菩薩藏佛教學會
20
背景
翻譯
下載 ▾

rigral13_阿毗達磨集論莊嚴之花.g2.0f|rigral13_阿毗達磨集論莊嚴之花.g2.0f(續10)

【現代漢語翻譯】 與不一致的方面是,從不信任到邪慧(ཤེས་རབ་འཆལ་པའི་,corrupted wisdom)。削弱是指變得無力,因此,通過不放縱,力量(སྟོབས་,power)被稱為覺悟支(བྱང་ཆུབ་ཀྱི་ཡན་ལག་,limb of enlightenment),與之前的不同。《中邊分別論》中說:『諸根與諸力,決定分相應,各二者。』因此,覺悟支的真實性在於通過見道所斷而清凈。憶念四諦無我(བདེན་པ་བཞི་བདག་མེད་པར་དྲན་པ་,remembering the four truths as selfless)是其他六支的基礎,因為從它產生六支。辨別法無我(ཆོས་བདག་མེད་འབྱེད་པ་,discerning the selflessness of phenomena)是覺悟支的自性。通過精進(བརྩོན་འགྲུས་,diligence),無論想去哪裡都能到達,這是必然的結果。無漏的喜悅(ཟག་མེད་ཀྱི་དགའ་བ་,undefiled joy)使心平靜,這是利益。完全的輕安(ཤིན་ཏུ་སྦྱངས་པ་,perfect pliancy)是指不會被煩惱所染污,因為它摧毀了惡趣。禪定(ཏིང་ངེ་འཛིན་,samadhi)是指在任何情況下都不會被煩惱所染污,因為它獲得了轉依。舍(བཏང་སྙོམས་,equanimity)是指沒有任何煩惱,因為從煩惱中解脫后,心自然安住。 《中邊分別論》中說:『自性支、住支,第三決定生支,第四利益支,三種無煩惱支。』 在痛苦中看到痛苦(སྡུག་བསྔལ་ལ་སྡུག་བསྔལ་དུ་དམིགས་པ་,focusing on suffering as suffering)是安住于寂靜,因為它捨棄了痛苦。在集起中看到集起(ཀུན་འབྱུང་ལ་ཀུན་འབྱུང་དུ་དམིགས་པ་,focusing on arising as arising)是安住于離欲,因為它捨棄了集起。了知滅諦為滅諦(འགོག་པ་ལ་འགོག་པར་ཤེས་པ་,knowing cessation as cessation)是安住于滅諦,因為它實現了滅諦。通過捨棄痛苦及其原因,轉變所依是道,而修習是專注於此。用經文的這句話來連線。捨棄見道所斷(མཐོང་སྤང་སྤངས་པ་,abandoning what is to be abandoned by seeing)是見道的自性。八正道(འཕགས་ལམ་ཡན་ལག་བརྒྱད་,the eightfold noble path)之後被稱為修道。后得位的正見(རྗེས་ཐོབ་ཡང་དག་པའི་ལྟ་བ་,right view in the subsequent attainment)是完全斷除等持的支分,因為它如此執持。正思維(ཡང་དག་པའི་རྟོག་པ་,right thought)是使他人理解的支分,因為它發起並解釋。語言是真實而悅耳的。業邊(ལས་ཀྱི་མཐའ་,end of action)是身語意三門的善業。生活(འཚོ་བ་,livelihood)是遠離五種邪命,即虛偽、誘導、以利求利、諂媚和以所得求所得的生活,通過語言使自己和他人的觀點都得到信任。

【English Translation】 The opposing aspects range from disbelief to corrupted wisdom (ཤེས་རབ་འཆལ་པའི་). Weakening means being rendered powerless, hence, by not indulging, strength (སྟོབས་, power) is called a limb of enlightenment (བྱང་ཆུབ་ཀྱི་ཡན་ལག་, limb of enlightenment), different from the previous one. From the Madhyāntavibhāga: ‘The faculties and the powers, two by two, are in accordance with the decisive factors.’ Therefore, the very correctness of the limb of enlightenment is purity through abandoning what is to be abandoned by seeing. Remembering the four truths as selfless (བདེན་པ་བཞི་བདག་མེད་པར་དྲན་པ་, remembering the four truths as selfless) is the basis for the other six limbs, because the six arise from it. Discerning the selflessness of phenomena (ཆོས་བདག་མེད་འབྱེད་པ་, discerning the selflessness of phenomena) is the very nature of the limb of enlightenment. By diligence (བརྩོན་འགྲུས་, diligence), one necessarily emerges by going wherever one desires. Undefiled joy (ཟག་མེད་ཀྱི་དགའ་བ་, undefiled joy) benefits by pacifying the mind. Perfect pliancy (ཤིན་ཏུ་སྦྱངས་པ་, perfect pliancy) is that by which one does not become completely afflicted, because it destroys bad rebirths. Samadhi (ཏིང་ངེ་འཛིན་, samadhi) is that by which one does not become completely afflicted in any way, because it obtains the transformation of the basis. Equanimity (བཏང་སྙོམས་, equanimity) is the absence of any complete affliction, because after being separated from afflictions, the mind spontaneously abides. From the Madhyāntavibhāga: ‘The nature limb, the abiding limb, the third is the limb of definite emergence, the fourth is the benefit limb, the three are the limbs without affliction.’ Focusing on suffering as suffering (སྡུག་བསྔལ་ལ་སྡུག་བསྔལ་དུ་དམིགས་པ་, focusing on suffering as suffering) is abiding in solitude, because it abandons suffering. Focusing on arising as arising (ཀུན་འབྱུང་ལ་ཀུན་འབྱུང་དུ་དམིགས་པ་, focusing on arising as arising) is abiding in detachment, because it abandons arising. Knowing cessation as cessation (འགོག་པ་ལ་འགོག་པར་ཤེས་པ་, knowing cessation as cessation) is abiding in cessation, because it actualizes it. Transforming the basis by completely abandoning suffering together with its cause is the path, and meditation is focusing on that. Connect with this statement from the sutra. Abandoning what is to be abandoned by seeing (མཐོང་སྤང་སྤངས་པ་, abandoning what is to be abandoned by seeing) is the nature of the path of seeing. The eightfold noble path (འཕགས་ལམ་ཡན་ལག་བརྒྱད་, the eightfold noble path) is shown as the path of meditation by the term ‘below that’. Right view in the subsequent attainment (རྗེས་ཐོབ་ཡང་དག་པའི་ལྟ་བ་, right view in the subsequent attainment) is the limb that completely cuts off the realization of equipoise, because it holds that one has realized in this way. Right thought (ཡང་དག་པའི་རྟོག་པ་, right thought) is the limb that makes others understand, because it initiates and explains. Speech is truthful and pleasant. The end of action (ལས་ཀྱི་མཐའ་, end of action) is virtuous action of the three doors. Livelihood (འཚོ་བ་, livelihood) is a livelihood that is free from the five wrong livelihoods of hypocrisy, inducement, measuring by gain, flattery, and seeking gain with gain, making both oneself and others trust one’s own view through speech.


ེད་དོ། །རྩོལ་བ་ནི་སྒོམ་སྤང་གི་ཉོན་མོངས་པ་ཞེས་བྱ་བ་དང་། དྲན་པ་ ནི་བརྗེད་རྨུགས་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་དང་། ཏིང་ངེ་འཛིན་ནི་མངོན་ཤེས་ལ་སོགས་པའི་ཡོན་ཏན་ཞེས་ཚིག་རྣམ་པར་སྦྱར་རོ། །དབུས་མཐའ་ལས། ཡོངས་སུ་གཅོད་དང་གོ་ བྱེད་དང་། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ། །ཞེས་གསུངས་སོ། །གཉིས་པ་གནས་དང་དབང་པོ་ཐ་དད་པའི་ལམ་བཞི་ལ་དབང་པོ་ ལྔ་རྟུལ་པོས་ཉེར་བསྡོགས་དང་གཟུགས་མེད་ལ་བརྟེན་ནས་ཡན་ལག་གིས་མ་ཟིན་པས་མངོན་ཤེས་བུལ་ལ་ལམ་བསྐྱེད་དཀའ་བ་ཡིན་ནོ། །དེ་བཞིན་དུ་དབང་པོ་རྣོ་བས་ནི་མངོན་ཤེས་མྱུར་ལ། དངོས་ གཞི་མ་ཐོབ་པར་ལམ་བསྐྱེད་པར་དཀའ་བ་དང་། དེ་ལས་བཟློག་པ་དང་། སྔ་མ་ལས་བཟློག་པར་སྦྱར་ཏེ་མཛོད་ལས། བསམ་གཏན་དག་གི་ལམ་རྣམས་སླ། །ས་གཞན་དག་ནི་དཀའ་བ་ཡིན། །བློ་རྟུལ་མངོན་ཤེས་བུལ་བ་སྟེ། ། 1-1608 གཅིག་ཤོས་ཀྱི་ནི་མངོན་ཤེས་མྱུར། །ཞེས་གང་བཤད་པ་ཡིན་ནོ། །གང་དག་ཉེར་བསྡོགས་དང་གཟུགས་མེད་ཡན་ལག་གིས་ཟིན་པར་འདོད་པའི་ལུགས་ལ་ནི་འདི་མི་རུང་ངོ་། །གསུམ་པ་བསླབ་པ་གསུམ་སྦྱོང་ བ་ཆོས་ཀྱི་གནས་བཞིའི་ལམ་ལ་དྲན་པ་ལས་དྲན་པའི་དོན་སྒོམ་པའི་ཏིང་ངེ་འཛིན་འབྱུང་ལ། ཏིང་ངེ་འཛིན་ལ་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་འབྱུང་བའི་ ཕྱིར་རོ། །བཞི་པ་ཡོན་ཏན་ཐམས་ཅད་སྒྲུབ་པའི་ལམ་ཞི་གནས་དང་ལྷག་མཐོང་ལ་དོན་གསུམ་གྱི་དང་པོ་ཞི་གནས་ནི་སེམས་གནས་པའི་ཐབས་དགུ་སྟེ་ནང་ཉིད་ལ་སེམས་འཇོག་པ་ནི་ཕྱིའི་དམིགས་ པ་ལས་གླན་ནས་དང་པོར་ནང་དུ་འཇོག་པའོ། །རྒྱུན་དུ་འཇོག་པ་ནི་དེ་ལ་ཡུན་རིང་དུ་འཛིན་པའོ། །གླན་ཏེ་འཇོག་པ་ནི་འཕྲོས་ན་ཡང་གླན་ནས་འཇོག་པའོ། །ཉེ་བར་འཇོག་པ་ནི་མི་ འཕྲོ་བར་བྱ་བའི་དོན་དུ་དྲན་པ་འཇོག་པའོ། །དུལ་བར་བྱེད་པ་ནི་གཟུགས་སྒྲ་ལ་སོགས་པ་ལ་ཉེས་པར་བལྟས་ནས་འཕྲོར་མི་སྟེར་བའོ། །ཞི་བར་བྱེད་པ་ནི་སེམས་འཁྲུགས་པའི་རྒྱུ་ཉོན་མོངས་ དང་རྣམ་རྟོག་ལ་ཉེས་པར་བལྟས་སྟེ་འཕྲོར་མི་སྟེར་བའོ། །རྣམ་པར་ཞི་བར་བྱེད་པ་ནི་བརྗེད་ནས་དེ་དག་བྱུང་ནའང་དང་དུ་མི་ལེན་པའོ། །རྩེ་གཅིག་ཏུ་བྱེད་པ་ནི་བྱིང་རྒོད་ལ་སོགས་པའི་སྐབས་མེད་པར་རྒྱུན་དུ་སྒོམ་པའོ། ། 1-1609 མཉམ་པར་འཇོག་པ་ནི་དེ་ལྟར་ཤིན་ཏུ་གོམས་པས་ལྷུན་གྲུབ་ཏུ་རྩེ་གཅིག་ཏུ་རྒྱུན་དུ་འབྱུང་བའོ། །དེ་ལྟར་བསྒོམས་པས་འདོད་པའི་སེམས་འདི་དངོས་གཞིར་འགྱུར་བ་ཡིན་ཏེ་མདོ་སྡེ་རྒྱན་ལས། དེ་ ལྟར་དེ་ནི་འཕེལ་བྱས་པས། །འཕེལ་བ་རིང་དུ་འགྲོ་བ་ཡིས། །དངོས་གཞིའི་གནས་པ་དེས་འཐོབ་བོ། །ཞེས་འབྱུང་བ་ཡིན་ནོ། །གཉིས་པ་ལྷག་མཐོང་ལ་ཆོས་ནི་ཤེས་བྱ་སྟེ་རྣམ་པར་འབྱ

【現代漢語翻譯】 努力是指斷除修道上的煩惱,正念是指遺忘昏沉等近分的煩惱,三摩地是指神通等功德,這些詞語是這樣組合的。《中邊分別論》中說:『完全斷除和理解,以及三種不同的信念,都是與不調和的對治,是道的八個支分。』這裡這樣說。第二,根器和官能不同的四種道,五種遲鈍的官能接近,依靠無色界,沒有被支分所掌握,所以神通遲緩,難以生起道。同樣,敏銳的官能神通迅速,但在沒有獲得真實基礎之前,難以生起道。反之亦然,與前者相反。如《俱舍論》所說:『禪定的道路容易,其他地方則困難。遲鈍的智慧神通遲緩,另一種則神通迅速。』這裡所說的是這些。那些認為接近和無色界被支分所掌握的觀點是不允許的。第三,修習三種學處是四法處之道,從正念中產生修習正念之義的三摩地,安住於三摩地中,就能如實地瞭解事物。第四,成就一切功德之道,即止觀,其中有三個要點。首先,止是指九種安住心的方法,即內心安住,這是從外在的目標中轉移,最初安住于內心。持續安住是指長時間地保持這種狀態。轉移安住是指即使散亂也要轉移回來。近安住是指爲了不散亂而保持正念。調伏是指對色聲等視為過患,不放任散亂。寂靜是指對擾亂心緒的煩惱和分別念視為過患,不放任散亂。最極寂靜是指即使忘記了這些,也不接受它們。專注是指沒有昏沉和掉舉等情況,持續地修習。平等安住是指像這樣非常熟悉之後,自然而然地持續專注。像這樣修習,貪慾之心就會成為真實的基礎。《經莊嚴論》中說:『像這樣增長,通過長時間的增長,就能獲得真實的基礎。』這裡是這樣說的。第二,觀是指法,也就是所知,要詳細地解釋。

【English Translation】 Effort refers to abandoning the afflictions of the path of cultivation, mindfulness refers to the near afflictions such as forgetfulness and dullness, and samadhi refers to the qualities such as supernormal powers. These words are combined in this way. The Madhyāntavibhāga states: ‘Completely cutting off and understanding, and three different beliefs, are the antidotes to disharmony, and are the eight limbs of the path.’ It is said here. Second, the four paths with different faculties and senses, the five dull faculties approach, relying on the formless realm, not being grasped by the limbs, so the supernormal powers are slow, and it is difficult to generate the path. Similarly, the sharp faculties have rapid supernormal powers, but it is difficult to generate the path without obtaining a real foundation. The opposite is also true, the opposite of the former. As the Abhidharmakośa says: ‘The paths of meditation are easy, other places are difficult. Dull wisdom has slow supernormal powers, the other has rapid supernormal powers.’ What is said here is this. Those who think that approach and the formless realm are grasped by the limbs are not allowed. Third, practicing the three trainings is the path of the four dharma places, from mindfulness arises the samadhi of meditating on the meaning of mindfulness, and abiding in samadhi, one can know things as they really are. Fourth, the path of accomplishing all qualities, namely śamatha (calm abiding) and vipaśyanā (insight), has three key points. First, śamatha refers to the nine methods of abiding in the mind, namely abiding in the mind itself, which is shifting from external objects and initially abiding in the mind. Continuous abiding refers to maintaining this state for a long time. Shifting abiding refers to shifting back even if scattered. Near abiding refers to maintaining mindfulness in order not to be scattered. Taming refers to regarding forms, sounds, etc. as faults and not allowing scattering. Pacifying refers to regarding the afflictions and conceptual thoughts that disturb the mind as faults and not allowing scattering. Most extremely pacifying refers to not accepting them even if they are forgotten. Focusing refers to continuously practicing without dullness and agitation, etc. Equal abiding refers to the natural and continuous focus that arises after being very familiar with it in this way. Practicing like this, the mind of desire will become the real foundation. The Sūtrālaṃkāra says: ‘Growing like this, through long-term growth, one can obtain the real foundation.’ It is said here. Second, vipaśyanā refers to dharma, that is, what is to be known, to be explained in detail.


ེད་པ་ནི་ ཇི་སྙེད་ཡོད་པ་ལ་དམིགས་པའོ། །རབ་ཏུ་རྣམ་པར་འབྱེད་པ་ནི་བདག་མེད་ཀྱི་དོན་ཇི་ལྟ་བ་ཤེས་པའོ། །ཡོངས་སུ་རྣམ་པར་རྟོག་པ་ནི་ངོ་བོ་ལའོ། །ཡོངས་སུ་རྣམ་པར་དཔྱོད་པ་ནི་ ཁྱད་པར་ལའོ། །བྱེད་ལས་ནི་སྒྲིབ་པ་གཉིས་ཀྱི་གནས་ངན་ལེན་དང་། བདག་གཉིས་སུ་ཞེན་པའི་མཚན་འཛིན་གྱི་གཉེན་པོ་དང་། རྟག་འཛིན་ལ་སོགས་པ་ཕྱིན་ཅི་ལོག་འབྱིན་པ་དང་། ཕྱིན་ཅི་མ་ལོག་ པ་བདེན་གཉིས་ཀྱི་གནས་ལུགས་ལ་སེམས་འཇོག་པར་བྱེད་པའོ། །གསུམ་པ་དེ་གཉིས་ལ་བརྟེན་ནས་ལམ་བཞིར་འགྱུར་ཚུལ་ལ་ལམ་སྒོམ་ཚུལ་བཞིར་འགྱུར་ཏེ་ཞེས་སྦྱར་ཏེ་ཞི་གནས་ལ་བརྟེན་ནས་སྔར་བཞིན་ དཔྱོད་པ་དང་། དེ་ལས་བཟློག་པའི་ཚུལ་གྱིས་སོ། །ཆོས་ནི་ཤེས་བྱ་སྟེ་རྒོད་པ་ནི་གཉིས་པོའི་མི་མཐུན་ཕྱོགས་རྣམ་གཡེང་དང་འཆལ་བའི་ཤེས་རབ་ལ་སོགས་པའོ། །ཚར་གཅད་པ་ནི་སྤོང་བའོ། །དེའང་སྔོན་མ་ཐོས་པས་ལྷག་མཐོང་སྐྱེད་དེ་དེ་ནས་ཞི་གནས་སྒོམ་མོ། ། 1-1610 ཟུང་དུ་འཇུག་པ་ནི་དེ་གཉིས་དུས་མཉམ་དུ་སྒོམ་ཤེས་པའོ། །ལྔ་པ་ལམ་སྡུད་པའི་ལམ་དབང་པོ་གསུམ་བཤད་པ་ལ་དབང་བྱེད་པ་ནི་དབང་པོ་བཅུ་སྟེ་ཡིད་ཀྱི་དབང་པོ་དང་དད་པ་ ལ་སོགས་པ་ལྔ་དང་བདེ་བ་དང་ཡིད་བདེ་དང་བཏང་སྙོམས་ཀྱི་དབང་པོ་བཞི་ནི་རྒྱུད་ལ་ཡོད་པའི་བསམ་གཏན་དང་མཐུན་པར་ཡོད་དེ་དེ་ལྟར་བཅུའོ། །ཡིད་མི་བདེ་ནི་སྦྱོར་ལམ་གྱི་རྗེས་ ཐོབ་ན་བདག་གིས་བྱང་ཆུབ་འཐོབ་བམ་མི་འཐོབ་སྙམ་དུ་སེམས་པ་སྟེ་འདི་དག་ནི་སྲིད་ལྡན་ཡིན་གྱི་ངེས་ལྡན་མ་ཡིན་ནོ། །འདི་གཉིས་ནི་སྔོན་མ་ཤེས་པ་ཤེས་པར་བྱ་བའི་ཕྱིར་ཞུགས་ པས་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱའོ། །བཅུ་པོ་དེ་བཅུ་དྲུག་པ་ནས་རྡོ་རྗེ་ལྟ་བུའི་བར་ནི་སྔོན་མ་ཤེས་པ་ཤེས་པར་བྱར་མེད་པས་ཀུན་ཤེས་པའི་དབང་པོ་ ཞེས་བྱའོ། །མྱང་འདས་ཐོབ་ནས་ཡིད་མི་བདེ་མེད་པས་དགུ་པོ་དེ་མི་སློབ་པའི་ལམ་ལ་ནི་ཀུན་ཤེས་པ་དང་ལྡན་པས་དེའི་དབང་པོ་ཞེས་བྱའོ། །གསུམ་པ་གོང་མའི་ལམ་སྒོམ་པ་ན་འོག་ མ་ལ་དབང་ཐོབ་པའི་སྒོམ་པ་ཡོད་པར་བསྟན་པའི་དང་པོའི་ས་པ་ལ་འདོད་པའི་མ་ཆགས་པ་ལ་སོགས་པ་མངོན་དུ་མ་གྱུར་ཀྱང་དབང་འབྱོར་བའི་རྒྱུ་མཚན་གྱིས་སྒོམ་པ་ཡིན་པ་ནི་འོག་མ་དེ་བཟང་པོར་སྦྱངས་པས་གོང་མའི་དགེ་བ་འབྱུང་བས་གོང་མའི་ནང་དུ་འོག་མ་འདུས་ནས་ཡོད་པའི་ཕྱིར་རོ། ། 1-1611 དེ་བཞིན་དུ་སྲིད་རྩེ་བར་དུའོ། །ལྔ་པ་མཐར་ཕྱིན་པའི་ལམ་ལ་མདོ་དང་རྒྱས་པ་གཉིས་ཀྱི་དང་པོ་ལ་རྡོ་རྗེ་ལྟ་བུས་སྤངས་རྟོགས་མཐར་ཕྱིན་པ་ཐོབ་པ་མི་སློབ་པའི་ལམ་དུ་བརྟན་ པ་ནི་མཐར་ཕྱིན་པ་ཞེས་བྱ་བ་ནས་མི་སྐྱེ་བ་ཤེས་པའི་བར་རོ། །མི་སློབ་པའི་ཆོས་བཅུ་དེར་བསྟན་པ་ནི་མི་སློབ་པའི་ནས་ཡང་དག་པའི་ཤེས་པའི་བར་རོ། །འཕགས་ལམ་བརྒྱད་ནི་ བཤད

【現代漢語翻譯】 專注是指專注于所有存在的事物。完全區分是指了解無我的真實含義。完全理解是指事物的本質。完全分析是指事物的特性。作用是作為兩種障礙的惡劣基礎的解藥,作為執著於二元自我的解藥,扭轉諸如常執等的顛倒觀念,並將心安住在非顛倒的真諦二諦的實相上。第三,基於這二者,如何轉變為四道,即結合四種修行方式,基於止觀,如前所述進行觀修,並以相反的方式進行。法是所知,散亂是二者的不利因素,如散亂和邪慧等。降伏是指斷除。這也是指首先通過聞思生起勝觀,然後修習止觀。 雙運是指能夠同時修習這二者。第五,在總結道的三個根力時,主宰是指十力,即意根、信等五根,以及樂根、意樂根和舍根四根,這些都與相續中的禪定相符,總共十種。不樂是指在加行道之後,心想『我能獲得菩提嗎,還是不能獲得?』,這些都是有系屬的,而不是確定的。這二者是爲了使先前未知的被知曉而進入,因此被稱為使一切未知被知曉的根力。從第十六剎那到金剛喻定之間,由於先前未知的無法被知曉,因此被稱為知一切的根力。獲得涅槃后,由於沒有不樂,因此這九種在無學道中被稱為具有一切知的根力。第三,在修習上道時,表明能夠獲得對下道的自在的修習存在,即使第一地的不貪等沒有顯現,由於能夠自在的原因,也是修習,這是因為下道被很好地修習,從而產生上道的功德,因此下道包含在上道之中。 同樣直到有頂。第五,在究竟道中,經部和廣說二者中,首先以金剛喻定獲得斷證究竟,並在無學道中穩固,這被稱為究竟,直到了知不生。在那裡所說的無學法的十法是無學……直到正見。八聖道是已經解釋過的。

【English Translation】 Focusing is to focus on all things that exist. Complete differentiation is to know the true meaning of selflessness. Complete understanding is about the essence of things. Complete analysis is about the characteristics of things. The function is as an antidote to the bad foundation of the two obscurations, as an antidote to the clinging to the dualistic self, to reverse inverted notions such as the clinging to permanence, and to settle the mind on the reality of the two truths, which are not inverted. Third, based on these two, how it transforms into the four paths, that is, combining the four ways of practice, based on calm abiding, to practice insight as before, and to do it in the opposite way. Dharma is what is to be known, and distraction is the unfavorable aspect of the two, such as distraction and corrupt wisdom. Subduing is to abandon. This also means first generating insight through hearing and thinking, and then practicing calm abiding. Union is to be able to practice these two simultaneously. Fifth, when summarizing the three powers of the path, mastery refers to the ten powers, namely the faculty of mind, the five faculties such as faith, and the four faculties of pleasure, mental pleasure, and equanimity, which are in accordance with the samadhi in the continuum, thus there are ten in total. Displeasure refers to thinking ‘Will I attain enlightenment or not?’ after the stage of application, these are contingent and not definite. These two are entered in order to make the previously unknown known, therefore they are called the power that makes all the unknown known. From the sixteenth moment to the vajra-like samadhi, since the previously unknown cannot be known, it is called the power of knowing everything. After attaining nirvana, since there is no displeasure, these nine in the path of no more learning are called the power of having all knowledge. Third, when practicing the higher path, it shows that there is a practice of gaining mastery over the lower path, even if the non-attachment etc. of the first ground do not manifest, it is still practice because of the reason of being able to be free, this is because the lower path is well practiced, thus the merit of the higher path arises, therefore the lower path is included in the higher path. Similarly, up to the peak of existence. Fifth, in the ultimate path, in both the Sutra and the extensive explanation, first, the ultimate attainment of abandonment and realization is attained with the vajra-like samadhi, and it is stabilized in the path of no more learning, this is called ultimate, until knowing the unborn. The ten dharmas of no more learning that are taught there are no more learning… until right knowledge. The eight noble paths have been explained.


་ཟིན་ལ་རྣམ་པར་གྲོལ་བ་ནི་སྒྲིབ་པ་ལས་གྲོལ་བ་མི་རྟོག་པའི་ཡེ་ཤེས་སོ། །ཡང་དག་པའི་ཤེས་པ་ནི་རྗེས་ཀྱི་ཡེ་ཤེས་ཏེ་ཡང་དག་པའི་ལྟ་བ་ནི་མཉམ་བཞག་གཅོད་པའི་ ལྡོག་པའི་ཆ་བཟུང་ནས་བཤད་དོ། །རྒྱས་བཤད་ལ་དྲུག་གི་དང་པོ་གནས་ངན་ལེན་བཤད་པ་ལ་མངོན་བརྗོད་ཀྱི་གནས་ངན་ལེན་ནི་སྤྲོས་པའི་བག་ཆགས་ཏེ་ཀུན་ཏུ་འགྲོ་བ་ནི་ཁམས་ཐམས་ཅད་ དུའོ། །ཚོར་བའི་གནས་ངན་ལེན་ནི་ཟག་བཅས་ཀྱི་ཚོར་བའི་བག་ཆགས་སོ། །ཉོན་མོངས་དང་ལས་ཀྱི་གནས་ངན་ལེན་ཡང་དེ་བཞིན་ནོ། །རྣམ་སྨིན་གྱི་གནས་ངན་ལེན་ནི་རྣམ་སྨིན་གྱི་ལུས་ལས་སུ་ མི་རུང་བའི་ས་བོན་ནོ། །ཉོན་སྒྲིབ་ཀྱི་གནས་ངན་ལེན་ནི་དེ་ཤས་ཆེ་ཞིང་རྒྱུན་རིང་བའོ། །ལས་སྒྲིབ་ནི་མཚམས་མེད་ལྔ་ལ་སོགས་པའོ། །རྣམ་སྨིན་གྱི་སྒྲིབ་པ་ནི་བདེན་པ་རྟོགས་པའི་རྟེན་དུ་མི་རུང་བ་ངན་སོང་གསུམ་དང་ལྷ་ཚེ་རིང་པོ་དང་སྒྲ་མི་སྙན་པའོ། ། 1-1612 སྒྲིབ་པ་ནི་ལྔ་པོའོ། །རྟོག་པ་ནི་འདོད་པ་ལ་རྟོག་པ་ལ་སོགས་པའོ། །ཟས་ཀྱི་གནས་ངན་ལེན་ནི་བཟང་ངན་དང་མང་ཉུང་ལ་སོགས་པའོ། །འཁྲིག་པ་ནི་འདོད་ཆགས་སོ། །རྨི་ལམ་ནི་གཉིད་ དུས་ཀྱིའོ། །ནད་ལ་སོགས་པ་ནི་གསལ་ལོ། །གནས་ངན་ལེན་བརྟན་པ་ནི་རིགས་ཆད་དོ། ། ཆེ་འབྲིང་ཆུང་གསུམ་ནི་འདོད་ཁམས་ལ་སོགས་པ་གསུམ་དང་སྦྱར་རོ། །ཉོན་སྒྲིབ་ནི་ཉན་རང་གི་སྒྲིབ་པའོ། ། སྙོམས་འཇུག་གི་སྒྲིབ་པ་ནི་མཐར་གྱིས་གནས་པའི་སྙོམས་འཇུག་དགུ་ལ་སྒྲིབ་པའོ། །ཤེས་སྒྲིབ་ནི་ཀུན་མཁྱེན་ལ་སྒྲིབ་པའོ། །དེ་དག་གི་གནས་ངན་ལེན་ནི་ས་བོན་དེ་སྤངས་པས་དེས་བསྐྱེད་པའི་མངོན་ དུ་རྒྱུའང་སྤངས་པའོ། །དེ་ལ་དགྲ་བཅོམ་འགའ་ཞིག་ལ་མངོན་བརྗོད་དང་ལས་དང་ནད་ལ་སོགས་པའི་གནས་ངན་ལེན་ཡོད་དེ་དགྲ་བཅོམ་སེམས་གཡེངས་པ་དང་། གཞན་གྱི་བརྡུངས་པ་དང་ན་བ་ལ་སོགས་ པ་བཤད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཆ་ལས་རྣམ་གྲོལ་ལ་སྙོམས་འཇུག་གི་སྒྲིབ་པ་ཡོད་མོད་ཀྱི་མི་སློབ་པ་ཕལ་ཆེ་བ་ལ་འདི་དག་མེད་པས་རྒྱུན་བཅད་པ་ཞེས་གསུངས་སོ། །མདོ་ལས་ འདི་དག་སྤངས་པས་སྒོ་གསུམ་ཤིན་ཏུ་དུལ་བ་དང་ཤིན་ཏུ་སྦས་པ་དང་ཤིན་ཏུ་བསྲུངས་པ་དང་ཤིན་ཏུ་བསྡམས་པ་ལ་སོགས་པར་བཤད་དོ། །གཉིས་པ་ཕྲད་བྲལ་གྱི་ཐོབ་པ་ལ་གནས་ངན་ལེན་བསགས་པ་དང་ཟད་པ་ལ་བཏགས་པ་ནི་འདི་གཉིས་བཏགས་ཡོད་དུ་བསྟན་ཏོ། ། 1-1613 གསུམ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་སྒོམ་ལམ་ཆེན་པོའི་ཆེན་པོ་སྤོང་བའི་ལམ་གྱི་གནས་སྐབས་ཏེ་ཉན་རང་ལ་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་མགོ་གནོན་པ་སྦྱོར་ལམ་དང་ས་ བོན་སྤོང་བ་བར་ཆད་མེད་པའི་ལམ་མོ། །བྱང་ཆུབ་སེམས་དཔའ་ལ་སྒྲིབ་པ་གཉིས་སྤོང་བ་ལ་སྔ་མ་བཞིན་སྦྱར་རོ། །སྒྲིབ་པ་ཐམས་ཅད་ནི་རང་རང་གིའོ། །བར་ཆད་མེད་པ་ནི་མི་སློབ་ པ་ལས་སྒྲིབ་པས་ཟློག་མ

【現代漢語翻譯】 解脫是指從障礙中解脫,即無分別智。正確的知識是后得智,正確的見解是指在止觀雙運中,從遮遣的角度進行闡述。 在詳細解釋的六個部分中,首先是關於惡趣的解釋。關於名言的惡趣是指戲論的習氣,即普遍存在於一切界。感受的惡趣是指有漏感受的習氣。煩惱和業的惡趣也是如此。異熟的惡趣是指異熟身中無法使用的種子。煩惱障的惡趣是指煩惱占主導地位且持續時間長。業障是指五無間罪等。異熟障是指無法作為證悟真理所依的,即三惡趣、長壽天和聲音不悅耳之處。 障礙有五種。分別是對慾望等的分別。食物的惡趣是指食物的好壞、多少等。性行為是指貪慾。夢是指睡眠時的。疾病等是顯而易見的。惡趣穩固是指斷絕了種姓。大、中、小三種與欲界等三界相對應。煩惱障是指聲聞和緣覺的障礙。等持的障礙是指障礙九次第定。所知障是指障礙一切智。這些惡趣是指斷除了種子,從而也斷除了由其產生的顯現。 其中,一些阿羅漢有名言、業和疾病等的惡趣,因為經典中記載了阿羅漢心散亂、被他人毆打和生病等情況。從智慧的角度來說,解脫中有等持的障礙,但大多數無學道者沒有這些障礙,因此被稱為斷絕了相續。經典中說,斷除了這些,身語意三門會變得非常調柔、非常隱秘、非常守護和非常約束等。第二,關於相離的獲得,積聚和耗盡惡趣被認為是這二者是假立存在的。 第三,金剛喻定是指大瑜伽士道中,對治道的階段,即聲聞和緣覺對微小煩惱進行壓制是加行道,斷除種子是無間道。菩薩斷除二障也如前所述。一切障礙都是各自的。無間道是指無學道不再被障礙所阻擋。

【English Translation】 Liberation is to be freed from obscurations, which is non-conceptual wisdom. Correct knowledge is subsequent wisdom, and correct view is explained from the perspective of negation in the union of quiescence and insight. In the six parts of the detailed explanation, the first is the explanation of bad states. The bad state of manifestation is the habit of elaboration, which is pervasive in all realms. The bad state of feeling is the habit of contaminated feeling. The bad states of affliction and karma are also the same. The bad state of fruition is the seed of the fruition body that cannot be used. The bad state of afflictive obscuration is when affliction is dominant and lasts for a long time. Karmic obscuration refers to the five inexpiable sins, etc. The obscuration of fruition is that which cannot serve as a basis for realizing the truth, such as the three lower realms, long-lived gods, and unpleasant sounds. There are five obscurations. Discrimination refers to discrimination of desire, etc. The bad state of food refers to good or bad, much or little, etc. Sexual intercourse refers to desire. Dreams refer to the time of sleep. Sickness, etc., are clear. The stability of the bad state is the extinction of lineage. The three, great, medium, and small, are associated with the three realms, such as the desire realm. Afflictive obscuration refers to the obscuration of Hearers and Solitary Realizers. The obscuration of meditative absorption refers to the obscuration of the nine successive abidings of meditative absorption. Cognitive obscuration refers to the obscuration of omniscience. The bad states of these are that by abandoning the seed, the manifestation produced by it is also abandoned. Among them, some Arhats have bad states of manifestation, karma, and sickness, etc., because it is said that Arhats are distracted, beaten by others, and sick, etc. From the aspect of wisdom, there is the obscuration of meditative absorption in liberation, but most non-learners do not have these, so it is said that the continuum is cut off. The sutra says that by abandoning these, the three doors of body, speech, and mind become very subdued, very hidden, very guarded, and very restrained, etc. Second, regarding the attainment of separation, the accumulation and exhaustion of bad states are said to be imputed. Third, the Vajra-like Samadhi is the stage of the path of abandonment in the great path of great yogis, where Hearers and Solitary Realizers suppress the smallest of afflictions in the path of preparation, and abandoning the seed is the uninterrupted path. Bodhisattvas abandoning the two obscurations is applied as before. All obscurations are their own. The uninterrupted path is that the non-learner is no longer obstructed by obscurations.


ི་ནུས་པའོ། །བརྟན་པ་ནི་སྒྲིབ་པས་བསྐྱེད་མི་ནུས་པའོ། །སྲ་བ་ནི་དེས་སྒྲིབ་པ་ཐམས་ཅད་འཇོམས་པའོ། །རོ་གཅིག་པ་ནི་མི་རྟོག་པར་རོ། །ཁྱབ་པ་ནི་ཐམས་ཅད་ ལ་ཁྱབ་པའི་དེ་བཞིན་ཉིད་ལ་དམིགས་པས་སོ། །དེ་ལ་མཚོན་བྱེད་ཀྱི་དཔེ་ལ་ཁྱད་པར་ལྔ་པོ་འདི་ལ་དགོངས་ནས་ཞེས་པ་སྟེ་མ་གྲུབ་པ་ནས་འཁྲེགས་པའི་བར་ལྔ་ནི་སྔ་མ་སྔ་ མ་དང་སྦྱར་རོ། །གལ་ཏེ་འདི་ལ་སྤང་བྱ་ཡོད་ན་དེ་གཉིས་ལྷན་ཅིག་མི་གནས་པའི་འགལ་བར་མི་འགྱུར་ལ། སྤང་བྱ་མེད་པའི་ལམ་ཡིན་ན་མི་སློབ་པར་འགྱུར་ཞིང་། ཡོད་ཀྱང་སངས་རྒྱས་ ཀྱི་སས་སྤོང་ན་ཡང་དེ་སློབ་པར་འགྱུར་རོ་ཞེ་ན། ཡོད་ཀྱང་དེ་ཉིད་ཀྱིས་ནུས་པ་མེད་དུ་བྱས་ཏེ་ནུས་མེད་དེ་རྡོ་རྗེ་ལྟ་བུ་དང་དུས་མཉམ་དུ་འགགས་པའི་རྗེས་སུ་མི་སློབ་པའི་ལམ་སྐྱེ་ལ་གནོད་མེད་དུ་ལྷན་ཅིག་ནས་མི་སྲིད་པས་འགལ་བར་ཡང་འཐད་དོ། ། 1-1614 བཞི་པ་གནས་གྱུར་ལ་སེམས་ཀྱི་གནས་གྱུར་ནི་སེམས་རང་བཞིན་གྱིས་འོད་གསལ་བ་གློ་བུར་གྱི་དྲི་མ་ཐམས་ཅད་དང་བྲལ་བའོ། །ལམ་གྱི་གནས་གྱུར་ནི་སློབ་ལམ་མི་སློབ་པའི་ལམ་དུ་གྱུར་ པའོ། །གནས་ངན་ལེན་གནས་གྱུར་པ་ནི་ཀུན་གཞི་སྒྲིབ་པའི་ས་བོན་དང་བྲལ་བའོ། །ལྔ་པ་ཟད་མི་སྐྱེ་ཤེས་པ་ལ་རྒྱུ་ཀུན་འབྱུང་ཟད་ནས་ཤེས་པ་སྐྱེས་པའམ་ཀུན་འབྱུང་ཟད་པའི་འགོག་པ་ ལ་དམིགས་པའི་ཡེ་ཤེས་དང་འབྲས་བུ་སྡུག་བསྔལ་སྤངས་ནས་ཤེས་པ་སྐྱེས་པའམ་དེ་མི་སྐྱེ་བའི་འགོག་པ་ལ་དམིགས་པའི་ཡེ་ཤེས་སོ་ཞེས་སྦྱར་ན་ཐེག་པ་ཐུན་མོང་གི་ལུགས་ཡིན་ནོ། །ཐེག་ ཆུང་བའི་ལུགས་ནི་མཛོད་ལས། ཟད་པ་ཤེས་པ་བདེན་རྣམས་ལ། ཡོངས་ཤེས་ལ་སོགས་ངེས་པའོ། །ཡོངས་ཤེས་བྱར་མེད་ཅེས་ལ་སོགས། །མི་སྐྱེ་བའི་བློར་འདོད་དོ། །ཞེས་འབྱུང་བ་ཡིན་ནོ། །ཐེག་ཆེན་པ་ ནི་དོན་དམ་པར་ཟད་མི་སྐྱེ་མེད་པར་ཤེས་པ་ལ་འདོད་དེ་མངོན་རྟོགས་རྒྱན་ལས། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་ རིམ་བཞིན་དུ་ཤེས་པར་བྱ། །ཞེས་འབྱུང་བ་ཡིན་ནོ། །དྲུག་པ་མི་སློབ་པའི་ཆོས་བཅུ་བཤད་པ་ལ་མི་སློབ་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །ཡང་དག་པའི་དྲན་པ་དང་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། ། 1-1615 ཡང་དག་པའི་ལྟ་བ་དང་རྟོག་པ་དང་རྩོལ་བ་གསུམ་ནི་ཤེས་རབ་ཀྱི་ཕུང་པོའོ། །དེ་ལྟར་ན་ཟག་མེད་ཀྱི་ཕུང་པོ་ལྔའི་དབང་དུ་བྱས་པ་ཡིན་ནོ། །གསུམ་པ་ཉེ་བར་བསྡུ་བ་ལ་ དེ་ཁོ་ནའི་དོན་ནི་བདེན་བཞིའི་བདག་མེད་དོ། །ཉོན་མོངས་པ་ནི་རིགས་པ་དང་བྲལ་བའོ། །ཕྱིན་ཅི་མ་ལོག་པ་ནི་མི་རྟག་པ་དང་བདག་མེད་པ་ལ་སོགས་པར་རྟོགས་པའོ། །ཞི་བདེ་ལ་ རྟག་པ་ནི་མྱང་འདས་ཏེ་དེར་འགྲོ་བར་བྱེད་པའོ། ། གསུམ་པ་བདེན་

【現代漢語翻譯】 的能力。堅固是指煩惱無法產生。堅硬是指它能摧毀一切煩惱。味道唯一是指無分別。遍及是指緣于遍及一切的真如。其中,作為象徵的例子,考慮到這五個特點,即從『未成立』到『堅硬』這五個方面,要與前一個前一個相聯繫。如果這有需要斷除的,那麼兩者不會同時存在,不會構成矛盾。如果沒有需要斷除的道,那麼就不會有修學。即使有需要斷除的,但由佛地斷除,也仍然需要修學。即使有需要斷除的,但它本身已經失去了作用,就像金剛一樣,與金剛同時滅盡之後,不修學的道產生,並且沒有損害,同時存在是不可能的,因此也符合矛盾的說法。 第四,轉變處,心的轉變處是指心自性光明,遠離一切突發的垢染。道的轉變處是指有學道轉變為無學道。所取蘊轉變處是指阿賴耶識遠離了染污的種子。第五,了知盡與不生,是指了知了生起之因的集盡,而生起了智慧,或者緣于集盡的滅諦的智慧,以及果,斷除了痛苦而生起了智慧,或者緣于不生的滅諦的智慧。如果這樣聯繫,則是共同乘的觀點。《俱舍論》中說:『盡智于諸諦,遍知等決定,于無遍知等,許為無生智。』這是小乘的觀點。大乘則認為,在勝義諦中了知無盡無生,如《現觀莊嚴論》所說:『垢盡及不生,智慧說為覺,由無盡無生,故當次第知。』這是大乘的觀點。第六,宣說無學十法,無學的語、業邊際和活命三種是戒蘊。正念和等持是定蘊。 正見、正思和正勤三種是慧蘊。這樣,就是從無漏五蘊的角度來說的。第三,簡要歸納,其唯一的意義是四諦的無我。煩惱是與理性相違背的。不顛倒是指了知無常和無我等。寂靜安樂的常是指涅槃,是趨向涅槃的。

【English Translation】 The ability to do so. Steadfastness means that afflictions cannot arise. Hardness means that it destroys all afflictions. The single taste means non-discrimination. Pervasive means focusing on suchness that pervades everything. Among them, as an example of symbolism, considering these five characteristics, that is, from ‘unestablished’ to ‘hardness,’ these five aspects should be related to the previous one. If there is something to be abandoned in this, then the two will not coexist and will not constitute a contradiction. If there is no path to be abandoned, then there will be no learning. Even if there is something to be abandoned, but it is abandoned by the Buddha-ground, it still needs to be learned. Even if there is something to be abandoned, but it itself has lost its function, like a vajra, after it is extinguished at the same time as the vajra, the path of non-learning arises, and there is no harm, and it is impossible to coexist, so it also conforms to the statement of contradiction. Fourth, the transformation of the place, the transformation of the mind is that the mind is naturally clear and free from all sudden defilements. The transformation of the path is the transformation of the learning path into the non-learning path. The transformation of the place of suffering is that the alaya consciousness is free from the seeds of defilement. Fifth, knowing the exhaustion and non-arising means knowing that the cause of arising is exhausted, and wisdom arises, or wisdom that is related to the cessation of the truth of suffering, and as a result, wisdom arises after suffering is eliminated, or wisdom that is related to the cessation of non-arising. If this is connected, it is the view of the common vehicle. The Abhidharmakosha says: ‘Exhaustion-knowledge of the truths, complete knowledge, etc., are definite, and non-complete knowledge, etc., are considered non-arising wisdom.’ This is the view of the Hinayana. The Mahayana believes that in the ultimate truth, knowing that there is no exhaustion and no arising, as the Ornament of Clear Realization says: ‘Exhaustion of defilements and non-arising, wisdom is said to be enlightenment, because there is no exhaustion and no arising, so one should know in order.’ This is the view of the Mahayana. Sixth, explaining the ten non-learning dharmas, the three of non-learning speech, the boundary of action, and livelihood are the aggregate of discipline. Right mindfulness and samadhi are the aggregate of samadhi. The three of right view, right thought, and right effort are the aggregate of wisdom. In this way, it is from the perspective of the five aggregates of non-outflow. Third, brief summary, its only meaning is the selflessness of the four truths. Afflictions are contrary to reason. Non-perversion means knowing impermanence and selflessness, etc. The permanence of peace and happiness refers to nirvana, which is to go to nirvana.


