས་བྱ་བར་འགྱུར་ཏེ།དེས་བྱང་ཆུབ་ཐོབ་པ་ན་བུད་མེད་ལྔ་བརྒྱ་པོ་འདི་དག་གཟུངས་ཐོབ་པ་དང་། ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བུད་མེད་འགྱུར་བ་འདིས་ཡོན་ཏན་གྱི་རྒྱན་བསྟན་པ་གང་དག་ཡིན་པའི་རྒྱན་བརྒྱད་པོ་དེ་དག་ གིས་བརྒྱན་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱར་འགྱུར་ཏེ།བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པ་ཡོན་ཏན་གྱི་རྒྱལ་པོ་སྤོབས་པ་ཅན་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ།

以下是對給定文字的完整直譯: 這是諸佛世尊微笑時的法性:隨即從世尊口中放出種種光芒,即藍色、黃色、紅色、白色、橙色、水晶色和銀色等。這些光芒遍照無邊無際的世界,直達梵天界,然後返回,隱沒於世尊頂髻之中。 然後,具壽阿難從座位起身,偏袒右肩,向世尊所在方向合掌頂禮,對世尊如是稟告:“世尊,諸如來不無因無緣而微笑。世尊微笑的因是什麼?緣是什麼?” 世尊宣說:“阿難,你看到女性轉變菩薩與五百女子圍繞,頂禮如來足下嗎?” (阿難)稟告:“世尊,我看到了。” 世尊宣說:“阿難,這位女性轉變菩薩在不可計數劫之後,將證得無上正等正覺,在世間成為如來、應供、正等正覺,名為’功德王具勇者’佛。當她證得菩提時,這五百位女子將獲得陀羅尼、無礙辯才,併成為具備女性轉變菩薩摩訶薩所示現的八種功德莊嚴的五百位菩薩。那些菩薩將被功德王具勇者如來授記無上正等正覺。”

།ཀུན་དགའ་བོ་དེ་བཞིན་གཤེགས་པ་ཡོན་ཏན་ གྱི་རྒྱལ་པོ་སྤོབས་པ་ཅན་དེའི་སངས་རྒྱས་ཀྱི་ཞིང་ཡང་འབྱོར་ཅིང་རྒྱས་ལ།བདེ་བ་དང་། ལོ་ལེགས་པ་དང་། མི་དང་། སྐྱེ་བོ་མང་པོས་གང་བར་འགྱུར་ཏེ། དགའ་ལྡན་གྱི་ལྷའི་ལོངས་སྤྱོད་དང་མཉམ་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེ་ན་བུད་མེད་ནི་མིང་ཙམ་ཡང་མེད་པར་ འགྱུར་ཏེ།སེམས་ཅན་དེ་དག་ཐམས་ཅད་པད་མའི་སྙིང་པོ་ལས་རྫུས་ཏེ་སྐྱེས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ་གཙང་ཞིང་ཚངས་པར་སྤྱོད་པ་དང་། རྒྱན་བརྒྱད་པོ་དེ་དག་གིས་བརྒྱན་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་བུད་མེད་འགྱུར་བ་དེ་དང་། བུད་མེད་ལྔ་བརྒྱ་པོ་ དེ་དག་བཅོམ་ལྡན་འདས་ཀྱིས་མངོན་སུམ་དུ་ལུང་བསྟན་པ་ཐོས་ནས་དགའ་བ་དང་།མཆོག་ཏུ་དགའ་བ་དེ་ཁོ་ནས་ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་འཕགས་ནས། དེའི་མོད་ཁོ་ན་ལ་ཁྱེའུ་ལོ་བཅུ་དྲུག་ལོན་པ་ཙམ་དུ་སྣང་བར་གྱུར་ཏོ། །དེ་དག་བར་སྣང་དེ་ལས་བབས་ཏེ་ བཅོམ་ལྡན་འདས་ལ་ཕྱག་འཚལ་ནས།དེ་བཞིན་གཤེགས་པས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཕྱག་གིས་བྱུགས་སོ། །དེ་ནས་དེ་དག་ཐམས་ཅད་ཀྱིས་དེའི་ཚེ་གཟུངས་དང་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་ པ་ཀུན་དགའ་བོ་ལ་བཀའ་སྩལ་པ།ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཟུང་ལ་གཞན་དག་ལ་ཡང་རྒྱས་པར་ཡང་དག་པར་སྟོན་ཅིག་།གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ཀྱིས་སྤོབས་པ་བཀོད་པའི་རྒྱན་ཅེས་བྱ་བར་ཟུང་ཤིག་།བུད་མེད་འགྱུར་བ་ལུང་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བུད་མེད འགྱུར་བ་འཁོར་དང་བཅས་པ་དང་།ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་ བསྟོད་དོ།། །།འཕགས་པ་བུད་མེད་འགྱུར་བ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།

以下是對給定文字的完整直譯: “阿難,那位功德王具勇者如來的佛土將富饒廣大,安樂豐收,充滿人民,其受用將與兜率天相當。在那佛土中,連’女性’之名都不存在。所有眾生皆從蓮花中化生,結跏趺坐,清凈梵行,以那八種莊嚴而莊嚴。” 然後,女性轉變菩薩和那五百位女子聽到世尊的現前授記后,歡喜踴躍,升至虛空中七棵多羅樹高,剎那間顯現為十六歲少年的形象。他們從虛空降下,向世尊頂禮。如來以手撫摸他們每個人的頭頂。隨即,他們都獲得名為”陀羅尼普照”的三摩地。 然後,世尊對具壽阿難宣說:“阿難,你要受持此法門,並廣為他人如實宣說。” (阿難)稟告:“世尊,此法門的名稱是什麼?應如何受持?” 世尊宣說:“阿難,因此你應將此法門稱為’勇氣莊嚴’而受持。也應稱為’女性轉變授記’而受持。” 世尊如是宣說后,女性轉變菩薩摩訶薩及其眷屬、具壽阿難、諸大聲聞、諸菩薩以及天、龍、阿修羅、乾闥婆等世間眾生皆大歡喜,讚歎世尊所說。 《聖女性轉變授記大乘經》終。

། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་བརྨ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ཤླཽ་ཀ་དྲུག ་བརྒྱ།་བམ་པོ་གཉིས་པའོ།

以下是對給定文字的完整直譯: 印度堪布般若瓦摩和尸羅因陀菩提,以及藏地大譯師班智耶喜德校對翻譯並審定。 六百頌,第二卷。