བཞིའི་རྣམ་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒོ་ནས་བཞག་པ་ལ་དང་པོ་དེ་གཉིས་ཀྱི་ཁྱད་པར་དངོས་ནི་བདེན་ པ་རྣམས་ལ་ཞེས་བྱ་བས་སྟོན་པ་ན་འཇིག་རྟེན་པ་རྣམས་ནི་དེ་བཞིན་ཉིད་མངོན་སུམ་དུ་མ་རྟོགས་པས་ཤེས་བྱ་ལ་ལེགས་པར་མ་ཞུགས་པ་ཡིན་ལ། སྒྲིབ་པའི་ས་བོན་ཡོད་པས་སྒྲིབ་ པ་དང་བཅས་པའོ། །སྒྲ་དོན་སྦྱར་ནས་འཛིན་པས་རྟོག་པ་དང་བཅས་པའོ། །འཇིག་རྟེན་ལས་འདས་པ་ལ་དེ་ལས་བཟློག་པ་གསུམ་མོ། །གཉིས་པ་རྟོག་མེད་ཀྱི་དོན་བཤད་པ་ལ་རྟོག་པ་དང་བྲལ་ ན་མི་རྟག་པ་ལ་སོགས་པའི་ཤེས་བྱ་ལ་ལེགས་པར་ཞུགས་པ་མི་རུང་ངོ་ཞེ་ན་འདི་ལྟར་ཞེས་གསུངས་ཏེ་རྣམ་པ་ནི་མི་རྟག་པ་ལ་སོགས་པའོ། །མི་རྟག་པ་ཉིད་དོ་ཞེས་སྒྲ་དོན་སྦྱར་ནས་མི་མཐོང་བའོ། ། 1-1616 ཇི་ལྟར་མཐུན་མཐུན་ནི་ངེས་འབྱིན་གྱི་དོན་མཐོང་གི་ངེས་འབྱིན་ཉིད་དོ་ཞེས་བྱ་བའི་བར་དུ་སྦྱོར་བའོ། །ཆོས་མངོན་པའི་བཤད་པ་རྒྱན་གྱི་མེ་ཏོག་ལས་བདེན་པ་རྣམ་པར་ངེས་པ་ཞེས་བྱ་ བ་ཀུན་ལས་བཏུས་པ་གཉིས་པའི་རྣམ་པར་བཤད་པའོ། ། ༈ ཆོས་རྣམ་པར་ངེས་པ། དེ་ལྟར་བདེན་པ་བཞི་རྟོགས་པའི་སྔོན་དུ་གསུང་རབ་འགྲོ་བས་གསུང་རབ་ཀྱི་དོན་བཤད་པ་ཆོས་རྣམ་པར་ངེས་པའི་སྤྱི་དོན་ལ་གསུང་རབ་ ཀྱི་ངོ་བོ་ནི་བྱེ་བྲག་ཏུ་སྨྲ་བ་སྒྲ་སྤྱིའི་ཕྲེང་བ་གཞུང་གི་ཚད་དང་མཉམ་པ་མི་ལྡན་པའི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་ལ་འདོད་ལ། མདོ་སྡེ་པ་སྒྲ་རང་གི་མཚན་ཉིད་ གཞུང་གི་ཚད་དང་མཉམ་པ་གཟུགས་ཀྱི་ཕུང་པོས་བསྡུས་པ་ལ་འདོད་དེ་མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་སམ་ འདུ་བྱེད་དག་ཏུ་འདུས། །ཞེས་གསུངས་པ་ཡིན་ནོ། །སེམས་ཙམ་པ་རྣམས་ནི་གཟུགས་ལ་སོགས་པ་ཕྱི་རོལ་གྱི་དོན་མེད་པས་ཡིད་ཤེས་སྒྲའི་རྣམ་པར་སྐྱེས་པ་གཞུང་གི་ཚད་དང་མཉམ་པ་ལ་འདོད་ ཅིང་། དབུ་མ་པ་རྣམས་ནི་དེ་དག་དང་ཅི་རིགས་སུ་མཐུན་པར་སྨྲའོ། །གསུང་རབ་ཀྱི་ཚད་ནི་སྟོན་པ་འདིའི་གསུང་རབ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡིན་ལ་དེ་རེ་རེའི་ཚད་ནི་ཐེག་ཆུང་བ་ཤ་རིའི་བུས་བྱས་པའི་བསྟན་བཅོས་ཆོས་ཀྱི་ཕུང་པོའི་ཚད་ལ་འདོད་དེ་དེ་ལ་ནི་ཤླཽ་ཀ་དྲུག་སྟོང་ཡོད་དོ། ། 1-1617 ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་བདེན་པ་དང་རྟེན་འབྲེལ་དང་གནས་དང་གནས་མ་ཡིན་པ་ལ་སོགས་པའི་དོན་སྣ་རེ་རེ་ཙམ་འཆད་པ་ལ་འདོད་དེ། མཛོད་ལས། ཁ་ཅིག་བསྟན་བཅོས་ ཚད་ཅེས་ཟེར། །ཕུང་པོ་ལ་སོགས་གཏམ་རེ་ཡིན། །ཞེས་འབྱུང་བ་ཡིན་ནོ། །ཐེག་པ་ཐུན་མོང་བ་ནི་དེ་གཅིག་གི་ཚད་ཤླཽ་ཀ་སྟོང་ཡིན་ལ་ཀུན་བསྡོམས་པ་ལ་ནི་ཤླཽ་ཀ་བྱེ་བ་ཕྲག་ བརྒྱད་དང་འབུམ་ཕྲག་བཞི་བཅུར་འགྱུར་རོ་ཞེས་འདོད་དོ། །ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ

【現代漢語翻譯】 將四種相從世間和出世間的角度進行劃分,首先,這兩者的區別在於,世間法是指那些沒有如實證悟真如,沒有完全進入所知境,具有煩惱的種子,因此是有染污的,執著于名言和意義的結合,因此是有分別的。而出世間法,則與此相反,具備無染污、無分別的特點。其次,解釋無分別的含義,如果遠離分別,就不能完全進入無常等所知境,對此,經中說『像這樣』,相是指無常等,『僅僅是無常』,是指不執著于名言和意義的結合。『如何一致』,是指證悟的意義,連線到『證悟本身』之間。這是《俱舍論》的註釋《教法顯現莊嚴》中,關於四諦的決定的第二品解釋。 教法之決定 如是,在證悟四諦之前,需要學習經藏,因此,解釋經藏的意義,關於教法之決定的總義,經藏的體性,小乘有部宗認為,是與經文的量相等的名言的集合,由不相應的行蘊所攝。經部宗認為,是名言自體的特徵,與經文的量相等,由色蘊所攝。如《俱舍論》所說:『八萬四千法蘊,如來所說彼一切,或是名句之自體,攝為色或不相應。』 唯識宗認為,由於色等外境不存在,因此是意識生起為名言的相狀,與經文的量相等。中觀宗則認為,與上述觀點在不同程度上相符。經藏的量,本師的經藏是八萬四千法蘊,每一法的量,小乘法中,以舍利子所著的論典《法蘊》的量為準,其中有六千頌。 此外,對於蘊、界、處、諦、緣起、處、非處等,僅僅解釋其中一個意義,如《俱舍論》所說:『有說經量者,謂蘊等一事。』共同乘的量,每一法的量是一千頌,總共有八十四俱胝頌。大乘不共乘

【English Translation】 The four aspects are classified from the perspective of the mundane and the supramundane. Firstly, the difference between these two is that the mundane refers to those who have not directly realized Suchness, have not fully entered the knowable realm, possess the seeds of defilements, and are therefore defiled. They cling to the combination of names and meanings, and are therefore conceptual. The supramundane, on the other hand, has three characteristics opposite to these. Secondly, explaining the meaning of non-conceptualization, if one is separated from conceptualization, one cannot fully enter the knowable realm of impermanence, etc. In response to this, the sutra says ‘like this,’ the aspect refers to impermanence, etc., ‘merely impermanence,’ refers to not clinging to the combination of names and meanings. ‘How consistent,’ refers to the meaning of realization, connecting to ‘realization itself.’ This is the explanation of the second chapter on the determination of the four truths in the commentary on the Abhidharma-kosa, ‘The Ornament of Manifestation of the Doctrine.’ Determination of the Doctrine Thus, before realizing the four truths, one needs to study the sutras. Therefore, explaining the meaning of the sutras, regarding the general meaning of the determination of the doctrine, the nature of the sutras, the Sarvastivada school believes that it is a collection of names equal to the volume of the scriptures, gathered by non-corresponding compositional aggregates. The Sautrantika school believes that it is the characteristic of the names themselves, equal to the volume of the scriptures, gathered by the form aggregate. As the Abhidharma-kosa says: ‘Eighty-four thousand aggregates of Dharma, all spoken by the Buddha, are either the self-nature of names and sentences, gathered as form or non-corresponding.’ The Mind-Only school believes that since external objects such as form do not exist, it is the appearance of consciousness arising as names, equal to the volume of the scriptures. The Madhyamaka school believes that it is consistent with the above views to varying degrees. The volume of the sutras, the sutras of this teacher are eighty-four thousand aggregates of Dharma, the volume of each Dharma, in the Small Vehicle, is based on the volume of the treatise ‘Dharma Aggregate’ written by Sariputra, which contains six thousand verses. In addition, for aggregates, realms, sources, truths, dependent origination, places, non-places, etc., only one meaning is explained, as the Abhidharma-kosa says: ‘Some say the volume of the scriptures is one thing such as aggregates.’ The volume of the common vehicle is one thousand verses for each Dharma, and the total is eighty-four hundred million verses. The Uncommon Great Vehicle


་ནི་ལྷའི་དབང་པོའི་གླང་པོ་ཆེ་རབ་བརྟན་གྱིས་ཐེག་པའི་སྣག་ཚས་ནི་ཆོས་ཀྱི་ཕུང་པོ་གཅིག་ འབྲི་ནུས་སོ། །འདིས་ནི་མདོ་སྡེ་དྲིན་ལན་བབས་པ་ལས་ལྷ་སྦྱིན་གྱིས་སྤོས་ཀྱི་གླང་པོ་ཆེ་ལྔ་སྟོང་གིས་ཐེག་པའི་མདོ་སྡེ་རྣམས་ཁ་འདོན་དུ་རྗོད་པར་བྱེད་དོ་ཞེས་གསུངས་པ་ཡང་ལེགས་ པར་བཤད་པར་འགྱུར་རོ། །འཛམ་བུའི་གླིང་ན་ཅིའི་ཕྱིར་དེ་ཙམ་ཞིག་མི་སྣང་ཞེ་ན་ཕལ་ཆེར་ཀླུ་རྣམས་ཀྱི་ཡུལ་ན་བཞུགས་ཏེ་ཙན་ཏྲ་གོ་མིའི་སློབ་མ་ལ་སྤྲིངས་བ་ལས། བསྟན་པ་རིན་ ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོ་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱི་གཙུག་གི་རྒྱན་བཞིན་གུས་མནོས་ནས། །ས་ཡི་གཏིང་ན་གནས་པའི་རབ་རིབ་སེལ་བར་མཛད། ། 1-1618 ཅེས་གསུངས་པ་བཞིན་ནོ། །ངེས་ཚིག་ནི་འཕོ་བ་དང་གཅོད་པ་དང་སྔོན་དུ་འགྲོ་བར་འཁོར་ལོ་རིན་པོ་ཆེ་དང་འདྲ་བས་ཆོས་ཀྱི་འཁོར་ལོའམ་རྗོད་བྱེད་ཀྱི་ཆོས་དུ་མ་སྤུངས་པ་ལ་ཆོས་ ཀྱི་ཕུང་པོའམ་གསུང་རབ་ཀྱི་ཚོགས་ཞེས་ཀྱང་བྱའོ། །གཞུང་གི་དོན་ལ་མདོ་སྡེ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་བཤད་པ་ནས་ཤིན་ཏུ་རྒྱས་པའི་མདོ་སྡེ་བྱེ་བྲག་ཏུ་བཤད་པའི་བར་བརྒྱད་ ལས་དང་པོ་ལ་དོན་གསུམ་གྱི་རབ་ཏུ་དབྱེ་བ་ནི་ཆོས་རྣམ་པར་ངེས་པ་གང་ཞེ་ན་ཞེས་བྱ་བས་སྟོན་ཏོ། །གཉིས་པ་སོ་སོའི་དོན་ལ་མདོ་སྡེའི་སྨོས་པ་ནི་མདོར་བསྡུས་པའོ། །རྐྱང་ པ་ནི་ལྷུག་པའོ། །བསྡུས་ནས་གསུངས་པའི་དགོས་པ་ལ་དོན་མང་པོ་ཚིག་ཉུང་ངུས་བརྗོད་ན་གོ་སླ་བ་ནི་རྣམ་པར་གཞག་སླ་བ་དང་བཤད་སླ་བའོ། །ཚིག་ཉུང་ངུས་དོན་མང་པོ་སྟོན་ན་ ཆོས་ལ་གུས་པ་སྐྱེའོ། །གུས་ནས་ཤེས་རབ་གསུམ་གྱིས་ཞུགས་ན་ནི་མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་རོ། །དེ་རྟོགས་ན་གསུམ་གྱི་ཡོན་ཏན་ཤེས་པའི་དད་པ་འཐོབ་སྟེ་འདི་ལྟ་བུ་རྟོགས་པ་ འདི་ལྟ་བུ་སྟོན་པ་འདི་ལྟ་བུ་སྒྲུབ་པ་ཞེས་བྱ་བ་ལ་སོགས་པར་ཤེས་ནས་སོ། །རྟོགས་སླ་བ་ཚེ་དེ་ཉིད་ལ་རྟོགས་པས་ནི་མཐོང་བའི་ཆོས་ཏེ་ཚེ་ལ་བདེ་བ་སེམས་དགའ་བས་རྒྱས་པའོ། ། 1-1619 རྟོགས་པ་ལས་འབེལ་གཏམ་འབྱུང་བས་འབེལ་བའི་ཞེས་གསུངས་ཏེ་གཏན་ལ་འབེབས་པ་ནི་དོན་ངེས་པར་བྱེད་པའོ། །དམ་པ་ནི་ཕྲག་དོག་ལ་སོགས་པའི་དྲི་མ་མེད་པའོ། །གྲངས་སུ་འགྲོ་བ་ནི་མཁས་ པའི་གྲགས་པ་འབྱུང་བའོ། །མདོའི་སྡེ་དེ་ཉིད་དུ་ཞེས་བྱ་བ་ནི་ཡན་ལག་བཅུ་གཉིས་ལ་གླེགས་བམ་ཐ་དད་དུ་ངེས་པ་ནི་མེད་ཀྱི་ལྷུག་པར་གསུངས་པའི་གླེགས་བམ་དེ་ཉིད་དུ་ཞེས་སྦྱར་ ཏེ་དཀོན་མཆོག་བརྩེགས་པ་ལ་སོགས་པའི་མདོ་སྡེ་འགའ་ཞིག་བཞིན་ནོ། ། དབྱངས་ཀྱིས་བསྙད་པའི་སྒྲ་གཞན་དུ་བསྙད་པའམ་དྲང་བ་ལ་བྱས་པའི་ཚེ་ཕ་དང་མ་ནི་གསད་བྱ་ཞིང་ཞེས་བྱ་བ་ལ་ སོགས་པའི་དྲང་དོན་རྟོགས་པར་བྱེད་དོ་ཞེས་སྟོན་པ་ནི་ཡང་ཞ

【現代漢語翻譯】 如果用天界帝釋天的坐騎,名叫『極堅』的大象所能承載的墨水,可以書寫一部佛法典籍。 這也能很好地解釋《報恩經》中所說,天授用五千頭香象承載的經典進行誦讀。 如果有人問,為什麼在南贍部洲沒有這麼多(經典)顯現呢?那是因為它們大多在龍族居住的地方,正如旃扎果彌(Candragomin,印度佛教論師)的弟子所說:『珍貴佛法至善且無害,何為清凈之理具龍威,如 महान्त 頂上之莊嚴,恭敬受持于地之深處,遣除 अंधकार。』 正如上面所說。詞源解釋是,像輪寶一樣,具有轉移、斷除和先導的作用,因此稱為法輪,或者說是堆積了眾多表達法的法,所以也稱為法蘊或聖教之集合。 關於經文的內容,從解釋十二部經的含義,到詳細解釋非常廣大的經典,共有八個方面,首先,以『什麼是對法的正確理解』來闡述對三個方面的區分。 第二,關於各個方面的含義,『經』指的是簡略的,『單』指的是散文體。 簡略講述的必要性在於,用少量文字表達大量含義,更容易理解,也更容易闡述。用少量文字表達大量含義,會讓人對佛法產生敬意。如果帶著敬意,通過聞、思、修三慧來修習,就能迅速證悟法性。如果證悟了法性,就能獲得對三者的功德的信心,從而瞭解什麼是證悟,什麼是教導,什麼是修行等等。 容易證悟,即在今生就能證悟,因此是現見之法,今生就能獲得快樂,內心充滿喜悅。 從證悟中產生對話,因此說是『對話』,確定下來就是明確含義。『聖』指的是沒有嫉妒等污垢。『被計數』指的是獲得智者的名聲。『在經部本身中』指的是十二部經沒有必要分別存在於不同的書本中,而是結合在散文體的書本中,例如《寶積經》等一些經典。 當以其他方式表達或引導讚頌之聲時,例如『父母是該殺的』等等,這表明能夠理解隱義,這就是所要闡述的內容。

【English Translation】 If the ink carried by Rab-brtan (steadfast), the elephant of the lord of the gods, could write a single collection of teachings. This also well explains what is said in the Sutra of Gratitude, that Lha-sbyin (given by the gods) recites the sutras carried by five thousand incense elephants. If one asks why there are not so many visible in Jambudvipa (the world), it is because they mostly reside in the land of the nagas (serpent beings), as sent to the student of Tsan-tra Go-mi (Candragomin): ‘The precious doctrine is as good as it is harmless, what is the way to be completely pure, the naga with a proud head, like the ornament on the crown of the great ones, respectfully received in the depths of the earth, dispelling the darkness.’ As stated above. The etymology is that, like a precious wheel, it has the function of moving, cutting, and going forward, so it is called the wheel of dharma, or it is a collection of many expressions of dharma, so it is also called a collection of dharma or a collection of scriptures. Regarding the meaning of the text, from explaining the meaning of the twelve branches of scripture to specifically explaining the very extensive scripture, there are eight aspects. First, the distinction of the three aspects is shown by ‘What is the correct determination of dharma?’ Second, regarding the meaning of each, ‘sutra’ refers to the abbreviated. ‘Single’ refers to prose. The need for brevity is that expressing many meanings with few words is easier to understand and easier to explain. Expressing many meanings with few words gives rise to respect for the dharma. If one enters with respect through the three wisdoms, one will quickly realize the nature of dharma. If one realizes that, one will gain faith in knowing the qualities of the three, knowing what is realization, what is teaching, what is practice, and so on. Easy to realize, that is, realizing in that very life, so it is the dharma of seeing, happiness in life increases with joy in the mind. Since conversation arises from realization, it is said to be ‘conversation’, and settling it is to make the meaning definite. ‘Holy’ means without the defilement of jealousy and so on. ‘To be counted’ means that the fame of the wise arises. ‘In the sutra itself’ means that there is no need for the twelve branches to be definitely in different volumes, but rather to be combined in the prose volume itself, like some sutras such as the Heap of Jewels. When the sound of praise is expressed or guided in another way, such as ‘father and mother are to be killed’ and so on, this shows that one can understand the implied meaning, which is what is to be explained.


ེས་བྱ་བ་ཡིན་ནོ། །གསུང་རབ་གང་ལས་ཉན་ཐོས་མྱ་ངན་ལས་འདས་ཏེ་ཞེས་སྦྱར་ཏེ་སངས་རྒྱས་འོད་སྲུངས་ཀྱི་དུས་ཀྱི་ཉན་ ཐོས་ཤི་བ་དང་། ཉེ་བའི་སོགས་པ་རྒྱལ་པོ་མྱ་ངན་མེད་ཀྱི་ཚེ་འབྱུང་བ་ལ་སོགས་པའོ། །འདི་ནི་མཚོན་པ་སྟེ་རྒྱལ་པོ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལུང་བསྟན་པའང་འདིར་གཟུང་ ངོ་། །ངེས་དོན་ལུང་བསྟན་པར་འཆད་པ་ནི་དགོངས་པ་རྣམ་པར་ཕྱེ་ནས་ལུང་སྟོན་པའི་ཕྱིར་རོ། །དེ་ལ་དྲང་དོན་ནི་ལུང་དེའི་དོན་སྒྲ་ཇི་བཞིན་པ་མ་ཡིན་པར་དོན་གཞན་དུ་དྲང་དགོས་པ་ཡིན་ལ། 1-1620 ངེས་དོན་ནི་སྒྲས་བཤད་པ་དེ་ཁོ་ན་ལྟར་ངེས་པ་ཡིན་ནོ། །བདེན་གཉིས་སྟོན་པ་ལ་དེ་གཉིས་སུ་བྱས་པའང་ཡོད་མོད་ཀྱི་ཀུན་རྫོབ་ཉིད་ལའང་བདེན་བརྫུན་གྱིས་གཉིས་སུ་དབྱེའོ། །ཚིགས་ནི་དུམ་ བུ་སྟེ་སྦྱར་བ་ནི་བཅད་པའོ། །རྩ་བ་ནི་རྐང་པའོ། །དེ་ལྟ་ན་རྐང་པ་བཞི་པ་ཁོ་ན་གྲགས་སོ། །ཚིགས་སུ་བཅད་པའི་རྣམ་པར་དབྱེ་བའི་ལུགས་གཞན་ནི་སྡེབ་སྦྱོར་གྱི་བསྟན་བཅོས་སུ་ བལྟའོ། །ཡིད་རང་བ་ནི་སྟོན་པ་ཉིད་དེ་མ་ཞུས་པར་དགེ་སློང་དག་གིས་འདི་ལྟར་བསྒྲུབ་པར་བྱའོ། །མ་འོངས་པ་ན་འདི་དང་འདི་ལྟ་བུ་འབྱུང་ངོ་ཞེས་ཆེད་དུ་གསུངས་པའོ། །གང་གི་ཆེད་ དུ་ཞེས་བྱ་བ་ནི་དགེ་འདུན་གྱི་ཆེད་དུ་འཁྲིག་པ་སྤོང་བའི་བསླབ་པ་གསུངས་པ་དང་། བཟང་སྦྱིན་ལ་ལྟུང་བ་བྱུང་བ་དང་བཅས་པའི་ད་ཕྱིན་ཆད་མི་བྱའོ་ཞེས་བསླབ་པ་བཅས་པ་གསུངས་ པའོ། །དཔེས་ནི་དོན་གསལ་བར་རྟོགས་པར་བྱེད་པས་རྟོགས་པ་བརྗོད་པའོ། །སྔོན་གྱི་སྦྱོར་བ་ནི་ཏིང་ངེ་འཛིན་རྒྱལ་པོ་ལས། ང་ནི་དེ་ཚེ་རྒྱལ་པོ་དཔའ་བས་བྱིན། །མེ་ཏོག་ཟླ་མཛེས་པདྨའི་བླ་ མ་ཡིན། །དགའ་བྱེད་དེ་ནི་ཞི་བའི་རྒྱལ་བར་གྱུར། །ཞེས་བྱ་བ་ལ་སོགས་པ་སྔོན་གྱི་གཏམ་རྒྱུད་དོ། །སྐྱེས་རབས་ནི་ཐམས་ཅད་སྒྲོལ་དང་ལེགས་པར་ཕ་རོལ་སེམས་དང་རྒྱལ་པོ་གསེར་མདོག་ལ་སོགས་པའོ། ། 1-1621 བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི་དེའི་ལམ་འབྲས་བུ་དང་བཅས་པ་སྟོན་པ་སྟེ་འདིའི་ཕན་པ་དང་ཕྱི་མའི་བདེ་བ་འབྱུང་བ་དང་། བྱང་ཆུབ་ཀྱི་སྤྱོད་པ་རྒྱས་པ་དང་ཤེས་བྱ་མ་ལུས་ པ་འཆད་པས་རྒྱ་ཆེ་བ་དང་ཆོས་ཀྱི་བདག་མེད་སྟོན་པས་ཟབ་པའི་ཕྱིར་ཤིན་ཏུ་རྒྱས་པའོ། །སྒྲིབ་པ་ཐམས་ཅད་ནི་གཉིས་ཀའོ། །མཚུངས་པ་ནི་གཞི་ལམ་འབྲས་བུ་གསུམ་འདྲ་བའོ། །འདི་ལ་ནི་ ཆེན་པོ་བདུན་དང་ལྡན་པས་ཐེག་ཆེན་ཞེས་བརྗོད་དེ་དམིགས་པ་ཆེན་པོ་ནི་སྟོང་ཕྲག་བརྒྱ་པ་ལ་སོགས་པ་གཞན་དོན་སྟོན་པའི་མདོ་སྡེ་ལ་དམིགས་པའོ། །སྒྲུབ་པ་ཆེན་པོ་ནི་རང་གཞན་གཉིས་ ཀའི་དོན་སྒྲུབ་པའོ། །ཡེ་ཤེས་ཆེན་པོ་ནི་བདག་མེད་གཉིས་ཀ་ཤེས་པའོ། །བརྩོན་འགྲུས་ཆེ་བ་ནི་གྲངས་མེད་གསུམ་དུ་དཀའ་བ་བརྒྱ་སྟོང་ལ་སྦྱོར་བའོ། །ཐབས་མཁས་ཆེ་བ་ནི་སྲིད་ཞི་

【現代漢語翻譯】 被稱為『應知』。從哪部經中可以得知『聲聞已入涅槃』呢?例如,佛陀迦葉佛時期聲聞的示寂,以及近期的阿育王時期等等。這只是一個例子,國王和菩薩等人的授記也包括在這裡。 解釋『真實義授記』是因為要區分意圖而進行授記。因此,『不了義』是指授記的意義並非字面意思,而必須轉向其他意義;『了義』是指字面解釋即是確定的意義。 雖然在宣說二諦時也有將二者分開的情況,但在世俗諦中也可以通過真假來區分。『句』是部分,『連線』是切斷。『根本』是章節。這樣一來,只有四句偈才廣為人知。關於詩偈分類的其他體系可以在韻律學著作中找到。 『信解』是指佛陀自己宣說,無需請求,比丘們也應如此修行。『未來將出現如此這般』是指特意宣說未來會發生的事情。『爲了誰』是指爲了僧團而宣說捨棄淫慾的戒律,以及善施(名字)犯戒后,告誡以後不再犯同樣的錯誤。 『譬喻』是通過比喻使意義清晰易懂,因此是表達理解的方式。『過去的事蹟』例如《三昧王經》中所說:『我那時是勇施國王,是蓮花月美的上師,歡喜者成爲了寂靜的國王。』等等,都是過去的故事。『本生』包括《一切施》、《善生》、《月亮童子》、《金光國王》等等。 菩薩藏是指宣說菩薩道的道路和果實,包括帶來今生和來世的利益,增長菩薩行,以及闡述所有應知的事物,因此是廣大的;由於宣說了法無我,因此是甚深的,所以是極其廣大的。所有的障礙都是指二障(煩惱障和所知障)。『相似』是指基礎、道路和果實三者相似。因此,由於具備七種偉大,所以被稱為『大乘』。偉大的目標是指以《般若十萬頌》等為代表的,指向宣說利他之道的經藏。偉大的修行是指成就自他二利。偉大的智慧是指了知二無我(人無我和法無我)。偉大的精進是指在三大阿僧祇劫中勤修百千苦行。偉大的方便是指在輪迴和寂靜中…

【English Translation】 It is called ‘to be known’. From which scripture can it be known that ‘the Shravakas have entered Nirvana’? For example, the passing away of the Shravakas during the time of Buddha Kashyapa, and the events during the time of King Ashoka, etc. This is just an example; the prophecies of kings and Bodhisattvas are also included here. Explaining ‘definitive meaning prophecy’ is because the prophecy is made after distinguishing the intention. Therefore, ‘provisional meaning’ means that the meaning of the prophecy is not literal, but must be turned to another meaning; ‘definitive meaning’ means that the literal explanation is the definite meaning. Although there are cases where the two truths are separated when explaining the two truths, even in the relative truth, they can be distinguished by true and false. ‘Verse’ is a part, ‘connection’ is cutting off. ‘Root’ is a chapter. In this way, only the four-line verse is well known. Other systems of classifying verses can be found in works on metrics. ‘Faith and understanding’ means that the Buddha himself proclaims it, and the Bhikshus should practice in this way without being asked. ‘Such and such will happen in the future’ means specifically proclaiming what will happen in the future. ‘For whom’ means that for the sake of the Sangha, the precepts of abandoning sexual desire are proclaimed, and after Sudāna (name) breaks the precepts, he is warned not to make the same mistakes in the future. ‘Metaphor’ is to make the meaning clear and easy to understand through metaphor, so it is a way of expressing understanding. ‘Past deeds’ such as what is said in the Samadhiraja Sutra: ‘I was then the King Brave Giver, the teacher of Lotus Moon Beauty, the joyful one became the King of Peace.’ etc., are all past stories. ‘Jataka’ includes ‘All Giving’, ‘Vessantara’, ‘Chandra Kumara’, ‘Golden Light King’, etc. The Bodhisattva Pitaka refers to the path and fruit of the Bodhisattva path, including bringing benefits in this life and the next, increasing Bodhisattva conduct, and explaining all that should be known, so it is vast; because it proclaims the selflessness of phenomena, it is profound, so it is extremely vast. All obscurations refer to the two obscurations (afflictive obscurations and cognitive obscurations). ‘Similar’ means that the basis, path, and fruit are similar. Therefore, because it possesses seven greatnesses, it is called ‘Mahayana’. The great object refers to the sutras that proclaim the benefit of others, represented by the Hundred Thousand Prajnaparamita Sutra. Great practice refers to accomplishing the benefit of oneself and others. Great wisdom refers to knowing the two selflessnesses (selflessness of person and selflessness of phenomena). Great diligence refers to diligently practicing hundreds of thousands of difficult practices in three great incalculable eons. Great skillful means refers to being in samsara and peace…


ལ་མི་ གནས་པའོ། །ཐོབ་པ་ཆེ་བ་ནི་སངས་རྒྱས་ཀྱི་ཡོན་ཏན་ཐོབ་པའོ། །འཕྲིན་ལས་ཆེ་བ་ནི་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་སྒྲུབ་པའོ། །ཉན་ཐོས་ཀྱི་རྨད་དུ་བྱུང་བ་ནི་ཤྭ་རིའི་ བུའི་ཤེས་རབ་དང་མཽའུ་གལ་གྱི་རྫུ་འཕྲུལ་དང་། རྟ་ཐུལ་གྱི་སྤྱོད་པ་ཞི་བ་དང་། མ་འགགས་པའི་ལྷའི་མིག་དང་། ལམ་ཕྲན་པའི་གཞན་དོན་ལ་སོགས་པའོ། །བྱང་ཆུབ་སེམས་དཔའི་རྨད་དུ་བྱུང་བ་ནི་འཇམ་དཔལ་གྱི་ཤེས་རབ་དང་སྤྱན་རས་གཟིགས་ཀྱི་སྙིང་རྗེ་དང་ཕྱག་ན་རྡོ་རྗེའི་མཐུ་སྟོབས་ལ་སོགས་པའོ། ། 1-1622 སངས་རྒྱས་ཀྱི་རྨད་དུ་བྱུང་བ་ནི། བདག་ཅག་གི་སྟོན་པའི་ཐུགས་རྗེ་དང་འོད་དཔག་མེད་ཀྱི་སྐུ་ཚེ་དང་སྨན་གྱི་བླའི་མཚན་གྱི་ཡོན་ཏན་དང་། མེ་ཏོག་ཀུན་ཏུ་རྒྱས་པའི་ཞིང་ཁམས་ལ་ སོགས་པའོ། །ཆོས་ནི་ཤེས་བྱ་སྟེ་མཚན་ཉིད་ནི་རང་དང་སྤྱིའི་མཚན་ཉིད་དོ། །གསུམ་པ་སྣོད་གསུམ་དུ་བསྡུ་བ་ལ་དང་པོ་དོན་དངོས་ནི་མདོའི་སྡེ་ལ་སོགས་པ་ཞེས་པ་སྟེ་འདི་ལ་ནི་ སྔར་བཅུ་གཉིས་ཀྱི་དོན་དང་འགལ་བ་དུ་མ་འོང་བར་སྣང་སྟེ་མདོ་སྡེ་དང་དབྱངས་ཀྱིས་བསྙད་པ་དང་ཚིགས་སུ་བཅད་པ་ལ་སོགས་པ་ལ་ཐེག་ཆེན་གྱི་མདོ་སྡེ་སྣང་བའི་ཕྱིར་དང་། རྟོགས་ པ་བརྗོད་པ་ལ་སོགས་པ་གཞན་གཉིས་སྣང་བའི་ཕྱིར་དང་ཉན་ཐོས་ཀྱི་རྨད་དུ་བྱུང་བ་ནི་ཉན་ཐོས་ཀྱི་སྡེ་སྣོད་དུ་རིགས་པའི་ཕྱིར་རོ། །གཉིས་ཀ་ནི་ཐེག་པ་ཆེ་ཆུང་ངོ་། །ཡང་ན་ གཙོ་འཁོར་དུ་ཕྱེ་སྟེ་བཤད་དོ། ། གཉིས་པ་སྡེ་སྣོད་གསུམ་དུ་བཞག་པའི་དགོས་པ་ལ་གསུམ་གྱི་དང་པོ་ཉེ་བའི་ཉོན་མོངས་གསུམ་སྤང་བའི་ཆེད་དུ་བཞག་པ་ནི་ཅིའི་ཕྱིར་ཞེས་བྱ་བ་སྟེ་ མདོ་སྡེས་ནི་ལས་འབྲས་ལ་སོགས་པ་ལ་ཐེ་ཚོམ་སེལ་བར་བྱེད་དོ། །འདུལ་བའི་གསོག་འཇོག་སྤོང་བ་ལ་སོགས་པས་ནི་འདོད་ཡོན་ལ་ཆགས་པ་འདོད་པ་བསོད་ཉམས་ཀྱི་མཐའ་སྤོང་ལ། བརྒྱ་སྟོང་རི་བའི་གོས་དང་ཁང་བཟངས་དང་འོ་ཐུག་ལ་སོགས་པ་གནང་བས་ནི་དོན་མེད་པའི་དཀའ་ཐུབ་བདག་ཉིད་ཐུབ་པའི་མཐའ་སྤོང་ངོ་། ། 1-1623 བདག་ལྟ་དང་ལོག་ལྟ་ལ་སོགས་པ་ལ་མཆོག་ཏུ་འཛིན་པས་ནི་ཆོས་མངོན་པས་ལྟ་བ་བཟང་ངན་དུ་མ་བཤད་ནས་སྤོང་བའོ། །གཉིས་པ་བསླབ་པ་གསུམ་བསྟན་པའི་ཆེད་དུ་བཞག་པ་ལ་མདོ་ སྡེའི་སྡེ་སྣོད་ཀྱིས་བསླབ་པ་གསུམ་ཀ་སྟོན་ལ། འདུལ་བས་སེམས་ཀྱི་བསླབ་པ་སྟོན་པ་ནི། དེས་ཚུལ་ཁྲིམས་བསྒྲུབས་ནས་དེ་དང་ལྡན་ན་འགྱོད་པ་མེད་པར་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །ཆོས་ མངོན་པས་ནི་ཤེས་བྱ་མ་ལུས་པ་འབྱེད་པའོ། །གསུམ་པ་ཆོས་དང་དོན་གྱི་དབང་དུ་བྱས་ཏེ་བཞག་པ་ལ་ཆོས་ནི་རྗོད་བྱེད་སྒྲའི་ཆོས་སོ། །དོན་ནི་བརྗོད་བྱའི་དོན་ནོ། །རྗོད་པ་ནི་བྱང་ བར་བྱེད་པའོ། །གཞིའི་གནས་ནི་ཚུལ་ཁྲིམས་ཏེ་བཤེས་པའི་སྤྲིང་ཡིག་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི

【現代漢語翻譯】 喇嘛(lama,上師)的境界。獲得大的利益是獲得佛陀的功德。大的事業是輪迴未空之際利益眾生。聲聞(nyanthö,梵文:Śrāvaka, слушатель)的奇特之處是舍利子(Shwari’i bu,梵文:Śāriputra,舍利弗)的智慧、目犍連(Mö’u gal,梵文:Maudgalyāyana,目犍連)的神通、迦葉(Ta thul,梵文:Kāśyapa,迦葉)的寂靜行為、阿那律(Ma ‘gag pa’i lha’i mig,梵文:Aniruddha,阿那律)的天眼、以及小乘的利他等等。菩薩(changchub sempa,梵文:Bodhisattva,菩提薩埵)的奇特之處是文殊(Jampal,梵文:Mañjuśrī,文殊)的智慧、觀音(Chenrezik,梵文:Avalokiteśvara,觀世音)的慈悲、金剛手(Chakna Dorje,梵文:Vajrapāṇi,金剛手)的力量等等。 佛陀的奇特之處是:我等導師的慈悲、無量光(Ödpakme,梵文:Amitābha,阿彌陀佛)的壽命、藥師佛(Men Gyi Bla,梵文:Bhaiṣajyaguru,藥師琉璃光如來)名號的功德、以及妙華莊嚴世界(Metok Küntu Gyepai Zhingkham)等等。法是所知,體相是自相和共相。第三,歸納為三藏,首先,實際內容是經藏等等,這似乎與之前的十二部經的意義有很多矛盾之處,因為經藏、應頌、諷誦等等有大乘經典,譬喻等等有其他二者,聲聞的奇特之處在於屬於聲聞的律藏。二者是大乘和小乘。或者可以分為主和眷屬來解釋。第二,安立三藏的必要性,分為三點,首先,爲了斷除三種近分的煩惱而安立,為什麼呢?經藏可以消除對業果等等的疑惑。律藏通過積累和捨棄等等來斷除對欲妙的貪執,斷除耽著慾望的邊,通過允許百千離婆多的衣服、宮殿和乳粥等等來斷除無意義的苦行,斷除自我折磨的邊。 執著於我見和邪見等等,法相論通過不分別好壞來斷除見解。第二,爲了展示三種學處而安立,經藏展示了三種學處,律藏展示了心的學處,因為通過持戒,具備戒律就不會後悔,從而可以平等地安住於心。法相論可以辨別所有的所知。第三,從法和意義的角度安立,法是能詮說的聲音之法。意義是所詮說的意義。詮說是使之清凈。基礎是戒律,如《親友書》所說:『戒是因和非因的』

【English Translation】 The state of a Lama (teacher). Obtaining great benefit is obtaining the qualities of the Buddha. Great activity is fulfilling the welfare of sentient beings as long as samsara exists. The wondrous aspects of the Shravakas (listeners) are the wisdom of Shariputra (Śāriputra), the miraculous powers of Maudgalyayana, the peaceful conduct of Kashyapa (Kāśyapa), the divine eye of Aniruddha, and the altruism of the Lesser Vehicle, etc. The wondrous aspects of the Bodhisattvas are the wisdom of Manjushri (Mañjuśrī), the compassion of Avalokiteshvara, the power of Vajrapani (Vajrapāṇi), etc. The wondrous aspects of the Buddhas are: the compassion of our Teacher, the lifespan of Amitabha (Amitābha), the qualities of the name of Bhaisajyaguru (Bhaiṣajyaguru), and the pure land of the Flower Adornment, etc. Dharma is the knowable, its characteristics are its own characteristics and common characteristics. Third, to gather into the three baskets, first the actual thing is the Sutra Pitaka and so on, which seems to have many contradictions with the meaning of the previous twelve parts, because the Sutra Pitaka, the verses, the verses, etc. have the Mahayana Sutra Pitaka, and the Jataka and so on have the other two, and the wondrous things of the Shravakas are reasonable in the Vinaya Pitaka of the Shravakas. The two are the Greater and Lesser Vehicles. Or it can be divided into main and entourage to explain. Second, the need to establish the three baskets, divided into three points, first, to establish for the sake of abandoning the three near afflictions, why? The Sutra Pitaka can eliminate doubts about karma and so on. The Vinaya Pitaka abandons attachment to sensual pleasures by accumulating and abandoning, etc., abandoning the edge of attachment to desires, and abandoning meaningless asceticism by allowing hundreds of thousands of Rivada’s clothes, palaces, and milk porridge, etc., abandoning the edge of self-mortification. Clinging to self-view and wrong views, etc., the Abhidharma abandons views by not distinguishing between good and bad. Second, to show the three trainings, the Sutra Pitaka shows all three trainings, and the Vinaya shows the training of the mind, because by keeping the precepts, having the precepts, there will be no regrets, so that the mind can be placed equally. The Abhidharma distinguishes all that is knowable. Third, established from the point of view of Dharma and meaning, Dharma is the Dharma of the expressive sound. Meaning is the meaning of what is expressed. Explanation is to purify it. The basis is morality, as it says in the Letter to a Friend: ‘Morality is the cause and the non-cause.’


་ས་བཞིན་ཏེ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཁྱོད་ཀྱི་ཚུལ་ཁྲིམས་མ་ཉམས་མོད་མི་ དམའ། །མ་འདྲེས་མ་སྦགས་པ་དག་བསྟེན་པར་མཛོད། །ཅེས་འབྱུང་བ་བཞིན་ནོ། །གནས་དེ་བསྟན་པའི་ཕྱིར་ཞེས་སྦྱར་རོ། །ཆོས་མངོན་པས་ནི་ཤེས་བྱ་མ་ལུས་པའི་འབེལ་གཏམ་ཤེས་ལ་ཆོས་ནི་ཤེས་བྱའོ། ། གཉིས་པ་ཆོས་ལ་དམིགས་པའི་ཤེས་པ་ལ་དང་པོ་དོན་དངོས་ལ་ཆོས་འདི་དག་ནི་ཡན་ལག་བཅུ་གཉིས་སོ། །ཤེས་པ་གང་གིས་ཞེས་བྱ་བ་དང་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་བྱུང་ཞེས་སྦྱར་རོ། ། 1-1624 དམིགས་པ་དང་བཅས་པ་ལ་སོགས་པ་ནི་དེ་དག་གི་མིང་གི་རྣམ་གྲངས་སོ། །གཉིས་པ་དམིགས་རྣམ་གྱི་དོན་བསྟན་པ་ལ་ཆོས་དེ་དག་ནི་སེམས་དང་སེམས་བྱུང་ངོ་། །དམིགས་པ་དེ་དག་ལ་ དམིགས་ནས་རྣམ་པ་ཇི་ལྟར་སྣང་སྙམ་ན་ཕུང་པོ་དང་ཁམས་ལ་སོགས་པ་དང་ལྡན་པའི་དོན་གྱི་རྣམ་པར་སེམས་དང་སེམས་བྱུང་ཉིད་སྣང་བ་ཡིན་ནོ། །གཞན་གྱི་གསུང་རབ་བཤད་པའི་སྒྲ་ལས་ ནི་རང་ལ་གསུང་རབ་ཏུ་སྣང་བའི་རྣམ་རིག་འབྱུང་ལ། དེ་ལས་དེ་མ་བརྗེད་པའི་དྲན་པ་དང་། དེས་བཞག་པའི་བག་ཆགས་སོ། །དེ་དག་ལས་སེམས་དང་སེམས་བྱུང་འབྱུང་བས་དེ་དག་དེའི་གནས་ སོ། །སེམས་དང་སེམས་བྱུང་གཉིས་གཅིག་གི་ཞེས་བྱ་བ་དང་ཕུང་སོགས་ཀྱི་དོན་སྣང་བའི་རྣམ་པས་གསུང་རབ་ཚིག་གི་དམིགས་པ་ཡང་དག་པ་སྟེ་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །ཞེས་སྦྱར་རོ། ། གསུམ་པ་ཆོས་ལ་དམིགས་པའི་དབྱེ་བ་ལ་མདོར་བསྟན་ནས་རྒྱས་པར་བཤད་པ་ལ་བཞིའི་དང་པོ་ཁྱབ་པའི་དམིགས་པ་ལ་ཆོས་ཉིད་མོས་པ་ཙམ་གྱིས་ཡིད་ལ་བྱེད་པ་ནི་ཆོས་མཆོག་མན་ཆད་ དེའི་རྣམ་རྟོག་གི་བདག་ཉིད་ཀྱི་ཞི་གནས་ལྷག་མཐོང་ལ་བདག་མེད་ཀྱི་གཟུགས་བརྙན་ནམ་རྣམ་པ་སྣང་བའི་ཕྱིར་རོ། །དམིགས་པ་ནི་དེ་གཉིས་ཡིད་ལ་བྱེད་པའོ། །ཆོས་ཉིད་དེ་ཁོ་ན་སྟེ་ཇི་ལྟ་བ་བཞིན་ཡིད་ལ་བྱེད་པ་མཐོང་ལམ་ཡན་ཆད་དེ་སྔ་མ་བཞིན་ཅི་རིགས་པར་སྦྱར་རོ། ། 1-1625 ཇི་སྙེད་ཡོད་པ་ནི་ཤེས་བྱ་ཐམས་ཅད་འདི་ཙམ་དུ་ཟད་པའོ། །ཇི་ལྟ་བ་ནི་དེ་དག་གི་ཀུན་རྫོབ་དང་དོན་དམ་པའི་གནས་ལུགས་ཇི་ལྟར་ཡིན་པའོ། །ཇི་ལྟ་བ་བཞིན་ཡོད་པ་ལ་ བདེན་པའི་སྒོ་ནས་ནི་ཕུང་པོ་ལ་སོགས་པ་དེ་དག་གི་རང་བཞིན་ཇི་ལྟ་བ་བདེན་བཞིར་གནས་པས་སོ། །རྣམ་པའི་སྒོ་ནས་བཅུ་དྲུག་དང་། བྱེ་བྲག་མེད་པར་ཐམས་ཅད་དེ་བཞིན་ཉིད་དང་། སྡོམ་བཞི་ལས་འདུ་བྱེད་ནི་འདུས་བྱས་ཏེ་ཐམས་ཅད་ནི་ཟག་བཅས་ཟག་མེད་ཀྱིས་བསྡུས་པའོ། །ཟག་བཅས་ཀྱི་འདུ་བྱེད་ཐམས་ཅད་སྡུག་བསྔལ་ཞེས་བྱ་བ་དང་། དེ་གཉིས་ཀྱི་ཆོས་ཐམས་ཅད་བདག་གཉིས་ མེད་པ་དང་། ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཐམས་ཅད་ནི་སྡུག་བསྔལ་དང་ཀུན་འབྱུང་ཞི་བ་ཞེས་སྦྱར་རོ། །འཁོར་བ་ལས་རྣམ་པར་ཐར་བར་བྱེད་པའི་སྐབས་གྱི་སྒོ་ག

【現代漢語翻譯】 如大地一般,被稱為一切功德的基礎。你的戒律雖然沒有衰退,但不要變得卑劣。應當依止那些未被混雜和污染的事物。』正如經文所說。爲了指示那個處所,所以這樣連線。 論藏通過對所有應知事物的充分講述來使人瞭解,法即是應知事物。 第二,關於以法為對境的知識,首先,就實際事物而言,這些法是十二支。『通過何種知識』,應連線『以及與這些法相應的意識和心所』。 1-1624 『具有對境』等等是這些法的名稱。第二,爲了指示對境和行相的意義,這些法是意識和心所。如果思考『以這些對境為對境,行相如何顯現』,那麼意識和心所本身會顯現為具有蘊和界等意義的行相。從講述其他宗派經文的聲音中,會生起顯現為自己宗派經文的行相的覺知。由此產生對它的不忘失的憶念,以及由它所安立的習氣。從這些產生意識和心所,因此這些是它的處所。『意識和心所二者之一』,應連線『以顯現蘊等意義的行相,正確地以經文詞句為對境,即如實地理解』。 第三,關於以法為對境的分類,從簡略指示到詳細解釋,四種中的第一種,關於周遍的對境,僅僅通過對法性的信解而作意,是法勝以下,因為具有對它的分別唸的自性之止觀,會顯現無我的影像或行相。對境是對這二者的作意。法性本身,即如實地作意,是見道以上,應如前者一樣適當地連線。 1-1625 『有多少』是指所有應知事物都僅限於此。『如何』是指這些事物的世俗和勝義的實相如何。『如實存在』,從真實的角度來說,蘊等事物的自性如實地存在於四諦中。從行相的角度來說,有十六種行相。無差別地,一切都是真如。從四種總攝來說,行是造作,即一切都是由有漏和無漏所包含的。所有有漏的行都是苦,這二者的所有法都是無我。有餘和無餘涅槃的一切都是苦和集寂滅。』應連線『從輪迴中解脫出來的場合之門』。

【English Translation】 Like the earth, it is said to be the foundation of all virtues. Although your discipline has not declined, do not become inferior. You should rely on those things that have not been mixed and contaminated.’ As the scripture says. To indicate that place, it is connected in this way. The Abhidharma (論藏) makes one understand through the full exposition of all knowable things, and dharma is the knowable thing. Second, regarding the knowledge that takes dharma as its object, first, in terms of actual things, these dharmas are the twelve branches. ‘Through what knowledge,’ should be connected with ‘and the consciousness and mental factors that correspond to these dharmas’. 1-1624 ‘Having an object’ etc. are the names of these dharmas. Second, to indicate the meaning of the object and aspect, these dharmas are consciousness and mental factors. If one thinks, ‘Taking these objects as objects, how do the aspects appear?’, then consciousness and mental factors themselves will appear as aspects of having the meaning of aggregates and realms etc. From the sound of explaining the scriptures of other schools, there will arise an awareness of the aspect that appears as one’s own school’s scriptures. From this arises the unforgetting memory of it, and the habitual tendencies established by it. From these arise consciousness and mental factors, therefore these are its place. ‘One of the two, consciousness and mental factors,’ should be connected with ‘with the aspect of appearing the meaning of aggregates etc., correctly taking the words of the scriptures as the object, that is, understanding without perversion’. Third, regarding the classification of taking dharma as the object, from brief indication to detailed explanation, the first of the four, regarding the pervasive object, merely by making effort with faith in the nature of dharma, is below Dharma Supreme, because the nature of the cessation and insight that has the nature of discriminating thoughts about it, will appear as an image or aspect of selflessness. The object is the effort of these two. The nature of dharma itself, that is, making effort as it is, is above the Path of Seeing, and should be connected appropriately as before. 1-1625 ‘How many’ means that all knowable things are limited to this much. ‘How’ means how the conventional and ultimate reality of these things are. ‘Existing as it is’, from the perspective of truth, the nature of aggregates etc. exists as it is in the Four Noble Truths. From the perspective of aspects, there are sixteen aspects. Without difference, everything is Suchness. From the four summaries, action is fabrication, that is, everything is included by defiled and undefiled. All defiled actions are called suffering, and all the dharmas of these two are without two selves. All Nirvana with remainder and without remainder are the cessation of suffering and origin.’ Should be connected with ‘the door of the occasion of liberation from samsara’.


སུམ་སྟེ་འདི་དང་རྣམ་ པ་བཅུ་དྲུག་གཅིག་གིས་གཅིག་བསྡུས་པའི་ཚུལ་ལ་སྟོང་པ་དང་བདག་མེད་གཉིས་ནི་སྟོང་ཉིད་ཀྱི་རྣམ་པའོ། །མི་རྟག་སྡུག་བསྔལ་དང་ཀུན་འབྱུང་གི་བཞི་སྟེ་དྲུག་ནི་སྨོན་པ་མེད་དེ་དེས་ཁམས་ གསུམ་ལ་སྨོན་པ་ལྡོག་པའི་ཕྱིར་རོ། ། འགོག་ལམ་གྱི་བརྒྱད་ནི་མཚན་མེད་དེ་དེ་གཉིས་ནི་མཚན་མ་ཞི་བའི་ངོ་བོ་ཡིན་པའི་ཕྱིར་རོ། །དགོས་པ་ནི་འབྲས་བུའོ། གནས་གྱུར་ནི་བཤད་ཟིན་ཏོ། 1-1626 གཉིས་པ་སྤྱོད་པ་རྣམ་སྦྱོང་གི་དམིགས་པ་ལ་སྤྱོད་པ་ནི་ཤས་ཆེ་ཞིང་རྒྱུན་རིང་བའོ། །མི་སྡུག་པ་ནི་མི་གཙང་བ་སྟེ་མཛོད་ལས། མི་སྡུག་མ་ཆགས་ས་བཅུ་དང་། །དམིགས་པ་འདོད་སྣང་ མི་སྐྱེད་དོ། །ཞེས་འབྱུང་བ་བཞིན་ནོ། །རྐྱེན་འདི་ནི་ཚད་མས་གྲུབ་པ་སྟེ་དབང་ཕྱུག་ལ་སོགས་པའི་རྐྱེན་ཀུན་བཏགས་པ་རྣམས་སེལ་ལོ། །རྟེན་འབྲེལ་དུ་ཤེས་པས་ནི་རྟེན་འབྲེལ་མི་ཤེས་པའི་མ་ རིག་པ་ལྡོག་གོ །ལུས་ལ་སོགས་པ་ལ་ང་རྒྱལ་བ་ལ་ནི་ལུས་ལ་སོགས་པའི་ཁམས་དྲུག་དང་བཅོ་བརྒྱད་དུ་ཕྱེ་ནས་སའི་ཁམས་ཀྱི་ང་རྒྱལ་ལམ་ཞེས་བྱ་བ་ལ་སོགས་པར་རྟོག་པའོ། ། དབུགས་འབྱུང་རྔུབ་ལ་སེམས་བཟུང་སྟེ་བགྲངས་པས་དེ་ལ་བློ་གནས་ཙམ་ན་རྣམ་རྟོག་ཐམས་ཅད་ཞི་བར་འགྱུར་རོ། །གསུམ་པ་མཁས་པའི་དམིགས་པ་ལ་དང་པོ་སྤྱིར་བསྟན་པའི་མཁས་པ་ནི་གོང་དུ་ དོན་བཅུ་གཉིས་ལ་སོགས་པས་གཏན་ལ་ཕབ་པ་བཞིན་དུ་མཁས་པའོ། །གཉིས་པ་གནས་དང་གནས་མིན་ལ་མཁས་པ་བྱེ་བྲག་ཏུ་བཤད་པ་ལ་རྟེན་འབྲེལ་ལ་མཁས་པ་ལས་བལྟ་བ་ནི་རྟེན་འབྲེལ་ གྱི་བྱེ་བྲག་ཡིན་པས་སོ། །གསུམ་པ་དེ་གཉིས་ཀྱི་ཁྱད་པར་ལ་ཆོས་རྣམས་ནི་མ་རིག་པ་དང་འདུ་བྱེད་ལ་སོགས་པའོ། །སྤངས་པ་ནི་འབྱུང་མི་སྲིད་པའོ། །རྒྱུ་མཐུན་གྱི་འབྲས་བུ་ནི་སྦྱིན་པས་ལོངས་སྤྱོད་དང་ཚུལ་ཁྲིམས་ཀྱིས་མཐོ་རིས་དང་བཟོད་པས་གཟུགས་བཟང་བ་དང་བརྩོན་པས་བརྗིད་པ་འབྱུང་བ་ལ་སོགས་པ་གནས་ཡོད་པ་དང་། 1-1627 སེར་སྣ་ལ་སོགས་པ་ལས་དེ་དག་འབྱུང་བ་གནས་མེད་པ་དང་སྒྲ་མི་སྙན་པ་ངན་སོང་དུ་སྐྱེ་བ་གནས་མེད་ཅིང་གོ་སྐབས་མེད་ཅེས་བྱ་བ་ལ་སོགས་པ་ཤེས་པའོ། །ཡོངས་སུ་གཟུང་ བ་ནི་ཤེས་པའོ། བཞི་པ་ཉོན་མོངས་རྣམ་སྦྱོང་གི་དམིགས་པ་ལ་ཞི་རགས་ཀྱིས་ནི་མངོན་དུ་རྒྱུ་སྤོང་ལ། བསྡུས་ན་བདག་གཉིས་ཀྱིས་སྟོང་པའི་དེ་བཞིན་ཉིད་དང་སྤྲོས་ན་བདེན་བཞིས་ནི་ས་ བོན་འཇོམས་པར་བྱེད་དོ། །བཞི་པ་ཆོས་ལ་དཔྱོད་པའི་རིགས་པ་ལ་ཆོས་ནི་གསུང་རབ་བོ། །རྐྱེན་མེད་པར་འབྱུང་བ་རྒྱང་འཕེན་པའི་ལྟ་བ་ནི་མི་རིགས་ཏེ་རྐྱེན་ལ་ལྟོས་པ་ནི་རིགས་པའོ། ། རང་རང་གི་བྱ་བ་ནི་མིག་ལ་སོགས་པས་གནས་དང་། གཟུགས་ལ་སོགས་པས་དམིགས་པ་དང་ཤེས་པ་སྔ་མས་དེ་མ་ཐག་རྐྱེན་ལ་སོགས་པ་བྱེད་པ་སྟེ་བྱ་བ་འཆོལ་བར་བྱེད་ན་མི་ རིགས་པ་དང་མ

【現代漢語翻譯】 三事(三種事物)與十六相(十六種狀態)以一種方式結合,其中空性和無我(無自性)是空性的狀態。無常、痛苦和集(苦的根源)這四種,總共六種,是無愿,因為它們能使人不再希求三界(欲界、色界、無色界)。滅(寂滅)和道(解脫之道)的八種是無相,因為這兩種的本質是寂滅諸相。必要之處在於結果。轉變已經講述完畢。 第二,關於調伏行為的所緣境,行為是主要且持續的。不凈觀是不凈之物,如《俱舍論》所說:『不凈觀能斷除十種貪慾,所緣境不會產生慾望之念。』這個因緣是由量( प्रमाण )所證實的,能消除自在天等所有虛構的因緣。通過了解緣起,能斷除不瞭解緣起的無明。對於身體等產生我慢,可以將身體等分為六界十八處,並分別執著于地界等,產生『這是地界的我慢嗎?』之類的想法。 通過專注于呼吸的出入並計數,當心專注於此,所有的分別念都會平息。第三,關於智者的所緣境,首先,普遍地指出,智者就像前面通過十二種意義等確立的那樣。第二,關於詳細解釋智者對處與非處的瞭解,從瞭解緣起中產生的觀點是緣起的差別。第三,關於這兩者的區別,諸法是指無明和行等。斷除是指不可能產生。同類因的果是指佈施產生財富,持戒產生善趣,忍辱產生美貌,精進產生威嚴等,這些是存在的處所; 吝嗇等產生這些果報是不存在的處所,聽到不悅耳的聲音會墮入惡趣,這是不存在的處所,也沒有機會,等等。完全理解是指知曉。第四,關於調伏煩惱的所緣境,通過寂靜和粗猛,可以捨棄顯現的因。總而言之,以二無我(人無我、法無我)的空性真如,或者詳細來說,以四諦(苦、集、滅、道)來摧毀種子。第四,關於以理智分析法,法是指經文。無因而生是順世外道的觀點,這是不合理的,因為依賴因緣才是合理的。 各自的作用是指眼等以處為作用,色等以所緣境為作用,以及先前的識以其直接的因緣等為作用,如果作用混亂,那是不合理的。

【English Translation】 The three items and the sixteen aspects are combined in one way, where emptiness and selflessness (no self-nature) are aspects of emptiness. The four of impermanence, suffering, and accumulation (the origin of suffering), totaling six, are without aspiration, because they reverse the aspiration for the three realms (desire realm, form realm, formless realm). The eight of cessation (nirvana) and the path (the path to liberation) are without characteristics, because the essence of these two is the pacification of characteristics. The necessity lies in the result. Transformation has already been discussed. Second, regarding the object of focus for taming behavior, behavior is the main and continuous one. The unattractive is the impure, as stated in the Abhidharmakośa: ‘The unattractive view eliminates ten kinds of attachment, and the object of focus does not generate thoughts of desire.’ This cause is proven by valid cognition (pramana), which eliminates all fabricated causes such as Ishvara. By understanding dependent origination, ignorance that does not understand dependent origination is reversed. For those who are arrogant about the body, etc., the body, etc., can be divided into six elements and eighteen realms, and one can conceive of ‘Is this arrogance of the earth element?’ and so on. By focusing on the exhalation and inhalation of breath and counting, when the mind is focused on this, all conceptual thoughts will be pacified. Third, regarding the object of focus for the wise, first, it is generally pointed out that the wise are wise in the same way as established above through the twelve meanings, etc. Second, regarding the detailed explanation of the wise person’s understanding of places and non-places, the view arising from understanding dependent origination is a distinction of dependent origination. Third, regarding the difference between these two, phenomena refer to ignorance and action, etc. Abandonment means that it is impossible to arise. The result of a similar cause refers to generosity producing wealth, ethical conduct producing higher realms, patience producing beauty, diligence producing majesty, etc., which are existing places; stinginess, etc., producing these results are non-existing places, and hearing unpleasant sounds leads to rebirth in lower realms, which is a non-existing place and there is no opportunity, etc., is knowing. Complete grasping means knowing. Fourth, regarding the object of focus for taming afflictions, through quiescence and coarseness, one abandons the cause of manifestation. In short, with the emptiness suchness of the two selflessnesses (selflessness of person, selflessness of phenomena), or in detail, with the Four Noble Truths (suffering, origin, cessation, path), one destroys the seeds. Fourth, regarding the reasoning for analyzing phenomena, phenomena refer to the scriptures. Arising without a cause is the view of the materialists, which is unreasonable, because relying on causes and conditions is reasonable. The respective functions refer to the eyes, etc., functioning as places, forms, etc., functioning as objects of focus, and the previous consciousness functioning as its immediate cause, etc. If the functions are confused, it is unreasonable.


་འཆོལ་བ་རིགས་པའོ། །སྒྲུབ་པའི་དོན་ཚད་མ་དང་འགལ་བ་ནི་གྲངས་ཅན་གྱིས་འདུས་པའི་གཏན་ཚིགས་ཀྱིས་བདག་སྒྲུབ་པ་དང་རྒྱང་འཕེན་པ་གཉིས་བཅས་ཀྱི་སྦྱོར་བས་ཚེ་སྔ་མ་ མེད་པར་སྒྲུབ་པ་ནི་བདག་མེད་རྟོགས་པ་དང་ཚེ་སྔ་མ་རྟོགས་པའི་ཚད་མ་དང་འགལ་བས་མི་རིགས་པའོ། །བྱས་ཡོད་ལས་མི་རྟག་པ་དང་དུ་བ་ལས་མེ་རྟོགས་པ་ལ་སོགས་པས་ནི་སྒྲུབ་པའི་དོན་ཚད་མ་གཉིས་དང་མི་འགལ་བས་རིགས་པ་ཡིན་ནོ། ། 1-1628 ཆོས་ཉིད་དུ་གྲགས་པ་ནི་ས་སྲ་བ་ལ་སོགས་པ་དང་འདུས་བྱས་མི་རྟག་པ་ལ་སོགས་པའོ། །དེ་དག་དེ་ལྟར་མ་ཡིན་པ་ནི་མི་རིགས་ལ་དེ་དག་ནི་རིགས་པ་ཉིད་དོ། །དེ་ དག་ལ་དེ་ལྟར་དུ་ཤེས་པ་ནི་རིགས་པའི་ཤེས་པའོ། །དེ་ལ་གསུམ་པོ་ནི་ཆོས་ཉིད་ཀྱི་མཐར་ཐུག་པས་རིགས་པའི་མཆོག་ནི་ཆོས་ཉིད་ཡིན་ཏེ་དེ་དག་དེ་ལྟར་འོང་བའི་རྒྱུ་མཚན་གང་ ཡིན་ཞེས་དྲིས་ན་དེ་ནི་དེའི་ཆོས་ཉིད་དོ་ཞེས་ལན་གདབ་དགོས་པའི་ཕྱིར་རོ། །དེས་ན་བསྟོད་པ་མཛད་པས། རིགས་པའི་ནང་ན་ཆོས་ཉིད་ལྟར། །རྣམ་གྲོལ་ནང་ན་མི་གཡོ་ལྟར། །ཤེས་རབ་ནང་ ན་ཀུན་མཁྱེན་ལྟར། །ཁྱོད་ནི་ལུས་ཅན་ཀུན་གྱི་མཆོག །ཅེས་བཤད་དོ། །ལྔ་པ་དཔྱད་པ་ལས་བྱུང་བའི་མངོན་རྟོགས་ཀྱི་ཚོལ་བ་བཞི་ལ་ཡོངས་སུ་གྲུབ་པ་ནི་བདག་གཉིས་སུའོ། །དངོས་པོ་ནི་དོན་ ནོ། །རྟོག་པ་ལ་བརྗོད་བྱ་རྗོད་བྱེད་འབྲེལ་བར་སྣང་བ་ནི་ངོ་བོ་དང་ཁྱད་པར་དུ་འདོགས་པའི་ཐ་སྙད་ཀྱི་རྒྱུ་ཡིན་གྱི་དེ་གཉིས་དོན་ལ་གྲུབ་པ་ནི་མེད་དོ་ཞེས་འཛིན་པ་ནི་ གཉིས་པོའི་དོན་ནོ། །སྔ་མ་ནི་རྗོད་བྱེད་དང་ཕྱི་མ་གསུམ་ནི་བརྗོད་བྱ་ཡིན་ལ་དེའང་སྤྱི་དང་བྱེ་བྲག་ཡིན་ནོ། །ཤེས་པ་བཞི་ནི་དེ་ལྟར་རྟོག་ཅིང་བཙལ་བས་དེ་དག་མི་དམིགས་པར་ཤེས་པ་སྟེ་རྫས་ནི་དངོས་པོའོ། ། 1-1629 དྲུག་པ་ཆོས་ལ་ཏིང་ངེ་འཛིན་པའི་རྣལ་འབྱོར་ལ་རྣལ་འབྱོར་ནི་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའོ། །དེའི་ས་ནི་རྟེན་ནོ། །བདེན་བཞི་མང་དུ་ཐོས་པའི་གཞི་ལས་རྣལ་འབྱོར་འབྱུང་གི་བདག་ དང་གཙོ་བོ་ལ་སོགས་པ་ཐོས་པ་ལས་ནི་མ་ཡིན་ནོ། ། དེ་ལ་ནི་བདེན་བཞིའོ། །ཚུལ་བཞིན་ནི་མི་རྟག་པ་ལ་སོགས་པ་གནས་ཚུལ་ཇི་ལྟ་བའོ། །དེས་ནི་རྣལ་འབྱོར་དངོས་སུ་སྐྱེད་དོ། ། མཚན་མ་ནི་བདག་མེད་པའི་དོན་སྤྱིའོ། །དེ་དང་བཅས་པའི་ཏིང་ངེ་འཛིན་ནི་བདག་མེད་པའི་གཟུགས་བརྙན་སྣང་བས་མེ་ལོང་སྟེ་སྦྱོར་ལམ་མོ། །གཉིས་པོ་མི་དམིགས་པར་མངོན་སུམ་གྱིས་ཤེས་པ་ནི་ མཐོང་ལམ་སྟེ་བདག་མེད་སྣང་བའོ། །འདི་ལ་ནི་མེ་ལོང་ལྟ་བུ་སྣང་བའོ། །ཡིད་ཀྱི་གཟུགས་བརྙན་ནི་མེ་ལོང་ལྟ་བུའོ། །དོན་ནི་གཟུང་བ་སྟེ་བྱེད་ལས་སོ། །རང་གི་འདུ་ཤེས་ནི་འཛིན་པའི་ སེམས་དེ་ཉིད་དོ། །འཛིན་པ་མེད་པ་ནི་སྣང་བའོ། །ལེགས་པར་གསུངས་ཞེས་བྱ་བ་ནི་རྣལ་འབྱོར་དབྱེ་

【現代漢語翻譯】 如果與正量相悖,那就不合理。例如,數論派通過『聚合』這一理由來證明『我』的存在,以及順世外道派通過結合來證明沒有前世,這與證悟無我和證悟前世的正量相悖,因此是不合理的。然而,通過『有為』推知『無常』,通過『煙』推知『火』等,並不與兩種正量相悖,因此是合理的。 所謂『法性』,是指地堅硬等性質,以及有為法無常等性質。如果這些不是這樣,那就不合理,而它們本身就是理。認識到這些就是『理智』。在這三者中,法性是最終的,因此,理的極致就是法性。如果有人問,『為什麼這些會這樣發生?』,那麼必須回答說:『這是它的法性』。因此,讚頌者說:『在理智之中,如法性一般;在解脫之中,如不動一般;在智慧之中,如全知一般;您是所有有情眾生中最殊勝的!』。第五,通過分析而產生的現觀,在四種尋覓中完全成立,即二我。事物是意義。對於概念,顯現能指、所指和關聯,這是施加本體和差別的術語的原因,但這兩者在意義上並不成立。持有這種觀點是二者的意義。前者是能指,后三者是所指,也就是共相和別相。四種智慧是這樣思考和尋覓的,因此認識到這些是不可得的,即『事物』是『實有』。 第六,對於法的禪定瑜伽,瑜伽是指止觀雙運。它的『地』是所依。從多聞四諦的基礎中產生瑜伽,而不是從聽聞『我』和『神我』等產生。對於它來說,就是四諦。『如理』是指如實地瞭解無常等狀態。通過它,真實地生起瑜伽。『相』是指無我的一般意義。與此相關的禪定,由於顯現無我的影像,就像鏡子一樣,是加行道。通過現量了知二者不可得,是見道,即顯現無我。對於這個,就像鏡子一樣顯現。意的影像就像鏡子。意義是所取,即作用。自己的意識就是能取的『心』本身。沒有能取就是顯現。『善說』是指瑜伽的分類。

【English Translation】 If it contradicts valid cognition, it is unreasonable. For example, the Samkhya school proving the existence of ‘self’ through the reason of ‘aggregation,’ and the Lokayata school proving the non-existence of previous lives through combination, contradict the valid cognition of realizing selflessness and realizing previous lives, therefore it is unreasonable. However, inferring ‘impermanence’ from ‘being made,’ inferring ‘fire’ from ‘smoke,’ etc., do not contradict the two valid cognitions, therefore it is reasonable. What is known as ‘nature of phenomena’ refers to the hardness of earth, etc., and the impermanence of conditioned things, etc. If these are not so, it is unreasonable, but they themselves are reason. Knowing them in this way is ‘knowledge of reason.’ Among these three, the ultimate nature of phenomena is that the supreme reason is the nature of phenomena, for if one asks, ‘What is the reason why these come to be in this way?’, then one must answer, ‘It is its nature of phenomena.’ Therefore, the praiser said: ‘Among reasons, like the nature of phenomena; among liberations, like immovability; among wisdoms, like omniscience; you are the supreme of all embodied beings!’ Fifth, the manifestation arising from analysis is fully established in the four searches, namely the two selves. Things are meanings. For concepts, the appearance of signifier, signified, and relation is the cause of terms that impute essence and difference, but these two are not established in meaning. Holding this view is the meaning of the two. The former is the signifier, and the latter three are the signified, which are the general and the particular. The four knowledges are thus thinking and searching, therefore knowing that these are unobservable, that is, ‘thing’ is ‘real’. Sixth, for the yoga of meditating on the Dharma, yoga is the union of shamatha and vipashyana. Its ‘ground’ is the basis. Yoga arises from the basis of much hearing of the Four Noble Truths, not from hearing of ‘self’ and ‘primal matter,’ etc. For it, it is the Four Noble Truths. ‘Properly’ refers to understanding the state of impermanence, etc., as it is. Through it, yoga is actually generated. ‘Sign’ refers to the general meaning of selflessness. The samadhi associated with it, because the image of selflessness appears, like a mirror, is the path of joining. Knowing that the two are unobservable through direct perception is the path of seeing, that is, the appearance of selflessness. For this, it appears like a mirror. The image of mind is like a mirror. Meaning is the object, that is, the function. One’s own consciousness is the very ‘mind’ that grasps. Absence of grasping is appearance. ‘Well spoken’ refers to the classification of yoga.


བ་ལ་གདམས་པའི་མདོ་ལས་གསུངས་པ་སྟེ། བརྒྱད་སྟོང་འགྲེལ་པ་ལས །ངོ་མཚར་དང་ནི་རྩོད་ པ་དང་། །ཁྲོ་དང་ཞུམ་དང་ངེས་བཟུང་དང་། །དད་དང་དགའ་བ་དག་ལ་ནི། །ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་འབྱུང་བ་བཞིན་ནམ་ཡང་ན་ཚིག་དོན་གཉིས་དང་རིམ་པ་བཞིན་སྦྱར་རོ། །གནས་གྱུར་པ་ནི་སེམས་སྒྲིབ་པའི་ས་བོན་གྱིས་དག་པའོ། ། 1-1630 འདི་ས་དང་པོ་ནས་འབྱུང་སྟེ་མདོ་སྡེ་རྒྱན་ལས། དེ་འདིའི་གནས་ཡོངས་གྱུར་པ་སྟེ། ས་ནི་དང་པོ་ཡིན་པར་འདོད་ཅེས་འབྱུང་ངོ་། །དེ་ལ་དང་པོ་བཞི་པ་ནི་ཚོགས་ལམ་ནས་མཐོང་ལམ་ གྱི་བར་དུ་རྒྱུ་སྟོན་ལ། ཐ་མས་བྲལ་བའི་འབྲས་བུ་སྟོན་ཏོ། །བདུན་པ་ཆོས་ལ་མཁས་པ་དང་གནས་པའི་བྱེ་བྲག་ལ་གཉིས་ཀྱི་ཆོས་ལ་མཁས་པ་བཤད་པ་ལ་མདོ་སྡེ་ལ་སོགས་པ་ ཆོས་རྣམས་ཀྱི་རྗོད་བྱེད་སྒྲའི་ཆོས་ལ་ཞེས་སྦྱར་ཏེ་མང་དུ་ཐོས་པས་ནི་རྗོད་བྱེད་ཀྱི་ཚིག་ཐམས་ཅད་འབྱེད་ཤེས་པའི་ཕྱིར་རོ། །ཆོས་མངོན་པ་ལ་སོགས་པའི་བརྗོད་བྱའི་མཚན་ཉིད་ནི་བསླབ་པ་ གསུམ་མོ། ངེས་པའི་ཚིག་བཟང་པོ་ནི་དབང་བྱེད་པས་ན་དབང་པོ་ཞེས་བྱ་བ་ལ་སོགས་པའོ། །ཡུལ་མི་ངེས་པའི་ཚིག་ནི་རང་ཉིད་ལ་བདག་གོ་ཞེས་བྱ་བ་ལ་སོགས་པ་ཡུལ་སོ་སོའི་ སྐད་དེ་དེ་ལ་མ་ཞེན་པར་ཀུན་ལ་གྲགས་པའམ་ཡུལ་སྣ་ཚོགས་ཀྱི་ཐ་སྙད་ཤེས་པའོ། །སྔོན་གྱི་མཐའ་བཟུང་བ་ནི་འཁོར་བ་དང་ཕྱི་མའི་མཐའ་ནི་མྱང་འདས་སོ། །འདིས་ནི་མདོ་ལས། ཀུན་ དགའ་བོས་ཚེ་དང་ལྡན་པ་ཤྭ་རིའི་བུ་ཆོས་ལྔ་དང་ལྡན་པའི་དགེ་སློང་མྱུར་དུ་འཛིན་ཏོ་ཞེས་གསུངས་པ་དེ་ལེགས་པར་བཤད་པ་ཡིན་ནོ། །ཆོས་ལ་གནས་པ་ལ་གནས་པའི་ངོ་བོ་ངོས་གཟུང་བ་ནི་ཇི་ལྟར་ན་ཞེས་པ་སྟེ་བཙུན་པ་ཆོས་ལ་གནས་པའི་མདོ་ལས་གསུངས་སོ། ། 1-1631 གཉིས་ཀ་ནི་ཐོས་བསམ་གཉིས་གཅིག་ཏུ་བྱས་པའི་སྒོམ་པ་དང་གཉིས་སོ། མདོ་སྡེ་རྒྱན་ལས་ཀྱང་། གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་སྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ ཡང་སྒོམ་འཇུག་འགྱུར་ན་བསྟན་པ་དོན་མེད་འགྱུར། །ཞེས་བཤད་དོ། །ཐོས་བསམ་སྒོམ་གསུམ་གྱི་བྱེ་བྲག་དབྱེ་བ་ནི་འཛིན་པ་དང་ཞེས་པ་སྟེ། དེ་དག་ནི་སྒོམ་པ་མ་ཡིན་ཏེ་ཏིང་ངེ་འཛིན་ མེད་པའི་ཕྱིར་རོ། །རྒྱུན་དུ་ཆུད་པ་ནི་རྒྱུན་ཆགས་པའོ། །ནུས་པ་ནི་སྒོམ་པ་དྲག་པའོ། །མ་ལོག་པ་ནི་ཞི་རགས་ལ་སོགས་པ་མ་ནོར་བའོ། །རོ་མི་མྱང་བ་ནི་བདེ་བ་དང་ཤིན་ ཏུ་སྦྱངས་པ་ལ་སོགས་པའི་རོ་ལ་མ་ཆགས་པའོ། །གོང་དུ་ནི་ཉེར་བསྡོགས་ལས་དངོས་གཞི་དང་དེ་ལས་ཁྱད་པར་ཅན་ལ་སོགས་པའོ། །འདིས་ནི་མདོ་དེ་ཉིད་ལས། འདི་ལ་དགེ་སློང་མདོའི་སྡེ་ དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའི་ཆོས་ཀུན་ཆུབ་པར་བྱས་ཏེ་དེའི་འོག་ཏུ་རྣལ་འབྱོར་མི་འདོར་ཡིད་ལ་བྱེད་པ་མི་འདོར་སེམས་ཞི་གནས་སུ་བྱེད་པ་མི་

【現代漢語翻譯】 如《調伏論》中所說,在《八千頌釋》中提到:『對於驚奇、爭論、憤怒、沮喪、執著、信仰和喜悅,要重複說兩次。』或者按照詞義和順序來結合。轉變是指心被煩惱的種子所凈化。 這從第一地開始出現,如《經莊嚴論》中所說:『這是它的完全轉變之處,地被認為是第一地。』其中,第一地到第四地是指從資糧道到見道之間的因,最後是指無離之果。第七地是關於精通法和安住的差別,在解釋精通法時,要將經部等法的能詮之聲法結合起來,因為多聞能夠了解所有的能詮之詞。法句等所詮的體性是三學。確定的善語是指因為能自在而稱為自在等。不確定的語是指稱自己為所有者等,不執著于各個地方的語言,而是普遍為人所知,或者瞭解各種地方的術語。執著于先前之邊是指輪迴,而執著於後來之邊是指涅槃。這很好地解釋了經中所說:『阿難陀,具足五法的比丘能迅速證得。』安住於法,安住的體性被確定為如何,如《安住於法經》中所說。 兩者是將聞思二者合一的修和二者。如《經莊嚴論》中所說:『如果僅僅通過聽聞就能見到意義,那麼禪修就沒有意義了。如果未經聽聞也能進入禪修,那麼教法就沒有意義了。』聞思修三者的差別在於執著,因為它們不是禪修,因為沒有三摩地。持續不斷是指持續不斷。能力是指強大的禪修。不顛倒是指不混淆寂靜和粗猛等。不品嚐滋味是指不執著于安樂和極度調柔等滋味。向上是指從加行道到正行,以及從正行到殊勝等。這如經中所說:『在此,比丘通達經部和諷誦部等一切法,之後不捨瑜伽,不捨作意,使心安住于寂止。』

【English Translation】 As stated in the ‘Sutra on Taming,’ in the ‘Commentary on the Eight Thousand Verses’: ‘For wonder and dispute, anger and dejection, attachment and faith, and joy, one should speak twice.’ Or combine according to the meaning of the words and the order. Transformation refers to the mind being purified by the seeds of defilements. This arises from the first ground, as stated in the ‘Ornament of the Sutras’: ‘This is its place of complete transformation, the ground is considered the first.’ Among them, the first to the fourth ground indicates the cause from the path of accumulation to the path of seeing, and the last indicates the fruit of separation. The seventh is the difference between being skilled in the Dharma and abiding, in explaining being skilled in the Dharma, one should combine the expressive sound Dharma of the Sutra Pitaka and other Dharmas, because extensive hearing enables one to understand all the expressive words. The nature of the expressed characteristics of the Abhidharma and others is the three trainings. A definite good word refers to being called ‘powerful’ because of being able to control, and so on. An indefinite word refers to calling oneself the owner, and so on, without being attached to the languages of various places, but being universally known, or knowing the terminology of various places. Holding onto the previous extreme is samsara, and holding onto the later extreme is nirvana. This well explains what is said in the sutra: ‘Ananda, a monk endowed with five qualities will quickly attain.’ Abiding in the Dharma, the nature of abiding is determined as how, as stated in the ‘Sutra on Abiding in the Dharma’. Both are the meditation that combines hearing and thinking into one, and the two. As stated in the ‘Ornament of the Sutras’: ‘If one could see the meaning merely through hearing, then meditation would be meaningless. If one could enter meditation without hearing, then the teachings would be meaningless.’ The difference between hearing, thinking, and meditating is grasping, because they are not meditation, because there is no samadhi. Continuous means continuous. Ability means powerful meditation. Non-reversed means not confusing calmness and roughness, and so on. Not tasting the flavor means not being attached to the flavor of bliss and extreme pliancy, and so on. Above refers to the actual state from the preparatory stage, and from that to the distinguished, and so on. This is as stated in the sutra itself: ‘Here, a monk masters all the Dharmas of the Sutra Pitaka and the Section Recited in Verse, and so on, and thereafter does not abandon yoga, does not abandon mindfulness, and makes the mind abide in peace.’


འདོར་ཞེས་གསུངས་པ་དེ་ བཤད་པ་ཡིན་ནོ། །བརྒྱད་པ་ཤིན་ཏུ་རྒྱས་པའི་མདོ་སྡེ་བྱེ་བྲག་ཏུ་བཤད་པ་ལ་ཤིན་ཏུ་རྒྱས་པ་ཕ་རོལ་དུ་ཕྱིན་པའི་སྡེ་སྣོད་དུ་བཞག་པའི་རྒྱུ་ནས་ཤིན་ཏུ་རྒྱས་པའི་ཆོས་ལ་མཆོད་པར་འོས་པའི་རྒྱུ་མཚན་གྱི་བར་བདུན་གྱི་དང་པོ་ལ་ཕ་རོལ་དུ་ཕྱིན་པའི་གྲངས་དང་། 1-1632 གྲངས་ངེས་གཉིས་ཀྱི་དང་པོ་ནི་དྲུག་གོ །གལ་ཏེ་དབུས་མཐའ་ལས། དེ་ཕྱིར་དམ་པའི་དོན་གྱིས་ན། །ཕ་རོལ་ཕྱིན་པ་བཅུར་འདོད་དོ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་ རབ་ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་དང་། །འདི་དག་ཕ་རོལ་ཕྱིན་བཅུའོ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། ཕྱི་མ་བཞིན་ཤེར་ཕྱིན་དུ་འདུས་ཏེ་འདི་ལྟར་ཐབས་མཁས་པ་ནི་དགེ་བ་མི་ ཟད་པར་བྱེད་པའི་བསྔོ་བའོ། །སྨོན་ལམ་ནི་སངས་རྒྱས་མཉེས་པར་བྱེད་པའི་སྐྱེ་བ་འཛིན་པའི་སྨོན་ལམ་མོ། །སྟོབས་ནི་སོ་སོར་རྟོག་པ་དང་སྒོམ་པའི་སྟོབས་ཀྱིས་སྤང་བྱ་འཇོམས་པའོ། ། ཡེ་ཤེས་ནི་ ཕར་ཕྱིན་དྲུག་ལ་སྤྱོད་ཅིང་སེམས་ཅན་སྨིན་པར་བྱེད་པ་ཡིན་ལ་དེ་དག་ཀུན་ཀྱང་ཤེར་ཕྱིན་གྱིས་བྱེད་པའི་ཕྱིར་རོ། །གྲངས་ངེས་ནི་མཐོ་རིས་དང་ཐར་པའི་ཕུན་སུམ་ཚོགས་པ་སྒྲུབ་པ་ལ་ དྲུག་ཏུ་ངེས་ཏེ་དང་པོ་གསུམ་གྱིས་མཐོ་རིས་དང་ཕྱི་མ་གསུམ་གྱིས་ཐར་པའོ། །འདི་ལྟར་སྦྱིན་པས་ལོངས་སྤྱོད་དང་། ཁྲིམས་ཀྱིས་སྐྱེ་བ་བཟང་པོ་དང་། བཟོད་པས་གཟུགས་དང་འཁོར་ལ་སོགས་པ་འཐོབ་ པའི་ཕྱིར་དང་། བརྩོན་འགྲུས་ཀྱིས་དཀར་པོའི་ཆོས་སྒྲུབ་པ་དང་། བསམ་གཏན་གྱིས་འདོད་ཡོན་སྤོང་བ་དང་ཤེས་རབ་ཀྱིས་ཁམས་གསུམ་ལས་འགྲོལ་བའི་ཕྱིར་རོ། །དེ་སྐད་དུའང་ཡུམ་ལས། སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད། ། 1-1633 ཁྲིམས་ཀྱིས་དུད་འགྲོ་འགྲོ་བ་དུ་མའི་ངོ་བོ་དང་། །མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད། །བཟོད་པས་གཟུགས་བཟང་དམ་པ་རྒྱ་ཆེན་འཐོབ་འགྱུར་ཏེ། །གསེར་མདོག་སྡུག་ཅིང་འགྲོ་བས་ལྟ་ བའི་འོས་སུ་འགྱུར། །བརྩོན་འགྲུས་ཀྱིས་ནི་དཀར་པོའི་ཡོན་ཏན་འགྲིབ་མི་འགྱུར། །ཡེ་ཤེས་མཐའ་ཡས་རྒྱལ་བའི་བང་མཛོད་རྙེད་པར་འགྱུར། །བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་རྨད་པར་འགྱུར། །རིག་དང་མངོན་ པར་ཤེས་དང་ཏིང་འཛིན་མངོན་པར་སྒྲུབ། །ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་གསུངས་པ་ཡིན་ནོ། །མཚན་ཉིད་ནི་མདོ་ལས། སྦྱིན་པ་ཡོངས་སུ་གཏོང་བ་དང་། ཚུལ་ཁྲིམས་གདུང་བ་མེད་པ་དང་། བཟོད་པ་འཁྲུག་པ་མེད་པ་དང་། བརྩོན་འགྲུས་དགེ་བ་སྡུད་པ་དང་། བསམ་གཏན་སེམས་རྩེ་གཅིག་པ་དང་། ཤེས་རབ་རབ་ཏུ་འབྱེད་ པའི་མཚན་ཉིད་ཅན་དུ་བཤད་མོད་ཀྱི་འདིར་བྱང་ཆུབ་ཆེན་པོར

【現代漢語翻譯】 所謂的『捨棄』,就是指上面所說的內容。第八部分是對《甚深廣大經》的分別解說,從將甚深廣大安置於波羅蜜多藏的原因,到甚深廣大之法值得供養的原因,這七個方面中的第一個是波羅蜜多的數量。 1-1632 數量確定的兩種情況中的第一種是六種。如果有人問:在《中邊分別論》中不是說:『因此,就勝義而言,波羅蜜多被認為是十種,即佈施、持戒、忍辱、精進、禪定、智慧、方便、愿、力、智,這些是十波羅蜜多。』嗎?答:如同後面所說,它們都包含在般若波羅蜜多中,比如方便是使善根不盡的迴向;愿是使諸佛歡喜的受生之愿;力是以個別觀察和修習的力量來摧毀應斷之法;智慧是行持六波羅蜜多併成熟有情,而這一切都是由般若波羅蜜多所作的緣故。 數量確定是指爲了成就增上生(高處生)和解脫的圓滿,確定為六種,即前三種成就增上生,后三種成就解脫。比如,佈施獲得受用,持戒獲得善妙的轉生,忍辱獲得色身和眷屬等,精進成辦白法,禪定捨棄欲妙,智慧從三界中解脫。如《母經》中也說:『佈施能令受苦有情得成熟,持戒能斷畜生諸惡趣,不閑八處恒常得暇滿,忍辱能獲殊妙勝妙好色身,金色悅意眾生樂瞻視,精進能使白凈功德不退減,無邊智慧能得勝者之寶藏,禪定能使欲妙極稀奇,神通與及現證三摩地,智慧能使了知諸法自性已,三界之中無餘得解脫。』 1-1633 體性方面,經中說:佈施的體性是完全施捨,持戒的體性是沒有熱惱,忍辱的體性是沒有忿怒,精進的體性是積累善法,禪定的體性是心一境性,智慧的體性是善於分別。但在這裡是爲了大菩提。

【English Translation】 The so-called ‘abandoning’ refers to what was said above. The eighth part is a separate explanation of the ‘Extremely Extensive Sutra,’ from the reason for placing the Extremely Extensive in the Paramita Treasury, to the reason why the Extremely Extensive Dharma is worthy of offering, the first of these seven aspects is the number of Paramitas. 1-1632 The first of the two cases of definite numbers is six. If someone asks: Isn’t it said in the ‘Madhyantavibhāga’: ‘Therefore, in terms of ultimate meaning, the Paramitas are considered to be ten, namely generosity, discipline, patience, diligence, meditation, wisdom, skillful means, aspiration, strength, and knowledge; these are the ten Paramitas.’? Answer: As mentioned later, they are all included in the Prajñāpāramitā, such as skillful means being the dedication that makes the roots of virtue inexhaustible; aspiration being the aspiration to take birth that pleases the Buddhas; strength being the power to destroy what should be abandoned through individual observation and practice; wisdom being the practice of the six Paramitas and the maturation of sentient beings, and all of this is done by the Prajñāpāramitā. The definite number refers to the fact that in order to achieve the perfection of higher realms and liberation, it is determined to be six, namely the first three achieve higher realms, and the last three achieve liberation. For example, generosity obtains enjoyment, discipline obtains good rebirth, patience obtains form and retinue, etc., diligence accomplishes white Dharma, meditation abandons sensual pleasures, and wisdom liberates from the three realms. As it is also said in the ‘Mother Sutra’: ‘Generosity matures all sentient beings who suffer, discipline cuts off animals and many evil destinies, avoids the eight unfree states and always obtains leisure, patience obtains excellent and vast good form, golden and pleasing, pleasing to the eyes of beings, diligence makes white virtues not diminish, endless wisdom obtains the treasury of the Victorious Ones, meditation makes sensual pleasures extremely wonderful, supernatural powers and direct realization of Samadhi, wisdom makes one fully know the nature of all Dharmas, and completely transcends the three realms without remainder.’ 1-1633 In terms of characteristics, the Sutra says: The characteristic of generosity is complete giving, the characteristic of discipline is no torment, the characteristic of patience is no anger, the characteristic of diligence is accumulating good Dharma, the characteristic of meditation is one-pointedness of mind, and the characteristic of wisdom is skillful distinction. But here it is for great Bodhi.


་བསྔོས་པའི་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ་མ་བསྔོས་ན་སྦྱིན་པ་ཙམ་ལགས་པར་འགྱུར་རོ། །གོ་རིམ་ནི་མདོ་སྡེ་ རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་གསུངས་པའི་བཞིན་ནོ། །ངེས་ཚིག་ནི་སྦྱིན་པ་ལ་སཾ་སྐྲི་ཏ་ལ་དཱ་ནའི་ད་རི་ཏྲམ་དབུལ་བ་ན་སེ་སེལ་བ་སྟེ་དབུལ་སེལ་ལོ། ། 1-1634 ཚུལ་ཁྲིམས་ཤི་ལའི་ཤི་ཏ་བསིལ་བ་ལ་བྷ་ཐོབ་པ་སྟེ་བསིལ་ཐོབ་བོ། །བཟོད་ལ་ཀྵན་ཏིའི་ཀྵོ་བྷ་འཁྲུགས་པ་དང་ཤཱནྟི་ཞི་བ་སྟེ་འཁྲུགས་ཞིའོ། །བརྩོན་འགྲུས་ལ་བཱིཪྻའི་བཱི་བ་ར་མཆོག་དང་ ཡ་ཏི་སྦྱོར་བ་སྟེ་མཆོག་ལ་སྦྱོར་བའོ། །བསམ་གཏན་ལ་དྷ་ནའི་དྷ་ར་འཛིན་པ་དང་མ་ན་ཡིད་དེ་ཡིད་འཛིན་ནོ། །ཤེས་རབ་ལ་པྲཛྙཱའི་པ་ར་མ་ཨརྠ་དམ་པའི་དོན་དང་ཛྙཱ་ན་ ཤེས་པ་སྟེ་དོན་དམ་ཤེས་པའོ། །དོན་དེ་ཉིད་མདོ་སྡེ་རྒྱན་ལས། དབུལ་བ་སེལ་བར་བྱེད་པ་དང་། །བསིལ་བ་ཐོབ་དང་ཁྲོ་བཟོད་དང་། །མཆོག་ལ་སྦྱོར་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་ བཤད་དོ། །ཞེས་འབྱུང་ངོ་། །སྒོམ་པ་ནི་སྒྲུབ་ཚུལ་ཏེ་མདོ་སྡེ་རྒྱན་ལས། རེ་བ་མེད་པའི་སྦྱིན་པ་དང་། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཐམས་ཅད་ལ་ནི་བཟོད་པ་དང་། །ཡོན་ཏན་ཀུན་སྡུད་ བརྩོན་འགྲུས་དང་། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབ་ཐབས་དང་བཅས་པ་ཡི། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟན་པ་རྣམས་ཀྱིས་ཡང་དག་སྦྱོར། །ཞེས་འབྱུང་བ་བཞིན་དུ་སྒོམ་མོ། །ཡང་ན་ དབུས་མཐའ་ལས་དམ་པ་བཅུ་གཉིས་དང་ལྡན་པར་བཤད་དེ། དམ་པ་བཅུ་གཉིས་བདག་ཉིད་དེ། །རྒྱ་ཆེ་བ་དང་ཡུན་རིང་དང་། །ཆེད་དུ་བྱ་དང་མི་ཟད་དང་། །རྒྱུན་མི་འཆད་དང་ཚེགས་མེད་དང་། ། 1-1635 དབང་འབྱོར་བ་དང་ཡོངས་བཟུང་དང་། །རྩོམ་དང་འཐོབ་དང་རྒྱུ་མཐུན་དང་། །འགྲུབ་པ་དམ་པར་འདོད་པ་ཡིན། །ཞེས་འབྱུང་བ་བཞིན་ནོ། །ཡང་ན་ཐེག་བསྡུས་ལས། དམ་པ་དྲུག་ལྡན་དུ་བཤད་དེ་བྱང་ཆུབ་ ཀྱི་སེམས་ལ་བརྟེན་པས་རྟེན་དམ་པ་དང་། དངོས་པོ་ཐམས་ཅད་སྤྱོད་པས་དངོས་པོ་དམ་པ་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྤྱོད་པས་ཆེད་དུ་བྱ་བ་དམ་པ་དང་། འཁོར་གསུམ་དུ་མི་ རྟོག་པས་ཟིན་པས་ཐབས་ལ་མཁས་པ་དམ་པ་དང་། བྱང་ཆུབ་ཏུ་བསྔོས་པས་བསྔོ་བ་དམ་པ་དང་། སྒྲིབ་པ་གཉིས་དག་པར་བྱེད་པས་རྣམ་པར་དག་པ་དམ་པ་སྟེ་དྲུག་གོ །གཞན་ཡང་ཆོས་ ཀྱི་སྦྱིན་པ་ནི་འོད་སྲུང་གིས་ཞུས་པ་ལས། ཡོངས་སྨིན་མ་བྱས་རྣམས་ལ་ཡིད་མི་བརྟན། །སྣོད་མིན་རྣམས་ལ་རྒྱ་ཆེན་ཆོས་མི་བཤད། །རྒྱ་ཆེན་སེམས་ཅན་རྣམས་ལ་ཐེག་པ་དམན། །བྱང་ཆུབ་སེམས་ དཔའ་མཆོག་གིས་བཤད་མི་བྱ། ། ཞེས་གསུངས་པ་དང་མཛོད་ལས། །ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་སོགས

【現代漢語翻譯】 如果迴向,它們就是波羅蜜多,如果不迴向,就只是佈施。次第如《經莊嚴論》所說:『依於前者生起後者,因為處於下劣與殊勝,因為粗大與微細,所以這些是依次宣說的。』 定義:佈施,梵語為Dāna,Dā的含義是貧窮(daridram),Na是去除(nas),即去除貧窮。 持戒,梵語為Śīla,Śīta是清涼(śīta),la是獲得(labha),即獲得清涼。 安忍,梵語為Kṣānti,Kṣobha是擾動(kṣobha),Śānti是寂靜(śānti),即擾動寂靜。 精進,梵語為Vīrya,Vī是殊勝(vī),Ya是結合(yati),即與殊勝結合。 禪定,梵語為Dhyāna,Dhā是執持(dhāra),Mana是心(mana),即執持心。 智慧,梵語為Prajñā,Para是殊勝(parama),Artha是意義(artha),Jñāna是知識(jñāna),即殊勝意義的知識。 《經莊嚴論》中說:『能除貧窮,獲得清涼,忍耐憤怒,結合殊勝,執持心意,以及瞭解殊勝意義,因此而宣說。』 修習的方法,如《經莊嚴論》所說:『無有希求的佈施,不欲後有的持戒,對一切眾生的安忍,聚集一切功德的精進,如是禪定非無色界,具有方便的智慧,對於這六種波羅蜜多,穩固者應如實修習。』 或者,在《中邊分別論》中說具有十二種殊勝,即:『具有十二種殊勝,即廣大、長時、為利他而作、無盡、相續不斷、無有艱難、具足自在、完全攝持、發起、獲得、順緣、成就,是為殊勝。』 或者,在《攝大乘論》中說具有六種殊勝,即依靠菩提心,是為所依殊勝;享用一切事物,是為事物殊勝;為一切眾生的利益而行,是為所為殊勝;不分別三輪,是為善巧方便殊勝;迴向菩提,是為迴向殊勝;能清凈二障,是為清凈殊勝,共有六種。 此外,關於法佈施,《寶積經·迦葉品》中說:『對於尚未成熟者,不應給予信心;對於非器者,不應宣說廣大的法;不應為廣大心量的眾生宣說小乘法;不應為殊勝的菩薩宣說。』《俱舍論》中說:法佈施不是煩惱,如經等。

【English Translation】 If dedicated, they are pāramitās; if not dedicated, they are merely dāna. The order is as stated in the Sūtrālaṃkāra: ‘Relying on the former, the latter arises, because of being in inferior and superior states, because of being coarse and subtle, therefore these are taught in order.’ Definition: Dāna in Sanskrit, dari means poverty, and na means to eliminate, thus eliminating poverty. Śīla in Sanskrit, śīta means coolness, and la means to obtain, thus obtaining coolness. Kṣānti in Sanskrit, kṣobha means disturbance, and śānti means peace, thus pacifying disturbance. Vīrya in Sanskrit, vī means supreme, and ya means to combine, thus combining with the supreme. Dhyāna in Sanskrit, dhā means to hold, and mana means mind, thus holding the mind. Prajñā in Sanskrit, para means supreme, artha means meaning, and jñāna means knowledge, thus knowledge of the supreme meaning. The Sūtrālaṃkāra states: ‘It is explained for eliminating poverty, obtaining coolness, enduring anger, combining with the supreme, holding the mind, and knowing the supreme meaning.’ The method of practice, as stated in the Sūtrālaṃkāra: ‘Giving without expectation, morality without desire for rebirth, patience towards all beings, diligence gathering all qualities, likewise, meditation is not formless, wisdom with skillful means, to these six pāramitās, the steadfast should truly apply themselves.’ Or, the Madhyāntavibhāga explains that it possesses twelve excellences: ‘Possessing twelve excellences, namely, vastness, long duration, acting for the benefit of others, inexhaustibility, continuous, without difficulty, possessing power, completely holding, initiating, obtaining, conducive causes, and accomplishment are considered excellent.’ Or, the Mahāyānasaṃgraha explains that it possesses six excellences: relying on the bodhicitta is the excellent basis; enjoying all things is the excellent thing; acting for the benefit of all sentient beings is the excellent purpose; not conceptualizing the three spheres is the excellent skillful means; dedicating to enlightenment is the excellent dedication; purifying the two obscurations is the excellent purification, these are six. Furthermore, regarding the giving of Dharma, the Kāśyapaparivarta states: ‘For those who are not yet mature, one should not give confidence; to those who are not vessels, one should not teach the vast Dharma; one should not teach the lesser vehicle to beings with vast minds; one should not teach to the supreme bodhisattvas.’ The Abhidharmakośa states: The giving of Dharma is not afflicted, such as sūtras, etc.


་ཡང་དག་ཇི་བཞིན་སྟོན། །ཞེས་བྱ་བ་དང་དེའི་འགྲེལ་པ་ལས། དེའི་ཕྱིར་གང་དག་ཆོས་ལོག་ པར་འཆད་པར་བྱེད་པའམ་སེམས་ཉོན་མོངས་པ་ཅན་རྙེད་པ་དང་བཀུར་སྟི་དང་གྲགས་པ་འདོད་པས་འཆད་པ་དེ་དག་ནི་བདག་ཉིད་ཀྱི་བསོད་ནམས་ཆེན་པོ་ལས་ཉམས་པར་བྱེད་པ་ཡིན་ནོ་ཞེས་གསུངས་པ་ལ་སོགས་པའི་རྗེས་སུ་འབྲང་བར་བྱའོ། ། 1-1636 ཟང་ཟིང་གི་སྦྱིན་པ་ནི་དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས། མ་དག་པའི་སྦྱིན་པ་སུམ་ཅུ་རྩ་གཉིས་བཤད་པ་དེ་སྤངས་ནས་སྦྱིན་པར་བྱ་བ་ནི་འདིར་ཚིགས་སུ་བཅད་དེ་སྨྲས་པ། མ་དད་སྦྱིན་སྟེར་ཕན་བཏགས་ལན་དུ་སྟེར། །མེ་དང་ཆུ་དང་རྒྱལ་པོ་མགུ་ཕྱིར་སྟེར། །འཇིགས་ནས་སྟེར་དང་དུག་མཚོན་བཤད་ཤ་སྟེ། །བག་མེད་པ་ལ་ཆང་སྟེར་འཁོར་བསྡུའི་ཕྱིར། །རང་ལ་བསྟོད་ཕྱིར་ གཟའ་སྐར་མཁན་ལ་སྟེར། །རོལ་མོ་མཁན་སྟེར་གཞན་ནོར་མཛའ་ལ་སྟེར། །གཞན་གྱི་འབྲུ་ནི་བྱ་ལ་སྟེར་བ་དང་། །བཟོ་བོ་ལ་སྟེར་ནད་ཕྱིར་སྨན་པ་དང་། །སྤྱོས་ནས་སྟེར་དང་རྣམ་པར་སྨིན་པ་ ལ། །ཐེ་ཚོམ་ཟ་བཞིན་སྟེར་དང་བྱིན་རྗེས་འགྱོད། །འདི་ཡིས་ཕྱི་ནས་སྟེར་འགྱུར་སྙམ་ནས་སྟེར། །རྣམ་སྨིན་རང་ཉིད་ཁོ་ནས་སྤྱད་སྙམ་སྟེར། །ལང་ཚོའི་ཚེ་དང་རྒས་ཚེ་ན་བའི་ཚེ། །འཆི་བའི་ཚེ་ ན་སྟེར་བར་བྱེད་པ་དང་། །དད་པ་མེད་བཞིན་གཞན་གྱིས་བསྐུལ་ནས་སྟེར། །ཡུལ་གཞན་གྲགས་ཕྱིར་གཏོང་ཕོད་བསྟན་ཕྱིར་སྟེར། །བུད་མེད་ཕྱིར་དང་བུ་ནི་མེད་ཟེར་སྟེར། །སྐྱེ་བ་ཕྱི་མར་རྙེད་ཕྱིར་སྟེར་ བ་དང་། །དམན་པ་བོར་ནས་ཕྱུག་པོ་རྣམས་ལ་སྟེར། །མ་དག་སྦྱིན་པ་སུམ་ཅུ་རྩ་གཉིས་ཡིན། །ཡང་དེ་ཉིད་ལས། འདི་སྐད་དུ་དྲང་སྲོང་ཆེན་པོ་དེ་དག་ནི་འབྲས་བུ་མེད་པ་མ་ཡིན་མོད་ཀྱི་འོན་ཀྱང་བསམ་པ་དང་སྦྱོར་བ་ཉོན་མོངས་ཅན་དུ་གྱུར་པས་ཞིང་ཚ་སྒོ་ཅན་ལ་ས་བོན་ངན་པ་བཏབ་པ་བཞིན་རྣམ་པར་སྨིན་པ་གྲུང་པོར་མི་འགྱུར་རོ་ཞེས་བྱ་བ་དང་། 1-1637 སངས་རྒྱས་དང་དགེ་འདུན་དང་ཆོས་སྨྲ་བ་དང་ནད་པ་དང་ཕ་མ་ལ་སྟེར་བ་ནི་སྦྱིན་པ་བླ་ན་མེད་པ་ལྔ་ཡིན་ནོ་ཞེས་བྱ་བ་དང་། མགྲོན་པོ་དང་ནད་པ་དང་ནད་གཡོག་ དང་ཆོས་སྨྲ་བ་དང་ཡུལ་གཞན་དུ་འགྲོ་བ་དང་ཕ་མ་དང་རྒྱལ་པོ་རྒྱལ་སྲིད་ལས་ཉམས་པ་དང་རྒྱལ་པོས་མནར་བ་དང་མགོན་མེད་པ་རྣམས་ཞིང་དག་པ་ཡིན་ནོ་ཞེས་གསུངས་སོ། །རབ་ ཏུ་དབྱེ་བ་ནི་སྦྱིན་པ་ལ་ཟང་ཟིང་དང་མི་འཇིགས་པ་དང་ཆོས་ཀྱི་སྦྱིན་པ་དང་གསུམ་མོ། །ཚུལ་ཁྲིམས་ལ་སྡོམ་པ་དང་དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ མོ། །བཟོད་པ་ལ་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང་། སྡུག་བསྔལ་དང་དུ་ལེན་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་གསུམ་མོ། །བརྩོན་འགྲུས་ལ་གོ་ཆ་དང་། སྦྱོར་བ་དང་། ཕྱིར་མི་ལྡོག་པའི་གསུམ་མོ། །བསམ་གཏན་ལ་མཐ

【現代漢語翻譯】 應如實宣說。(出自)《如實宣說》及其釋論。因此,對於那些以邪說講法,或因貪圖名利而宣講佛法的人,應當效仿經中所說:『他們會失去自身巨大的福德。』 關於財物佈施,《正直者請問經》中提到:應避免三十二種不清凈的佈施,以下用偈頌來說明: 不信而施,圖報而施,為報恩而施;為火、水、國王歡喜而施;因恐懼而施,施毒藥、兵器、血肉;向放逸者施酒,為聚集眷屬而施;為讚揚自己而施,施給星相師;施給樂師,將他人之財施與朋友;將他人的糧食施與鳥類;施給工匠,為治病而施給醫生;謾罵后施捨,以及對異熟果報;猶豫不決地施捨,施捨后又後悔;心想以此在未來獲得回報而施捨;心想異熟果報只供自己享用而施捨;在青春、壯年、老年、生病、臨終時施捨;不具信心,受他人勸請而施捨;為在異地揚名,為炫耀慷慨而施捨;為女人而施,或謊稱無子而施;為來世獲得利益而施捨;捨棄卑劣者,而施給富人。以上就是三十二種不清凈的佈施。 同樣在經中說:『正直的大修行者們,雖然這些佈施並非沒有果報,但由於動機和行為受到煩惱染污,就像在鹽堿地裡播下壞種子一樣,果報不會豐碩。』 對佛、僧、說法者、病人、父母的佈施是五種無上佈施。客人、病人、侍疾者、說法者、遠行者、父母、失去王位的國王、受國王迫害的人以及無依無靠的人,都是清凈的福田。 從分類上講,佈施有財物佈施、無畏佈施和佛法佈施三種。戒律有律儀戒、攝善法戒和饒益有情戒三種。忍辱有于損害不生嗔、安受痛苦、於法決定信解三種。精進有披甲精進、加行精進、不退精進三種。禪定有…

【English Translation】 Show the right way as it is. From the ‘Showing the Right Way’ and its commentary. Therefore, those who preach false teachings, or preach with a mind of affliction, seeking gain, respect, and fame, should follow what is said, ‘They will lose their great merit.’ Regarding the giving of material things, from the Sutra Requested by the Honest One: Having explained the thirty-two impure givings, one should give by abandoning them. Here, it is spoken in verses: Giving without faith, giving with conditions, giving in return; giving to please fire, water, and the king; giving out of fear, giving poison, weapons, flesh; giving alcohol to the reckless, for the sake of gathering a retinue; giving to astrologers to praise oneself; giving to musicians, giving others’ wealth to friends; giving others’ grain to birds; giving to craftsmen, giving medicine for illness; giving after scolding, and to the ripening; giving while doubting, and regretting after giving; giving thinking that one will receive in the future; giving thinking that one will only enjoy the ripening oneself; giving in youth, old age, sickness, and at the time of death; giving without faith, urged by others; giving to be famous in other lands, giving to show generosity; giving for women, or giving saying there are no sons; giving to gain in future lives; giving up the inferior and giving to the rich. These are the thirty-two impure givings. Also in the same text: ‘Great honest practitioners, although these are not without fruit, nevertheless, because the intention and action are afflicted, like planting bad seeds in a salty field, the ripening will not be abundant.’ Giving to the Buddha, the Sangha, the Dharma speaker, the sick, and parents are the five unsurpassed givings. Guests, the sick, attendants, Dharma speakers, those going to other lands, parents, kings who have fallen from their kingdoms, those tormented by kings, and the helpless are pure fields. In terms of classification, giving has three types: material giving, fearlessness giving, and Dharma giving. Ethics has three types: the ethics of vows, the ethics of gathering virtue, and the ethics of benefiting sentient beings. Patience has three types: not being upset by harm, accepting suffering, and having definite faith in the Dharma. Diligence has three types: armor-like diligence, application diligence, and non-returning diligence. Samadhi has…


ོང་བའི་ཆོས་ལ་བདེ་བར་གནས་པ་དང་། མངོན་པར་ཤེས་པ་སྒྲུབ་པ་དང་། སེམས་ཅན་གྱི་དོན་བྱེད་པ་གསུམ་མོ། །ཤེས་རབ་ལ་ཀུན་རྫོབ་དང་དོན་ དམ་དང་སེམས་ཅན་གྱི་དོན་ལ་དམིགས་པ་གསུམ་མོ། །བསྡུས་པ་ནི་དང་པོ་ལྔ་བསོད་ནམས་དང་ཤེས་རབ་དང་ཡེ་ཤེས་ཏེ་ཚོགས་གཉིས་སམ། ཡང་ན་དང་པོ་ལྔ་ཐབས་མཁས་པ་དང་ཕྱི་མ་ཤེས་རབ་སྟེ་ཐབས་ཤེས་རབ་གཉིས་སམ། 1-1638 ཡང་ན་བསླབ་པ་གསུམ་སྟེ་མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཏུ་ཕྱིན་པ་དྲུག །རབ་ཏུ་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་གསུངས་སོ། །དེའི་དོན་ནི་འདི་ཡིན་ཏེ་སྦྱིན་པ་བཏང་ནས་ཚུལ་ཁྲིམས་བླངས་ཏེ་བཟོད་པས་སྲུང་བས་བསླབ་པ་དང་པོ་ནི་ཕ་རོལ་ཏུ་ཕྱིན་པ་གསུམ་ཡིན་ནོ། ། ཐ་མ་གཉིས་ནི་བསླབ་པ་རེ་རེ་ཡིན་ལ་བརྩོན་འགྲུས་ཀྱིས་གསུམ་ཀ་སྒྲུབ་པས་ཤེས་དགོངས་པ་ཡིན་ནོ། །མི་མཐུན་ཕྱོགས་ནི་སེར་སྣ་ནས་ཤེས་རབ་འཆལ་བའི་བར་དྲུག་གམ། ཡང་ན་སྒྲིབ་པ་ གཉིས་ཀ་ཡིན་ཏེ་འདིས་སྤོང་བའི་ཕྱིར་རོ། །ཇི་སྐད་དུ་རྒྱུད་བླ་མ་ལས། སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་ བྱའི་སྒྲིབ་པར་འདོད། །ཤེས་རབ་ལས་གཞན་འདི་དག་ནི། །སྤོང་རྒྱུ་གཞན་མེད་དེ་ཡི་ཕྱིར། ཤེས་རབ་མཆོག་ཡིན་དེ་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་གསུངས་པ་ཡིན་ནོ། ། ཡོན་ཏན་གྱི་ བསྔགས་པ་ནི་ཕུན་སུམ་ཚོགས་པ་གཉིས་སྒྲུབ་པར་སྔར་བཤད་ཟིན་ལ་གཞན་ཡང་རིན་པོ་ཆེ་ཕྲེང་བ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་གཟུགས་བཟང་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། ། 1-1639 སྙིང་བརྩེ་བས་ནི་དོན་ཀུན་འགྲུབ། །བདུན་པོ་འདི་དག་མ་ལུས་པ། །ཅིག་ཅར་ཕ་རོལ་ཕྱིན་པ་ཡིས། །ཡེ་ཤེས་བསམ་མི་ཁྱབ་པའི་ཡུལ། །རྣམ་པ་ཐམས་ཅད་མཁྱེན་ཉིད་འཐོབ། །ཅེས་བཤད་དོ། །གལ་ཏེ་ སྦྱིན་པ་བཏང་བ་ཙམ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བསོད་ནམས་འབྱུང་ངམ་ཞེ་ན་མུ་བཞི་ལས་སྦྱིན་པ་ཡིན་ལ་ཕ་རོལ་ཏུ་ཕྱིན་པའི་བསོད་ནམས་མི་འབྱུང་བ་ནི་བྱང་ཆུབ་ཆེན་ པོར་མ་བསྔོས་པའི་སྦྱིན་པའོ། །སྦྱིན་པ་མ་ཡིན་ལ་ཕ་རོལ་ཏུ་ཕྱིན་པའི་བསོད་ནམས་འབྱུང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཏོང་དུ་འཇུག་པ་དང་། བསྔགས་པ་བརྗོད་པ་དང་། ཡིད་རང་ བའོ། །གཉིས་ཀ་ཡིན་པ་ནི་བྱང་ཆུབ་ཆེན་པོར་བསྔོས་པའི་སྦྱིན་པའོ། །གཉིས་ཀ་མ་ཡིན་པ་ནི་མི་དགེ་བ་དང་ལུང་མ་བསྟན་ལ་སོགས་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་བར་ལ་སྦྱར་རོ། ། གཅིག་ལ་གཅིག་ངེས་པ་ནི་རེ་རེ་ལ་དྲུག་ཀ་ཚང་བ་སྟེ་སྦྱིན་པ་གཏོང་བ་ན་སྒོ་གསུམ་གྱི་ཉེས་སྤྱོད་སྤོང་བ་ཚ

【現代漢語翻譯】 安住于佈施之法,成就神通,利益眾生,此為三者。智慧有世俗諦、勝義諦和以利益眾生為目標三種。總而言之,最初五者是福德和智慧,即二資糧;或者最初五者是方便善巧,後者是智慧,即方便與智慧二者; 或者三學,如《經莊嚴論》所說:『掌握三學已,勝者說六度,初三與后二,二者各別相,一則皆攝三。』其含義是:佈施之後持戒,以忍守護,故最初之學為三波羅蜜多。 最後二者各自為一學,精進可成辦三者,故應知此密意。相違品為慳吝乃至智慧邪見等六者,或者二障,因此而斷除。如《寶性論》所說:『慳等諸分別,是名煩惱障,三輪之分別,是名所知障。除慧無餘者,能斷此等故,是故慧為勝,彼之基為聞,故聞為最勝。』此乃讚歎功德,即成就二種圓滿,如前已述。另如《寶鬘論》所說:『佈施得富足,持戒得安樂,忍辱得妙色,精進得威嚴,禪定得寂靜,智慧得解脫,慈愛能成辦,一切諸事業。此等七全部,一時以度成,智慧不可測,獲一切智智。』 如是宣說。若僅是行佈施,就能生起佈施波羅蜜多的福德嗎?有四句,即是佈施,但不能生起波羅蜜多的福德,是指未迴向大菩提的佈施。不是佈施,但能生起波羅蜜多的福德,是指勸人行佈施波羅蜜多,讚歎和隨喜。二者都是,是指回向大菩提的佈施。二者都不是,是指非善業和無記等。如是類推至智慧。 一一定於一者,是指每一者都具足六度,即行佈施時,捨棄身語意的惡行等。

【English Translation】 To abide in the Dharma of generosity, to accomplish clairvoyance, and to benefit sentient beings, these are the three. Wisdom has three aspects: conventional truth, ultimate truth, and focusing on the benefit of sentient beings. In summary, the first five are merit and wisdom, the two accumulations; or the first five are skillful means, and the latter is wisdom, the two being means and wisdom; Or the three trainings, as stated in the ‘Ornament of the Sutras’: ‘Having mastered the three trainings, the Victorious Ones taught the six perfections. The first three and the last two, each are distinct, one includes all three.’ Its meaning is: having given charity, taken vows of morality, and protected with patience, the first training is the three perfections. The last two are each a single training, and diligence can accomplish all three, so this intention should be understood. The opposing factors are the six from miserliness to corrupted wisdom, or the two obscurations, which are abandoned by this. As stated in the ‘Uttaratantra’: ‘Whatever thoughts there are, such as miserliness, are considered the obscuration of affliction. Whatever thoughts there are of the three spheres, are considered the obscuration of knowledge. Other than wisdom, there is nothing else to abandon these, therefore wisdom is supreme, and its basis is hearing, therefore hearing is supreme.’ This is praise of the qualities, that is, accomplishing the two perfections, as previously explained. Also, as stated in the ‘Precious Garland’: ‘By generosity, wealth; by morality, happiness; by patience, good form; by diligence, majesty; by meditation, peace; by wisdom, liberation; by loving-kindness, all purposes are accomplished. These seven, all at once, are accomplished by the perfections. Wisdom, an inconceivable realm, obtains omniscience.’ Thus it is explained. If merely giving charity, does that generate the merit of the perfection of generosity? There are four possibilities: it is charity, but does not generate the merit of the perfection, which refers to charity not dedicated to great enlightenment. It is not charity, but generates the merit of the perfection, which refers to encouraging others to practice the perfection of generosity, praising and rejoicing. Both are true, which refers to charity dedicated to great enlightenment. Neither is true, which refers to non-virtuous actions and neutral actions, and so on. Apply this similarly up to wisdom. One being definite for one, means that each one is complete with the six perfections, that is, when giving charity, abandoning the misdeeds of body, speech, and mind, etc.


ུལ་ཁྲིམས་དང་སྡུག་བསྔལ་ལ་མི་སྐྲག་པའི་བཟོད་པ་དང་། དེ་ལ་ སྤྲོ་བ་བརྩོན་འགྲུས་དང་། དེ་ལ་རྩེ་གཅིག་པ་བསམ་གཏན་དང་། འཁོར་གསུམ་དུ་མི་རྟོག་པར་བསྔོ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་དེ་བཞིན་དུ་ཤེས་རབ་ཀྱི་བར་ལ་སྦྱར་རོ། ། 1-1640 གཅིག་ལ་གཅིག་ངེས་པ་ནི་རེ་རེ་ལ་དྲུག་ཀ་ཚང་བ་སྟེ། གཞན་ཡང་འཚེ་བ་དང་བཅས་པའི་གཏོང་བ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རེ་རེ་བ་དང་གཉིས་གཉིས་པ་དང་གསུམ་ གསུམ་པ་ལ་སོགས་པ་ཅི་རིགས་སུ་འགྱུར་རོ། །གཉིས་པ་ཤིན་ཏུ་རྒྱས་པར་ཟབ་ཅིང་རྒྱ་ཆེ་བ་སྟོན་པའི་རྒྱུ་ལ་རྒྱ་ཆེ་བ་ནི་འཁོར་འདས་ཀྱི་ཆོས་མ་ལུས་པ་སྟོན་པའོ། །ཟབ་པ་ ནི་ཆོས་ཀྱི་བདག་མེད་དང་ཀུན་གཞི་ལ་སོགས་པ་གཏིང་དཔག་དཀའ་བ་རྣམས་སོ། །དེའི་འབྲས་བུ་རྣམ་མཁྱེན་གྱིས་དེ་གཉིས་མཁྱེན་པའམ་རྣམ་མཁྱེན་ཉིད་དེ་ལྟར་གནས་པའི་ཕྱིར་འབྲས་བུ་དང་མཐུན་པར་ རྒྱུ་བསྟན་ཞེས་བྱ་བའི་དོན་ཏོ། །གསུམ་པ་དེ་ལ་མི་མོས་པའི་རྒྱུ་ནི་ཁ་ཅིག་ཤིན་ཏུ་རྒྱས་པ་ཟབ་པ་དང་རྒྱ་ཆེ་བ་ལ་མི་མོས་ཞེས་ཚིག་རྣམ་པར་སྦྱར་རོ། །ཆོས་ཉིད་ནི་ ཐེག་ཆེན་གྱི་རིགས་སོ། །དགེ་བའི་རྩ་བ་ནི་ཐེག་ཆེན་ལ་མོས་པའི་རྒྱུར་གྱུར་པ་དེ་ལ་བཀུར་སྟི་བྱེད་པ་ལ་སོགས་པའོ། །སྡིག་གྲོགས་ནི་ཐེག་ཆེན་ལ་སྡང་བའོ། །དོན་འདི་ཉིད་རྒྱུད་བླ་ མ་ལས། རིགས་མེད་གྲོགས་ངན་སྔོན་དགེ་མ་བསགས་བློ་མ་སྦྱངས། །ཆོས་འདིས་སྐྲག་འགྱུར་འདི་ན་དོན་ཆེན་འདི་ལས་ལྟུང་། །ཞེས་བཤད་དོ། །བཞི་པ་མོས་ཀྱང་ངེས་པར་མི་འབྱུང་བའི་རྒྱུའི་དང་པོ་རྒྱུ་དངོས་ལ་ངེས་པར་འབྱུང་བར་མི་འགྱུར་བ་ནི་དེས་ཐེག་ཆེན་ལ་ཞུགས་ཀྱང་འཁོར་བ་ལས་མི་ཐར་བའོ། ། 1-1641 བདག་ཉིད་ལྟ་བ་མཆོག་ཏུ་འཛིན་པ་ནི་མདོའི་དགོངས་པ་མི་ཤེས་པར་རང་གི་ལྟ་ངན་ལ་བཟང་པོ་རློམ་པའོ། །དོན་ལ་སྒྲ་ཇི་བཞིན་དུ་ཞེན་པ་ནི་རང་བཞིན་མེད་པ་ལ་སོགས་པ་ ལ་སྟོང་པ་ཕྱང་ཕྱད་ལ་སོགས་པར་འདུ་ཤེས་ཏེ་ཐམས་ཅད་ལ་སྐུར་པ་འདེབས་པའོ། །མ་སྐྱེས་པ་ལ་སོགས་པའང་དེ་དང་འདྲ་སྟེ་ཐེག་ཆེན་ནི་དགོངས་པ་སྣ་ཚོགས་ཅན་དུ་གསུངས་པ་ཡིན་ ནོ། །གཉིས་པ་དེ་ལ་དགོངས་ཏེ་གསུངས་པའི་ལུང་ནི་དོན་ལ་གསུམ་གྱི་དང་པོ་ལྟ་བའི་ངོ་བོ་ནི་མོས་ཀྱང་རྒྱུ་གཉིས་ཀྱིས་ངེས་པར་མི་འབྱུང་བ་འདི་ལ་དགོངས་ནས་ཞེས་པ་སྟེ་མེ་ ལོང་ཆེན་པོ་ནི་དེ་ལས་ཤེས་བྱ་མང་པོ་གསལ་བའི་ཕྱིར་ཏེ་དད་པ་ཆེར་འབྱུང་གི་མདོའོ། །སྒྲ་ཇི་བཞིན་དུ་འབྱེད་པ་ནི་འཁྲུལ་པ་ཡིན་པས་ཚུལ་བཞིན་མ་ཡིན་པའོ། །མཚན་མར་ལྟ་བ་ ནི་རང་བཞིན་མེད་པ་དང་མ་སྐྱེས་པ་ལ་སོགས་པར་གསུངས་པའི་དགོངས་པ་མི་ཤེས་པར་ནམ་མཁའ་ལྟར་མེད་དགག་གི་མཚན་མར་ལྟ་བའོ། །དེ་མེད་པ་ལ་ཞེན་ནས་ངོ་བོ་ཉིད་གསུམ་ལ་ སྐུར་པ་འདེབས་པ་ནི་བཏགས་པ་ལ་སོགས་པ་གསུམ་དང་སྦྱར་རོ།

【現代漢語翻譯】 不畏懼刑罰和痛苦的忍辱,以及 對此歡喜的精進,以及 對此一心一意的禪定,以及 不執著三輪的佈施是般若波羅蜜多,同樣地,在般若之間也這樣運用。 1-1640 一個決定一個,即每一個都具備六度。此外,伴隨損害的佈施等波羅蜜多,會各自、兩個、三個等隨意變化。第二,極其廣大地顯示甚深和廣大的原因,廣大是指顯示輪迴和涅槃的所有法。甚深是指法的無我和阿賴耶識等難以測度的法。其果是遍智,以遍智了知這兩者,或者遍智本身如此安住,因此與果相符地顯示因,這就是所說的意義。第三,對此不信的原因是,有些人不相信極其廣大的甚深和廣大,這是詞語的組合方式。法性是指大乘的種姓。善根是指對大乘生起信心的原因,即對此進行恭敬等。惡友是指憎恨大乘者。這個意義在《寶性論》中也說:『無種姓、惡友、未積 पूर्व善、未修心,此法令其 भय,此乃大義墮。』第四,即使相信也未必產生的因,第一個因在事物上未必產生,即雖然進入大乘,也無法從輪迴中解脫。 1-1641 執持我見為殊勝,即不瞭解經的密意,而自認為自己的惡見是好的。對意義執著于字面,即認為無自性等是空無一物,從而誹謗一切。未生等也與此相同,因為大乘被說成具有多種密意。第二,對此而說的經文,在意義上有三點,第一是觀點的體性,即考慮到即使相信,也會因為兩個原因而未必產生,所以說是『考慮到』,因為大圓鏡可以從中清楚地瞭解許多所知,所以會生起很大的信心。按字面解釋是錯誤的,因此是不如理的。執著于相是指不瞭解所說的無自性和未生等的密意,而執著于如同虛空般無遮止的相。執著于不存在,從而誹謗三自性,即與遍計所執等三者結合。

【English Translation】 Patience that does not fear punishment and suffering, and Diligence that rejoices in it, and Samadhi that is single-minded about it, and Giving without clinging to the three spheres is Prajnaparamita, and similarly, apply it between Prajnas. 1-1640 One determines one, that is, each one is complete with the six perfections. Furthermore, giving with harm, etc., the perfections will change variously, each one, two, three, etc. Second, the cause of showing the extremely vast, profound, and extensive is that the extensive shows all the dharmas of samsara and nirvana. The profound is that the dharmas of selflessness of phenomena and alaya, etc., are difficult to fathom. The fruit of that is omniscience, knowing those two with omniscience, or omniscience itself abiding in that way, therefore, showing the cause in accordance with the fruit, which is the meaning of what is said. Third, the reason for not believing in this is that some do not believe in the extremely vast, profound, and extensive, which is the way the words are combined. Dharmata is the lineage of the Mahayana. The root of virtue is what becomes the cause of faith in the Mahayana, that is, showing respect for it, etc. A bad friend is one who hates the Mahayana. This meaning is also stated in the Uttaratantra: ‘Without lineage, bad friends, not accumulating पूर्वmerit, not training the mind, this dharma makes them भय, this is a great meaning of downfall.’ Fourth, the cause of not necessarily arising even if one believes, the first cause does not necessarily arise in things, that is, even if one enters the Mahayana, one cannot be liberated from samsara. 1-1641 Holding self-view as supreme is not understanding the intention of the sutras and boasting that one’s own evil view is good. Clinging to the words as they are in meaning is perceiving selflessness, etc., as utter emptiness, thereby slandering everything. Unborn, etc., are also similar to this, because the Mahayana is said to have various intentions. Second, the scriptures spoken with that intention, in meaning, there are three points, the first is the nature of the view, that is, considering that even if one believes, it will not necessarily arise due to two causes, therefore it is said ‘considering’, because the great mirror can clearly understand many knowable things from it, so great faith will arise. Interpreting the words as they are is wrong, therefore it is improper. Looking at the characteristics is not understanding the intention of what is said about selflessness and unborn, etc., and looking at the characteristics of negation like the sky. Clinging to the non-existence and slandering the three natures is combining with the three, such as imputation, etc.


།དེ་མེད་པའི་ལྟ་བ་དེ་སྒྲུབ་པའི་ཕྱིར་རིགས་པ་འགའ་ཞིག་འཛིན་པ་དང་མདོ་སྡེ་མང་པོ་མེད་པའི་སྒྲུབ་བྱེད་དུ་ལོག་པར་བཤད་ནས་བསྒྱུར་བ་ནི་ཡོངས་སུ་འཛིན་པ་དང་སྒྱུར་བའོ། ། 1-1642 ཆོས་ཐམས་ཅད་མེད་པ་ཡིན་པའི་ཕྱིར་དགེ་མི་དགེ་གང་བྱེད་ཀྱང་སྐྱོན་མེད་ལ་དེས་སྔོན་བསགས་པའི་སྒྲིབ་པ་ལས་ཀྱང་འབྱུང་བར་འགྱུར་རོ་ཞེས་འཛིན་པ་ནི་ཁ་ན་མ་ཐོ་བ་མེད་པ་ དང་ངེས་འབྱུང་གི་ལྟ་བའོ། ། མེད་པ་ལ་ཞེན་ནས་ཡོད་པར་སྟོན་པ་ཉན་ཐོས་ཀྱི་སྡེ་སྣོད་ཁྱད་དུ་གསོད་པ་དང་། ཡོད་པར་སྨྲ་བ་ལ་ཞེ་སྡང་བ་ནི་དབང་ཟ་བ་དང་འཁྲུག་པའི་ ལྟ་བའོ། །རྣམ་ཐར་སྒོ་གསུམ་གྱི་དོན་ནི་མེད་དགག་ཁོ་ནར་ཞེན་པ་དང་། དེ་ལ་ཞུགས་ན་བསོད་ནམས་མང་པོ་འཕེལ་ལོ་སྙམ་པ་ནི་ཕྱིན་ཅི་ལོག་དང་འཕེལ་བའི་ལྟ་བའོ། །མེད་པའི་ལྟ་ བ་ལ་དྲིས་པའི་ཚེ་བདག་ནི་ཅིའང་ཁས་མི་ལེན་ནོ་ཞེས་སྨྲ་བ་དང་ངན་གཡོས་ཚུལ་ལ་ཚིག་དོར་དང་ལྟག་ཆོད་མང་པོ་བྱེད་པ་ནི་ཁས་མི་ལེན་པ་དང་ངན་གཡོའི་ལྟ་བའོ། །མེད་ པར་ལྟ་བ་ནི་སངས་རྒྱས་རྣམས་ལ་མཆོད་པ་དང་བཀུར་སྟིར་འགྱུར་རོ་སྙམ་དུ་རློམ་པ་ནི་བཀུར་སྟིའི་ལྟ་བའོ། །མཁས་པ་དག་གིས་ལྟ་བ་དེ་རིགས་པས་སུན་ཕྱུང་བ་ན་འདི་ཉིད་བདེན་ གྱི་གཞན་ནི་ལོག་པའོ་སྙམ་ནས་མི་འདོར་བ་ནི་རྨོངས་པ་བརྟན་པའི་ལྟ་བའོ། །ལྟ་བ་དེ་དག་གི་བག་ཆགས་ཀུན་གཞི་ལ་ཡོད་པ་ནི་རྩ་བའི་ལྟ་བའོ། །གཉིས་པ་དེ་སྐྱོན་གྱི་སྒོ་ནས་བཤད་པ་ལ་མཚན་མར་ལྟ་བ་ནི་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་ཞེས་བྱ་སྟེ་མེད་པའི་མཚན་མ་ལ་ཞེན་ཀྱང་མཚན་མ་ཐམས་ཅད་ལ་མ་ཞེན་པར་འདུ་ཤེས་པའི་ཕྱིར་རོ། ། 1-1643 ངོ་བོ་ཉིད་གསུམ་ལ་སྐུར་པ་འདེབས་པ་ལ་སྦྱོར་བ་སེལ་བ་ཞེས་བྱ་སྟེ་ཐམས་ཅད་ལ་སྐུར་པ་བཏབ་ན་དགེ་བའི་འབད་པའི་སྦྱོར་བ་ལ་དོན་མེད་པའི་ཕྱིར་རོ། །ཡོངས་སུ་འཛིན་པ་ དང་སྒྱུར་བ་ནི་ཐར་པའི་ཐབས་མ་ཡིན་པས་ངེས་འབྱིན་མ་ཡིན་པའི་ལྟ་བའོ། །ཁ་ན་མ་ཐོ་བ་མེད་པ་དང་ངེས་པར་འབྱུང་བ་ནི་སླར་ཡང་སྒྲིབ་པ་གསོག་པས་སྒྲིབ་པ་སོགས་པའི་ ལྟ་བའོ། །དབང་ཟ་བ་དང་རབ་ཏུ་འཁྲུག་པ་ནི་ཆོས་དང་གང་ཟག་ལ་ལོག་པར་སྒྲུབ་པས་བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བའོ། །ཕྱིན་ཅི་ལོག་དང་འཕེལ་བའི་ལྟ་བ་ནི་མེད་པ་ འབའ་ཞིག་ཏུ་བལྟས་པ་ལས་འབྲས་བུ་མི་འབྱུང་བས་འབྲས་བུ་མེད་པའི་ལྟ་བའོ། །ཁས་མི་ལེན་དང་ངན་གཡོ་གཉིས་ནི་རིགས་པ་མེད་པར་ཕམ་པ་ཁོ་ནས་འཐོབ་པས་ཆད་པས་བཅད་པའོ། །བཀུར་ སྟི་ནི་སྐུར་འདེབས་ཀྱི་ལྟ་བ་སྟེ་དེ་སྐད་མི་གསུང་བ་ལ་གསུང་བར་སྒྲོ་འདོགས་པའི་ཕྱིར་རོ། །རྨོངས་པ་བརྟན་པ་ནི་བསྙད་པ་མ་ཡིན་པ་སྟེ་དགག་པ་བྱས་ཀྱང་དོན་མེད་པའི་ཕྱིར་ རོ། །རྩ་བའི་ལྟ་བ་ནི་ལྟ་བ་ཆེན་པོ་སྟེ་དེ་ལས་ལྟ་ངན་ཐམས་ཅད་འབྱུང་བའི་ཕྱིར་རོ། །གསུམ་པ་དེ་ཐམས་ཅད་ཀ

【現代漢語翻譯】 爲了確立這種『無』的觀點,抓住一些理證,並將許多經部歪曲解釋為『無』的論據,這就是完全執著和歪曲的觀點。 1-1642 認為一切法皆空,因此無論行善作惡都沒有過失,並且由此也能從先前積累的障礙中解脫,這就是無罪和出離的觀點。執著于『無』,卻宣稱『有』,輕視聲聞乘的教藏;對宣說『有』者心生嗔恨,這就是專橫和爭鬥的觀點。認為解脫三門(空性門,無相門,無愿門)的意義僅僅在於否定,並認為進入其中能增長許多福德,這就是顛倒和增長的觀點。當被問及『無』的觀點時,聲稱自己什麼都不承認,並且以惡劣的手段進行推諉和狡辯,這就是不承認和狡詐的觀點。自以為執著于『無』的觀點,就能變成對諸佛的供養和恭敬,這就是恭敬的觀點。當智者以理證駁斥這種觀點時,仍然認為『唯有此是真,其他皆是假』而不捨棄,這就是愚癡堅固的觀點。所有這些觀點的習氣存在於阿賴耶識中,這就是根本的觀點。 1-1643 從過失的角度來解釋這些觀點:執著于相,就是將非觀點視為觀點,因為執著于『無』的相,卻認為自己沒有執著於一切相。誹謗三自性(遍計所執性,依他起性,圓成實性),就是斷絕努力,因為如果誹謗一切,那麼行善的努力就沒有意義了。完全執著和歪曲,是因為這不是解脫的方法,所以不是出離的觀點。無罪和出離,是因為這會再次積累障礙,所以是增長障礙的觀點。專橫和爭鬥,是因為這會錯誤地論證法和補特伽羅,所以是增長非福德的觀點。顛倒和增長的觀點,是因為僅僅看到『無』並不能產生結果,所以是無果的觀點。不承認和狡詐,是因為只能通過無理的失敗來獲得,所以是被斷滅所斬斷的。恭敬,是誹謗的觀點,因為將未說的話強加於他人。愚癡堅固,是無意義的辯解,因為即使駁斥也沒有用。根本的觀點,是最大的觀點,因為一切邪見都由此產生。第三,所有這些觀

【English Translation】 To establish this view of ‘nothingness,’ grasping at some reasoning and distorting many Sutra Pitaka as arguments for ‘nothingness,’ this is the view of complete attachment and distortion. 1-1642 Believing that all dharmas are empty, therefore there is no fault in doing good or evil, and that one can even be liberated from previously accumulated obscurations, this is the view of being without fault and of renunciation. Clinging to ‘nothingness’ but proclaiming ‘existence,’ disparaging the Shravaka Vehicle’s teachings; harboring hatred towards those who speak of ‘existence,’ this is the view of being domineering and contentious. Believing that the meaning of the three doors of liberation (emptiness, signlessness, wishlessness) lies solely in negation, and thinking that entering into them will increase much merit, this is the view of being inverted and increasing. When asked about the view of ‘nothingness,’ claiming that one does not acknowledge anything, and using vile means of evasion and sophistry, this is the view of non-acknowledgment and deceit. Presuming that clinging to the view of ‘nothingness’ will transform into offerings and reverence to the Buddhas, this is the view of reverence. When wise individuals refute that view with reasoning, still thinking ‘only this is true, others are false’ and not abandoning it, this is the view of steadfast ignorance. All the habitual tendencies of these views existing in the Alaya-vijnana (storehouse consciousness), this is the fundamental view. 1-1643 Explaining these views from the perspective of faults: clinging to characteristics is called viewing what is not a view as a view, because even though one clings to the characteristic of ‘nothingness,’ one perceives that one is not clinging to all characteristics. Slandering the three natures (imputed nature, dependent nature, perfected nature) is called severing effort, because if one slanders everything, then the effort of doing good is meaningless. Complete attachment and distortion is because this is not a method of liberation, so it is not a view of renunciation. Being without fault and renunciation is because this will again accumulate obscurations, so it is a view of increasing obscurations. Being domineering and contentious is because this will wrongly argue about the Dharma and the individual, so it is a view of increasing non-merit. The view of being inverted and increasing is because merely seeing ‘nothingness’ does not produce results, so it is a view of no result. Non-acknowledgment and deceit is because it can only be obtained through unreasonable defeat, so it is cut off by annihilation. Reverence is the view of slander, because it imposes unspoken words on others. Steadfast ignorance is a meaningless excuse, because even if refuted, it is useless. The fundamental view is the greatest view, because all wrong views arise from it. Third, all these vie


ྱི་སྡུད་བྱེད་བཤད་པ་ནི་མངོན་པའི་ང་རྒྱལ་གྱི་ལྟ་བ་སྟེ་ཉི་ཤུ་རྩ་བདུན་པོ་ཐམས་ཅད་དེས་བསྐྱེད་པའི་ཕྱིར་རོ། ། 1-1644 དེ་ཉིད་ཀྱི་ཕྱིར་མདོ་སྡེ་དེ་ཉིད་ལས་དེའི་འོག་ཏུ་དེ་དག་ནི་བཅུ་བདུན་ཡིན་ཀྱང་བཅུར་འགྱུར་རོ། །བཅུ་ཡིན་ཀྱང་བཅུ་བདུན་དུ་འགྱུར་རོ། །ཉི་ཤུ་རྩ་བདུན་ཡིན་ཀྱང་གཅིག་ཏུ་འགྱུར་རོ། ། གཅིག་ཡིན་ཀྱང་ཉི་ཤུ་རྩ་བདུན་དུ་འགྱུར་རོ་ཞེས་གསུངས་སོ། །ལྔ་པ་ཤིན་ཏུ་རྒྱས་པ་ལས་གསུངས་པའི་དགོངས་པ་བཤད་པ་ལ་བཞིའི་དང་པོ་ངོ་བོ་ཉིད་མེད་པའི་དགོངས་པའི་ཚུལ་གཉིས་བཤད་ པ་ལ་དང་པོའི་དགོངས་པ་ནི་བསམ་པའོ། །བདག་ཉིད་ཀྱིས་མི་འབྱུང་བ་ནི་གྲངས་ཅན་ལྟར་རང་ལས་རང་སྐྱེ་བ་བཀག་གི་རྐྱེན་གཞན་ལས་འབྱུང་བ་ནི་མ་བཀག་གོ །རང་གི་བདག་ཉིད་དུ་ མེད་པ་ནི་སྔར་བྱུང་བ་དེ་ཉིད་ཡང་བསྐྱར་ནས་མི་འབྱུང་བའོ། །རང་གི་ངོ་བོ་ལ་མི་གནས་པ་ནི་སྐད་ཅིག་གཉིས་ཕན་ཆད་མི་སྡོད་པའོ། །བྱིས་པས་བཟུང་བ་ནི་བདེན་པར་ཏེ་ཡུམ་ ལས། ཆོས་འདི་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པས་ཇི་ལྟར་ཞེན་པ་དེ་བཞིན་དུ་མེད་དེ་ཞེས་གང་གསུངས་པ་ཡིན་ནོ། །གཉིས་པ་ལ་མཚན་ཉིད་ངོ་བོ་ཉིད་ མེད་པ་ནི་རྟག་གཅིག་རང་དབང་ཅན་ལ་སོགས་པ་ཇི་ལྟར་ཇི་ལྟར་བརྟགས་པའི་ངོ་བོ་ཉིད་མེད་པའོ། །སྐྱེ་བ་ནི་རང་ལས་སྐྱེ་བའོ། །དོན་དམ་པའང་ཡིན་ལ་ངོ་བོ་ཉིད་མེད་པའང་ཡིན་པས་དོན་དམ་པ་ངོ་བོ་ཉིད་མེད་པའོ། ། 1-1645 དོན་འདི་ཉིད་སུམ་ཅུ་པ་ལས། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་བཤད་དོ། །ངོ་བོ་ ཉིད་མེད་པར་གསུངས་པའི་དོན་ནི་དེ་ལྟར་བལྟའི་རྣམ་པ་ཐམས་ཅད་དུ་མཚན་ཉིད་མེད་པའི་དབང་དུ་བྱས་པ་ནི་མ་ཡིན་ནོ། །གཉིས་པ་མ་སྐྱེས་པ་ལ་སོགས་པའི་དགོངས་པ་བཤད་པ་ལ་ ཇི་ལྟར་ངོ་བོ་ཉིད་མེད་པ་དེ་ལྟར་མ་སྐྱེས་པ་ནི་ཀུན་བརྟགས་ལ་ཇི་ལྟར་བརྟགས་པའི་སྐྱེ་བ་མེད་པ་ལ་སོགས་པ་སྔར་བཞིན་ནོ། ། དེ་བཞིན་དུ་བརྟགས་པ་བཞིན་མི་འགག་པ་དང་། བརྟགས་པ་བཞིན་གཟོད་མ་ནས་ཞི་སྟེ་གདོད་ནས་མ་གྲུབ་པ་དང་། བརྟགས་པ་བཞིན་མྱ་ངན་ལས་འདས་ཏེ་སྤྲོས་པ་དང་བྲལ་བ་ཡིན་གྱི་རྣམ་པ་ཐམས་ཅད་དུ་མ་སྐྱེས་པ་ལ་སོགས་པ་ ནི་མ་ཡིན་ནོ། །གསུམ་པ་དགོངས་པ་བཞི་བཤད་པ་ལ་གང་དག་ནི་ཤིན་ཏུ་རྒྱས་པ་ལ་དད་པའི་གང་ཟག་གོ །དགོངས་པ་དཔག་མེད་ཡོད་ཀྱང་བསྡུ་ན་བཞི་སྟེ་མཉམ་པ་ཉིད་ལ་དགོངས་ པ་ནི་ཐུབ་པས་སངས་རྒྱས་རྣམ་པར་གཟིགས་ཀྱི་བསྔགས་པ་བརྗོད་པ་ན་འགའ་ཞིག་སྟོན་པ་ལ་བརྙས་པ་སྐྱེས་ཏེ་སྒྲིབ་པ་དེའི་གཉེན་པོར་ང་ཉིད་དེའི་ཚེ་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་ཡིན་ཏེ་མཛོད་ལས། 1-1646 སངས་རྒྱས་ཐམས་ཅད་ཚོགས་

【現代漢語翻譯】 解釋集合的方法是,顯現的傲慢觀點,即所有二十七種,都是由它產生的。 1-1644 因此,在那個經部中,在那之後,它們雖然是十七種,但會變成十種。即使是十種,也會變成十七種。即使是二十七種,也會變成一種。 即使是一種,也會變成二十七種,這樣說。第五,解釋從《極廣經》中所說的意圖,分為四部分,第一部分是解釋無自性的意圖的兩種方式。 第一種意圖是思考。自己不產生,是遮止像數論一樣從自己產生自己,但沒有遮止從其他因緣產生。沒有自己的自性,是指先前已經產生的不再重新產生。不住于自己的體性,是指連兩剎那都不停留。凡夫所執著的,是真實地,如《母經》所說:『這些法,不具備聽聞的凡夫,如何執著,實際上並非如此。』 第二種,相無自性,是指常、一、自在等,無論如何觀察都沒有自性。產生是指從自己產生。既是勝義諦,又是無自性,所以是勝義諦無自性。 1-1645 這個意義在《三十頌》中說:『自性有三種,於三種無自性,考慮到一切法,顯示無自性。』 解釋說無自性的意義,並不是說在所有觀察的方式中都沒有相。第二,解釋未生等的意圖,就像如何無自性一樣,未生是指在遍計所執中,如何觀察沒有生等,如前所述。 同樣,不像所觀察的那樣不滅,不像所觀察的那樣從一開始就寂靜,即從一開始就沒有成立,不像所觀察的那樣涅槃,即遠離戲論,但並非在所有方式中都是未生等。 第三,解釋四種意圖,哪些是對《極廣經》有信的人。雖然有無數的意圖,但歸納起來有四種,即平等性的意圖,當能仁讚歎燃燈佛時,有些人對導師生起輕蔑,爲了對治那個障礙,我那時變成了燃燈佛,如《俱舍論》所說: 1-1646 一切佛陀的集合

【English Translation】 The explanation of the means of collection is that the view of manifest pride, that all twenty-seven, are generated by it. 1-1644 Therefore, in that very Sutra Pitaka, after that, although they are seventeen, they become ten. Even if they are ten, they become seventeen. Even if they are twenty-seven, they become one. Even if it is one, it becomes twenty-seven, it is said. Fifth, explaining the intention spoken from the Extensive Sutra, divided into four parts, the first part is explaining the two ways of the intention of no-self-nature. The first intention is thinking. Not arising by oneself is to prevent arising from oneself like the Samkhyas, but it does not prevent arising from other causes and conditions. Not having one’s own self-nature means that what has already arisen before does not arise again. Not abiding in one’s own essence means not staying even for two moments. What is grasped by children is truly, as the Mother Sutra says: ‘These dharmas, how do ordinary people who do not have learning grasp them, in reality, it is not like that.’ The second, characteristic no-self-nature, refers to permanence, oneness, independence, etc., no matter how one examines them, there is no self-nature. Birth means arising from oneself. Since it is both ultimate truth and no-self-nature, it is ultimate truth no-self-nature. 1-1645 This meaning is stated in the Thirty Verses: ‘Self-nature has three, in the three no-self-nature, considering all dharmas, it is shown to be no-self-nature.’ The meaning of explaining no-self-nature is not that there is no characteristic in all ways of looking at it. Second, explaining the intention of unborn etc., just like how there is no self-nature, unborn refers to in the completely imputed, how there is no birth etc. as observed, as before. Similarly, not ceasing as observed, being peaceful from the beginning as observed, that is, not established from the beginning, nirvana as observed, that is, being free from elaboration, but it is not unborn etc. in all ways. Third, explaining the four intentions, who are those who have faith in the Extensive Sutra. Although there are countless intentions, they are summarized into four, that is, the intention of equality, when the Thubpa praised Dipamkara Buddha, some people developed contempt for the teacher, in order to counteract that obscuration, I myself became Dipamkara Buddha at that time, as the Treasury of Knowledge says: 1-1646 The collection of all Buddhas


དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པས། །མཉམ་པ་ཉིད་དེ་སྐུ་ཚེ་དང་། །རིགས་དང་སྐུ་བོང་ཚོད་ཀྱིས་མིན། །ཞེས་འབྱུང་བའི་མཉམ་པ་ཉིད་གསུམ་ལ་དགོངས་པའོ། །དུས་གཞན་ ལ་དགོངས་པ་ནི་ལེ་ལོ་ཅན་དགེ་བ་མི་བྱེད་པའི་གཉེན་པོར་དགེ་བ་བྱས་ཏེ་བདེ་བ་ཅན་དུ་སྨོན་ལམ་བཏབ་ན་དེར་སྐྱེའོ་ཞེས་བྱ་བ་དང་། སངས་རྒྱས་དྲི་མེད་ཟླ་འོད་ཀྱི་མཚན་ བཟུང་བ་ཙམ་གྱིས་སངས་རྒྱས་འཐོབ་པོ་ཞེས་གསུངས་པ་སྟེ། དེས་དུས་གཞན་ན་དེ་ལྟར་འགྱུར་བ་ལ་དགོངས་པའོ། །དོན་གཞན་ལ་དགོངས་པ་ནི་ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་ལ་སོགས་ པ་སྟེ་ཇི་ལྟར་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མེད་པ་ལ་སོགས་པའི་དོན་གཞན་ལ་དགོངས་པའོ། །ཡང་ན་ཆོས་ལ་སྙན་པའི་སྒྲིབ་པའི་གཉེན་པོར་འདིའི་ཚིག་ཙམ་རྣ་ལམ་དུ་གྲགས་པ་ལའང་ སངས་རྒྱས་གངྒཱའི་བྱེ་མའི་གྲངས་སྙེད་ལ་བསོད་ནམས་བསྐྲུན་དགོས་སོ་ཞེས་གསུངས་པ་ལྟ་བུ་སྟེ་དེའི་དོན་མཐོང་སྒོམ་རྒྱུད་ལ་སྐྱེ་བ་ལ་དགོངས་སོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི་སྦྱིན་ པ་ལ་བསྔགས་པས་དེ་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་དེ་ལ་སྨད་དེ་ཚུལ་ཁྲིམས་ལ་བསྔགས་པ་ལ་སོགས་པའོ། །བཞི་པ་ལྡེམ་དགོངས་བཞི་བཤད་པ་ལ་ལྡེམ་དགོངས་དུ་མ་ཡོད་ཀྱང་བཞིར་འདུས་པ་ལས་གཞུག་པ་ལ་ལྡེམ་པོར་དགོངས་པ་ནི་མུ་སྟེགས་དང་ཉན་ཐོས་ཀྱི་རིགས་ཅན་བསྟན་པ་ལ་གཞུག་པའི་དོན་དུ་བདག་དང་གཟུགས་ལ་སོགས་པ་ཡོད་པར་གསུངས་པའོ། ། 1-1647 མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི་ངོ་བོ་ཉིད་གསུམ་ལ་དགོངས་ནས་ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་ལ་སོགས་པ་གསུངས་པའོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི། སངས་རྒྱས་དང་ ནི་ཆོས་ལ་བརྙས་པ་དང་། །ལེ་ལོ་དང་ནི་ཅུང་ཟད་ཆོག་པར་འཛིན། །འདོད་ཆགས་དང་ནི་ང་རྒྱལ་སྤྱོད་པ་དང་། །འགྱོད་པ་དང་ནི་མ་ངེས་འབྱེད་པ་རྣམས། །སེམས་ཅན་རྣམས་ཀྱི་སྒྲིབ་པར་འགྱུར་ བ་སྟེ། །དེ་ཡི་གཉེན་པོར་ཐེག་པ་མཆོག་བསྟན་པ། །དེ་ཡིས་བར་དུ་གཅོད་པ་དེ་དག་གི །ཉེས་པ་ཐམས་ཅད་རབ་ཏུ་སྤོང་བར་འགྱུར། །ཞེས་འབྱུང་བ་སྟེ་དང་པོ་བཞིའི་དཔེ་ནི་དགོངས་པ་ བཞིར་བཤད་པ་བཞིན་ནོ། །འཁོར་དང་ལོངས་སྤྱོད་ལ་སོགས་པ་ལ་ཤིན་ཏུ་ཆགས་ཤིང་ང་རྒྱལ་བའི་གཉེན་པོར་ནི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་གསུངས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ གནོད་པ་བྱས་ཏེ་འགྱོད་པས་བསྒྲིབས་པ་ནི་དེ་ལ་གནོད་པ་བྱེད་པའང་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་གསུངས་ཏེ་བཟོད་གསོལ་དང་རེག་པ་དང་གཏམ་བྱས་པ་ལ་སོགས་པས་འགྲོ་བ་ལ་ དགོངས་པའོ། །རིགས་མ་ངེས་པ་ཉན་ཐོས་ལས་དབྱེ་བའི་ཕྱིར་དགྲ་བཅོམ་རྣམས་ཀྱང་སངས་རྒྱས་སུ་ལུང་སྟོན་ཅིང་ཐེག་པ་གཅིག་ཁོ་ནར་གསུངས་པ་ལྟ་བུའོ། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི་བརྗོད་བྱ་ཟབ་མོའི

【現代漢語翻譯】 此外,法身(chos sku)通過利益眾生的行為來體現平等性,這與壽命、種姓和身量無關。這裡指的是前面提到的三種平等性。考慮到其他時間的情況,例如,對於那些懶惰而不行善的人,爲了對治他們的懶惰,鼓勵他們行善,併發愿往生極樂世界,這樣他們就能往生到那裡。或者,僅僅憶念無垢月光佛(sangs rgyas dri med zla ‘od)的名號就能成佛。這些都是考慮到在其他時間會發生這樣的轉變。考慮到其他意義,例如,無自性(ngo bo nyid med pa)和無生(ma skyes pa)等,指的是在遍計所執(kun brtags pa)的層面不存在自性等其他意義。或者,爲了對治對佛法的誹謗,即使僅僅聽到這些詞語,也能積累如恒河沙數般的佛的功德,這指的是通過見道和修道在相續中生起功德。考慮到眾生的想法,例如,讚歎佈施是爲了對治僅僅滿足於佈施的想法,因此貶低佈施而讚歎持戒等。第四,解釋四種隱義(ldem dgongs)。雖然隱義有很多種,但可以歸納為四種。引導他人進入佛法時所使用的隱義,是爲了引導外道(mu stegs)和聲聞(nyan thos)種性的人進入佛法,而宣說有我(bdag)和色(gzugs)等。 針對體性的隱義,指的是考慮到三種自性(ngo bo nyid gsum),而宣說無自性(ngo bo nyid med pa)和無生(ma skyes pa)等。針對對治的隱義,如經文所說:『輕蔑佛和佛法,懶惰和少分滿足,貪慾和傲慢的行為,後悔和不確定,這些都會成為眾生的障礙,爲了對治這些,宣說殊勝的乘(theg pa),通過它能斷除所有這些過患。』前四者的例子如前面解釋四種意趣一樣。對於那些非常執著于眷屬和受用,並且傲慢的人,爲了對治他們的執著和傲慢,宣說佛土的莊嚴。對於那些傷害佛和菩薩,並被後悔所矇蔽的人,宣說傷害他們也能往生天界,這指的是通過懺悔、觸控和交談等方式也能往生。爲了區分不確定的種性與聲聞,預言阿羅漢(dgra bcom)也能成佛,並宣說只有一乘(theg pa gcig)。針對翻譯的隱義,指的是爲了讓那些無法理解甚深意義的人能夠理解。

【English Translation】 Furthermore, the Dharmakaya (chos sku) embodies equality through actions that benefit beings, irrespective of lifespan, lineage, or physical stature. This refers to the three types of equality mentioned earlier. Considering other times, for example, to counteract laziness in those who do not perform virtuous deeds, they are encouraged to do good and make aspirations to be reborn in Sukhavati (bde ba can), so that they may be reborn there. Or, merely reciting the name of Stainless Moon Buddha (sangs rgyas dri med zla ‘od) can lead to Buddhahood. These consider the transformations that will occur at other times. Considering other meanings, such as emptiness of inherent existence (ngo bo nyid med pa) and non-origination (ma skyes pa), refers to other meanings such as the absence of inherent existence at the level of the completely imputed (kun brtags pa). Alternatively, to counteract the obscuration of delighting in the Dharma, even merely hearing these words can accumulate merit equal to the number of grains of sand in the Ganges River, which refers to the arising of merit in the continuum through the paths of seeing and cultivation. Considering the thoughts of beings, for example, praising generosity is to counteract the idea of being content with just generosity, therefore disparaging generosity and praising morality, etc. Fourth, explaining the four hidden meanings (ldem dgongs). Although there are many types of hidden meanings, they can be summarized into four. The hidden meaning used when guiding others into the Dharma is to declare the existence of a self (bdag) and form (gzugs) etc., for the purpose of guiding those of non-Buddhist (mu stegs) and Hearer (nyan thos) lineage into the Dharma. The hidden meaning concerning characteristics refers to declaring emptiness of inherent existence (ngo bo nyid med pa) and non-origination (ma skyes pa) etc., considering the three natures (ngo bo nyid gsum). The hidden meaning concerning antidotes, as the scripture says: ‘Disparaging the Buddha and the Dharma, laziness and contentment with little, actions of desire and pride, regret and uncertainty, these become obstacles for beings; to counteract these, the supreme vehicle (theg pa) is taught, through which all these faults are completely abandoned.’ The examples of the first four are as explained in the four intentions. For those who are very attached to retinues and possessions, and are arrogant, to counteract their attachment and arrogance, the splendor of the Buddha-field is declared. For those who harm the Buddha and Bodhisattvas, and are obscured by regret, it is declared that harming them can also lead to rebirth in higher realms, which refers to rebirth through confession, touching, and conversing, etc. To distinguish uncertain lineage from Hearers, it is prophesied that Arhats (dgra bcom) can also attain Buddhahood, and it is declared that there is only one vehicle (theg pa gcig). The hidden meaning concerning translation refers to enabling those who cannot understand the profound meaning to understand.


་སྒྲ་གཞན་དུ་བརྗོད་པ་གཞན་དུ་བསྒྱུར་ནས་སྟོན་པ་སྟེ་འཆད་པར་འགྱུར་རོ། ། 1-1648 དོན་དེ་ཉིད་མདོ་སྡེ་རྒྱན་ལས། ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་འདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་འདི་རྣམ་བཞི། །ཞེས་འབྱུང་ངོ་། །དགོངས་པ་ དང་ལྡེམ་དགོངས་ཀྱི་ཁྱད་པར་གང་ཡིན་ཞེ་ན། གང་དག་དོན་ཇི་ལྟ་བ་དང་སྒྲ་ཇི་ལྟ་བ་ལ་སོགས་པ་ལ་འཆད་པ་དེ་དག་གིས་ནི་ཅུང་ཟད་ཀྱང་ཁོང་དུ་མ་ཆུད་པས་འདིར་ དགོངས་པ་བཞི་ནི་ལྡེམ་དགོངས་ཀྱི་བྱེ་བྲག་ཡིན་ཏེ་གཉེན་པོ་ལྡེམ་དགོངས་སུ་སྣང་བའི་ཕྱིར་རོ། །ལྡེམ་དགོངས་བཞི་དྲང་དོན་ཡིན་ནམ་ངེས་དོན་ཡིན་ཞེ་ན། ཁ་ཅིག་རྔོག་ངེས་དོན་ཁོ་ན་ཡིན་ ནོ་ཞེས་ཟེར་བ་དང་། ལ་ལ་འབྲོ་དྲང་དོན་ཁོ་ན་ཡིན་ནོ་ཞེས་ཟེར་བ་ནི་རིགས་པ་མ་ཡིན་པས། འདིར་དྲང་དོན་ནི་སྒྲ་དེའི་དགོངས་པ་གཞན་དུ་བཙལ་དགོས་པ་ཡིན་ལ། ངེས་དོན་ ནི་སྒྲ་དེའི་དགོངས་པ་དེ་ཁོ་ན་ལྟར་བཟུང་བས་ཆོག་པ་ལ་ཟེར་བ་ཡིན་ནོ། །དེས་ན་སེམས་ཙམ་པ་ལྟར་བཤད་ན་གཞུག་པ་ལ་ལྡེམ་པོར་དགོངས་པ་དྲང་དོན་ཡིན་ལ་མཚན་ཉིད་ལ་ ལྡེམ་པོར་དགོངས་པ་ནི་ངེས་དོན་ཡིན་ནོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ཕལ་ཆེ་བ་དྲང་དོན་ཡིན་ཞིང་། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོ་དང་འདོད་ཆགས་དང་ང་རྒྱལ་གྱི་གཉེན་པོ་ལ་ངེས་དོན་ཀྱང་ཡོད་དོ། ། 1-1649 ཐེག་པ་གཅིག་ཏུ་གསུངས་པ་ནི་དབུ་མ་པ་ལྟར་ན་ངེས་དོན་དང་། སེམས་ཙམ་པ་ལ་སོགས་པ་ལྟར་ན་དྲང་དོན་ནོ། །སྒྱུར་བ་ལྡེམ་པོར་དགོངས་པ་ནི་སྒྲ་ཇི་བཞིན་པ་དྲང་དོན་ཁོ་ ན་ཡིན་ནོ། །དེ་ལྟར་ལྡེམ་དགོངས་ཀྱི་དོན་མ་ཤེས་ན་གསུང་རབ་ཀྱི་དོན་ལོག་པར་བཟུང་ནས་ངན་སོང་དུ་ལྟུང་བར་འགྱུར་ལ། ཤེས་ན་མཐོ་རིས་དང་ཐར་པ་ལས་མི་ཉམས་པ་ཡིན་ནོ། ། དྲུག་པ་ཤིན་ཏུ་རྒྱས་པའི་ཆོས་ལ་ཏིང་ངེ་འཛིན་དུ་མཁས་པའི་ཕན་ཡོན་ལ་ཏིང་ངེ་འཛིན་དུ་མཁས་པ་ནི་ཐེག་ཆེན་གྱི་ཞི་གནས་ལྷག་མཐོང་བསྒོམས་པའི་ཕན་ཡོན་ཡིན་ནོ། །དེ་ལ་ལྔ་ ཆར་གཉིས་ཀའི་ཕན་ཡོན་དུ་སྦྱར་ན་ལེགས་ཀྱི་འགྲེལ་པས་སོ་སོར་སྦྱར་བ་ནི་མི་ལེགས་སོ། །གནས་ངན་ལེན་ཀྱང་ཡིན་ལ་དེ་ཀུན་ནས་ཉོན་མོངས་པའི་གནས་ཀྱང་ཡིན་པས་གནས་ངན་ལེན་གྱི་ གནས་སོ། །སྣ་ཚོགས་ནི་སྤྲོས་པ་སྟེ་ཆོས་ནི་ལམ་མོ། །ཀུན་དགའ་བ་ནི་ལམ་གྱི་དགའ་བདེའོ། །ཆོས་ཀྱི་སྣང་བ་ནི་མདོ་ལ་སོགས་པས་བསྟན་པའི་ཤེས་བྱ་སྟེ་ཡོངས་སུ་མ་ཆད་པ་ནི་ བློ་ཡུལ་དུའོ། །མཉམ་བརྗེ་ཐམས་ཅད་དུ་ཤེས་བྱ་ཚད་མེད་པ་ཞེས་སྦྱར་རོ། །ལམ་སྒོམ་པ་པོ་དེ་ལ་སེམས་རྣམ་པར་དག་པའི་ཞེས་བྱ་བ་ལ་མཚན་མ་ནི་རྟགས་ཏེ་ས་དང་པོའི་ལྟས་སམ། 1-1650 ཡང་ན་བློ་གྲོས་མི་ཟད་པ་ཆུང་ངུའི་མདོ་ལས། མཐོང་ལམ་སྐྱེ་བའི་རྟགས་རྨི་ལམ་ན་སངས་རྒྱས་དགེ་འདུན་གྱིས་བསྐ

【現代漢語翻譯】 將聲音以其他方式表達,以其他方式轉換並展示,即解釋。 關於這個意義,《經莊嚴論》中說:『聲聞和自性,同樣調伏過患,言說甚深性,此四種隱密意。』 什麼是隱密意和隱語意之間的區別呢?有些人對事物的本來面目和聲音的本來面目等一無所知,因此這裡的四種意是隱語意的分支,因為對治是隱語意顯現的。那麼,四種隱語意是直義還是不了義呢?有些人說『惹巴』是不了義,有些人說『卓』是直義,這不合理。這裡,直義是指需要尋找該聲音的其他含義,不了義是指可以按照該聲音的含義來理解。因此,按照唯識宗的說法,對於隱藏的意義來說,隱語意是直義,而對於特徵來說,隱語意是不了義。對於對治來說,大多數隱語意是直義,而對於那些可以通過少量對治來滿足的對治,以及對治貪慾和傲慢的對治來說,也有不了義。 如果按照一個乘來宣說,對於中觀宗來說是不了義,而對於唯識宗等來說是直義。轉換的隱語意是指聲音的字面意義是直義。如果不知道隱語意的含義,就會錯誤地理解佛經的含義,從而墮入惡道;如果知道,就不會失去善趣和解脫。 第六,對於極其廣大的法,精通三摩地(梵文:samādhi,專注,禪定)的利益,精通三摩地是大乘寂止(梵文:śamatha,止)勝觀(梵文:vipaśyanā,觀)修習的利益。如果將這五個都與兩者的利益結合起來,那就更好了,但是註釋分別結合是不好的。惡趣也是,而且那也是所有煩惱的處所,所以是惡趣的處所。多樣是戲論,法是道路。喜悅是道路的喜樂。法的顯現是經部等所顯示的知識對象,完全不間斷的是在智慧的範圍內的。所有平等交換都與無量知識對像結合。修習道路的人,被稱為心清凈的人,相是徵兆,是初地的徵兆嗎? 或者在《小般若經》中說:產生見道的徵兆是在夢中看到佛陀和僧眾。

【English Translation】 To express the sound in another way, to transform and show it in another way, that is, to explain. Regarding this meaning, it is said in the Ornament of the Sutras: ‘The Hearers and the Essence, likewise subduing faults, the profoundness of speech, these four are hidden intentions.’ What is the difference between hidden intention and veiled intention? Some people do not understand the original appearance of things and the original appearance of sounds, etc., so the four intentions here are branches of veiled intention, because the antidote appears as veiled intention. Then, are the four veiled intentions literal or definitive? Some say that ‘Ngo’ is definitive, and some say that ‘Dro’ is literal, which is unreasonable. Here, literal means that it is necessary to look for other meanings of that sound, and definitive means that it is enough to understand according to the meaning of that sound. Therefore, according to the Mind-Only school, for hidden meanings, veiled intention is literal, and for characteristics, veiled intention is definitive. For antidotes, most veiled intentions are literal, and for those antidotes that can be satisfied with a small amount of antidote, and for antidotes to desire and pride, there are also definitive meanings. If it is said according to one vehicle, it is definitive for the Madhyamaka school, and literal for the Mind-Only school, etc. The veiled intention of transformation means that the literal meaning of the sound is literal. If one does not know the meaning of veiled intention, one will misunderstand the meaning of the scriptures and fall into evil destinies; if one knows, one will not lose the good destinies and liberation. Sixth, regarding the benefits of being skilled in samadhi (梵文:samādhi,專注,禪定) for the extremely vast Dharma, being skilled in samadhi is the benefit of practicing śamatha (梵文:śamatha,止) and vipaśyanā (梵文:vipaśyanā,觀) of the Mahayana. It would be better to combine these five with the benefits of both, but it is not good to combine the commentaries separately. Evil destinies are also, and that is also the place of all afflictions, so it is the place of evil destinies. Diversity is elaboration, and Dharma is the path. Joy is the joy and happiness of the path. The appearance of Dharma is the object of knowledge shown by the sutras, etc., and what is completely uninterrupted is within the scope of wisdom. All equal exchanges are combined with immeasurable objects of knowledge. The person who practices the path is called the one whose mind is purified, and the sign is a mark, is it a sign of the first ground? Or, as it is said in the Smaller Perfection of Wisdom Sutra: The sign of the arising of the path of seeing is seeing the Buddha and the Sangha in a dream.


ོར་བ་དང་། རང་ཉིད་ནམ་མཁའ་ནས་དགེ་འདུན་ལ་ཆོས་སྟོན་པ་དང་། བུ་ མོ་གཞོན་ནུ་མས་གདུགས་ཕུབ་པ་དང་། སྨིན་མཚམས་ནས་འོ་རྒྱུན་བབ་པ་དང་། ལུས་ཀྱི་སྲིན་བུ་ཕྱིར་ཐོན་པ་དང་། ཆུ་ཆེན་པོ་ལ་ཟམ་པ་བཙུགས་པ་དང་སེང་གེ་དང་སྟག་དང་ཁྱུ་མཆོག་ ལ་ཞོན་པ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྱེད་པ་རྨི་བ་ལ་སོགས་པ་འབྱུང་བ་རྣམས་སོ། །ཆོས་ཀྱི་སྐུ་ནི་ཟག་མེད་ཀྱི་སེམས་དང་སེམས་བྱུང་སྒྲིབ་པ་མཐའ་དག་གིས་དག་པ་སྟེ་ དེ་ནི་རིམ་གྱིས་ཡོངས་སུ་རྫོགས་པར་བྱ་བ་སྟེ་བྱེད་དོ། །གོང་མ་བས་ཀྱང་གོང་མ་ནི་ས་གོང་མ་རྣམས་ཏེ་དེའི་རྒྱུ་སེམས་ཅན་གྱི་དོན་སྒྲུབ་པར་བྱ་བའི་ཕྱིར་འཛིན་ཞེས་སྦྱར་རོ། ། བདུན་པ་ཤིན་ཏུ་རྒྱས་པའི་ཆོས་ལ་མཆོད་པར་འོས་པའི་རྒྱུ་མཚན་ལ་བདུག་པ་ནི་སྤོས་སོ། །ཕྱེ་མ་ནི་སྨན་གྱི་ཕྱེ་མའོ། །སོགས་པས་ནི་མར་མེ་དང་མེ་ཏོག་ལ་སོགས་པ་གཟུང་ངོ་། ། ཉན་ཐོས་ཀྱི་ཆོས་ནི་ལུང་སྡེ་བཞི་ལ་སོགས་པ་སྟེ་དེ་ལ་ནི་མཆོད་པ་མ་གསུངས་སོ། །སེམས་ཅན་ཐམས་ཅད་ལ་ཚེ་འདི་ལ་ཕན་པ་དང་ཕྱི་མ་ལ་བདེ་བར་བྱེད་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ་དེའི་རྒྱུ་ནི་གཞིའོ། ། 1-1651 འདི་ལས་དེ་འབྱུང་བ་གཞན་ལས་ནི་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །ཆོས་མངོན་པའི་བཤད་པ་རྒྱན་གྱི་མེ་ཏོག་ལས་ཆོས་བསྟན་པ་ཀུན་ལས་བཏུས་པའི་བཤད་པ་སྟེ་གསུམ་པའོ།། །། ༈ ཐོབ་པ་རྣམ་པར་ངེས་པ། དེ་ལྟ་ བུའི་ཆོས་ཉམས་སུ་བླངས་པ་ལས་ཐོབ་པ་འབྱུང་བས་གང་གིས་ཐོབ་པའི་གང་ཟག་དང་གང་ཐོབ་པའི་མངོན་རྟོགས་གཉིས་ཀྱི་དེ་འཆད་པ་ན་དོན་གཉིས་ཀྱིས་མདོར་བསྟན་པ་ནི་ཐོབ་པ་རྣམ་པར་ ངེས་པ་གང་ཞེ་ན་ཞེས་བྱ་བས་སྟོན་པར་བྱེད་དོ། །རྒྱས་པར་བཤད་པ་ལ་གང་ཟག་དང་མངོན་རྟོགས་གཉིས་ལས་དང་པོའི་སྤྱི་དོན་ལ་གང་ཟག་གི་ངོ་བོ་ངོས་བཟུང་བ་ནི་དེ་ཕུང་ པོ་ལྔ་ལ་མི་བྱ་སྟེ་ཁ་ཡར་བ་དེ་ཡིན་ན་བུམ་པ་ལ་སོགས་པའང་གང་ཟག་ཏུ་ཐལ་བའི་ཕྱིར་དང་ཚོགས་པ་ཡིན་ན་གཟུགས་མེད་ན་གང་ཟག་མེད་པར་འགྱུར་བའི་ཕྱིར་རོ། །དེས་ ན་ས་བོན་དུ་མ་ཅན་གྱི་ཤེས་རིག་ནི་གང་ཟག་ཡིན་ལ་དེ་གཅིག་ནི་གང་ཟག་གཅིག་དང་དེ་དུ་མ་ནི་གང་ཟག་དུ་མ་ཡིན་ཞིང་མི་སློབ་པ་རྣམས་ཀྱང་ཟག་མེད་ཀྱི་ས་ བོན་དུ་མ་ཅན་ཡིན་ནོ། །དེ་སྐད་དུའང་རྒྱུད་གསུམ་གྱི་རྣམ་པར་ངེས་པ་ལས། ཁ་ཡར་བ་དང་ཚོགས་པ་ཞེས། །བརྟགས་ན་ཕུང་པོ་ལྔ་ཡི་རྒྱུན། །གང་ཟག་མ་ཡིན་དེ་ཡི་ཕྱིར། །ས་བོན་ཀུན་གྱི་རྣམ་ཤེས་ཀྱི། ། 1-1652 རྒྱུན་ནི་གང་ཟག་ཡིན་པར་འདོད། །ཅེས་འབྱུང་བ་ཡིན་ནོ། །གང་ཟག་དེའང་མུ་སྟེགས་ཅན་རྣམས་ནི་རྟག་པ་དང་གཅིག་པུ་དང་རང་དབང་ཅན་དུ་འདོད་ལ། སངས་རྒྱས་པའི་ཡང་གནས་མ་བུ་པ་ རྣམས་ནི་རྟག་མི་རྟག་གཉིས་ཀར་བརྗོད་དུ་མེད་པར་འདོད་དོ། །འདི་གཉིས་དགག་པ་

【現代漢語翻譯】 夢見嘔吐,從天空向僧眾說法,年輕女子撐傘,眉間流出乳汁,身體里的蟲子爬出來,在大河上架橋,騎在獅子、老虎和牛王身上,成為轉輪王等等。法身(Dharmakaya)是無漏的心和心所,以及所有煩惱的清凈狀態,這需要逐步圓滿。更高的境界是指更高的菩薩地,爲了利益眾生而保持。 第七,以極大的供養來供養應供養的對境,涂香是香,粉末是藥粉,‘等等’包括燈和花等。聲聞乘的法是《四阿含經》等,其中沒有提到供養。能使一切眾生在此生受益,來世安樂的是佛和菩薩,其根本是基礎。 意思是’從此產生,不從其他產生’。出自《阿毗達磨論·莊嚴花》,是關於法義的彙集解釋,即第三品。 獲得之決斷 從修習這樣的法中產生獲得,因此,爲了解釋獲得者的人和所獲得的證悟,以兩個要點來概括說明,即’什麼是獲得之決斷’。 詳細解釋分為人和證悟兩部分,首先,在人的總義方面,確定人的自性,不能將人視為五蘊,因為如果是五蘊,那麼瓶子等也成了人,如果是集合,那麼無色界就沒有人了。因此,具有多種種子的知識是人,一個是單個人,多個是多個人,無學者也具有多種無漏種子。如《三續決斷》所說:‘若計為異體與積聚,則五蘊之流,非為補特伽羅故。一切種子之識流,許為補特伽羅也。’ 這些人,外道認為是常、一、自在的,而佛教中的正量部則認為不可說是常或無常。這裡要駁斥這兩種觀點。

【English Translation】 Dreaming of vomiting, teaching Dharma to the Sangha from the sky, young women holding umbrellas, milk flowing from between the eyebrows, worms crawling out of the body, building a bridge over a great river, riding on lions, tigers, and the king of cows, becoming a Chakravartin (wheel-turning king), and so on. The Dharmakaya (Body of Truth) is the stainless mind and mental factors, purified of all obscurations, which is to be gradually perfected. Higher states refer to the higher Bodhisattva grounds, maintained for the purpose of accomplishing the benefit of sentient beings. Seventh, offering to the objects worthy of offering with great abundance, ‘bdhug pa’ (incense) is incense, ‘phye ma’ (powder) is medicinal powder, ‘etc.’ includes lamps and flowers, and so on. The Dharma of the Shravakas (listeners) is the Four Agamas, etc., in which offerings are not mentioned. Those who benefit all sentient beings in this life and bring happiness in the next are the Buddhas and Bodhisattvas, the basis of which is the foundation. Meaning ‘this arises from that, and does not arise from other’. From the ‘Abhidharma Commentary: Ornament of Flowers’, it is the collected explanation of the teachings, the third chapter. The Determination of Attainment Attainment arises from practicing such Dharma, therefore, in order to explain the person who attains and the realization that is attained, it is summarized with two points, which are shown by ‘What is the determination of attainment?’ The detailed explanation is divided into the person and the realization. First, in the general meaning of the person, identifying the nature of the person, it should not be considered the five skandhas (aggregates), because if it were the five skandhas, then pots, etc., would also become persons, and if it were a collection, then there would be no person in the formless realm. Therefore, the knowledge with various seeds is the person, one is a single person, and many are many persons, and the non-learners also have various stainless seeds. As it says in the ‘Determination of the Three Continuums’: ‘If analyzed as different entities and aggregates, then the stream of the five skandhas is not a person. The stream of consciousness of all seeds is considered to be a person.’ These persons, the Tirthikas (non-Buddhists) consider to be permanent, singular, and independent, while the Sammatīya (personalist) school within Buddhism considers them to be inexpressible as either permanent or impermanent. Here, these two views are to be refuted.


རྒྱས་པར་ནི་ཁོ་བོས་བྱས་པའི་གྲུབ་པའི་མཐར་ལྟའོ། །དེ་ལས་གཞན་པའི་སངས་རྒྱས་པ་རྣམས་ནི་མི་རྟག་པ་ དུ་མ་གཞན་དབང་ཅན་དུ་འདོད་དེ་ཀུན་གཞིའི་རྣམ་པར་ཤེས་པ་ཚོགས་བདུན་ཅི་རིགས་པའི་འཁོར་དང་བཅས་པ་ཡིན་ནོ། །གཉིས་པ་དབྱེ་བ་ནི་རྒྱས་པར་དབྱེ་ན་དྲུག་ཅུ་ཡིན་ལ། མདོར་བསྡུས་ ན་སྤྱོད་པས་དབྱེ་བ་ལ་སོགས་པ་བདུན་ནམ་ཤིན་ཏུ་བསྡུས་ན་ཀུན་ནས་ཉོན་མོངས་པ་འཁོར་བ་པའི་གང་ཟག་དང་རྣམ་པར་བྱང་བ་མྱང་འདས་དང་ཐུན་མོང་བ་སྟེ་གསུམ་ཡིན་ནོ། །འཁོར་ བ་པ་ནི་ཐར་པའི་ལམ་ལ་མ་ཞུགས་པ་འདོད་ཆགས་ལ་སྤྱོད་པ་ལ་སོགས་པ་དྲུག་ཡིན་ལ་དབྱེ་ན་རིགས་ཆད་དང་རིགས་ལྡན་གཉིས་སམ། ཁམས་གསུམ་གྱི་དབྱེ་བས་གསུམ་ཡིན་ནོ། །ཁ་ཅིག་ སྤྱོད་པས་དབྱེ་བ་ཐེག་པ་གསུམ་དང་ལམ་ཚོགས་སྦྱོར་གྱིས་བསྡུས་པར་འཆད་དེ་དེའི་ལྟར་ན་འཁོར་བ་པའི་གང་ཟག་མི་སྲིད་པར་འགྱུར་ཏེ་ཐམས་ཅད་ཐེག་པ་གསུམ་གྱི་རིགས་ལ་གནས་པའི་ཕྱིར་རོ། ། 1-1653 མྱང་འདས་ནི་ཐར་ལམ་ལ་ཞུགས་པ་འདོད་ཆགས་ལ་སོགས་པའི་གཉེན་པོ་དང་ལྡན་པ་ཡིན་ལ་དབྱེ་ན་ཐེག་པ་ཆེ་ཆུང་གི་གང་ཟག་གཉིས་སམ། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་དང་རྫོགས་པའི་སངས་རྒྱས་ཏེ་བཞི་ཡིན་ནོ། །ཐུན་མོང་བ་ནི་གང་ཟག་གཅིག་ཉིད་གཉིས་ཀ་ཡིན་པ་ནི་མ་ཡིན་གྱི་སོ་སོ་སྐྱེ་བོའི་རིགས་ལ་དེ་གཉིས་ཀ་ཡོད་པ་ལ་བརྗོད་ དོ། །གང་ཡང་ཚོགས་སྦྱོར་ལ་གནས་པ་རྣམས་ཀྱང་མྱང་འདས་ཀྱི་རྒྱུ་ལ་གནས་པས་དེར་བསྡུ་སྟེ་ཆོས་ཉིད་མངོན་སུམ་དུ་མ་མཐོང་བས་ཀུན་ནས་ཉོན་མོངས་པའམ་ཐུན་མོང་བའི་གང་ཟག་ཏུ་རྟོག་ ན་འཕགས་པ་སློབ་པ་དང་ཉན་རང་མི་སློབ་པ་རྣམས་ཀྱང་དེ་གཉིས་ཀྱི་གང་ཟག་ཏུ་ཐལ་བར་འགྱུར་ཏེ་སྡུག་བསྔལ་དང་སྒྲིབ་པ་གཉིས་ཅི་རིགས་པར་ཡོད་པའི་ཕྱིར་རོ། །དེའི་ཕྱིར་དེ་གཉིས་ ཀྱང་རྣམ་བྱང་གི་གང་ཟག་ཏུ་བཞག་སྟེ་རྣམ་བྱང་སྒྲུབ་པ་ལ་མངོན་པར་བརྩོན་པའི་ཕྱིར་རོ། །གསུམ་པ་ངེས་པ་ནི་གལ་ཏེ་གང་ཟག་དྲུག་ཅུ་པོ་འདི་དག་ལ་ཀུན་ནས་ཉོན་མོངས་པ་ ནི་དུ། རྣམ་པར་བྱང་བ་ནི་དུ་ཐུན་མོང་བ་ནི་དུ་ཡིན་ཞེ་ན། སྤྱོད་པས་དབྱེ་བ་དྲུག་ནི་དང་པོ་ཡིན་ལ། གཞན་ལྔ་བཅུ་ནི་གཉིས་པ་ཡིན་ཞིང་། ཁམས་གསུམ་གྱི་སོ་སོ་སྐྱེ་བོ་གསུམ་ནི་ཐུན་མོང་བ་ཡིན་ལ་ཉོན་མོངས་པ་ཆུང་བའང་སྔོན་ལམ་གཉིས་གོམས་པའི་བྱེ་བྲག་གིས་ཐུན་མོང་བ་ཡིན་ནོ། ། 1-1654 རྣམ་བྱང་ལའང་ཉན་རང་གཉིས་ནི་ཐེག་ཆུང་ཡིན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཉིས་ནི་ཐེག་ཆེན་ཡིན་ནོ། །ཁམས་གསུམ་ལ་འདོད་ཁམས་པ་ཁོ་ནར་ངེས་པ་ནི་ཞེ་སྡང་ལ་སྤྱོད་པ་ དང་རྒྱུན་དུ་ཞུགས་པ་དང་ལན་གཅིག་ཕྱིར་འོང་བ་དང་རང་སངས་རྒྱས་དེ་བཞི་ཁོ་ན་ཡིན་ལ། འདོད་གཟུགས་གཉིས་ཁོ་ནར་ངེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཉིས་ཡིན་ཏེ་གཟུགས་

【現代漢語翻譯】 關於詳細的宗義,我將參考已完成的宗義書。與此不同的是,其他佛教徒認為無常的事物是受他支配的,因此,阿賴耶識(kun gzhi’i rnam par shes pa,梵文:ālayavijñāna,梵文羅馬轉寫:ālayavijñāna,漢語字面意思:一切之識)與相應的七識聚在一起。第二,分類,如果詳細分類,有六十種;如果簡要概括,根據行為分類等有七種;如果非常簡要,則有三種:完全煩惱的輪迴眾生、完全清凈的涅槃以及共同的眾生。 輪迴眾生是指未進入解脫道、行於貪慾等六種行為的眾生,分為斷種姓和具種姓兩種,或按三界分為三種。有些人認為,根據行為分類,可以概括為三乘道和資糧道,按照這種觀點,輪迴眾生是不存在的,因為一切眾生都安住於三乘的種姓中。 涅槃是指進入解脫道、具有貪慾等對治法的眾生,分為小乘和大乘兩種,或分為聲聞、獨覺、菩薩和圓滿正等覺四種。共同的眾生不是指同一個眾生既是輪迴眾生又是涅槃眾生,而是指凡夫的種姓中既有輪迴眾生又有涅槃眾生。 任何安住于資糧道的眾生,也安住于涅槃的因中,因此可以歸入涅槃眾生。如果認為沒有現見法性,就是煩惱眾生或共同眾生,那麼聖者有學和聲聞獨覺無學也會成為這兩種眾生,因為他們各自具有痛苦和障礙。因此,這兩種眾生也被歸為清凈眾生,因為他們精進于成就清凈。第三,確定,如果問這六十種眾生中,有多少是煩惱眾生,有多少是清凈眾生,有多少是共同眾生?根據行為分類的六種眾生是第一種,其餘五十種是第二種,三界中的凡夫三種是共同眾生,煩惱較少的眾生也是由於先前修習二道的差別而成為共同眾生。 在清凈眾生中,聲聞和獨覺是小乘,佛和菩薩是大乘。只有欲界眾生才是確定的,即行於嗔恚、入流果、一來果和獨覺這四種眾生。只有欲界和色界兩種眾生才是確定的,即佛和菩薩,因為色界

【English Translation】 Regarding the detailed tenets, I will refer to the completed book of tenets. Different from this, other Buddhists consider impermanent things to be under the control of others, therefore, the ālayavijñāna (kun gzhi’i rnam par shes pa, Sanskrit: ālayavijñāna, Romanized Sanskrit: ālayavijñāna, Chinese literal meaning: all-basis consciousness) is together with the corresponding seven consciousnesses. Second, classification, if classified in detail, there are sixty types; if summarized briefly, there are seven types according to the classification of behavior, etc.; if very briefly, there are three types: completely afflicted samsaric beings, completely purified nirvanic beings, and common beings. Samsaric beings refer to beings who have not entered the path of liberation and engage in six types of behavior such as attachment. They are divided into two types: those with severed lineage and those with lineage, or three types according to the three realms. Some people believe that according to the classification of behavior, it can be summarized as the three vehicles and the accumulation path. According to this view, samsaric beings do not exist, because all beings abide in the lineage of the three vehicles. Nirvana refers to beings who have entered the path of liberation and possess antidotes to attachment, etc. They are divided into two types: Hinayana and Mahayana, or four types: Śrāvaka, Pratyekabuddha, Bodhisattva, and Samyaksaṃbuddha. Common beings do not refer to the same being being both a samsaric being and a nirvanic being, but rather to the fact that in the lineage of ordinary beings, there are both samsaric beings and nirvanic beings. Any beings who abide in the accumulation path also abide in the cause of nirvana, so they can be classified as nirvanic beings. If it is thought that they have not directly seen the nature of reality, and are therefore afflicted beings or common beings, then the noble learners and the Śrāvaka and Pratyekabuddha non-learners would also become these two types of beings, because they each have suffering and obscurations. Therefore, these two types of beings are also classified as purified beings, because they strive to achieve purification. Third, determination, if asked, among these sixty types of beings, how many are afflicted beings, how many are purified beings, and how many are common beings? The six types of beings classified according to behavior are the first type, the remaining fifty types are the second type, and the three types of ordinary beings in the three realms are common beings. Beings with less affliction are also common beings due to the difference in previously practicing the two paths. Among the purified beings, Śrāvakas and Pratyekabuddhas are Hinayana, and Buddhas and Bodhisattvas are Mahayana. Only beings in the desire realm are definite, namely the four types of beings who engage in anger, stream-enterers, once-returners, and Pratyekabuddhas. Only beings in the desire realm and the form realm are definite, namely Buddhas and Bodhisattvas, because the form realm


མེད་དུ་གཞན་དོན་མེད་པས་མི་འབྱུང་ངོ་། ། གང་ཡང་རྒྱལ་བའི་ཡུམ་ལས། བྱང་ཆུབ་སེམས་དཔའ་གཟུགས་མེད་དུ་སྐྱེ་བར་བཤད་པ་དེ་ནི་དེའི་སེམས་ཐོབ་པས་སྐྱེ་ནུས་པ་ལ་དགོངས་པ་ཡིན་གྱི། སྐྱེ་བ་ཉིད་ནི་མ་ཡིན་ཏེ། སྡུད་པ་ལས། བྱང་ཆུབ་ཡོན་ཏན་ཕ་རོལ་ཕྱིན་ཉམས་འགྱུར་འོང་ཞེས། །གཟུགས་མེད་ཁམས་སུ་སྐྱེ་བ་དོན་གཉེར་མི་བྱེད། །ཅེས་འབྱུང་བའི་ཕྱིར་རོ། །གཞན་རྣམས་ནི་ཁམས་ གསུམ་ཐུན་མོང་བ་ཡིན་ལ་གཟུགས་མེད་པ་ཁོ་ནར་ངེས་པ་ནི་མེད་དོ། །གལ་ཏེ་སྤྱོད་པས་དབྱེ་བ་བདུན་ནི་འདོད་ཁམས་པ་ཁོ་ནར་རིགས་ལ་ཕྱིར་མི་འོང་ཡང་དེ་ལྟར་མ་ཡིན་ནམ་ ཞེ་ན། མ་ཡིན་ཏེ་ཁམས་གོང་མ་གཉིས་ནའང་གོང་མའི་འདོད་ཆགས་ལ་སྤྱོད་པ་ལ་སོགས་པ་ཡོད་པའི་ཕྱིར་དང་། ཕྱིར་མི་འོང་དང་པོ་འདོད་ཁམས་སུ་ཐོབ་ཀྱང་དེའི་རྒྱུན་གོང་མ་གཉིས་སུ་འགྲོ་བའི་ཕྱིར་རོ། ། 1-1655 ལམ་ལྔ་ལས་གང་ཟག་གང་ལམ་གང་ལ་གནས་པ་ཡིན་པ་ནི་ཐད་ཀར་བཤད་ན་རྟོགས་སླ་བས་འཆད་པར་འགྱུར་རོ། །གཞུང་གི་དོན་ལ་གང་ཟག་གི་དབྱེ་བ་མདོ་ཙམ་དུ་བསྟན་པ་ནས་ རྒྱུན་ཞུགས་རིམ་གྱིས་པ་དང་ཅིག་ཆར་བའི་དོན་བསྟན་པའི་བར་བཞི་ལས་དང་པོ་ནི་གང་ཟག་རྣམ་པར་གཞག་པ་གང་ཞེ་ན། ཞེས་བྱ་བས་སྟོན་ཏེ་སྤྱོད་པ་ནི་དེ་ལ་ལོངས་སྤྱོད་པའོ། ། ངེས་པར་འབྱུང་བ་ནི་ཁམས་གསུམ་ལས་སོ། །ཉེ་བར་བརྟན་པ་ནི་ཐར་ལམ་ལ་ཞུགས་པའོ། །སྦྱོར་བ་ནི་ལམ་སྒོམ་པ་ལ་སྦྱོར་བའོ། །འབྲས་བུ་ནི་སེམས་རྣམ་པར་གྲོལ་བའོ། །ཁམས་ནི་འདོད་པ་ ལ་སོགས་པའོ། །སྤྱད་པ་ནི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའོ། །གཉིས་པ་དེ་གྲངས་ཀྱི་སྒོ་ནས་དབྱེ་བ་ནི་སྤྱོད་པས་རབ་ཏུ་དབྱེ་བ་ཇི་ལྟ་བུ་ཞེ་ན། ཞེས་བྱ་བ་ནས་མངོན་པར་ འདུ་བྱེད་པ་མེད་པར་སྤྱོད་པ་ཅན་གྱི་བྱང་ཆུབ་སེམས་དཔའི་གང་ཟག་གོ་ཞེས་བྱ་བའི་བར་གྱིས་སྟོན་པར་བྱེད་དེ་འཆད་པར་འགྱུར་བས་རྣམ་པར་མ་ཕྱེའོ། །གསུམ་པ་ཕྱེ་བ་སོ་སོའི་མཚན་ ཉིད་རྒྱས་པར་བཤད་པ་ལ་སྤྱོད་པས་དབྱེ་བ་བདུན་ནས་སྤྱད་པས་དབྱེ་བ་ལྔ་བསྟན་པའི་བར་དུ་བདུན་ལས་དང་པོ་ནི་འདོད་ཆགས་ལ་སྤྱོད་པ་གང་ཞེ་ན་ཞེས་བྱ་བས་སྟོན་ཏེ། ཤས་ཆེ་བ་ནི་དྲག་པ་སྟེ་ཡུལ་དམན་པ་ལའང་སྐྱེ་ཞིང་སྐྱེས་ནས་ཀྱང་རྒྱུན་རིང་དུ་འཇུག་པའོ། ། 1-1656 རྣམ་པར་རྟོག་པ་ནི་སེམས་གཡེངས་པ་སྟེ་གཡེང་བའི་མཚན་མ་ཆུང་ངུ་ལ་སོགས་པ་ཇི་ལྟར་རིགས་པ་བཞིན་སྦྱར་རོ། །རང་བཞིན་དུ་གནས་པ་ནི་ཆེ་ཆུང་དང་བྲལ་ནས་འབྲིང་དུ་གནས་པ་ སྟེ་ཡུལ་དང་མཐུན་པར་འབྱུང་བའོ། །ཤིན་ཏུ་སྲབ་པ་ནི་སྔོན་ལམ་གཉིས་ཀྱི་གཉེན་པོ་གོམས་པའི་མཐུས་འབྲིང་གིས་ཀྱང་དག་པ་ཡུལ་ཆེན་པོ་ལའང་ཉོན་མོངས་པ་ཆུང་ངུ་འབྱུང་བ་སྟེ་འདི་ལ་ ནི་ལམ་ལ་ཞུགས་པའང་ཡོད་དོ། །གཉིས་པ་ངེས་པར་འབྱུང་བས་དབྱེ་བ་གསུམ་གྱི་ཉན་ཐོས་ནི་ཤྲ་བ་ཀ་ཞེས

【現代漢語翻譯】 因為沒有其他目的,所以不會產生。至於經文中說菩薩會以無色身出生的說法,是指他們能夠通過獲得這種心境而出生。但並非指實際的出生。如《攝頌》所說:『菩提功德波羅蜜,變異將生。無色界中,不應尋求出生。』因此,其他眾生是三界共有的,但並非一定只在無色界。如果說通過行為區分的七種是欲界獨有的,即使是不還者也不應該是這樣嗎?並非如此,因為在更高的兩個界中,也存在對更高界慾望的行為等等。而且,第一個不還者雖然在欲界獲得,但其相續會進入更高的兩個界。 直接說明五道中的眾生處於哪一道更容易理解,所以會進行講解。關於經文的意義,從略微展示眾生的分類,到展示入流果次第和同時的意義,共有四個部分。第一個部分由『什麼是眾生的分類?』來展示,行為是指對它的享受。出離是指從三界中出離。安住是指進入解脫道。結合是指與修道相結合。果實是指心解脫。界是指慾望等等。行持是指行持菩提之行。第二個部分,從數量上區分,由『通過行為如何區分?』到『具有不顯現行為的菩薩』來展示,因為會進行講解,所以沒有詳細區分。第三個部分,詳細解釋各個區分的特徵,從通過行為區分的七種到展示通過行持區分的五種,共有七種。第一個部分由『什麼是對慾望的行為?』來展示。程度較大是指強烈,即使在較差的對境中也會產生,而且產生后也會持續很長時間。 分別念是指心散亂,根據情況,將散亂的微小徵兆等等與之結合。安住自性是指脫離大小,處於中等狀態,與對境相符而產生。非常微弱是指通過先前兩種道的對治,憑藉串習的力量,即使通過中等也能清凈,即使在大的對境中,煩惱也很小,對於這種人,也有進入道的。

【English Translation】 Because there is no other purpose, it does not arise. As for the statement in the scriptures that Bodhisattvas are born in formless realms, it refers to their ability to be born by attaining that state of mind. However, it does not refer to actual birth. As the ‘Compendium’ states: ‘Bodhi qualities, Paramitas, transformation will occur. In the formless realm, one should not seek birth.’ Therefore, other beings are common to the three realms, but they are not necessarily only in the formless realm. If it is said that the seven distinctions through conduct are unique to the desire realm, shouldn’t even the non-returners be like that? It is not so, because in the higher two realms, there are also actions of desire for the higher realms, and so on. Moreover, although the first non-returner is attained in the desire realm, their continuum goes into the higher two realms. It is easier to understand by directly explaining which path the beings in the five paths are on, so it will be explained. Regarding the meaning of the text, from briefly showing the classification of beings to showing the meaning of the stream-enterer sequence and simultaneity, there are four parts. The first part is shown by ‘What is the classification of beings?’, conduct refers to enjoying it. Renunciation refers to renouncing from the three realms. Abiding refers to entering the path of liberation. Combination refers to combining with the path of meditation. Fruit refers to the liberation of the mind. Realm refers to desires, and so on. Practice refers to practicing the practice of Bodhi. The second part, distinguishing from the number, is shown from ‘How to distinguish through conduct?’ to ‘Bodhisattvas with non-manifesting conduct’, because it will be explained, so it is not distinguished in detail. The third part, explaining in detail the characteristics of each distinction, from the seven distinctions through conduct to showing the five distinctions through practice, there are seven. The first part is shown by ‘What is the conduct towards desire?’. Greater degree means strong, it will arise even in inferior objects, and it will continue for a long time after it arises. Discrimination is a distracted mind, and according to the situation, combine it with small signs of distraction, and so on. Abiding in nature means being free from large and small, being in a medium state, and arising in accordance with the object. Very subtle means that through the antidote of the previous two paths, by the power of habituation, even through the medium one can be purified, even in large objects, afflictions are small, and for this person, there is also entering the path.


་པ་ཐོས་སྒྲོགས་པར་འགྱུར་ཏེ་ཐེག་པ་ཆེན་པོ་ཐོས་པ་ཙམ་དུ་སྒྲོགས་པའམ་ རྟག་ཏུ་གཞན་ལ་ཐོས་པ་ལ་ལྟོས་ཤིང་སྒྲ་སྒྲོགས་པས་ཆོས་སྟོན་པའི་ཕྱིར་རོ། །ཐེག་པ་ནི་འདིས་འགྲོ་བའི་ལམ་མོ། །ཐེག་པ་བ་ནི་ལམ་དང་ལྡན་པའི་གང་ཟག་སྟེ་དེ་བཞིན་དུ་རྣམ་ པ་གཞན་ལའང་སྦྱར་རོ། །འདི་ལ་རིགས་ནས་འབྲས་བུའི་བར་དྲུག་ལས་ཆོས་ཉིད་ནི་རིགས་ཏེ་བཤད་ཟིན་ཏོ། །ངེས་མ་ངེས་ནི་རྐྱེན་གྱིས་ཐེག་པ་གཞན་དུ་བསྒྱུར་དུ་རུང་མི་རུང་སྟེ་རུང་ཡང་ མ་བསྒྱུར་གྱི་བར་དུ་ཉན་ཐོས་ཀྱི་ཐེག་པ་བ་སྟེ་དེ་བཞིན་དུ་གཞན་ལའང་སྦྱར་རོ། །དབང་པོ་ནི་རང་བཞིན་གྱིས་ཤེས་རབ་ལ་སོགས་པའི་དབང་པོ་རྟུལ་བ་ཞེས་བྱ་བས་སྟོན་ཏེ་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ལྟོས་ནས་ཡིན་གྱི་དེ་ལྟ་མ་ཡིན་ན་ཆོས་ཀྱི་རྗེས་འབྲང་དང་མཐོང་ཐོབ་དང་མི་འཁྲུགས་པའི་ཆོས་ཅན་ལ་སོགས་པ་མེད་པར་འགྱུར་རོ། ། 1-1657 སྨོན་ལམ་ནི་བདག་འཁོར་བའི་འཆིང་བ་ལས་ཐར་བར་ཞེས་པའོ། །བསམ་པ་ནི་འཁོར་བ་ལས་ཡིད་བྱུང་བ་དང་ཞེས་སྦྱར་རོ། །དམིགས་པའམ་སྒྲུབ་པ་ནི་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་ཚིག་དོན་ལ་ ཤེས་རབ་གསུམ་གྱིས་དམིགས་ནས་ཆོས་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་ཆོས་ལམ་སྒྲུབ་པའོ། །འབྲས་བུའི་ཁྱད་པར་ནི་སྡུག་བསྔལ་མཐར་ཕྱིན་ཞིང་ཟད་པའི་ལྷག་བཅས་ལྷག་མེད་ཐོབ་པའོ། །འདི་ རྒྱས་པར་ནི་འབྲས་བུའི་དབྱེ་བའི་སྐབས་ནས་འཆད་དོ། །རང་སངས་རྒྱས་ནི་རང་ཁོ་ནའི་ཕྱིར་རང་ཉིད་སངས་རྒྱས་པས་རང་སངས་རྒྱས་ཏེ་ཉན་ཐོས་ནི་སྲིད་པ་ཐ་མའི་ཚེའང་སློབ་དཔོན་ལས་བྱང་ ཆུབ་པ་ཡིན་ལ་བྱང་ཆུབ་སེམས་དཔའ་ནི་རང་གིས་བྱང་ཆུབ་ཀྱང་གཞན་གྱི་དོན་དུ་སངས་རྒྱས་པས་གཉིས་པོ་ནི་དེ་ལྟ་མ་ཡིན་ནོ། ། དབང་པོ་འབྲིང་ནི་གཞན་གཉིས་ལ་ལྟོས་པ་ཡིན་གྱི་ རྣོ་རྟུལ་མེད་པ་ནི་མ་ཡིན་ཏེ་བསེ་རུ་ལྟ་བུ་ལ་སོགས་པའི་རིགས་ཐ་དད་ཡོད་པའི་ཕྱིར་རོ། །སྡུག་བསྔལ་ལས་ཡིད་བྱུང་བ་དང་ཀུན་འབྱུང་ལས་འདོད་ཆགས་དང་བྲལ་བ་དང་འགོག་ལམ་ གྱིས་རྣམ་པར་གྲོལ་བར་དང་། སྲིད་པ་ཐ་མའི་དུས་ན་འདྲེན་པ་གཞན་མེད་པར་བདག་ཉིད་ཀྱིས་སྤངས་རྟོགས་མངོན་པར་ཏེ་མངོན་སུམ་དུ་ཞེས་སྦྱར་རོ། །ཉན་ཐོས་ཀྱི་སྡེ་སྣོད་ཉིད་ཅེས་བྱ་བ་ནི་འདི་ལ་གསུང་རབ་ལོགས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། ། 1-1658 དྲུག་པ་འབྲས་བུ་ལ་དབང་པོ་རབ་ནི་བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བྱས། ཚོགས་བསགས་རྒྱུད་སྨིན་པར་བྱས་ཚོགས་ལམ་ཉན་ཐོས་དང་འདྲ་བར་སློབ་དཔོན་ལས་བསྐྱེད་དེ་ངེས་འབྱེད་ཆ་ མཐུན་མ་བསྐྱེད་པའི་བར་དེར་གནས་དྲུག་ལ་མཁས་པར་བྱས་ནས་སངས་རྒྱས་མེད་པའི་ཞིང་དུ་སློབ་དཔོན་མེད་པར་རང་གིས་བྱང་ཆུབ་མངོན་དུ་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་དེ་ལྟར་ དུ་གྱུར་ཏེ་བསེ་རུ་ལྟར་གཅ

【現代漢語翻譯】 將聽到『宣說』,僅僅是聽到『大乘』,或者總是依賴於他人聽到,通過宣說聲音來教導佛法。所謂『乘』,是指以此作為行進的道路。『乘者』,是指具有道路的人,同樣適用於其他情況。在此,從種姓到果位有六種,其中法性是種姓,已經闡述完畢。關於『決定』和『不決定』,是指是否可以通過因緣轉化為其他乘,即使可以轉化,在未轉化之前仍然是聲聞乘者,同樣適用於其他情況。關於『根器』,是指自性上智慧等根器遲鈍,這是相對於緣覺和菩薩而言的,如果不是這樣,那麼隨法行、見得以及不與動搖法者等就不會存在。關於『發願』,是指愿我從輪迴的束縛中解脫。關於『意樂』,是指與『從輪迴中生起厭離心』結合。關於『所緣或修習』,是指以三種智慧緣于聲聞藏的詞義,修習與寂滅涅槃相應的法道。關於『果位的差別』,是指獲得究竟且滅盡痛苦的有餘涅槃和無餘涅槃。關於此的詳細闡述,將在果位的分類時進行。 所謂『緣覺』,是指僅僅爲了自己而獨自證悟成佛,因此稱為緣覺。聲聞即使在最後一生也需要從導師處獲得覺悟,而菩薩雖然自己覺悟,但爲了他人的利益而證悟成佛,因此這二者不是這樣。中等根器是相對於其他二者而言的,並非沒有利鈍之分,因為存在如犀牛角等不同的種姓。從痛苦中生起厭離心,對集起離欲,通過滅道獲得解脫。在最後一生中,沒有其他引導者,自己斷除、證悟、現證,即現前。所謂『僅僅是聲聞藏』,意思是說,對此沒有單獨的聖典。

【English Translation】 It will be heard as ‘proclaiming,’ merely hearing ‘Mahayana,’ or always relying on others to hear, teaching the Dharma by proclaiming the sound. ‘Vehicle’ (Thépa) means that which serves as a path for beings to travel. ‘Vehicle-possessor’ (Thépa-ba) refers to a person who possesses the path, and this applies to other situations as well. Here, there are six from lineage to fruition, of which the nature of Dharma is the lineage, which has already been explained. ‘Definite’ and ‘indefinite’ refer to whether or not one can be transformed into another vehicle through conditions; even if transformation is possible, until it is transformed, one remains a Hearer vehicle-possessor, and this applies to others as well. ‘Faculties’ (Wangpo) refers to the dullness of faculties such as wisdom by nature, which is in relation to Solitary Buddhas and Bodhisattvas; if it were not so, then followers of the Dharma, those who have attained vision, and those who do not waver would not exist. ‘Aspiration’ (Mönlam) means ‘may I be liberated from the bonds of samsara.’ ‘Intention’ (Sampa) is combined with ‘arising of revulsion from samsara.’ ‘Object of focus or practice’ (Dmigs pa/Sgrub pa) refers to focusing on the words and meanings of the Hearer’s Pitaka with the three wisdoms, and practicing the Dharma path that is in accordance with Nirvana. ‘Distinction of fruition’ refers to obtaining the remaindered and non-remaindered Nirvana, where suffering is exhausted and brought to an end. A detailed explanation of this will be given in the section on the classification of fruition. A Solitary Buddha (Rang-sangye) is one who attains Buddhahood solely for oneself, hence the name Solitary Buddha. A Hearer (Nyen-thö) attains enlightenment from a teacher even in their final existence, while a Bodhisattva attains enlightenment themselves but becomes a Buddha for the benefit of others, so the two are not the same. The intermediate faculty is in relation to the other two; it is not without sharpness or dullness, because there are different lineages such as the rhinoceros horn. Arising of revulsion from suffering, detachment from attachment to the origin, and liberation through cessation and path. In the final existence, without another guide, one abandons, realizes, and manifests oneself, that is, directly. ‘Merely the Hearer’s Pitaka’ means that there is no separate scripture for this.


ིག་པུར་གནས་པའི་རང་སངས་རྒྱས་སུ་འགྱུར་རོ། །དབང་པོ་འབྲིང་ནི་བསྐལ་པ་བརྒྱར་སངས་རྒྱས་མཉེས་པར་བྱེད་ཅིང་སྔོན་བསྐྱེད་པ་ནི་བཟོད་པ་འབྲིང་མན་ཆད་སློབ་དཔོན་ ལས་བསྐྱེད་དེ་དེ་ནས་གནས་དྲུག་ལ་མཁས་པ་ལ་སོགས་པ་སྔ་མ་བཞིན་བྱས་པས་ཚོགས་ན་སྤྱོད་པ་ཆེན་པོར་འགྱུར་རོ། །དབང་པོ་རྟུལ་པོ་ནི་སངས་རྒྱས་མཉེས་པར་བྱེད་པ་ནས་སྔོན་འབྲས་ བུ་མ་ཐོབ་པ་ཆོས་མཆོག་གམ་ཐོབ་པ་མཐོང་ལམ་མན་ཆད་སློབ་དཔོན་ལས་སྐྱེད་པ་ལ་སོགས་པ་སྔ་མ་བཞིན་བྱས་པས་ཚོགས་ན་སྤྱོད་པའི་རང་རྒྱལ་བ་ཆུང་བར་འགྱུར་རོ། །གསུམ་ཆར་གྱིས་ ཀྱང་གཟུང་བ་རང་བཞིན་མེད་པར་རྟོགས་ཤིང་འཛིན་པ་མ་རྟོགས་ལ་རྟེན་འབྲེལ་ཟབ་མོའི་ཆོས་ཉིད་ལ་གནས་ཤིང་སྒྲ་མེད་དུ་ཆོས་སྟོན་པར་བྱེད་དོ། །དོན་དེ་ཉིད་མངོན་པར་རྟོགས་པའི་རྒྱན་ལས། 1-1659 རང་འབྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་ འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང་། །གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་ པར་ཤེས་པར་བྱ། ཞེས་གསུངས་སོ། །སྣོད་ལ་སོགས་པའི་གཟུང་བ་རྣམས་ནི་འཇིག་པའི་ཕྱིར་དང་། འཛིན་པ་ནི་རྒྱུན་མ་ཆད་ཅིང་མི་འཆད་པའི་ཕྱིར་དང་། དེ་གཉིས་ཚད་མ་གཅིག་གིས་སྒྲོ་འདོགས་བཅད་ བྱ་མ་ཡིན་པའི་ཕྱིར་དེ་རྟོགས་ཀྱང་དེ་མ་རྟོགས་པ་ལ་འགལ་བ་མེད་དོ། །དོན་དེ་དག་སློབ་དཔོན་སྐལ་ལྡན་ལེགས་ལྡན་འབྱེད་ཀྱི་དབུ་མ་སྙིང་པོ་ལས། དེས་ན་དེ་ནི་འདུ་འཛི་དང་། ། སེམས་ཅན་དོན་གྱི་བྱ་བ་ལ། །ཡིད་མི་འཇུག་སྟེ་དེ་ཕྱིར་འདི། །སློབ་དཔོན་མེད་པར་འདོད་པ་ཡིན། །དང་པོ་གཅིག་པུར་གནས་པ་སྟེ། །ཟབ་མོ་ལ་ནི་རྟོག་པ་ཡི། །མོས་པ་དང་ལྡན་ལྷག་ མ་གཉིས། །ཚོགས་དང་ལྷན་ཅིག་གནས་པ་ཡིན། །ལུས་ལ་སོགས་པ་ལེགས་བསྡམས་ནས། །དེ་ནི་བསོད་སྙོམས་དག་ལ་འཇུག །དམན་པ་རྗེས་སུ་གཟུང་བའི་ཕྱིར། །དེ་ནི་གཅིག་ཏུ་རབ་ཞིར་ལྡན། །ཞེས་འབྱུང་ངོ་། ། 1-1660 ཐེག་པ་ཆེན་པོ་ནི་ཆེན་པོ་བདུན་དང་ལྡན་པ་སྟེ་བཤད་ཟིན་ཏོ། །བྱང་ཆུབ་སེམས་དཔའ་ནི་ཡུམ་ལས། གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་དང་། །རྒྱལ་བ་རྣམས་ཀྱི་ཐེག་ཆེན་མཆོག་ ལ་ཞུགས་པ་དང་། །གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་རྒྱུ་འདུལ་བ། དེ་ཡི་ཕྱིར་ན་སེམས་པ་ཆེ་ཞེས་རབ་ཏུ་བརྗོད། །ཅེས་འབྱུང་བ་ཡིན་ནོ། །དབང་པོ་རྣོ་བ་ནི་གཉིས་པོ་ལ་ལྟོས་ པ་སྟེ་གཞན་དུ་ན་མངོན་པར་རྟོགས་པའི་རྒྱན་ལས་དབང་པོ་རྣོ་རྟུལ་དང་དད་མོས་མཐོང་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་བཤད་པ་དང་འགལ་བར་འགྱུར་

【現代漢語翻譯】 具有敏銳根器者將成為獨覺佛,安住于寂靜之處。中等根器者將在一百個劫中令諸佛歡喜,並且先前所生起的(菩提心)是中等忍以下,從上師處生起,然後像之前一樣精通六處等,在僧團中將成為偉大的行者。遲鈍根器者從令諸佛歡喜開始,先前未獲得果位者,是殊勝法以下,或已獲得果位者,是見道以下,從上師處生起等等,像之前一樣,在僧團中將成為弱小的行者。所有這三種人都會證悟所取為空性,而能取則不證悟,安住于甚深緣起的法性中,並且無言地宣說佛法。 關於此義,《現觀莊嚴論》中說: 『爲了證悟自生之體性,即使他人指示也不需要。如犀牛角般的智慧,顯現為甚深。對於任何事物,想要聽聞任何內容,無論如何想要聽聞,對於他們來說,那事物和那內容,即使無言也會那樣顯現。爲了捨棄所取之念,以及不捨棄能取之故,應知犀牛角般的道,是依靠的真實總結。』 意思是說,因為容器等所取之法會壞滅,而能取之念則不會中斷和止息,並且這兩者不能用同一個量來斷除增益,因此證悟此者與不證悟彼者之間沒有矛盾。 關於這些意義,導師吉祥賢的《中觀心要》中說: 『因此,他不參與喧囂,以及利益眾生的事業。因此,他被認為是無師自通。最初獨自居住,對於甚深之法,具有思擇的意樂,其餘二者,與僧團一同居住。善於約束身等,他進入乞食之中。爲了接引下劣者,他獨自一人,具有極度的寂靜。』 大乘具有七種偉大,已經講完。菩薩(bodhisattva,覺有情)如《般若經》所說:『大布施、大智慧、大威力,進入諸佛之殊勝大乘,披上偉大的盔甲,調伏魔軍,因此被稱為大心者。』 敏銳的根器依賴於兩者,否則將與《現觀莊嚴論》中所說的敏銳和遲鈍根器,以及具有信心的見道菩薩相矛盾。

【English Translation】 Those with sharp faculties will become Pratyekabuddhas (self-enlightened Buddhas), abiding in solitary places. Those with middling faculties will please the Buddhas for a hundred kalpas (aeons), and the arising of (bodhicitta, mind of enlightenment) previously is of middling patience or less, arising from a teacher, and then, like before, being skilled in the six places, etc., in the sangha (community) they will become great practitioners. Those with dull faculties, starting from pleasing the Buddhas, those who have not previously attained the fruit, are of the supreme Dharma or less, or those who have attained the fruit, are of the path of seeing or less, arising from a teacher, etc., like before, in the sangha they will become small practitioners. All three of these will realize that the apprehended is emptiness, while the apprehender is not realized, abiding in the nature of the profound dependent origination, and teaching the Dharma without words. Regarding this meaning, the Ornament for Clear Realization states: ‘For the sake of realizing the nature of self-arising, even if others instruct, it is not needed. The wisdom like a rhinoceros horn, is manifested as profound. For whatever things, wanting to hear whatever content, however wanting to hear, for them, that thing and that content, even without words, will appear that way. For the sake of abandoning the thought of the apprehended, and because of not abandoning the apprehender, one should know that the path like a rhinoceros horn, is the true summary of reliance.’ It means that because the apprehended phenomena such as containers will perish, while the thought of the apprehender will not be interrupted and cease, and these two cannot be cut off by the same valid cognition, therefore there is no contradiction between realizing this and not realizing that. Regarding these meanings, the Acharya (teacher) Kalden Lekden’s Madhyamika Essence states: ‘Therefore, he does not engage in clamor, and the activities of benefiting sentient beings. Therefore, he is considered to be without a teacher. Initially dwelling alone, for the profound Dharma, having the intention of contemplation, the remaining two, dwell together with the sangha. Well restraining the body, etc., he enters into alms gathering. For the sake of guiding the inferior, he is alone, possessing extreme tranquility.’ The Mahayana (Great Vehicle) possesses seven greatnesses, which have been explained. The Bodhisattva (bodhisattva, enlightenment being) as the Mother Sutra states: ‘Great generosity, great wisdom, great power, entering the supreme Great Vehicle of the Buddhas, donning the great armor, subduing the armies of Mara (demon), therefore he is called the great-minded one.’ Sharp faculties depend on both, otherwise it will contradict the sharp and dull faculties mentioned in the Ornament for Clear Realization, and the Bodhisattvas of the path of seeing who have faith.


རོ། །འཁོར་བ་ལས་རྣམ་པར་ཐར་བར་ཞེས་ བྱ་བ་དང་སྲིད་ཞི་ལ་མི་གནས་པའི་མྱང་འདས་ཐོབ་པར་བྱ་བའི་ཞེས་སྦྱར་རོ། །སེམས་ཅན་སྨིན་པར་བྱེད་པ་ལ་སོགས་པས་ནི་འབྲས་བུ་སྟོན་སྟེ་སྤང་བྱ་སྤང་རུང་དང་གཉེན་པོ་སྐྱེར་ རུང་དུ་བྱེད་པའོ། །དེ་སྐད་དུའང་མདོ་སྡེ་རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་དག་གི །གཟག་དང་སྤྱད་དུ་རུང་བ་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང་། །དེ་བཞིན་ སྤྱད་པ་ཉིད་དུ་སྨིན་པ་བསྟན། །ཞེས་འབྱུང་ངོ་། ། སངས་རྒྱས་ཀྱི་ཞིང་སྦྱོང་བ་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེའི་བྱེ་བྲག་གིས་དག་པའམ་མ་དག་པ་གང་འདོད་པ་སྒྲུབ་པ་སྟེ་དགེ་སློང་མི་འཁྲུགས་པ་དང་བྲམ་ཟེ་རྒྱ་མཚོའི་རྡུལ་ལ་སོགས་པ་བཞིན་ནོ། ། 1-1661 དེ་ཡང་ཚོགས་གཉིས་ཀྱིས་རང་གི་སེམས་སྦྱངས་ཤིང་སྨོན་ལམ་འདེབས་པ་ཡིན་ཏེ་དྲི་མ་མེད་པར་གྲགས་པས་ཞུས་པ་ལས་སངས་རྒྱས་ཀྱི་ཞིང་སྦྱོང་བར་འདོད་པས་རང་གི་སེམས་སྦྱང་བར་བྱའོ་ཞེས་ གསུངས་པའི་ཕྱིར་རོ། །ལུང་བསྟན་པ་ཐོབ་པ་འགྲེལ་པས་ས་བརྒྱད་པ་ལ་འཆད་པ་ནི་མི་ལེགས་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལས་རིགས་ལ་གནས་པ་དབང་པོ་རྣོན་པོ་སེམས་མ་བསྐྱེད་ པར་ལུང་སྟོན་པ་དང་། དབང་པོ་རྣོན་པོ་སེམས་བསྐྱེད་མ་ཐག་ཏུ་ལུང་སྟོན་པ་དང་། ལེ་ལོ་ཅན་གསང་སྟེ་ལུང་སྟོན་པ་དང་། ཆོས་ལ་བཟོད་པ་ཐོབ་པ་མངོན་སུམ་དུ་ལུང་སྟོན་པ་བཞི་ བཤད་པའི་གང་རུང་གཅིག་དང་ལྡན་པའོ། །བླ་ན་སྟེ་གོང་ན་མེད་པ་སྤངས་རྟོགས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཤེས་བྱ་ཐམས་ཅད་མངོན་པར་ཏེ་མངོན་སུམ་དུ་རྫོགས་པ་སྟེ་མ་ལུས་པ་ འཚང་རྒྱ་བ་སྟེ་ཐུགས་སུ་ཆུད་པའོ། །གསུམ་པ་ཉེ་བར་བརྟན་པས་དབྱེ་བ་གསུམ་ལ་དོན་གསུམ་གྱི་དང་པོ་ཚོགས་བསགས་མ་བསགས་ཀྱི་ཁྱད་པར་ཚོགས་ལམ་པ་དང་སྦྱར་ཏེ་བཤད་པ་ནི་ཚོགས་ མ་བསགས་པ་གང་ཞེ་ན་ཞེས་བྱ་བས་སྟོན་པར་བྱེད་དེ་གང་ཞེས་བྱ་བ་ནི་གང་ཟག་གོ །བདེན་པ་ནི་བདེན་བཞིའོ། །དབང་དུ་བྱས་པའི་ཆོས་ནི་བརྗོད་བྱ་བཞི་པོ་དེ་སྟོན་པའི་གསུང་རབ་ཀྱི་ཆོས་སོ། ། 1-1662 མོས་པ་དང་དད་པ་ནི་སེམས་བྱུང་དུ་བཤད་ཟིན་ཏོ། །ཐར་པ་ནི་མཛོད་ལས། ཐར་པ་བླ་ན་མེད་པ་ཡིན་ཞེས་བཤད་པ་དེ་ནི་མ་ཡིན་གྱི་ངེས་འབྱེད་ཆ་མཐུན་ཏེ་སྤང་བྱ་མངོན་ དུ་རྒྱུ་རགས་པ་ལས་ཐར་པའི་ཕྱིར་ཏེ་ཉི་ཁྲི་སྣང་བ་ལས། ཐར་པ་ནི་བྲལ་བའི་ཁྱད་པར་རོ་ཞེས་འབྱུང་བ་ཡིན་ནོ། །དེའི་ཆ་ནི་དྲོད་ལ་སོགས་པ་རེ་རེ་ཡིན་ལ་དེ་དང་ མཐུན་པ་ནི་ཚོགས་ལམ་སྟེ་མངོན་རྟོགས་རྒྱན་ལས། སངས་རྒྱས་སོགས་དམིགས་དད་པ་དང་། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང་། །བསམ་པ་ཕུན་ཚོགས་དྲན་པ་དང་། །རྣམ་པར་མི་རྟོག་ཏིང་འཛིན་དང་། །ཆོས་རྣམས་ རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་དང་རྣམ་ལྔ། །

【現代漢語翻譯】 རོ། (Ro)連線詞,表示順接上文。‘從輪迴中解脫’,指的是獲得不住于生死涅槃的寂滅。 ‘使眾產生熟’等,是指示果,即令應斷者可斷,令對治生起。如《經莊嚴論》所說:‘如瘡與食,彼等之,搔與受用,如欲成熟。如是於此所依,二邊寂滅,如是受用,即示成熟。‘意思是說,就像對待瘡和食物一樣,搔癢和享用都是爲了使其成熟。同樣,在此所依(指菩提心)上,二邊(指輪迴和涅槃)寂滅,如此受用,即是示現成熟。 佛土的清凈,是菩薩以慈悲心的差別,隨欲成就清凈或不清凈,如比丘不動和婆羅門海塵等。這也是通過二資糧清凈自心並立下誓願,如《無垢稱經》所說:‘欲凈佛土者,當凈其心。’ 關於獲得授記,《釋論》在解釋第八地時認為不妥,因為從’勇猛行三摩地’來看,安住于種姓、根器敏銳者,有未發心即授記,根器敏銳者發心即授記,懈怠者秘密授記,以及獲得法忍后公開授記四種情況之一。 ‘無上’,即無有能勝者,指斷證圓滿的正等覺菩提,對一切所知顯現,即現證一切,無餘證悟。 第三,以親近穩固的差別分為三類,首先結合資糧道來解釋積聚與未積聚資糧的差別,即’未積聚資糧者為何?‘,以此來指示。‘何’,指的是補特伽羅(人)。‘諦’,指的是四聖諦。‘所自在之法’,指的是指示上述四者的經教之法。 ‘信’和’欲’,已在心所中解釋完畢。‘解脫’,並非如《俱舍論》所說’解脫是無上的’,而是指抉擇分,即從應斷的粗大顯現之因中解脫,如《二萬頌光明釋》所說:‘解脫是分離的差別’。 它的分位,是指暖位等各自,與其相應的,是資糧道,如《現觀莊嚴論》所說:‘佛等為境信,佈施等為行境勤,勝解圓滿爲念,不分別為等持,諸法一切相,知之慧與五。’

【English Translation】 རོ། (Ro) is a conjunction indicating a continuation from the previous text. ‘Liberation from samsara’ refers to attaining nirvana that does not abide in either existence or peace. ‘Maturing sentient beings’ and so on, indicates the result, that is, making what should be abandoned able to be abandoned, and making the antidote arise. As stated in the Ornament of the Sutras: ‘Like a sore and food, their, scratching and enjoyment, as desired to mature. Likewise, in this support, the two sides are pacified, likewise, enjoyment itself, shows maturity.’ This means that just as with a sore and food, scratching and enjoying are for the purpose of maturing them. Similarly, on this support (referring to Bodhicitta), the two sides (referring to samsara and nirvana) are pacified, and thus enjoying it shows maturity. The purification of the Buddha-field is the bodhisattva’s accomplishment of purity or impurity as desired, through the differentiation of compassion, such as the immovable bhikshu and the Brahmin Ocean Dust. This is also through purifying one’s own mind with the two accumulations and making vows, as stated in the Vimalakirti Sutra: ‘Those who wish to purify the Buddha-field should purify their minds.’ Regarding obtaining prophecy, the commentary considers it inappropriate to explain it in terms of the eighth bhumi, because from the perspective of the ‘Samadhi of Heroic Progress,’ those who abide in lineage and have sharp faculties are prophesied without generating the mind of enlightenment, those with sharp faculties are prophesied immediately upon generating the mind of enlightenment, the lazy are secretly prophesied, and those who have obtained forbearance in the Dharma are openly prophesied, possessing one of these four conditions. ‘Unsurpassed’ means there is nothing above it, referring to the perfectly complete enlightenment of abandoning and realizing, manifesting all knowable objects, that is, directly realizing everything, without remainder. Third, the division into three categories based on close stability, first combining the path of accumulation to explain the difference between accumulating and not accumulating merit, that is, ‘What is it that has not accumulated merit?’, to indicate this. ‘What’ refers to the individual (person). ‘Truth’ refers to the Four Noble Truths. ‘The Dharma that is mastered’ refers to the scriptural Dharma that indicates the above four. ‘Faith’ and ‘desire’ have already been explained in the mental factors. ‘Liberation’ is not as stated in the Abhidharmakosha, ‘Liberation is unsurpassed,’ but refers to the decisive part, that is, liberation from the coarse manifestation of the cause to be abandoned, as stated in the Twenty Thousand Verse Light Commentary: ‘Liberation is the distinction of separation.’ Its divisions refer to each of the heat stages, etc., and what is in accordance with it is the path of accumulation, as stated in the Ornament of Clear Realization: ‘Buddha etc. are the object of faith, generosity etc. are the field of action diligence, excellent thought is mindfulness, non-discrimination is samadhi, all aspects of dharmas, knowing wisdom and five.’


རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་འབྱུང་བ་ཡིན་ནོ། །ཆུང་བ་ནི་ལྔ་པོ་དེ་ཆུང་བའོ། །ཚེ་ རབས་ཀྱི་དུས་ངེས་པ་མེད་པ་ནི་སྦྱོར་ལམ་ཚེ་འདི་ཙམ་ན་སྐྱེའོ་ཞེས་མ་ངེས་པའོ། །འདི་ནི་མོས་པ་དང་དད་པ་ཆུང་བ་དང་ལྡན་པས་ལམ་ལ་ཞུགས་པ་ཡིན་ཏེ་མ་ཞུགས་པ་ ལ་དེ་ལ་དམིགས་པའི་མོས་དད་ཙམ་མེད་པའི་ཕྱིར་རོ། །སྔ་མ་ལ་ལྟོས་ནས་བསགས་པའང་ཡིན་ལ་ཕྱི་མ་ལ་ལྟོས་ནས་མ་བསགས་པའང་ཡིན་པ་སྟེ་བར་མ་ཞེས་བྱ་བའི་དོན་ཏོ། །དུས་ངེས་པ་ནི་ཚེ་རབས་འདི་ཙམ་ན་སྦྱོར་ལམ་སྐྱེ་བར་རང་གིས་ངེས་པའོ། ། 1-1663 དད་པ་ཆུང་འབྲིང་ཆེ་གསུམ་ནི་མི་མཐུན་ཕྱོགས་ཆུང་ངུས་ཀྱང་ཉམས་འགྲོ་བ་དང་ཆེན་པོས་ཉམས་འགྲོ་བ་དང་གང་གིས་ཀྱང་ཉམས་མི་འགྲོ་བའོ། །དེ་ཉིད་ཀྱི་དུས་ཅན་ནི་ཚེ་དེ་ཉིད་ལ་ ངེས་འབྱེད་ཆ་མཐུན་སྐྱེ་བའོ། །ཐར་པ་ཆ་མཐུན་ལ་ཆུང་འབྲིང་གསུམ་ཡོད་པར་གང་གིས་ཤེས་ཞེ་ན། མདོ་ལས། ཐར་པའི་ཆ་དང་མཐུན་པ་བཞི་སྟེ་སྐབས་སུ་གཏོགས་པ་དང་། མོས་པ་ལས་གྱུར་ པ་དང་། ལྷག་པར་འདོད་པ་ལས་གྱུར་པ་དང་ཐོབ་པ་ལས་གྱུར་པ་བཞི་བཤད་དེ་ཐ་མ་ནི་ཆེན་པོའི་ཆེན་པོ་ཚེ་དེ་ཉིད་ལ་ངེས་འབྱེད་ཆ་མཐུན་ངེས་པར་སྐྱེ་བའོ། །ཐར་པ་ཆ་ མཐུན་གྱི་དབང་དུ་མཛད་ནས་མདོ་ལས། འཇིག་རྟེན་པའི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་ཏེ། ཡང་དག་ པའི་ལྟ་བ་ནི་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་དང་། དེ་རྟོགས་པའི་ཤེས་རབ་བོ། །དེ་ཆེན་པོ་ནི་རིན་པོ་ཆེའི་ཕྲེང་བ་ལས། འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པས་མི་གང་ ཆོས་མི་འདའ། །དེ་ནི་དད་ཅན་ཤེས་པར་བྱ། །ཞེས་འབྱུང་སྟེ་འདུན་པ་ནི་འདོད་ཡོན་ལ་འདུན་པའོ། །རྨོངས་པ་ནི་བླང་དོར་མི་ཤེས་པའོ། །གཉིས་པ་སྦྱོར་ལམ་པ་དང་སྦྱར་ཏེ་བཤད་པ་ནི་ཡང་ཞེས་བྱ་བས་སྟོན་ཏེ་བདེན་པ་རྣམས་ལ་ཆོས་ངེས་པར་སེམས་པའི་བཟོད་པ་ནི་བདེན་བཞི་བདག་མེད་པར་འབྱེད་པའི་ཤེས་རབ་སྟེ་དུས་ངེས་མ་ངེས་ནི་མཐོང་ལམ་སྐྱེ་བའི་དུས་སོ། ། 1-1664 ཆུང་འབྲིང་ཆེ་གསུམ་ནི་དྲོད་རྩེ་མོ་བཟོད་པ་གསུམ་མོ། ། ཆོས་མཆོག་མ་གཏོགས་པ་ནི་མཛོད་ལས། ཇི་ལྟར་བཟོད་ཆེན་སྐད་ཅིག་མ། །གཅིག་ཡིན་དེ་བཞིན་ཆོས་ཀྱི་མཆོག །ཅེས་འབྱུང་བ་ལྟར་ཆོས་མངོན་ པ་ཐམས་ཅད་ནས་སྐད་ཅིག་ཁོ་ནར་འཆད་པས་དུས་གཉིས་པ་ལ་མཐོང་ལམ་སྐྱེ་བའི་ཕྱིར་དུས་ངེས་མ་ངེས་དཔྱད་མི་དགོས་སོ་སྙམ་དུ་དགོངས་པ་ཡིན་ནོ། །ངེས་འབྱེད་ཆ་མཐུན་ལ་དེ་ལྟར་ དུ་མ་ཡོད་པར་ཅིས་ཤེས་ཞེ་ན། མདོ་ལས། དེའི་དབང་དུ་བྱས་ནས་རྗེས་སུ་མཐུན་པ་དང་། ཁྱད་པར་དང་། རབ་ཏུ་རྟོགས་པ་དང་གཞན་དུ་ཡོངས་སུ་བསྒྱུར་བ་དང་། སྐྱེ་བ་གཅིག་པ་དང་། སྟན་ག

【現代漢語翻譯】 正如經文所說:‘以圓滿菩提之利器,易悟者速悟,鈍根者難悟。’ 所謂’小’,即指上述五種情況皆為’小’。所謂’生世時劫不決定’,即指不能確定在今生此世證得加行道。這是因為此人所具足的信解和信心較小,故而入道;未入道者,則對其所緣境不具足信解和信心。相對於前者而言,可說是已積聚(資糧),相對於後者而言,可說是未積聚(資糧),此乃’中等’之義。所謂’時劫決定’,即指自己確定在某一生世證得加行道。 信小、中、大三種,是指被微小違緣所動搖、被巨大違緣所動搖以及任何違緣都無法動搖的情況。所謂’彼時分’,即指在那一生中生起抉擇分。如果有人問:‘如何得知解脫分有小、中、大三種?’ 經中說:‘有四種與解脫分相應,即屬於時節因緣、由信解所生、由殊勝欲樂所生以及由獲得所生。’ 其中最後一種是’大中之大’,即在那一生中必定生起抉擇分。經典中以解脫分為例證說:‘若有世間正見者,此大士夫縱歷千百世,亦不墮惡趣。’ 所謂’正見’,即是對因果深信不疑的信心,以及證悟此理的智慧。所謂’大’,如《寶鬘論》所說:‘貪慾嗔恚與怖畏,愚昧之人不違越(正法),當知此乃具信心者。’ 貪慾是指對欲妙的貪求。愚昧是指不辨取捨。‘又’字表明將第二種(時劫決定與否)與加行道修行者聯繫起來進行解釋,即對諸法真實不虛深信不疑的忍位,以及辨別四諦皆無自性的智慧。所謂時劫決定與否,是指證得見道的時間。 小、中、大三種,是指暖位、頂位和忍位三種。除了世第一法之外,如《俱舍論》所說:‘如大忍位唯剎那,世第一法亦如是。’ 意思是說,一切俱舍論都只講剎那,因此在第二個時間證得見道,所以認為無需考察時劫是否決定。如果有人問:‘如何得知抉擇分並非如此?’ 經中說:‘以其為因,隨順、差別、勝解、轉變、一生以及座…’。

【English Translation】 As it is said in the scriptures: ‘With the sharp weapon of perfect enlightenment, the quick-witted quickly realize, while the dull-witted find it difficult to realize.’ ‘Small’ refers to the five situations mentioned above being ‘small.’ ‘Uncertainty of the time of rebirth’ means that it is not certain that the path of joining (sbyor lam) will be attained in this lifetime. This is because the person has little faith and belief, and therefore enters the path; those who have not entered the path do not have the faith and belief focused on that object. Compared to the former, it can be said that they have accumulated (merit), and compared to the latter, it can be said that they have not accumulated (merit), which is the meaning of ‘intermediate.’ ‘Certainty of time’ means that one is certain that the path of joining will be attained in a certain lifetime. The three types of faith—small, medium, and large—refer to situations where one is shaken by minor adverse conditions, shaken by major adverse conditions, and unshaken by any adverse conditions. ‘That very time’ means that the decisive part (nges ‘byed cha mthun) arises in that very lifetime. If someone asks, ‘How do we know that there are three types of liberation part—small, medium, and large?’ The sutra says, ‘There are four things that are in accordance with the part of liberation: belonging to the occasion, arising from faith, arising from superior desire, and arising from attainment.’ The last of these is the ‘greatest of the great,’ meaning that the decisive part will definitely arise in that very lifetime. Taking the liberation part as an example, the sutra says, ‘If there is a worldly right view, that great being will not fall into the lower realms even in thousands of lifetimes.’ ‘Right view’ is the faith of believing in cause and effect, and the wisdom of realizing it. ‘Great’ is as stated in the Ratnavali (rin po che’i phreng ba): ‘Desire, hatred, fear, and ignorance—whoever does not transgress (the Dharma) because of these, know that they have faith.’ Desire is the desire for desirable objects. Ignorance is not knowing what to accept and reject. The word ‘also’ indicates that the second (whether the time is definite or not) is explained in relation to the practitioner of the path of joining, namely, the forbearance of believing in the truth of things, and the wisdom of distinguishing the four truths as selfless. Whether the time is definite or not refers to the time of attaining the path of seeing. The three types—small, medium, and large—refer to the heat stage, the peak stage, and the forbearance stage. Except for the Worldly Supreme Dharma, as stated in the Abhidharmakosha (mDzod): ‘Just as the great forbearance is only a moment, so is the Worldly Supreme Dharma.’ This means that all Abhidharma only speaks of a moment, so the path of seeing is attained in the second time, so it is thought that there is no need to examine whether the time is definite or not. If someone asks, ‘How do we know that the decisive part is not like that?’ The sutra says, ‘Because of that, according to, difference, superior understanding, transformation, one birth, and seat…’


ཅིག་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དང་པོ་ལྔ་ནི་དྲོད་རྩེ་གཉིས་དང་བཟོད་པ་གསུམ་དུ་ཕྱེ་བ་དང་སྦྱར་ལ། ཐ་མ་ནི་ཆོས་མཆོག་གོ །གསུམ་པ་དེ་གཉིས་ཀྱི་ཉམས་ཚུལ་ བཤད་པ་ལ་དེ་གཉིས་ཆེན་པོ་ལས་མི་ཉམས་པ་ནི་གོམས་པ་མཐར་ཐུག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྦྱོར་ལམ་ཆུང་འབྲིང་ལས་ཉམས་པས་ཐར་ཆ་ཆེན་པོ་ལས་ཀྱང་ཉམས་པར་ཐལ་བར་ མི་འགྱུར་ཏེ་ཆིག་སྡུད་མ་གོམས་པ་ལས་ཉམས་པས་སྦྱོར་ཀློག་གོམས་པ་ལས་ཉམས་པར་མི་འགྱུར་བ་བཞིན་ནོ། །བག་ཆགས་མ་ཉམས་པ་ནི་དེ་གཉིས་མངོན་དུ་རྒྱུར་སྐྱེད་པ་ས་བོན་གསོས་པས་ཆོག་གི་བག་ཆགས་ཡེ་མེད་གསར་དུ་གཞག་མི་དགོས་པའི་ཕྱིར་རོ། ། 1-1665 བཞི་པ་སྦྱོར་བས་དབྱེ་བ་ལ་དད་པ་ཙམ་གྱིས་ལམ་སྒོམ་ཞིང་གཞན་གྱི་སྒྲའི་རྗེས་སུ་འབྲང་བ་ནི་དད་པས་རྗེས་སུ་འབྲང་བའོ། །ཚོགས་བསགས་པ་ནི་ལམ་རྒྱུད་ལ་སྐྱེར་རུང་བར་བྱས་པའོ། ། དབང་པོ་ནི་ཤེས་རབ་ལ་སོགས་པའོ། །ཕ་རོལ་ནི་དགེ་བཤེས་སོ། །བདེན་པ་རྟོགས་པ་ནི་མཐོང་ལམ་མོ། །དེའི་ཕྱིར་སྦྱོར་བ་ནི་ལམ་དང་པོ་གཉིས་སྒོམ་པའོ། །ཆོས་ནི་ཤེས་བྱ་སྟེ་ཤེས་བྱའི་ མཚན་ཉིད་ཀྱི་རྗེས་སུ་འབྲང་བའོ། །བདག་ཉིད་ཀྱིས་ཞེས་བྱ་བ་ནི་གཞན་གྱི་སྒྲ་ཁོ་ནའི་རྗེས་སུ་མི་འབྲང་བར་རང་གི་དཔྱོད་པའོ། །ཆོས་ཀྱི་རྗེས་སུ་འབྲང་བ་ནི་གསུང་རབ་ཀྱི་རྗེས་སུ་ འབྲང་བའོ། །འདི་གཉིས་མཛོད་ལས། དབང་པོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ཀྱི་རྗེས་འབྲང་བ། །ཞེས་སོ་སོ་སྐྱེ་བོའི་དུས་ན་དབང་པོ་རྣོ་རྟུལ་གཉིས་མཐོང་ལམ་གྱི་ཚེ་དད་པ་དང་ཆོས་ ཀྱི་རྗེས་འབྲང་དུ་བཤད་པ་དེ་ནི་མ་ཡིན་ཏེ་མཐོང་ལམ་ཐོབ་པར་བྱ་བའི་དོན་དུ་སྒོམ་པ་ལ་བཤད་པའི་ཕྱིར་རོ། །དེ་ལྟར་ཉེ་བར་བརྟན་པ་དང་སྦྱོར་བས་དབྱེ་བ་གཉིས་ནི་ཐེག་ པ་ཆེ་ཆུང་གཉིས་ཀའི་དབང་དུ་བྱས་པ་ཡིན་ནོ། །ལྔ་པ་འབྲས་བུས་དབྱེ་བ་ཉི་ཤུ་རྩ་བདུན་གྱི་སྤྱི་དོན་ལ་ལམ་གང་ལ་སྐྱེ་བའི་རྟེན་དང་། དེ་ལ་བརྟེན་པའི་ལམ་དང་། ལམ་དེས་དུས་ཇི་སྲིད་ན་ངེས་པར་འབྱུང་ཚུལ་བཤད་པ་གསུམ་གྱི་དང་པོ་ནི་མཛོད་ལས། 1-1666 འདོད་པར་གསུམ་ཐོབ་ཐ་མ་ནི། །གསུམ་དུ་གོང་ན་མཐོང་ལམ་མེད། །མི་སྐྱོ་ལུང་ལས་འདིར་རྩོམ་ཞིང་། །དེར་མཐར་ཕྱིན་ཅེས་འབྱུང་ཕྱིར་རོ། །ཞེས་འབྱུང་ངོ་། །དོན་ནི་འདོད་པར་ནི་དང་པོ་གསུམ་འཐོབ་ ཅིང་དགྲ་བཅོམ་ནི་གསུམ་ཀར་འཐོབ་བོ། །གལ་ཏེ་དང་པོ་གཉིས་ནི་འདོད་ཆགས་དང་མ་བྲལ་བས་འཐོབ་པས་གོང་མར་མི་འཐོབ་པར་རིགས་ན། གསུམ་པ་གོང་དུ་མི་འཐོབ་པའི་རྒྱུ་མཚན་གང་ཡིན་ ཞེ་ན། དེའི་རྒྱུ་མཐོང་ལམ་མེད་པའི་ཕྱིར་ཏེ་གཟུགས་མེད་ན་ཉན་པ་མེད་ཅིང་འོག་མ་ལ་མི་དམིགས་པའི་ཕྱིར་དང་གཟུགས་ཁམས་ན་ལམ་སྒོམ་པའི་རྒྱུ་སྐྱོ་བ་མེད་པའི་ཕྱིར་དང་། ལུང་ལས་ ཀྱང་འདིར་རྩོམ་ཞིང་ད

【現代漢語翻譯】 因為經中說:『唯一』。關於這一點,最初的五個(階段),即暖位、頂位分為二,加上忍位三個階段結合起來。最後一個是世第一法。第三部分是關於這二者的修持方式的描述,這二者不會從『大』(指大乘道)中退轉,因為這是習慣的最終結果。因此,即使從資糧道的小、中品退轉,也不會導致從『大』退轉,就像不習慣單音節(藏文:ཆིག་སྡུད།)會導致退轉,但習慣於拼讀不會導致退轉一樣。不會失去習氣,是因為這二者能顯現增長的因,就像滋養種子一樣,只需滋養即可,不需要全新地種下習氣。 第四,以加行來區分,僅僅通過信仰來修持道路,並追隨他人的言語,這是隨信仰而行。積累資糧,是爲了使道路能夠在相續中生起。根(藏文:དབང་པོ།)是指智慧等。『彼』(藏文:ཕ་རོལ།)是指善知識。證悟真諦是指見道。因此,加行是修持最初的兩個道。法(藏文:ཆོས་)是指所知,即追隨所知的相狀。『自己』(藏文:བདག་ཉིད་ཀྱིས།)的意思是不只追隨他人的言語,而是自己的思辨。隨法而行,是追隨經藏。這兩點在《俱舍論》中說:『利根鈍根在那時,隨信與隨法。』說在異生位時,利根和鈍根兩種在見道時是隨信和隨法,這不是指見道時,而是指爲了獲得見道而修持時所說的。這樣,以親近和加行來區分的兩種情況,都是大小乘共同適用的。 第五,以果來區分二十七種(有學)的總義,包括在哪個道上生起的所依,以及依賴於此的道,以及此道在多長時間內必定解脫的方式這三個方面。首先,《俱舍論》中說:『欲界得三,最後是三,以上無見道。』彌勒的論典中說:『在此造作,在那裡達到究竟。』意思是說,在欲界能獲得最初的三種(有學),阿羅漢則三種都能獲得。如果說最初的兩種因為沒有脫離貪慾而獲得,所以不應在上界獲得,那麼為什麼第三種不能在上界獲得呢?原因是那裡沒有見道,因為在無色界沒有聽聞,也不緣于地獄,並且在色界沒有修道的因——厭離。經文中也說,『在此造作,在那裡達到究竟。』

【English Translation】 Because it is said, ‘One.’ Regarding this, the first five (stages), namely the heat and peak stages divided into two, plus the three stages of forbearance, are combined. The last is the World’s Supreme Dharma. The third part is a description of the practice of these two, which will not regress from the ‘Great’ (referring to the Mahayana path), because this is the ultimate result of habituation. Therefore, even if one regresses from the small and medium stages of the path of accumulation, it will not lead to regression from the ‘Great,’ just as not being accustomed to single syllables (Tibetan: ཆིག་སྡུད།) will lead to regression, but being accustomed to spelling will not lead to regression. The imprints will not be lost, because these two can manifest and increase the cause, just like nourishing seeds, it is enough to nourish them, and there is no need to plant new imprints. Fourth, distinguishing by application, merely cultivating the path through faith and following the words of others is following by faith. Accumulating merit is to make the path able to arise in the continuum. The faculties (Tibetan: དབང་པོ།) refer to wisdom, etc. ‘The other’ (Tibetan: ཕ་རོལ།) refers to the spiritual friend. Realizing the truth refers to the path of seeing. Therefore, application is cultivating the first two paths. Dharma (Tibetan: ཆོས་) refers to the knowable, that is, following the characteristics of the knowable. ‘Oneself’ (Tibetan: བདག་ཉིད་ཀྱིས།) means not only following the words of others, but one’s own speculation. Following the Dharma is following the scriptures. These two points are stated in the Abhidharmakosha: ‘Sharp and dull faculties at that time, following faith and following Dharma.’ It says that in the state of ordinary beings, the two types of sharp and dull faculties are following faith and following Dharma at the time of the path of seeing, which does not refer to the time of the path of seeing, but to what is said when cultivating to attain the path of seeing. Thus, the two distinctions by closeness and application are both applicable to both the Great and Small Vehicles. Fifth, distinguishing by results, the general meaning of the twenty-seven (learners) includes the basis on which they arise on which path, the path that depends on it, and how long it will take for this path to definitely liberate. First, the Abhidharmakosha says: ‘Desire realm obtains three, the last is three, above there is no path of seeing.’ Maitreya’s treatise says: ‘Here it is made, there it reaches the ultimate.’ It means that in the desire realm, one can obtain the first three (learners), and the Arhat can obtain all three. If it is said that the first two are obtained because they have not separated from desire, so they should not be obtained in the upper realms, then why can’t the third one be obtained in the upper realms? The reason is that there is no path of seeing there, because there is no hearing in the formless realm, and it does not depend on the lower realm, and in the form realm there is no cause for cultivating the path—renunciation. The scriptures also say, ‘Here it is made, there it reaches the ultimate.’


ེར་མཐར་ཕྱིན་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སེམས་ཀྱི་རྟེན་ནི་འབྲས་བུ་དང་པོ་གཉིས་ཉེར་བསྡོགས་དང་ཐ་མ་གཉིས་གོང་མ་གཉིས་ཀྱི་སེམས་ ཏེ་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ནི་ཐམས་ཅད་དུ་ཉེར་བསྡོགས་སོ། །ལམ་རྣམས་འགྲོ་བའི་བྱེ་བྲག་གང་ལ་སྐྱེ་བའི་རྟེན་ནི་སྔར་བཤད་ཟིན་ཏོ། །གཉིས་པ་ནི་རྒྱུན་དུ་ཞུགས་པ་ལ་སོགས་ པ་བཞི་ཡིན་ཏེ་འདིའང་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པ། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་འབྱུང་བ་ལྟར་ཤེས་རབ་གསུམ་རིམ་པ་བཞིན་སྐྱེད་དེ། ཚོགས་ལམ་དུ་ཞི་གནས་གྲུབ་པར་བྱས་ནས་དྲན་པ་ཉེར་བཞག་ལ་སོགས་པ་བསྒོམས་ཏེ་དྲོད་ནས་བདེན་བཞིའི་རྣམ་པ་ལ་སྒོམ་པར་བྱེད་དོ། ། 1-1667 དེ་སྐད་དུའང་མཛོད་ལས། དེ་ལས་དྲོ་བར་གྱུར་པ་འབྱུང་། །དེ་ནི་བདེན་བཞིའི་སྤྱོད་ཡུལ་ཅན། །ཞེས་འབྱུང་བ་ཡིན་ནོ། ། དེ་ལ་གཞན་རྣམས་ནི་སྔ་མ་བཞིན་ཏེ་ཁྱད་པར་ནི་མཐོང་ལམ་ལ་འཕགས་ ལམ་ཡན་ལག་བརྒྱད་དང་སྒོམ་ལམ་བྱང་ཆུབ་ཉེ་བའི་རྒྱུ་ཡིན་པས་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པར་བྱེད་དེ་མཛོད་ལས། སྡེ་ཚན་དྲུག་ནི་གོ་རིམ་བཞིན། །ལས་ནི་དང་པོ་པ་དག་དང་། ། ངེས་འབྱེད་ཆ་མཐུན་རྣམས་དང་ནི། །སྒོམ་དང་མཐོང་ལ་རབ་ཏུ་ཕྱེ། །ཞེས་འབྱུང་བ་ཡིན་ནོ། །དེ་ལ་ཉན་ཐོས་ཀྱི་མཐོང་ལམ་ལ་ནི་རྒྱུན་དུ་ཞུགས་པ་ཞེས་བྱ་སྟེ་ལྷག་བཅས་ལྷག་མེད་ཀྱི་ ཟག་མེད་ཀྱི་ལམ་དང་པོའི་རྒྱུན་ལ་ཞུགས་པའི་ཕྱིར་རོ། །དེ་འདོད་ཁམས་སུ་ལན་གཅིག་སྐྱེ་ན་ལན་གཅིག་ཕྱིར་འོང་བ་ཞེས་བྱའོ། །ལན་གཅིག་ཀྱང་མི་སྐྱེ་ན་ཕྱིར་མི་འོང་བ་ཞེས་བྱའོ། །ཁམས་ གསུམ་གྱི་ཉོན་མོངས་པ་དགྲ་དང་འདྲ་བ་མ་ལུས་པ་བཅོམ་ན་དགྲ་བཅོམ་ཞེས་བྱའོ། །གལ་ཏེ་མཐོང་ལམ་ལ་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ལམ་བརྒྱད་བརྒྱད་དང་། སྒོམ་ལམ་ལ་ས་དགུ་ ལ་སྤང་བྱ་དགུ་དགུ་བརྒྱད་ཅུ་རྩ་གཅིག་སྤངས་པའི་རྣམ་གྲོལ་གྱི་ལམ་བརྒྱད་ཅུ་རྩ་དགུ་མ་ཡིན་ནམ་ཞེ་ན། དེ་དག་བསྡུས་ནས་བཞིར་འཇོག་སྟེ་རྒྱུ་མཚན་ནི་བཞི་པོ་རེ་རེ་ལའང་ལམ་སྔ་མ་བཏང་བ་དང་མི་འདྲ་བའི་ལམ་ཕྱི་མ་ཐོབ་པ་དང་རང་རང་གི་སྤང་བྱ་ཟད་པ་ཐོབ་པ་དང་། 1-1668 ཆོས་ཤེས་པ་དང་རྗེས་སུ་ཤེས་པ་བརྒྱད་ཚང་བར་ཐོབ་པ་དང་། མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ཐོབ་པ་སྟེ་ལྔ་ལྔ་ཡོད་པའི་ཕྱིར་ཏེ་མཛོད་ལས། འབྲས་བུ་བཞི་རྣམ་གཞག་ པ་ནི། །རྒྱུ་ལྔ་དག་ནི་སྲིད་པའི་ཕྱིར། །འབྲས་ལ་སྔོན་ལམ་བཏང་བ་དང་། །གཞན་ཐོབ་པ་དང་ཟད་བསྡོམས་དང་། །ཤེས་པ་བརྒྱད་ཚང་ཐོབ་པ་དང་། །རྣམ་པ་བཅུ་དྲུག་ཐོབ་པའོ། །ཞེས་གང་གསུངས་པ་ ཡིན་ནོ། །དེ་ལྟར་བཞི་ལས་རྣམ་པར་ཕྱེ་ན་ཉི་ཤུ་རྩ་བདུན་ལ་རྒྱུན་དུ་ཞུགས་པ་མཐོང་ལམ་པར་ངེས་པ་ནི་བཞིའོ། །ལན་ཅིག་ཕྱིར་འོང་བ་གསུམ་དང་། ཕྱིར་མ

【現代漢語翻譯】 因此,經文中說,『將成為圓滿的彼岸』。心的所依是最初的兩個果位(預流果和一來果)是『近取』,最後的兩個果位(不還果和阿羅漢果)是上面兩個果位的『心』,即以智慧獲得解脫,在一切時都是『近取』。各種道產生時所依的差別,前面已經說過了。 第二是預流等四果,這也如《俱舍論》所說:『具戒、聞、思者,應勤修于禪定。』意思是說,應次第生起三種智慧(聞、思、修所生慧)。在資糧道時,成就止觀后,修習念住等,從暖位開始,修習四諦的行相。 如《俱舍論》所說:『由此生起暖位,此乃四諦之行境。』意思是說,其他的和前面一樣,不同之處在於見道時修習八支聖道,修道時修習七覺支,因為它是近取菩提之因。《俱舍論》中說:『六組次第分,業與最初者,抉擇分順解脫,修與見道別。』 因此,聲聞的見道稱為預流果,因為他已進入具有餘依和無餘依的第一個無漏道流。如果他在欲界只投生一次,則稱為一來果。如果一次也不投生,則稱為不還果。如果斷盡三界的所有煩惱,如同摧毀敵人一般,則稱為阿羅漢果。如果見道有八個無間道和八個解脫道,修道有九地,需要斷除八十一個(九地乘以九品煩惱)所斷除的八十一個煩惱,那麼應該有八十九個解脫道,不是嗎? 實際上,它們被歸納為四個,原因是每個果位都有五個原因:捨棄前一個道,獲得后一個道,獲得自證的滅盡,獲得八種圓滿的智慧,獲得十六種行相(四諦的十六種行相),因此每個果位都有五個原因。《俱舍論》中說:『四果之安立,由五種因緣,謂舍前得后,及得盡與集,八智皆圓滿,並得十六相。』 如上所述,如果從四果中進行區分,則有二十七種。確定預流果是見道位有四種。一來果有三種。不還果…

【English Translation】 Therefore, it is said in the scriptures, ‘Will become the perfect other shore.’ The support of the mind is that the first two fruits (Sotapanna and Sakadagami) are ‘Nyer-bsdogs (near attainment)’, and the last two fruits (Anagami and Arhat) are the ‘mind’ of the above two fruits, that is, obtaining liberation through wisdom, which is ‘Nyer-bsdogs (near attainment)’ at all times. The differences in the support of where the various paths arise have been said before. The second is the four fruits such as Sotapanna, which is also as stated in the ‘Abhidharmakosa’: ‘Those who have precepts, hearing, and thought, should diligently cultivate meditation.’ It means that the three wisdoms (wisdom arising from hearing, thinking, and meditation) should be generated in sequence. In the accumulation path, after achieving Samatha-vipassana, practice mindfulness and so on, and from the heat position, practice the aspects of the four truths. As stated in the ‘Abhidharmakosa’: ‘From this, the heat position arises, which is the realm of the four truths.’ It means that the others are the same as before, except that in the seeing path, the eightfold noble path is practiced, and in the cultivation path, the seven factors of enlightenment are practiced because it is the cause of near attainment of Bodhi. The ‘Abhidharmakosa’ says: ‘The six groups are divided in order, karma and the first, the parts of determination are in accordance with liberation, cultivation and seeing paths are different.’ Therefore, the seeing path of the Sravakas is called Sotapanna, because he has entered the first stream of the unpolluted path with remainder and without remainder. If he is only born once in the desire realm, he is called Sakadagami. If he is not born even once, he is called Anagami. If all the afflictions of the three realms are completely destroyed, like destroying enemies, he is called Arhat. If the seeing path has eight uninterrupted paths and eight liberation paths, and the cultivation path has nine grounds, and eighty-one afflictions to be abandoned (nine grounds multiplied by nine grades of afflictions), then there should be eighty-nine liberation paths, shouldn’t there? In fact, they are summarized into four, because each fruit has five reasons: abandoning the previous path, obtaining the next path, obtaining the self-realized cessation, obtaining eight complete wisdoms, and obtaining sixteen aspects (the sixteen aspects of the four truths), so each fruit has five reasons. The ‘Abhidharmakosa’ says: ‘The establishment of the four fruits is due to five causes, namely abandoning the previous and obtaining the latter, and obtaining cessation and accumulation, eight wisdoms are complete, and sixteen aspects are obtained.’ As mentioned above, if we distinguish from the four fruits, there are twenty-seven kinds. It is certain that the Sotapanna is in the seeing path with four kinds. The Sakadagami has three kinds. The Anagami…


ི་འོང་བ་ནི་དགུ་སྟེ་ སྒོམ་ལམ་པ་ནི་བཅུ་གཉིས་སོ། །མཐོང་སྒོམ་གཉིས་ཀ་ཡིན་པ་ནི་གཉིས་སོ། །དགྲ་བཅོམ་མི་སློབ་པའི་ལམ་པ་ནི་དགུའོ། །གསུམ་པ་ནི་མཛོད་ལས། མྱུར་བ་སྲིད་པ་གསུམ་གྱིས་ཐར། །ཞེས་འབྱུང་སྟེ་ དཔེར་ན་ས་བོན་འདེབས་པ་དང་། མྱུ་གུ་སྐྱེ་བ་དང་། འབྲས་བུ་སྨིན་པ་དུས་གསུམ་དུ་འབྱུང་བ་བཞིན་ཚེ་དང་པོ་ལ་ཐར་པ་ཆ་མཐུན་དང་། གཉིས་པ་ལ་ངེས་འབྱེད་ཆ་མཐུན་དང་། གསུམ་ པ་ལ་འཕགས་ལམ་སྐྱེད་དོ། །བརྩོན་འགྲུས་ཆུང་བ་ལ་ནི་ངེས་པ་མེད་དེ་མགོན་མེད་ཟས་སྦྱིན་གྱི་བུ་མོ་མ་ག་དྷ་བཟང་མོ་སངས་རྒྱས་འོད་སྲུངས་ཀྱི་དུས་སུ་རྒྱལ་པོ་ཀྲི་ཀིའི་བུ་མོ་གསེར་ཕྲེང་ཅན་ཞེས་བྱ་བར་གྱུར་ཏེ་ཐར་ཆ་བསྐྱེད་ནས་ཤཱ་ཀྱའི་བསྟན་པ་ལ་བདེན་པ་མཐོང་བར་མ་ག་དྷ་བཟང་མོའི་རྟོགས་པ་རྗོད་པ་ལས་གསུངས་པ་བཞིན་ནོ། ། 1-1669 གཞུང་གི་དོན་ལ་དད་པས་མོས་པ་ནས་མི་འཁྲུགས་པའི་ཆོས་ཅན་གྱི་བར་འབྲས་བུ་བཞིས་བསྡུས་ཀྱང་ཤིན་ཏུ་འཁྲུགས་ནས་སྣང་བས་གཞུང་ཇི་ལྟ་བ་བཞིན་བཤད་དོ། །དེ་ལ་དད་མོས་མཐོང་ཐོབ་ གཉིས་ནི་སློབ་པ་གསུམ་ཅར་ལ་དབང་པོའི་བྱེ་བྲག་གིས་བཏགས་པ་སྟེ་མཛོད་ལས་འདི་གཉིས་སྒོམ་ལམ་པ་ཁོ་ནར་འཆད་པ་དང་ནི་མི་མཐུན་པར་སྣང་ངོ་། །ལུས་ཀྱིས་མངོན་དུ་བྱེད་པ་ནི་ གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་ལ་སོགས་པ་བརྒྱད་ལུས་ཀྱིས་མངོན་དུ་བྱེད་ནུས་པ་སྟེ་མཛོད་ལས། འགོག་པ་ཐོབ་པའི་ཕྱིར་མི་འོང་། །ལུས་ཀྱིས་མངོན་དུ་བྱེད་པར་འདོད། །ཅེས་འབྱུང་བ་ཡིན་ ནོ། །ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ནི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ལ་བརྟེན་ནས་ཤེས་རབ་ཀྱིས་ཁམས་གསུམ་གྱི་ཉོན་མོངས་པ་བཅོམ་ཡང་དངོས་གཞིའི་སེམས་མ་ཐོབ་པས་རྣམ་ཐར་བརྒྱད་ལ་ བསམ་གཏན་བྱེད་མི་ནུས་པ་སྟེ་འདི་ལ་ནི་སྤྱན་དང་མངོན་ཤེས་ལ་སོགས་པའི་རྒྱན་མེད་པའི་དགྲ་བཅོམ་ཞེས་ཀྱང་བྱའོ། །དེ་ཉིད་མཛོད་ལས། ཟག་མེད་མི་ལྕོགས་མེད་པ་ཡིས། །ཐམས་ཅད་ལས་ནི་ འདོད་ཆགས་འབྲལ། །ཞེས་བྱ་བ་དང་། སློབ་དཔོན་མ་ཏི་ཙི་ཏྲས། ཁྱོད་ཀྱི་བསྟན་པའི་རྗེས་འབྲང་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱི་མིག་རས་བཙའ་བཞིན་དུ། །སྲིད་པ་དག་ནི་ཟློག་པར་བགྱིད། ། 1-1670 ཅེས་བཤད་པ་ཡིན་ནོ། །ཉོན་མོངས་དང་སྙོམས་འཇུག་གི་སྒྲིབ་པ་གཉིས་ཀའི་ཞེས་སྦྱར་ཏེ་དེ་སྤངས་པས་ན་རྣམ་ཐར་བརྒྱད་ལ་སྙོམས་པར་འཇུག་ནུས་པའོ། ། གལ་ཏེ་དེ་ཉོན་སྒྲིབ་ཡིན་ན་དེ་མ་ ཟད་པའི་དགྲ་བཅོམ་སྲིད་པར་གྱུར་ལ་ཤེས་སྒྲིབ་ཡིན་ན་ཡང་དེ་སྤངས་པའི་དགྲ་བཅོམ་སྲིད་པར་འགྱུར་རོ་ཞེ་ན། དེ་ནི་ཤེས་སྒྲིབ་ཀྱི་བྱེ་བྲག་ཡིན་ལ་དེ་ཅུང་ཟད་སྤངས་པ་ནི་ཡོད་ དེ་ཉེར་བསྡོགས་ལ་འཇུག་མི་ཤེས་པ་ཤེས་སྒྲིབ་ཡིན་ཀྱང་དེ་སྤངས་པ་བཞིན་ནོ། །དྲུག་པ་དང་བདུན་པ་རྒྱུན་དུ་ཞུ

【現代漢語翻譯】 趨入見道者有九種,修道者有十二種,既是見道者又是修道者有兩種。阿羅漢(Arhat,斷盡煩惱,值得供養的聖者)中屬於無學道(Asekha-marga,不再需要學習的道)的有九種。第三種是,如《俱舍論》(Abhidharmakośa,佛教論書,主要闡述小乘佛教的教義)所說:『迅速者以三有解脫。』 例如,播種、發芽、結果這三個階段,同樣,第一世獲得解脫分(moksha-bhaga,解脫的因素),第二世獲得抉擇分(nirvedha-bhagiya,通往解脫的智慧),第三世生起聖道(arya-marga,超越世俗的道路)。對於精進力弱的人來說,這並不確定。如無依施食女之女瑪嘎達善女(Magadha-bhadra,古代印度瑪嘎達國的美麗女子),在佛陀光明護(Kashyapa,過去七佛之一)時期,轉世為國王克里吉(Kriki)之女金鬘女(Suvarnamala),生起解脫分,在釋迦(Shakya,釋迦牟尼佛的種族名)教法中證悟真諦,正如瑪嘎達善女的證悟中所說的那樣。 從對經文意義的信仰和喜愛,到不退轉法性(avaivartika-dharma,不會退轉的性質),雖然可以用四種果來概括,但由於非常複雜,所以按照經文的本來面目來解釋。其中,信仰和喜愛(adhimoksha,勝解)以及見道和獲得(darshana-praptah,證得見道)這兩種,是根據根器的不同而安立在三種有學道(trai-vidya,三種需要學習的道)上的,這似乎與《俱舍論》中將這兩種僅僅解釋為修道者相矛盾。以身體證得(kaya-sakshi,以身體證悟)是指能夠以身體證得八種解脫,如觀不凈相等。正如《俱舍論》所說:『爲了獲得滅盡定(nirodha-samapatti,一種高級禪定),不再來。想要以身體證得。』 以智慧解脫(prajna-vimukta,以智慧獲得解脫)是指依靠近分定(upacara-samadhi,接近根本定的禪定)和無礙解(pratisamvida,四無礙解,即義、法、詞、辯四種無礙解),雖然以智慧摧毀了三界(trayo-dhatu,欲界、色界、無色界)的煩惱,但由於沒有獲得根本定(mula-samadhi,根本禪定),所以不能修持八解脫。對於這種人,也稱為沒有神通(abhijna,超自然能力)和神變的阿羅漢。正如《俱舍論》所說:『以無漏無礙解,從一切中離貪。』 大學者瑪底吉扎(Matichitra)說:『您的教法的追隨者,即使沒有獲得根本定,也能像鐵銹一樣腐蝕魔鬼的眼罩,從而擊退輪迴。』應將煩惱障(kleshavarana,由煩惱引起的障礙)和等持障(samapatti-avarana,由禪定引起的障礙)兩者結合起來理解,因為斷除了這些障礙,所以能夠入定於八解脫。如果說,如果是煩惱障,那麼沒有斷除煩惱障的阿羅漢就會存在於輪迴中;如果是所知障(jneyavarana,對所知事物的障礙),那麼斷除了所知障的阿羅漢也會存在。那麼,這是所知障的一種,斷除了一部分,比如不善於進入近分定也是所知障,但就像斷除了它一樣。第六和第七種是常時趣入。

【English Translation】 There are nine types of those who enter the path of seeing, and twelve types of those on the path of meditation. There are two types who are both on the path of seeing and the path of meditation. Among the Arhats (those who have eradicated afflictions and are worthy of offerings), there are nine who are on the path of no more learning (Asekha-marga, the path where no further learning is needed). The third type is as stated in the Abhidharmakośa (a Buddhist text mainly explaining the doctrines of Hinayana Buddhism): ‘The swift one is liberated by the three existences.’ For example, just as planting a seed, sprouting, and ripening into fruit occur in three stages, similarly, in the first life, one obtains the share of liberation (moksha-bhaga, the factor of liberation), in the second, one obtains the share of ascertainment (nirvedha-bhagiya, the wisdom leading to liberation), and in the third, the noble path (arya-marga, the path that transcends the mundane) arises. For those with little diligence, this is not certain. For example, the daughter of the helpless food-giver, Magadha-bhadra (a beautiful woman from the ancient kingdom of Magadha), in the time of the Buddha Kashyapa (one of the past seven Buddhas), was reborn as Suvarnamala, the daughter of King Kriki, and having generated the share of liberation, she saw the truth in the Shakya’s (the clan name of Shakyamuni Buddha) teachings, as stated in the realization of Magadha-bhadra. From faith and fondness for the meaning of the scriptures to the nature of non-retrogression (avaivartika-dharma, the nature of not turning back), although it can be summarized by the four fruits, it is explained as it is in the scriptures because it is very complex. Among them, faith and fondness (adhimoksha, conviction) and seeing and attainment (darshana-praptah, attainment of seeing) are established on the three paths of learners (trai-vidya, three paths that require learning) according to the difference in faculties, which seems to contradict the Abhidharmakośa, which explains these two only as meditators. Bodily witness (kaya-sakshi, bodily realization) refers to the ability to realize the eight liberations with the body, such as contemplating impurity, etc. As the Abhidharmakośa says: ‘In order to attain cessation, one does not come back. One wants to realize it with the body.’ Liberation by wisdom (prajna-vimukta, liberation through wisdom) refers to relying on the proximity concentration (upacara-samadhi, concentration close to the fundamental concentration) and unimpeded knowledge (pratisamvida, four unimpeded knowledges, namely meaning, dharma, words, and eloquence), although one has destroyed the afflictions of the three realms (trayo-dhatu, the desire realm, the form realm, and the formless realm) with wisdom, one cannot practice the eight liberations because one has not obtained the fundamental concentration (mula-samadhi, fundamental concentration). For this person, one is also called an Arhat without supernormal powers (abhijna, supernatural abilities) and miracles. As the Abhidharmakośa says: ‘With undefiled unimpeded knowledge, one is separated from desire in everything.’ The great scholar Matichitra said: ‘The followers of your teachings, even if they have not obtained the fundamental concentration, can erode the devil’s eye mask like rust, thereby repelling samsara.’ The two, the affliction obscuration (kleshavarana, the obscuration caused by afflictions) and the meditative absorption obscuration (samapatti-avarana, the obscuration caused by meditative absorption), should be understood together, because by abandoning these obscurations, one is able to enter into the eight liberations. If it is said that if it is the affliction obscuration, then an Arhat who has not abandoned the affliction obscuration will exist in samsara; if it is the knowledge obscuration (jneyavarana, the obscuration to knowable things), then an Arhat who has abandoned the knowledge obscuration will also exist. Then, this is a kind of knowledge obscuration, and a part of it is abandoned, such as not being good at entering the proximity concentration is also a knowledge obscuration, but it is like abandoning it. The sixth and seventh are constantly entering.


གས་པ་ལ་དོན་གསུམ་གྱི་དང་པོ་ཞུགས་འབྲས་རིམ་གྱིས་ས་ལ་འཇུག་པ་ ནི་ཞུགས་པའོ། །གང་ཟག་གང་ངེས་འབྱེད་ཆ་མཐུན་སྟན་གཅིག་པ་ལ་བརྟེན་ནས་མཐོང་ལམ་གྱི་སྐད་ཅིག་བཅོ་ལྔ་ལམ་ལ་སྒྲུབ་པའི་རྣམ་པ་ཅན་མན་ཆད་པ་ཡིན་ཏེ་མཛོད་ལས། བསྒོམས་པས་སྤང་ བྱ་མ་སྤངས་ན། །འབྲས་བུ་དང་པོ་ལ་ཞུགས་པ། །ཞེས་འབྱུང་བ་ཡིན་ནོ། །རྒྱུན་དུ་ཞུགས་པ་ནི་འབྲས་བུ་ལ་གནས་པ་སྟེ་བཅུ་དྲུག་པ་ནི་ངེས་འབྱིན་གྱི་རྣམ་པ་ཅན་ནོ། །འདི་ལ་ བྱེ་བྲག་ཏུ་སྨྲ་བ་ནི་མཛོད་ལས། བཟོད་དང་ཤེས་པ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་འདོད་མོད་ཀྱི་དེ་ནི་སྔར་བཀག་ཟིན་པས་བཅུ་དྲུག་པོ་ཐམས་ཅད་མཐོང་ལམ་ཡིན་ནོ། ། 1-1671 འདིའི་འབྲས་བུའི་ཁྱད་པར་ནི་དབང་པོའི་སྒོ་ནས་བཞག་ན་དད་མོས་མཐོང་ཐོབ་གཉིས་ཡིན་ལ། མྱང་འདས་ཀྱི་སྒོ་ནས་སྲིད་པ་བདུན་པ་དང་། རིགས་ནས་རིགས་སུ་སྐྱེ་བ་གཉིས་ཡིན་ནོ། །འབྲས་བུ་ དང་པོ་གཉིས་དང་ཤེས་རབ་ཀྱིས་རྣམ་གྲོལ་ལ་ཡོན་ཏན་གྱི་སྒོ་ནས་འབྲས་བུའི་ཁྱད་པར་གཞན་དུ་བརྗོད་དུ་མེད་དེ་དེའི་རྟེན་བསམ་གཏན་དངོས་གཞི་མ་ཐོབ་པའི་ཕྱིར་རོ། །ཡང་དག་པ་ཉིད་ དུ་ངེས་པར་གྱུར་པ་ནི་བདག་མེད་པར་མངོན་སུམ་གྱིས་གཏན་ལ་ཕབ་པའོ། །ཤེས་བྱའི་དེ་ཁོ་ན་ཉིད་རྟོགས་པས་ན་ཆོས་མངོན་པར་རྟོགས་པ་སྟེ་ཡང་ནི་ངེས་པར་གྱུར་པ་ལ་ཞུགས་པར་ མ་ཟད་ཅེས་བྱ་བའི་དོན་ཏོ། །གཉིས་པ་ཅིག་ཅར་བ་ལ་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་ནི་ཆོས་མཆོག་མན་ཆད་དུ་ཞི་རགས་སུ་མ་བསྒོམས་པའོ། །གཉིས་པོར་མི་འགྱུར་བ་ནི་ དེའི་སྤང་བྱ་མ་སྤངས་པའི་ཕྱིར་རོ། །ཕལ་ཆེར་ནི་དྲུག་པའོ། །ཕྱིར་མི་འོང་དུ་འགྱུར་བ་ནི་དེའི་སྤང་བྱ་སྤངས་པའི་ཕྱིར་རོ། །ཆོས་མཆོག་མན་ཆད་དུ་ཞི་རགས་ཀྱིས་འདོད་པ་ལས་འདོད་ཆགས་ དང་བྲལ་བ་ནི་དགུ་ཀ་སྤངས་པའོ། །ཕྱིར་མི་འོང་དུ་འགྱུར་བ་ནི་དེའི་སྤང་བྱ་སྤངས་པའི་ཕྱིར་རོ། །དོན་འདི་ཉིད་མཛོད་ལས། རྣམ་ལྔའི་བར་བཅོམ་གཉིས་པ་ལ། །དགུ་པ་ཚུན་ཆད་ཟད་པ་ཡིན། ། 1-1672 འདོད་པའམ་ཡང་ན་གོང་མ་ལས། །ཆགས་བྲལ་གསུམ་པ་ལ་ཞུགས་པ། །གང་ཞིག་གང་ལ་ཞུགས་པ་ནི། །བཅུ་དྲུག་པ་ལ་དེ་འབྲས་གནས། །ཞེས་འབྱུང་བ་དེ་ནི་བྱེ་བྲག་ཏུ་སྨྲ་བས་ཀུན་བཏགས་ པ་ཉིད་དེ་དེ་འདྲ་བའི་སྤངས་པའི་རིམ་པ་ནི་རྣལ་མ་རིམ་གྱིས་པ་དང་མི་མཐུན་པའི་ཕྱིར་རོ། །དགྲ་བཅོམ་ནི་རྒྱུན་ཞུགས་དང་ཅིག་ཅར་མི་འཐོབ་སྟེ་དེ་ལ་སྲིད་རྩེའི་ཉོན་མོངས་ཀུན་ སྤང་དགོས་པ་ལས་མཐོང་ལམ་གྱི་ཚེ་དེ་མི་སྲིད་དོ། །དེ་ཅིའི་ཕྱིར་ཞེ་ན་ཞི་རགས་ཀྱིས་ནི་སྤོང་མི་ནུས་ཏེ་མཛོད་ལས། འཇིག་རྟེན་འདས་ཀྱིས་སྲིད་རྩེ་ལས། །ཆགས་བྲལ་གཞན་ལས་རྣམ་པ་ གཉིས། །ཞེས་འབྱུང་བའི་ཕྱིར་རོ།

【現代漢語翻譯】 關於『入流』(梵文:Srota-āpanna,須陀洹,入流果)有三個方面,首先是逐漸地進入『地』(Bhumi,菩薩的階位)的『入』(Srota-āpanna,須陀洹,入流果)。所謂『入』,是指某人依靠能明確區分的、具有共同基礎的『一座』(同一個禪修座位或修行環境),在『見道』(Darshana-marga,通達真理的道路)的十五個剎那中,以修行『道』(Marga,道路)的方式,成為低於『見道』者。如《俱舍論》所說:『若修習而未斷除應斷之物,則為入初果。』 『入流』是指安住于『果』(Phala,修行所證得的境界)的狀態,即第十六個剎那,具有『抉擇』(Nirveda,對真理的決斷)的性質。對此,『分別說者』(Vibhajyavadin,佛教部派之一)在《俱舍論》中說:『忍與智依次第,無間與解脫道。於此十五剎那,未見為見故,見道。』然而,這種觀點之前已被駁斥,因此所有十六個剎那皆為『見道』。 此『果』的差別,若從『根』(Indriya,感覺器官)的角度來說,則有『信勝解』(Adhimukti,通過信仰而獲得的解脫)和『見至』(Drishti-prapta,通過見解而獲得的解脫)兩種。若從『涅槃』(Nirvana,寂滅)的角度來說,則有『七有』(Saptabhavagatika,經歷七次生死)和『于諸有中生』(Kula-kula,于各個種姓中轉生)兩種。前兩個『果』和『慧解脫』(Prajna-vimukti,通過智慧獲得的解脫)在『功德』(Guna,功用和性質)方面沒有其他『果』的差別可言,因為它們的所依尚未獲得『正定』(Samadhi,專注)的根本。 『如實』(Yathābhūta,真實不虛)地確定,是指通過現量(Pratyaksha,直接感知)確定『無我』(Anatta,非我)。由於通達『所知』(Jñeya,認識的對象)的『真如』(Tathata,事物的本性),因此稱為『現觀』(Abhisamaya,如實知見)。或者說,『入』不僅僅是『確定』,而是具有這樣的含義。 第二,關於『頓悟者』(Ekabijin,一來果)的觀點:對『欲』(Kama,慾望)未生起『離貪』(Viraga,沒有貪慾)是因為沒有在『世第一法』(Laukikāgradharma,世間最高的善法)以下修習『寂靜』(Shamatha,止)和『勝觀』(Vipashyana,觀)。不會變成兩個,是因為尚未斷除其應斷之物。大多數是第六個。會變成『不還』(Anagamin,不來果),是因為已斷除其應斷之物。在『世第一法』以下,通過『寂靜』和『勝觀』對『欲』生起『離貪』,是因為已斷除所有九個。會變成『不還』,是因為已斷除其應斷之物。此意義在《俱舍論》中說:『於五種中間,斷二為第二。乃至第九盡,于欲或有頂,離貪入第三。何者入何者,於十六得果。』 這只是『分別說者』的『假立』(Prajñapti,假設安立),因為這種斷除的次第與真實的『漸悟者』(Kramika,次第修行者)不符。『阿羅漢』(Arhat,斷盡煩惱者)不會同時獲得『入流』和『頓悟』,因為他必須斷除『有頂』(Bhavagra,三有之頂)的所有煩惱,而在『見道』時這是不可能的。為什麼呢?因為不能通過『寂靜』和『勝觀』來斷除,如《俱舍論》所說:『以出世間道,離有頂貪慾,餘者有二種。』

【English Translation】 Regarding 『Stream-enterer』 (Srota-āpanna), there are three aspects. The first is the 『entering』 (Srota-āpanna) of gradually entering the 『ground』 (Bhumi). 『Entering』 refers to someone who, relying on a 『single seat』 (a common foundation) that clearly distinguishes and is in harmony, practices the 『path』 (Marga) in the fifteen moments of 『seeing the path』 (Darshana-marga), becoming lower than the one who has 『seen the path』. As the Abhidharmakosha states: 『If one cultivates but does not abandon what should be abandoned, then one has entered the first fruit.』 『Stream-enterer』 refers to abiding in the state of 『fruit』 (Phala), which is the sixteenth moment, having the nature of 『determination』 (Nirveda). Regarding this, the 『Vibhajyavadin』 (a Buddhist school) says in the Abhidharmakosha: 『Patience and wisdom in order, uninterrupted and liberation path. In these fifteen moments, not seeing is seeing, hence seeing the path.』 However, this view has been refuted before, so all sixteen moments are 『seeing the path』. The difference in this 『fruit』, if viewed from the perspective of 『faculty』 (Indriya), is twofold: 『faith-liberation』 (Adhimukti) and 『sight-attainment』 (Drishti-prapta). If viewed from the perspective of 『Nirvana』, there are 『seven existences』 (Saptabhavagatika) and 『birth in various lineages』 (Kula-kula). There is no other difference in the 『fruit』 in terms of 『qualities』 (Guna) for the first two 『fruits』 and 『wisdom-liberation』 (Prajna-vimukti), because their basis has not yet attained the fundamental 『correct concentration』 (Samadhi). 『Truly』 (Yathābhūta) determining is to ascertain 『selflessness』 (Anatta) through direct perception (Pratyaksha). Because of realizing the 『suchness』 (Tathata) of 『knowable objects』 (Jñeya), it is called 『Abhisamaya』 (direct realization). Or rather, 『entering』 not only means 『determining』, but has such a meaning. Secondly, regarding the view of the 『Once-returner』 (Ekabijin): not generating 『dispassion』 (Viraga) towards 『desire』 (Kama) is because one has not cultivated 『tranquility』 (Shamatha) and 『insight』 (Vipashyana) below the 『highest mundane dharma』 (Laukikāgradharma). It will not become two, because what should be abandoned has not yet been abandoned. Mostly it is the sixth. It will become a 『Non-returner』 (Anagamin), because what should be abandoned has been abandoned. Generating 『dispassion』 from 『desire』 through 『tranquility』 and 『insight』 below the 『highest mundane dharma』 is because all nine have been abandoned. It will become a 『Non-returner』, because what should be abandoned has been abandoned. This meaning is stated in the Abhidharmakosha: 『In the middle of five kinds, cutting two is the second. Up to the ninth is exhausted, in desire or the peak of existence, dispassion enters the third. Who enters what, in the sixteenth obtains the fruit.』 This is merely a 『conceptual construction』 (Prajñapti) of the 『Vibhajyavadin』, because this order of abandonment does not accord with the true 『gradual learner』 (Kramika). An 『Arhat』 (one who has exhausted afflictions) will not simultaneously attain 『stream-entry』 and 『once-returning』, because he must abandon all the afflictions of the 『peak of existence』 (Bhavagra), which is impossible at the time of 『seeing the path』. Why? Because it cannot be abandoned through 『tranquility』 and 『insight』, as the Abhidharmakosha states: 『With the supramundane path, dispassion from the peak of existence, the others have two kinds.』


།འཇིག་རྟེན་ལས་འདས་པ་ལའང་མཐོང་ལམ་ཐོབ་ཀྱང་དེས་སྒོམ་སྤང་མི་སྤོང་བའི་ཕྱིར་དང་། སྒོམ་ལམ་ནི་དེའི་ཚེ་མ་སྐྱེས་པའི་ཕྱིར་རོ། །སྔ་མ་གཉིས་སུ་ནི་ས་ བོན་ཉམས་སྨད་པ་དང་མཐོང་ལམ་ཐོབ་པ་ལས་འགྱུར་ཏེ་ཉོན་མོངས་མངོན་གྱུར་སྐྱེ་མི་སྲིད་པའི་ཕྱིར་རོ། །ས་བོན་གཏན་ཟད་པ་ནི་དགྲ་བཅོམ་ལའང་མེད་དེ་ལང་ཀར་གཤེགས་པ་ལས། དེ་དག་ ཉོན་མོངས་བག་ཆགས་འབྲེལ། །ཀུན་ནས་ལྡང་དང་ལྡན་མ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །འཇིག་རྟེན་པས་གོང་མའི་སེམས་ཐོབ་པ་ལ་དེ་གཉིས་ཚོགས་པ་མེད་པས། ཕྱིས་ཀུན་ནས་ལྡང་བ་འབྱུང་ངོ་། །གསུམ་པ་དེ་ལ་འགལ་བ་སྤང་བ་ལ་གསུམ་སྤངས་པས་རྒྱུན་ཞུགས་སུ་འགྱུར་བར་ནི་ཆོས་མངོན་པའི་མདོ་དང་སྟོང་ཆེན་རབ་འཇོམས་ལ་སོགས་པ་ལས་གསུངས་སོ། ། 1-1673 མི་འགལ་བ་ནི་དེར་སྤང་བྱའི་གཙོ་བོ་བསྡུས་ནས་བསྟན་པའི་ཕྱིར་རོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་འཁོར་བ་ལས་མི་འཕགས་པའི་རྒྱུ་ཡིན་ཏེ་རྣམ་འགྲེལ་ལས། ཇི་སྲིད་བདག་ལ་འདོད་ ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར། །ཞེས་གང་བཤད་པ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་ཅི་སྟེ་འཕགས་ཀྱང་ལོག་པར་ངེས་པར་འབྱུང་ངོ་། ། ཐེ་ཚོམ་གྱིས་ལམ་ཡང་དག་པས་ ངེས་པར་མི་འབྱུང་སྟེ་ཇི་སྐད་དུ། འགྲོ་མི་འདོད་དང་ལམ་ནོར་དང་། །ལམ་ལ་ཐེ་ཚོམ་ཞུགས་པ་ནི། །ཐར་པ་བགྲོད་ལ་གེགས་བྱེད་པ། །དེ་ཡི་ཕྱིར་ན་གསུམ་བསྟན་ཏོ། །ཞེས་འབྱུང་བ་ཡིན་ ནོ། །ཤེས་བྱ་ནི་ཕུང་པོ་ལྔའོ། །རྒྱུ་ནི་རང་བཞིན་ནོ། །ཐེ་ཚོམ་ལོག་རྟོག་ཡིན་པ་ནི་གཉེན་པོ་ཡིན་ནམ་མ་ཡིན་སྙམ་དུ་གཉི་གའི་ཆ་ལ་དམིགས་ཤིང་གཉི་ག་གཅིག་ལ་ཤེས་བྱ་ལ་ མི་སྲིད་པའི་ཕྱིར་རོ། །བརྒྱད་པ་དང་དགུ་པ་ཕྱིར་འོང་ནི་གསལ་སྟེ་མཛོད་ལས། རྣམ་པ་ལྔ་ཡི་བར་བཅོམ་པ། །གཉིས་པ་ལ་ནི་ཞུགས་པའང་ཡིན། །རྣམ་པ་དྲུག་པ་ཟད་གྱུར་པ། དེ་ནི་ ལན་ཅིག་ཕྱིར་འོང་བ། །ཞེས་འབྱུང་ངོ་། །འབྲས་བུའི་ཁྱད་པར་ལ་དབང་པོའི་སྒོ་ནས་བཞག་པ་སྔ་མ་དང་འདྲ་ལ་མྱང་འདས་ཀྱི་སྒོ་ནས། བཞག་པ་ནི་བར་ཆད་གཅིག་པའོ། །བཅུ་པ་དང་བཅུ་གཅིག་པ་ཕྱིར་མི་འོང་ལ་དང་པོ་ཞུགས་འབྲས་ངོས་བཟུང་བ་ནི་གསལ་ཏེ་མཛོད་ལས། 1-1674 ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང་། །གསུམ་པ་ལ་ནི་ཞུགས་པའང་ཡིན། །དེ་དགུ་ཟད་པ་ཕྱིར་མི་འོང་། །ཞེས་འབྱུང་ངོ་། །འབྲས་བུའི་ཁྱད་པར་ལ་དབང་པོའི་སྒོ་ནས་ གཞག་པ་སྔ་མ་བཞིན་ནོ། །ཡོན་ཏན་གྱི་སྒོ་ནས་ལུས་ཀྱིས་མངོན་དུ་བྱེད་པའོ། །མྱང་འདས་ཀྱི་སྒོ་ནས་ཚེ་འདི་ལ་འདའ་བ་དང་། གཟུགས་སུ་འགྲོ་བ་ལྔ་དང་། གཟུགས་མེད་དུ་འགྲོ་བ་བཞིའོ། ། གཉིས་པ་དེ་ལ་འགལ་བ་སྤང་བ་ལ་ཀུན་སྦྱོར་ལྔ་ནི་འཇིག་ཚོགས་པ་ལ་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ད

【現代漢語翻譯】 即使對於超越世間者,獲得見道也並不意味著放棄修道所要斷除的煩惱,因為修道在那個時候還沒有生起。對於前兩者來說,種子因為衰損和獲得見道而發生變化,不可能再生起現行的煩惱。種子完全斷絕的情況,即使是阿羅漢也沒有,如《楞伽經》所說:『彼等煩惱習氣相連,不具有一切生起。』對於世間人獲得上層禪定,這兩種情況不會同時發生,所以之後會生起一切生起。對於第三種情況,爲了消除矛盾,經由斷除三種煩惱而成為入流果,這在《法蘊經》和《大空經》等經典中都有記載。 不矛盾的原因是,那裡總結了所要斷除的主要內容。其中,有身見是不超出輪迴的原因,如《釋量論》所說:『只要對自我有貪執,那麼他就會在輪迴中流轉。』即使通過持戒和苦行而獲得超勝,也必定會墮入邪道。懷疑不會經由正確的道路而獲得解脫,正如所說:『不想去、道路錯誤、對道路懷疑,這些都是解脫道路上的障礙,因此宣說了這三種。』所知是五蘊。原因是自性。懷疑是邪見,因為會執著於是否是解脫的對治法,執著于兩者,而兩者不可能存在於一個所知上。第八和第九是返回者,這在《俱舍論》中很清楚地說明:『斷除五種煩惱,對於第二者來說也是入流果,斷除六種煩惱,那就是一來果。』根據果位的差別,從根基的角度來安立與前者相同,從涅槃的角度來安立,就是隻有一個中陰身。第十和第十一是不還果,首先確定入流果的體相是很清楚的,如《俱舍論》所說: 『斷除七種和八種煩惱,只有一個中陰身,對於第三者來說也是入流果,斷除九種煩惱就是不還果。』根據果位的差別,從根基的角度來安立與之前相同。從功德的角度來說,就是身體可以證得。從涅槃的角度來說,有在此生中入滅,有前往色界五處,有前往無色界四處。對於第二種情況,爲了消除矛盾,五種下分結是有身見、戒禁取見和疑。

【English Translation】 Even for those who transcend the world, attaining the path of seeing does not mean abandoning the afflictions to be abandoned by the path of meditation, because the path of meditation has not yet arisen at that time. For the former two, the seed changes due to deterioration and the attainment of the path of seeing, and it is impossible for manifest afflictions to arise again. The complete exhaustion of the seed is not even present in an Arhat, as it says in the Laṅkāvatāra Sūtra: ‘Those are connected with the habitual tendencies of afflictions, and do not possess all arising.’ For a worldly person who attains higher meditative states, these two do not occur simultaneously, so later all arising will occur. For the third case, in order to eliminate contradictions, becoming a Stream-enterer by abandoning three afflictions is recorded in the Dharma Treasury Sūtra and the Great Emptiness Sūtra, etc. The reason it is not contradictory is that it summarizes the main content to be abandoned there. Among them, the view of the aggregates as self is the reason for not transcending saṃsāra, as the Pramāṇavārttika says: ‘As long as there is attachment to self, then he will revolve in saṃsāra.’ Even if one attains superiority through moral discipline and asceticism, one will definitely fall into wrong paths. Doubt will not lead to liberation through the correct path, as it is said: ‘Not wanting to go, the wrong path, and doubt about the path, these are obstacles on the path to liberation, therefore these three are taught.’ The knowable is the five aggregates. The reason is self-nature. Doubt is a wrong view, because it clings to whether it is an antidote to liberation or not, clinging to both, and both cannot exist on one knowable. The eighth and ninth are Returners, which is clearly explained in the Abhidharmakośa: ‘Having destroyed five kinds of afflictions, for the second one is also a Stream-enterer, having destroyed six kinds of afflictions, that is a Once-returner.’ According to the difference in results, establishing from the perspective of the faculties is the same as the former, and establishing from the perspective of nirvāṇa is that there is only one intermediate state. The tenth and eleventh are Non-returners, first determining the nature of the Stream-entry result is very clear, as the Abhidharmakośa says: ‘Having destroyed seven and eight kinds of afflictions, there is only one intermediate state, for the third one is also a Stream-enterer, having destroyed nine kinds of afflictions is a Non-returner.’ According to the difference in results, establishing from the perspective of the faculties is the same as before. From the perspective of qualities, it is that the body can manifest. From the perspective of nirvāṇa, there is passing away in this life, going to the five realms of the form realm, and going to the four realms of the formless realm. For the second case, in order to eliminate contradictions, the five lower fetters are the view of the aggregates as self, clinging to moral discipline and asceticism, and doubt.


ང་ཐེ་ཚོམ་དང་འདོད་པ་ལ་འདུན་པ་དང་གནོད་སེམས་ཏེ་ ཆོས་མངོན་པའི་མདོ་ལས་སོ། །འགྲོ་བ་ཐ་མ་ནི་ངན་སོང་གསུམ་སྟེ་དང་པོ་གསུམ་གྱིས་དེ་ལས་མི་འདའ་བའི་ཕྱིར་རོ། །ཁམས་ཐ་མ་ནི་འདོད་ཁམས་ཏེ་ཕྱི་མ་གཉིས་ཀྱིས་དེ་ལས་མི་ འདའ་འོ། །བཅུ་གཉིས་པ་དང་བཅུ་གསུམ་པ་དགྲ་བཅོམ་ལའང་དེ་ལྟར་གཉིས་ཀྱི་དང་པོ་ནི་གསལ་ཏེ་མཛོད་ལས། སྲིད་རྩིའི་བར་ཆ་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །དགུ་པའི་བར་ ཆད་མེད་ལམ་ཡང་། །དེ་ནི་རྡོ་རྗེ་ལྟ་བུ་ཡིན། །དེ་ཟད་ཐོབ་དང་ཟད་པ་ཤེས། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཞེས་འབྱུང་ངོ་། །འབྲས་བུ་ཁྱད་པར་ལ་དབང་པོའི་སྒོ་ནས་དྲུག་གོ །ཡོན་ཏན་གྱི་སྒོ་ནས་རྒྱན་ཅན་གཉི་གའི་རྣམ་གྲོལ་དང་། 1-1675 རྒྱན་མེད་ཤེས་རབ་ཀྱི་རྣམ་གྲོལ་གཉིས་སོ། །མྱང་འདས་ནི་ཐམས་ཅད་མཚུངས་སོ། །གོང་མའི་ཆ་མཐུན་ལྔ་ནི་གཟུགས་དང་གཟུགས་མེད་ཀྱི་འདོད་ཆགས་གཉིས་དང་རྒོད་པ་དང་ང་རྒྱལ་དང་མ་རིག་པའོ། ། དེ་ལ་གོང་མའི་འདོད་ཆགས་གཉིས་ཀྱིས་ནི་འདི་ནས་གོང་མ་ཉེ་བར་ལེན་ལ། ཐ་མ་གསུམ་གྱིས་ནི་མི་གཏོང་སྟེ་སྲེད་པ་དང་ང་རྒྱལ་དང་ཐེ་ཚོམ་ཤས་ཆེ་བས་ཉོན་མོངས་པར་འགྱུར་ བའི་ཕྱིར་རོ། །བཅུ་བཞི་པ་དེ་ལྟར་ཐོགས་པ་ནི་ཤིན་ཏུ་ཐོགས་པ་སྟེ་ལྷ་ནི་འདོད་ལྷའོ། །མི་ནི་གླིང་གསུམ་མོ། །ཡན་མན་ནི་དེ་གཉིས་སུའོ། །སྲིད་པ་འཁོར་བ་ནི་སྐྱེ་བ་ལེན་པའོ། ། འདི་ལ་ཉན་ཐོས་སྡེ་པ་བདུན་བཞི་ཉི་ཤུ་རྩ་བརྒྱད་ལེན་ཀྱང་བདུན་ཚན་དུ་ཆོས་མཐུན་པས་དེ་སྐད་དུ་བརྗོད་དེ་ཤིང་འདབ་མ་བདུན་པ་དང་གནས་བདུན་ལ་མཁས་པའི་དགེ་སློང་བཞིན་ནོ། ། གནས་བདུན་ནི་གཟུགས་ཀྱི་ཡང་དག་པ་ཇི་ལྟ་བ་དང་། གཟུགས་ཀྱི་རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། གཟུགས་འགོག་པར་འགྲོ་བའི་ལམ་ཤེས་ པའོ། །ཞེས་ཟེར་མོད་ཀྱི། དེ་ནི་མདོ་ལས་རྒྱུན་དུ་ཞུགས་པ་སྲིད་པ་ལན་བརྒྱད་ལེན་པ་དེ་ནི་གནས་མེད་ཅིང་གོ་སྐབས་མེད་དོ་ཞེས་འབྱུང་བ་དང་འགལ་བའི་ཕྱིར་གཉི་ག་བསྡོམས་པས་ལན་བདུན་ཉིད་དུ་རིགས་སོ། ། 1-1676 འདི་ནི་ཁམས་གཞན་དུ་མི་འགྲོ་སྟེ་མཛོད་ལས། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །ཅེས་འབྱུང་བ་ཡིན་ནོ། །གལ་ཏེ་བརྒྱ་བྱིན་དེ་ལྟ་བུ་ཡིན་ཀྱང་འོག་མིན་ དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་མ་ཡིན་ནམ་ཞེ་ན། དེས་ནི་ཆོས་མངོན་པ་མི་ཤེས་པའི་ཕྱིར་ཏེ་ཀུན་ནས་དགའ་བར་བྱ་བའི་ཕྱིར་སངས་རྒྱས་ཀྱིས་ཀྱང་དགག་པ་མ་མཛད་ དོ་ཞེས་སྡེ་པ་དག་ཟེར་རོ། །འདི་ནི་དབང་པོ་ཤིན་ཏུ་རྟུལ་པོ་ཡིན་ཏེ་མཛོད་ལས། འབྲས་གནས་སྒོམ་སྤང་བྱ་མ་ཟད། །དེ་ལྟར་ཐོགས་ན་ལན་བདུན་པ། །ཞེས་འབྱུང་ངོ་། །བཅོ་ལྔ་པ་རིགས་ ནས་རིགས་སུ་སྐྱེ་བ་

【現代漢語翻譯】 疑惑、慾望、貪求和害人之心,這些都出自《阿毗達磨論》。最下等的眾生是三惡道,因為最初的三者(疑惑、慾望、貪求)不會超越這些惡道。最下等的界是欲界,因為後面的兩個(色界和無色界)不會超越它。 第十二和第十三種情況也適用於阿羅漢,其中兩種情況的第一種是明確的,如《俱舍論》所說:『斷盡有頂的八種障礙,即入于阿羅漢之位。』第九種無間道,就像金剛一樣。斷盡煩惱,獲得解脫,證得滅盡。那時,他就是無學阿羅漢。』 從果位的差別來說,通過根門有六種。從功德的角度來說,有兩種:具有莊嚴的兩種解脫,以及不具莊嚴的智慧解脫。涅槃對所有人都一樣。 五種與上界相應的分是:色界和無色界的兩種貪慾、掉舉、我慢和無明。 其中,對上界(色界和無色界)的兩種貪慾會從這裡(欲界)取向上界,而最後三種(掉舉、我慢和無明)則不會捨棄,因為貪愛、我慢和疑惑占主導地位,所以會變成煩惱。 第十四種情況是如此的障礙重重,天是指欲界天,人是指三大洲,閻摩是指那兩者(天和人)之間。輪迴是指受生。 關於這一點,聲聞部派接受七部、四部和二十八部,但因為七部在教義上一致,所以這樣說,就像七葉樹和精通七處的比丘一樣。 七處是指:如實知色,體驗色的滋味,過患,出離,集起,滅盡,以及知曉通往色滅盡的道路。 雖然他們這樣說,但這與經中所說『入流者最多受生八次』相矛盾,因為沒有停留之處和機會,所以兩者加起來,受生七次才是合理的。 這不會去往其他界,如《俱舍論》所說:『在欲界圓滿壽命的聖者,不會去往其他界。』 如果有人問,即使帝釋天是這樣,難道沒有發願往生色究竟天嗎?答:這是因為他不瞭解阿毗達磨,爲了讓所有人都高興,所以佛陀也沒有反對,一些部派這樣說。 這是根器非常遲鈍的人,如《俱舍論》所說:『住在果位,尚未斷盡修所斷的煩惱,如果這樣障礙重重,那就是第七次受生者。』 第十五種情況是從一種姓氏投生到另一種姓氏。

【English Translation】 Doubt, desire, longing, and malice—these are from the Abhidharma Sutra. The lowest beings are the three lower realms, because the first three (doubt, desire, longing) do not transcend them. The lowest realm is the desire realm, because the latter two (form realm and formless realm) do not transcend it. The twelfth and thirteenth cases also apply to Arhats, where the first of the two cases is clear, as stated in the Abhidharma-kosa: ‘Having exhausted the eight obstacles of the peak of existence, one enters the state of Arhat.’ The ninth uninterrupted path is like a vajra. Exhausting afflictions, attaining liberation, realizing cessation. At that time, he is a non-learning Arhat.’ In terms of the difference in fruits, there are six through the sense faculties. In terms of qualities, there are two: the two liberations with adornment, and the wisdom liberation without adornment. Nirvana is the same for all. The five shares corresponding to the upper realms are: the two desires of the form and formless realms, agitation, pride, and ignorance. Among them, the two desires for the upper realms (form and formless realms) take from here (desire realm) to the upper realms, while the last three (agitation, pride, and ignorance) are not abandoned, because attachment, pride, and doubt are dominant, so they become afflictions. The fourteenth case is so obstructed, the gods refer to the desire realm gods, humans refer to the three continents, and Yama refers to between the two (gods and humans). Samsara refers to taking birth. Regarding this, the Sravaka schools accept seven, four, and twenty-eight parts, but because the seven parts are consistent in doctrine, it is said that way, like the seven-leaved tree and the monk skilled in the seven abodes. The seven abodes refer to: knowing form as it truly is, experiencing the taste of form, faults, renunciation, arising, cessation, and knowing the path that leads to the cessation of form. Although they say so, this contradicts the sutra which says ‘Stream-enterers take birth at most eight times,’ because there is no place to stay and no opportunity, so adding the two together, it is reasonable to take birth seven times. This does not go to other realms, as stated in the Abhidharma-kosa: ‘A noble one who has completed his life in the desire realm does not go to other realms.’ If someone asks, even if Indra is like that, didn’t he make a vow to be born in Akanistha? Answer: This is because he does not understand Abhidharma, and in order to make everyone happy, the Buddha did not object either, some schools say. This is a person with very dull faculties, as stated in the Abhidharma-kosa: ‘Staying in the fruit, not yet abandoning what is to be abandoned by cultivation, if it is so obstructed, then it is the seventh birth.’ The fifteenth case is being born from one lineage to another.


ནི་གསལ་ཏེ་མཛོད་ལས། རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །ཞེས་འབྱུང་ངོ་། ། བཅུ་དྲུག་པ་བར་ཆད་གཅིག་པ་ནི་སྔར་བཤད་ཟིན་ཏེ་འདོད་ ལྷའི་ནང་དུ་སྐྱེ་བ་གཅིག་བླངས་ནས་དགྲ་བཅོམ་འཐོབ་པའོ། །འདི་མཛོད་ལས་གསུམ་པ་ལ་ཞུགས་པར་བཤད་པ་ནི་དེ་དང་གཉིས་པ་ཁྱད་པར་ཅན་གཅིག་ཡིན་པའི་ཕྱིར་རོ། །བར་མ་དོ་ལ་སོགས་ པ་ལྔ་ནི་ཕྱིར་མི་འོང་ཏེ་སྐྱེ་བའི་ཀུན་སྦྱོར་ནི་གཟུགས་ཁམས་སུ་སྐྱེ་བའི་ཉོན་མོངས་སོ། །མངོན་པར་འགྲུབ་པ་ནི་བར་དོ་ལེན་བྱེད་དེ་འདི་གསུམ་ནི་ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བའི་དཔེ་གསུམ་དང་སྦྱར་རོ། ། 1-1677 གྲུབ་པ་ནི་གྲུབ་མ་ཐག་གོ །མི་སེམས་པ་ནི་བླང་འདོད་མེད་པའོ། །མངོན་པར་བསམས་པ་ནི་དེ་ཡོད་པ་ནའོ། །གཉི་ག་ནི་སྐྱེ་སྲིད་བར་སྲིད་གཉི་གའོ། །སྐྱེས་པ་ཙམ་ནི་སྐྱེས་མ་ཐག་ གོ །འདུ་བྱེད་པ་མེད་པ་ནི་འབད་རྩོལ་དྲག་པོ་མེད་པའོ། །འདུ་བྱེད་པ་ནི་དེ་དྲག་པོའོ། །གཟུགས་སུ་ཚེ་ཡོངས་སུ་གྱུར་པ་ནི་ཁམས་གཞན་དུ་འགྲོའོ། དེ་ལ་གོང་དུ་འཕོ་བ་སྟོན་པ་ ན་དང་པོ་འོག་མིན་དུ་འགྲོ་བ་ལ་ས་ནས་ས་ནི་གནས་རིས་བཅུ་བདུན་ཏེ་འདི་བསམ་གཏན་གྱི་རོ་མྱང་བ་ལ་རྩི་བས་གནས་གཞན་ཐམས་ཅད་དུ་སྐྱེ་སྟེ་གནས་ཐམས་ཅད་དུ་འཆི་ འཕོ་བ་ཞེས་བྱའོ། །འཕར་བ་དང་ཕྱེད་དུ་འཕར་བ་ནི་འདིར་མ་སྨོས་ཏེ་འདི་ནས་དང་པོ་དང་དེ་ནས་འོག་མིན་དུ་འཇུག་པ་ནི་འཕར་བའོ། །ཕྱེད་དུ་འཕར་བ་ནི་ས་དང་པོ་ནས་ གནས་གཙང་མའི་འོག་མ་ཞིག་དང་དེ་ནས་འོག་མིན་དུའོ། །དེ་ལ་བར་མ་དོའི་གསུམ་སྐྱེས་ནས་སའི་གསུམ་གོང་དུ་འཕོ་བ་མ་ཕྱེད་ན་སྐྱེས་བུ་དམ་པའི་འགྲོ་བ་བདུན་ཞེས་ཟེར་ལ། གོང་ དུ་འཕོ་བ་ལ་གསུམ་དུ་ཕྱེ་ན་གཟུགས་སུ་ཉེར་འགྲོ་དགུ་ཞེས་ཟེར་རོ། །གཉིས་པ་སྲིད་རྩེའི་མཐར་ཐུག་པར་འགྲོ་བ་ནི་འགྲེལ་པས་འབྲས་བུ་ཆེའི་བར་དུ་ཕྱིན་ནས་གནས་གཙང་མ་ཁོ་ན་བཀོལ་ནས་འགྲོ་བར་འཆད་དེ་དེའི་རྒྱུ་ནི་དེ་འཕགས་གནས་ཡིན་པས་དེ་ནས་གཟུགས་མེད་བྱིས་པའི་གནས་སུ་འགྲོ་བར་མི་འདོད་པའི་ཕྱིར་རོ། ། 1-1678 ཡང་ན་གཟུགས་དང་གཟུགས་མེད་པར་འགྲོ་བ་གཉི་ག་འདོད་ཁམས་ཉིད་ནས་འགྲོ་བ་ཡིན་ཏེ་ལྷག་མཐོང་སྤྱོད་པ་ནི་གཟུགས་སུ་འགྲོ་བ་ཡིན་ལ་ཞི་གནས་སྤྱོད་པ་ནི་གཟུགས་མེད་དུ་འགྲོའོ། །གཟུགས་ མེད་དུ་འགྲོ་བ་ལ་བར་དོ་མེད་པས་བར་མ་དོ་ལས་གཞན་བཞི་ཡིན་ལ། སྲིད་རྩེ་ལ་གོང་དུ་འཕོ་བ་མེད་དོ། །དོན་དེ་དག་མཛོད་ལས། དེ་ནི་བར་སྐྱེས་འདུ་བྱེད་དང་། །འདུ་བྱེད་ མེད་ཡོངས་མྱ་ངན་འདའ། །གོང་དུ་འཕོ་བ་རྣམས་དེ་ནི། །བསམ་གཏན་སྤེལ་ནས་འོག་མིན་འགྲོ། །དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ་གཞན་སྲིད་རྩེ་མོར་འགྲོ། །གཞན་ནི་གཟུགས་མེད་འགྲོ་རྣམ་བཞི། ། གཞན་ནི་འདི་ལ་མྱ་ངན་འདའ། །ཞེས་འབྱུ

【現代漢語翻譯】 在《俱舍論》中明確指出:『從三種四種中解脫,在兩三世中從一族到另一族。』 第十六種,障礙唯一者,之前已經解釋過,即在欲界天中受生一次後證得阿羅漢果。論中說這是進入第三果位,因為它與第二果位之間存在一種特殊的差別。 中有等五種是不還果,因為有結生之煩惱,即於色界受生的煩惱。現證是指取中有,這三種可以與鐵球昇天的三個比喻相對應。 成就指的是剛剛成就。不思念指的是沒有想要取受的意願。現思念指的是當它存在的時候。二者指的是生有和中有二者。僅僅出生指的是剛剛出生。 無作用指的是沒有強烈的努力。有作用指的是強烈的努力。在色界中壽命圓滿指的是前往其他界。在其中顯示向上轉移時,首先前往色究竟天,從地到地指的是十七個禪定次第,因為這是品嚐禪定的滋味,所以會出生在所有其他地方,稱為在所有地方死亡和轉移。 跳躍和半跳躍在這裡沒有提及,因為從這裡首先進入,然後進入色究竟天是跳躍。半跳躍是從第一個地開始,到凈居天之下的一個地方,然後到色究竟天。 因此,如果中有的三種從出生開始,地的三種向上轉移而不分開,則稱為聖者的七種去處。如果向上轉移分為三種,則稱為色界近行九種。 第二種,前往有頂的盡頭,註釋解釋說,到達大果天之後,只使用凈居天而前往,因為那是聖者的住所,所以不希望從那裡前往無色界的住所。 或者,前往色界和無色界二者都是從欲界本身前往,勝觀行者是前往色界,而止觀行者是前往無色界。前往無色界沒有中有,所以是除了中有之外的四種。有頂沒有向上轉移。 這些意義在《俱舍論》中說:『彼中有生及有作用,無作用及般涅槃。向上轉移者,由禪定增上往色究竟。彼跳躍半跳躍,一切處死歿,余往有頂。余往無色四,余於此般涅槃。』

【English Translation】 It is clearly stated in the ‘Abhidharmakosha’: ‘Liberated from three or four types, from one lineage to another in two or three lives.’ The sixteenth, the one with a single obstacle, has been explained before, which is to attain Arhatship after taking one birth in the desire realm. The ‘Kosha’ says that this is entering the third stage because there is a special difference between it and the second stage. The five such as the intermediate state are non-returners because there is the affliction of rebirth, which is the affliction of being born in the form realm. Manifest realization refers to taking the intermediate state, and these three can be correlated with the three analogies of an iron ball rising into the sky. Accomplishment refers to just having accomplished. Non-thinking refers to not having the intention to take. Manifest thinking refers to when it exists. The two refer to both the birth state and the intermediate state. Just born refers to just having been born. Without effort refers to not having strong effort. With effort refers to strong effort. Completing life in the form realm refers to going to another realm. When showing the upward transfer in it, first going to Akanishta, from ground to ground refers to the seventeen meditative stages, because this is tasting the flavor of meditation, so one will be born in all other places, called dying and transferring in all places. Jumping and half-jumping are not mentioned here, because from here first entering, and then entering Akanishta is jumping. Half-jumping is from the first ground to a place below the Pure Abodes, and then to Akanishta. Therefore, if the three of the intermediate state start from birth, and the three of the ground transfer upwards without separating, it is called the seven abodes of the noble ones. If the upward transfer is divided into three, it is called the nine near-going to the form realm. The second, going to the end of the peak of existence, the commentary explains that after reaching Great Fruit, one only uses the Pure Abodes to go, because that is the abode of the noble ones, so one does not want to go from there to the abode of formless infants. Or, going to both the form and formless realms is from the desire realm itself, the practitioner of insight is going to the form realm, and the practitioner of tranquility is going to the formless realm. There is no intermediate state for going to the formless realm, so it is the four other than the intermediate state. There is no upward transfer at the peak of existence. Those meanings are stated in the ‘Kosha’: ‘That is intermediate birth and with effort, without effort and Nirvana. Those who transfer upwards, by increasing meditation go to Akanishta. That jumping, half-jumping, in all places death transfers, others go to the peak of existence. Others go to the four formless realms, others attain Nirvana here.’


ང་བ་ཡིན་ཏེ། འདི་ལ་མྱ་ངན་ལས་འདའ་བ་ནི་ཕྱིར་མི་འོང་དབང་པོ་རྣོན་པོ་འདོད་ཁམས་ཀྱི་རྟེན་དེ་ཉིད་ལ་དགྲ་བཅོམ་གྱི་འབྲས་བུ་མངོན་ དུ་བྱེད་པའོ། །དེ་དག་དེ་ལྟར་ཐ་དད་པ་ནི་ཁམས་གོང་མ་གཉིས་སུ་སྐྱེ་བ་ལེན་པའི་ལས་དང་ཉོན་མོངས་ཐ་དད་དུ་མ་རྒྱུད་ལ་ཡོད་པའི་ཕྱིར་དང་། མྱུར་བ་དང་རིང་མོ་ཞིག་ ན་དགྲ་བཅོམ་མངོན་དུ་བྱེད་པའི་དབང་པོ་ཐ་དད་པའི་ཕྱིར་རོ། །གསུམ་པ་སྤེལ་མར་སྒོམ་པའི་སྐྱེ་བ་བཤད་པ་ནི་འདི་གཟུགས་སུ་ཉེར་འགྲོས་སྒོམ་པ་སྟེ་སྤེལ་བའི་རྒྱུ་མཚན་ནི་དབང་པོ་རྣོན་པོ་གནས་གཙང་དུ་སྐྱེ་བ་དང་མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་དང་། 1-1679 དབང་པོ་རྟུལ་པོ་རྣམས་ཉོན་མོངས་པས་འཇིགས་པའི་ཕྱིར་ཏེ་མཛོད་ལས། དང་པོར་བཞི་པ་སྤེལ་བར་བྱེད། །སྐད་ཅིག་མ་ནི་བསྲེས་པས་འགྲུབ། །སྐྱེ་དང་གནས་པར་བྱ་ཕྱིར་དང་། །ཉོན་མོངས་པས་ནི་འཇིགས་ ཕྱིར་ཡང་། །དེ་ནི་རྣམ་པའི་ལྔ་ཡི་ཕྱིར། །གནས་གཙང་སྐྱེ་བ་ལྔ་ཁོ་ན། །ཞེས་འབྱུང་ངོ་། །ཉི་ཤུ་རྩ་གཉིས་པ་དགྲ་བཅོམ་གྱི་དབྱེ་བ་ལ་མྱོས་མ་མྱོས་ནི་དྲན་ཤེས་བཞིན་གཉིས་དང་ལྡན་ མི་ལྡན་ནོ། །གསོད་མི་གསོད་ནི་རང་གིས་རང་ངོ་། །མཐོང་ཆོས་ལ་བདེ་བར་གནས་པ་ནི་འཇིག་རྟེན་པའི་བསམ་གཏན་ནོ། །གཉིས་པ་ནི་ཉམས་ཀྱིས་དོགས་ནས་གསོད་པའོ། །གསུམ་པ་ནི་ཉམས་ཀྱིས་དོགས་ ནས་རང་གིས་རང་སྲུང་བའོ། །བཞི་པ་ནི་འབད་རྩོལ་གྱིས་དབང་པོ་མི་སྦྱོང་བའོ། །ལྔ་པ་ནི་འབད་རྩོལ་གྱིས་དབང་པོ་རྣོར་གཏོང་བའོ། །དྲུག་པ་ལ་རང་བཞིན་གྱིས་ཞེས་བྱ་བ་ནི་དེའི་ཚེ་ སྦྱངས་པས་རྣོན་པོར་སོང་བ་གཅོད་དོ། །དོན་དེ་དག་མཛོད་ལས། དགྲ་བཅོམ་དྲུག་འདོད་དེ་དག་ལས། །ལྔ་ནི་དད་པས་མོས་ལས་སྐྱེས། །དེ་དག་རྣམ་གྲོལ་དུས་དང་སྦྱོར། །མི་གཡོའི་ཆོས་ཅན་མི་གཡོ་ བ། །དེ་ཕྱིར་དེ་དུས་མི་སྦྱོར་གྲོལ། །དེ་ནི་མཐོང་ཐོབ་རྒྱུ་ལས་བྱུང་། ། ཞེས་བཤད་དོ། །དྲུག་པ་ཁམས་ཀྱི་དབྱེ་བ་ལ་དང་པོ་ཁམས་གསུམ་ཀས་བསྡུས་པའི་གང་ཟག་དགུ་བཤད་པ་ནི་འདོད་པ་ན་ཞེས་པ་སྟེ་སོ་སོ་རང་རང་གི་ལས་ཀྱིས་ཐ་དད་དུ་སྐྱེས་པས་ན་སོ་སོའི་སྐྱེ་བོའོ། ། 1-1680 འཕགས་པའི་ཆོས་ནི་ཟག་མེད་ཀྱི་ལམ་གསུམ་མོ། །གཞན་རྣམས་ནི་གོ་སླའོ། །གཉིས་པ་འདོད་གཟུགས་ཀྱིས་བསྡུས་པ་བཞི་བཤད་པ་ལ་གཟུགས་མེད་སྤངས་པ་ནི་དེར་སྐྱེ་བའི་རྒྱུ་སྤངས་པའོ། །བྱང་ཆུབ་སེམས་ དཔའ་ནི་གཟུགས་མེད་དུ་མི་སྐྱེ་ལ་རང་སངས་རྒྱས་ཀྱང་ཁམས་གོང་མ་བ་བཤད་པ་མེད་དོ། །དེ་བཞིན་གཤེགས་པ་ནི་དེ་བཞིན་ཉིད་རྟོགས་པ་སྟེ་རྣམ་འགྲེལ་ལས། གཤེགས་པ་རྟོགས་པའི་དོན་ཕྱིར་ ཏེ། །ཞེས་བཤད་དོ། །བསམ་གྱིས་མི་ཁྱབ་པ་ནི་དོན་ཐམས་ཅད་གྲུབ་པའི་ཚེ་ན་ཉན་ཐོས་སྡེ་པ་འདོད་པ་ལྟར་སོ་སོ་སྐྱེ་བོ་ཉིད་ཡིན་ནམ། ཐེག་པ་ཐུན་མོང

【現代漢語翻譯】 也就是說,這裡的涅槃是指不還者,以敏銳的根器,在欲界的身體上證得阿羅漢果。他們之間如此不同,是因為他們在上兩界(色界和無色界)受生的業和煩惱不同,以及迅速或緩慢地證得阿羅漢的根器不同。第三,解釋交替修習的受生,即指修習趨入色界,之所以交替,是因為爲了使敏銳的根器受生於凈居天,並安住于現法樂住; 而遲鈍的根器則因煩惱而恐懼。如《俱舍論》所說:『最初是第四禪,然後交替修習,剎那間與四禪混合而成。爲了受生和安住,也爲了因煩惱而恐懼。』這是五種不同的原因,只有五種受生於凈居天。』第二十二,阿羅漢的分類,如醉與不醉,是指具有或不具有正念和正知。殺與不殺,是指自己殺死自己。安住于現法樂住,是指世間的禪定。第二種是因害怕退失而殺。第三種是因害怕退失而自衛。第四種是不努力調伏根器。第五種是努力使根器敏銳。第六種稱為自性,是指在那時,通過修習而變得敏銳的根器被斷除。這些意義在《俱舍論》中說:『有六種阿羅漢,其中五種是因信解而生。他們與解脫的時間和結合有關。具有不動之法,不會動搖。因此,那時不會結合而解脫。那是從見道獲得的。』 第六,關於界的分類,首先解釋了包含三界(欲界、色界、無色界)的九種補特伽羅,即『在欲界』等,因為各自因自己的業而不同受生,所以是各自的異生。聖者的法是指三種無漏道。其他的都容易理解。第二,解釋了包含欲界和色界的四種補特伽羅,其中捨棄無色界,是指捨棄了在那裡受生的因。菩薩不會受生於無色界,也沒有關於獨覺是上界者的說法。如來是指證悟了真如,如《釋量論》所說:『如來是證悟真如之義。』不可思議是指在成就一切義時,小乘部派認為是否仍然是異生?大乘共同。

【English Translation】 That is to say, Nirvana here refers to the Anagami, who, with keen faculties, manifests the fruit of Arhat on the basis of the desire realm. They are so different because of the different karma and afflictions they take birth in the upper two realms (form realm and formless realm), and the different faculties with which they quickly or slowly manifest Arhatship. Third, explaining the birth of alternating meditation, that is, referring to the meditation of approaching the form realm, the reason for alternating is because in order to make the keen faculties be born in the Pure Abodes and abide in the happiness of the present Dharma; While the dull faculties are afraid of afflictions. As the Abhidharmakosha says: ‘Initially, it is the fourth dhyana, and then alternating practice, in an instant, it is accomplished by mixing with the four dhyanas. For the sake of birth and abiding, and also for fear of afflictions.’ These are five different reasons, and only five are born in the Pure Abodes.’ Twenty-second, the classification of Arhats, such as drunk and not drunk, refers to having or not having mindfulness and awareness. Killing or not killing refers to killing oneself. Abiding in the happiness of the present Dharma refers to worldly samadhi. The second is killing out of fear of falling. The third is self-defense out of fear of falling. The fourth is not diligently taming the faculties. The fifth is diligently sharpening the faculties. The sixth is called self-nature, which means that at that time, the faculties that have become sharp through practice are cut off. These meanings are stated in the Abhidharmakosha: ‘There are six kinds of Arhats, five of whom are born from faith and understanding. They are related to the time and combination of liberation. Having the Dharma of immovability, they will not waver. Therefore, at that time, they will not combine and be liberated. That is obtained from the path of seeing.’ Sixth, regarding the classification of realms, first, the nine kinds of individuals included in the three realms (desire realm, form realm, and formless realm) are explained, that is, ‘in the desire realm’, etc., because they are born differently according to their own karma, so they are each ordinary beings. The Dharma of the noble ones refers to the three kinds of undefiled paths. The others are easy to understand. Second, explaining the four kinds of individuals included in the desire realm and the form realm, where abandoning the formless realm means abandoning the cause of being born there. Bodhisattvas will not be born in the formless realm, and there is no statement about Pratyekabuddhas being from the upper realm. Tathagata refers to realizing Suchness, as the Pramanavarttika says: ‘Tathagata means realizing Suchness.’ Inconceivable means that when all meanings are accomplished, do the Hinayana schools think that they are still ordinary beings? Common Mahayana.


་བ་འདོད་པ་ལྟར་ས་ བཅུ་པ་ཉིད་ཡིན་ནམ། ཐེག་ཆེན་པ་འདོད་པ་ལྟར་འོག་མིན་ནས་ལོངས་སྤྱོད་རྫོགས་པའི་སྐུས་སྤྲུལ་པ་ཡིན་སྙམ་དུ་བསམས་ཀྱང་མི་ཤེས་པའོ། །དེ་བཞིན་དུ་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ ཁྱབ་པ་ལ་སོགས་པའང་སྦྱར་རོ། །གང་དགའ་ལྡན་གྱི་ཞེས་བྱ་བ་ནི་རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། ། སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་བ་དང་། ། 1-1681 ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་བསྐོར། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཞེས་གང་འབྱུང་བ་ཡིན་ ནོ། །དེ་ལ་དགའ་ལྡན་ན་གནས་པ་ནས་བདུད་བཅོམ་པའི་བར་ནི་བྱང་ཆུབ་སེམས་དཔའི་མཛད་པའོ། །བྱང་ཆུབ་པ་ནས་མྱ་ངན་འདས་ཀྱི་བར་གསུམ་ནི་སངས་རྒྱས་ཀྱི་སྤྱོད་པའོ། །དང་པོ་ལའང་དང་ པོ་ལྔ་ནི་རབ་ཏུ་བྱུང་བ་མ་ཡིན་པའི་མཛད་པའོ། །ངེས་འབྱུང་ནས་བཞི་ནི་རབ་བྱུང་གི་མཛད་པའོ། །འདི་དག་རྒྱས་པར་ནི་རྒྱ་ཆེ་རོལ་པའམ་མངོན་པར་འབྱུང་བའི་མདོ་ལས་བལྟ་བར་བྱའོ། ། ཡང་ན་སངས་རྒྱས་ཀྱི་མཛད་པ་བརྒྱད་དེ་སེར་སྐྱར་བལྟམས་པའི་མཛད་པ་དང་། རྡོ་རྗེའི་གདན་དུ་བྱང་ཆུབ་པའི་མཛད་པ་དང་། ཝ་ར་ན་སིར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མཉན་ཡོད་དུ་ ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། གྲོང་ཁྱེར་གསལ་ལྡན་དུ་ལྷ་ལས་བབས་པ་དང་། རྒྱལ་པོའི་ཁབ་ཏུ་དགེ་འདུན་གྱི་དབྱེན་འདུམས་པ་དང་། ཡངས་པ་ཅན་དུ་སྐུ་ཚེ་བྱིན་གྱིས་བརླབས་པ་དང་། རྩ་ མཆོག་ཏུ་མྱ་ངན་ལས་འདས་པའི་མཛད་པ་སྟེ་མཆོད་རྟེན་བརྒྱད་ཅེས་ཀྱང་བྱའོ། །བདུན་པ་སྤྱད་པས་དབྱེ་བ་ལྔ་བསྟན་པའི་སྤྱི་དོན་ལ་ས་གང་ལ་སྐྱེ་བའི་རྟེན་དང་། བརྟེན་པ་སའི་རང་བཞིན་དང་། 1-1682 སྒྲ་དོན་གསུམ་གྱི་དང་པོ་ལ་ལུས་ཀྱི་རྟེན་ནི་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་འདོད་གཟུགས་ཀྱི་ལྷའི་བུ་རྣམས་ལ་ཅི་རིགས་པར་སྐྱེ་ལ་ཉན་ཐོས་ཀྱི་ས་ནི་གཟུགས་མེད་པ་ལའང་ སྐྱེའོ། །སེམས་ཀྱི་རྟེན་ནི་བསམ་གཏན་ས་དགུའི་ཏིང་ངེ་འཛིན་ཡིན་ནོ། །གཉིས་པ་རང་བཞིན་ལ་མཚན་ཉིད་དང་། དབྱེ་བ་དང་། ཁྱད་པར་གྱི་ཆོས་བཤད་པ་གསུམ་ལས། དང་པོ་ནི་ཁ་ཅིག་བུ་ཡོན་ ཏན་ཁྱད་པར་ཅན་གྱི་རྟེན་བྱེད་པ་ཞེས་ཟེར་བ་དེ་ནི་མ་ཡིན་ཏེ་ས་ཐོབ་པའི་གཟུགས་ཀྱི་ཕུང་པོ་སར་ཐལ་བའི་ཕྱིར་དང་། རྟེན་དང་བརྟེན་པ་རྒྱུ་འབྲས་མཚན་ཉིད་པ་ཡིན་པས་དེར་ ཐལ་བའི་ཕྱིར་རོ། །དེས་ན་ས་སྤྱིའི་མཚན་ཉིད་ནི་བདག

【現代漢語翻譯】 那麼,這是否就是如大乘行者所愿的十地菩薩?或者,是否可以理解為,如大乘行者所愿,是從色究竟天以圓滿報身化現而來?對此我並不清楚。 同樣,佛的不可思議的身、語、意秘密等也應作如是理解。至於『兜率天』的說法,如《寶性論》所說:『大悲憫者知世間,觀照一切諸世間,不離法身之本性,以種種化身之自性,示現降生與住胎,從兜率天而降臨,入胎誕生與工巧,眷屬圍繞受用樂,出離苦行證菩提,降伏魔軍證圓滿,菩提轉法輪涅槃。』 其中,從安住于兜率天到降伏魔軍之間,是菩薩的行持。從證得菩提到入涅槃之間,是佛陀的行持。在前者中,最初的五項(降生、住胎、降臨、入胎、誕生)是非出家者的行持。從出離到最後四項是出家者的行持。關於這些的詳細內容,可以參考《廣大嬉戲經》或《現觀莊嚴論》。 或者,也可以說是佛陀的八大事業:在鹿野苑誕生,在金剛座證悟菩提,在瓦拉納西轉法輪,在舍衛城示現大神變,在桑迦尸國從天降臨,在王舍城調解僧團紛爭,在毗舍離延長壽命,在拘尸那迦入涅槃。這也被稱為八大佛塔。 第七,關於通過修行來區分五種地道的總義,包括:在何處受生的所依,所依之地的自性,以及名相、意義。在三者中的第一個方面,身體的所依是三洲的男子和女子,以及欲界和色界的天人,各自適宜地受生。聲聞的地道也可以在無色界受生。心的所依是九次第定的禪定。 第二個方面,關於自性,包括:體相、分類和功德。在三者中的第一個方面,有些人說,『這是作為特殊功德的所依』,但事實並非如此。因為獲得地道后的色蘊會歸於地道,而且所依和能依、因和果必須符合體相的定義,所以不能這樣說。因此,地道總的體相是『我』。

【English Translation】 Is this the tenth Bhumi (stage of a Bodhisattva) as desired by the Mahayana practitioners? Or, is it to be understood that, as desired by the Mahayana practitioners, it is an emanation from Akanishta (highest pure abode) in the Sambhogakaya (enjoyment body)? I do not know about this. Similarly, apply this understanding to the inconceivable secrets of body, speech, and mind, etc. As for the term ‘Tushita Heaven’, it is as stated in the Uttaratantra (Ratnagotravibhāga): ‘The Great Compassionate One knows the world, observes all the worlds, without moving from the Dharmakaya (body of truth), with various natures of emanation, manifests birth and entering the womb, descending from Tushita Heaven, entering the womb and being born, being skilled in crafts, enjoying the company of consorts, renouncing, practicing austerities, going to the Bodhi tree, subduing the Maras (demons), attaining perfect enlightenment, turning the wheel of Dharma, and passing into Nirvana.’ Among these, from residing in Tushita to subduing the Maras are the deeds of a Bodhisattva. From attaining enlightenment to passing into Nirvana are the actions of a Buddha. In the former, the first five (birth, entering the womb, descending, entering the womb, birth) are the deeds of a non-ordained person. From renunciation to the last four are the deeds of an ordained person. For detailed information on these, refer to the Lalitavistara Sutra or the Abhisamayalankara. Alternatively, these can be described as the eight great deeds of the Buddha: being born in Lumbini, attaining enlightenment at Bodh Gaya, turning the wheel of Dharma in Varanasi, displaying great miracles in Shravasti, descending from the heavens in Sankashya, reconciling the Sangha (community) in Rajagriha, prolonging life in Vaishali, and passing into Nirvana in Kushinagar. These are also known as the eight great stupas. Seventh, regarding the general meaning of differentiating the five paths through practice, it includes: the basis of where one is born, the nature of the basis, and the name and meaning. In the first aspect, the basis of the body is the men and women of the three continents, and the gods of the desire and form realms, each being born appropriately. The path of the Shravakas (hearers) can also be born in the formless realm. The basis of the mind is the Samadhi (meditative absorption) of the nine levels of meditative concentration. The second aspect, regarding the nature, includes: the characteristics, the divisions, and the explanation of the distinguishing qualities. In the first of these, some say, ‘This is the basis for special qualities,’ but this is not the case. Because the form aggregate that has attained the Bhumi will merge into the Bhumi, and because the basis and the based, the cause and the effect, must conform to the definition of characteristics, it cannot be said that way. Therefore, the general characteristic of the Bhumi is ‘self’.


་མེད་རྟོགས་པའི་བློ་སེམས་ཅན་འཇིགས་པ་མེད་པར་བྱེད་པ་ཡིན་ནོ། །ཉན་རང་གི་སའི་མཚན་ཉིད་ནི་བདག་མེད་རྟོགས་པའི་བློ་རང་ཉིད་ འཇིགས་པ་མེད་པར་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སའི་མཚན་ཉིད་ནི་བདག་མེད་རྟོགས་པའི་སློབ་པའི་བློས་སེམས་ཅན་གཞན་འཇིགས་པ་མེད་པར་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འཕགས་པའི་ སའི་མཚན་ཉིད་ནི་བདག་མེད་མངོན་སུམ་དུ་རྟོགས་པའི་སློབ་པའི་བློ་ཞེས་སྦྱར་རོ། །སངས་རྒྱས་ཀྱི་སའི་མཚན་ཉིད་ནི་བདག་མེད་རྟོགས་པའི་མི་སློབ་པའི་བློ་གྲོས་སེམས་ཅན་དཔག་ཏུ་མེད་པ་འཇིགས་པ་མེད་པར་བྱེད་པ་ཡིན་ནོ། ། 1-1683 གལ་ཏེ་ལམ་ཡང་སར་འགྱུར་རོ་ཞེ་ན། དེའང་འཇིགས་པ་མེད་པར་བྱེད་པའི་ཆ་ནས་ས་ཉིད་ཡིན་ལ། ཐར་པའི་གྲོང་དུ་ཕྱིན་བྱེད་ཀྱི་ཆ་ནས་ལམ་དང་། བདག་མེད་རྟོགས་པའི་ཆ་ནས་མངོན་ རྟོགས་ཡིན་ནོ། །གཉིས་པ་དབྱེ་བ་ནི་ཐེག་པ་ཆེ་ཆུང་གི་ས་གཉིས་ཏེ་རིན་པོ་ཆེའི་ཕྲེང་བ་ལས། ཇི་ལྟར་ཉན་ཐོས་ཐེག་པ་ལས། ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ ཆེན་པོ་ལས། །བྱང་ཆུབ་སེམས་དཔའི་ས་བཅུའོ། །ཞེས་འབྱུང་བ་ཡིན་ནོ། །དང་པོ་ནི་དཀར་པོ་རྣམ་པར་མཐོང་བ་དང་། རིགས་དང་། བརྒྱད་པ་དང་། མཐོང་བ་དང་། བསྲབས་པ་དང་། འདོད་ཆགས་དང་བྲལ་བ་ དང་། བྱས་པ་རྟོགས་པ་དང་། ཉན་ཐོས་ཀྱི་ས་དང་། བརྒྱད་ཡིན་ལ། གཉིས་པ་ནི་རབ་ཏུ་དགའ་བ་ལ་སོགས་པ་ཡིན་ནོ། །འདི་དག་ཐ་དད་དུ་ནི་སྤངས་པ་དང་རྗེས་ཐོབ་ཀྱི་རྟོགས་པ་ དང་ཡོན་ཏན་ཐ་དད་པ་ལས་འཇོག་ལ། གཅིག་དང་ཐ་དད་ནི་རྒྱུ་འབྲས་ཡིན་པས་གཅིག་པ་བཀག་པ་ཡིན་ནོ། །དེས་ན་རྒྱུད་གཅིག་ལ་དངོས་པོ་ཐ་དད་དུ་འདོད་པ་ནི་མ་ཡིན་ཏེ་ ཡོད་མེད་དངོས་པོ་ཐ་དད་དུ་ཐལ་བའི་ཕྱིར་རོ། །གསུམ་པ་ཁྱད་ཆོས་ལ་དོན་བདུན་གྱི་དང་པོ་ལུས་འཛིན་པའི་ཁྱད་པར་ནི་ས་བཅུ་ལ་རིམ་པ་བཞིན་འཛམ་བུའི་གླིང་གི་རྒྱལ་པོ་དང་། 1-1684 འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། བརྒྱ་བྱིན་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་རྣམས་དང་། སྟོང་གི་བདག་པོ་ཚངས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་ པོའི་བདག་པོ་ཚངས་པ་ཆེན་པོ་དང་། འོག་མིན་དུ་ལྷའི་བུ་དབང་ཕྱུག་ཆེན་པོ་རྣམས་སུ་འགྱུར་ཏོ། །གཉིས་པ་རྟགས་ཀྱི་ཁྱད་པར་ནི་ས་དང་པོ་ལ་རྨི་ལམ་དུ་སྟོང་གསུམ་གྱི་སྟོང་ཆེན་ པོའི་འཇིག་རྟེན་གྱི་ཁམས་གཏེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་གང་བར་མཐོང་ངོ་། །ས་གཉིས་པ་ལ་སྟོང་གསུམ་ལག་མཐིལ་ལྟར་མཉམ་པ་ལ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ བརྒྱན་པར་མཐོང་ངོ་། །ས་གསུམ་པ་ལ་བདག་ཉིད་དཔའ་ཞིང་ལག་ཆ་དང་གོ་ཆ་སྲ་བ་ཐོགས་ནས་ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བར་མཐོང་ངོ་། །ས་བཞི་པ་ལ་ཕྱོགས་བཞི་ན་ར