菩薩藏佛教學會
20
背景
翻譯
下載 ▾

panglotsalodrotenpa01對法集論廣釋·開顯所知論.g2.0f|panglotsalodrotenpa01對法集論廣釋·開顯所知論.g2.0f(續9)


ནས་འཇོག་གིས་ཞུས་པར་དགེ་སློང་ངམ་བྲམ་ཟེ་ཤེས་པ་གཅིག་གི་གན་དུ་སོང་སྟེ་ཞེས་དང་། འདུལ་བ་ལུང་དུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འགྲོན་པོ་ལ་བསྙེན་གནས་ཕོག་པར་བཤད་ པས་དགེ་བསྙེན་ནམ་ཆོ་ག་ཤེས་པས་ཀྱང་རུང་བར་གསལ་ལོ། །གསུམ་པ་ནི་རབ་ཏུ་བྱུང་བའི་སྡོམ་པ་མི་འཐོབ་པའི་རྒྱུ་དྲུག་བསྡུ་བར་འབྱུང་སྟེ་བསམ་པ་ཉམས་པ་རྒྱལ་པོ་དང་ཆོམ་རྐུན་དང་། 1-590 བུ་ལོན་དང་འཇིགས་པས་ཉེན་པའམ། འཚོ་བ་མེད་པས་ཉེན་ཏེ་དགེ་སློང་འདི་རྣམས་སླ་བས་འཚོ་བས་ངའང་དགེ་སློང་བྱའོ་སྙམ་པའོ། །ཅི་སྟེ་རབ་ཏུ་བྱུང་བ་སླ་བས་འཚོ་བར་བྱ་ཞིང་ཇི་ ལྟར་དགེ་སློང་འདི་རྣམས་ཚངས་སྤྱོད་སྤྱོད་པ་ལྟར་ཇི་སྲིད་འཚོ་བར་དུ་སྤྱད་པར་བྱའོ་སྙམ་པས་ལེན་ན་བསམ་པ་ནི་མ་ཉམས་མོད་གཅིག་ཏུ་དག་པའང་མིན་ནོ། །ལུས་ཉམས་པ་འབྲས་དང་ཕོལ་ མིག་སོགས་བར་ཆད་ཀྱི་ཆོས་སུ་གསུངས་པའི་ནད་དང་ལྡན་ཏེ་བླ་མ་ལ་བསྙེན་བཀུར་མི་ནུས་ཤིང་བླ་མ་དང་གྲོགས་ཀྱི་བསྙེན་བཀུར་དང་སྦྱིན་བདག་གི་དད་རྫས་བདག་གིར་བྱེད་པས་ལྕི་བ་ དང་མི་རུང་བས་སོ། །སྐྱེས་པ་ཉིད་ཉམས་པ་ཟ་མ་སོགས་སོ། །དགེ་བའི་རྩ་བ་ཉམས་པ་མཚམས་མེད་བྱས་པ་དང་མུ་སྟེགས་པ་དང་རྐུ་ཐབས་སུ་གནས་པ་དང་། དགེ་སློང་མ་སུན་དབྱུང་ བ་དང་གནས་པར་མི་བྱ་བ་སྟེ་དྲི་མ་ཆེན་པོས་ངོ་ཚ་ཁྲེལ་ཡོད་ཤིན་ཏུ་སྲབ་པར་བྱས་པའོ། །གཞན་གྱི་དབང་གིས་ཉམས་པ་རྒྱལ་པོས་བཀྲབས་པ་དང་དེ་ལ་གནོད་པ་བྱེད་པ་དང་ དེ་དང་མི་མཐུན་པའི་ལས་བྱེད་པ་དང་བུ་ལོན་ཅན་དང་བྲན་དང་ཕྲོགས་པ་དང་མཆུ་ཐོགས་པ་དང་བརྗོད་པ་ཅན་དང་ཕ་མས་མ་གནང་བའོ། །གཞན་རྗེས་སུ་བསྲུང་བས་ནི་སྤྲུལ་པ་སྟེ་སྔོན་ཀླུ་མིར་སྤྲུལ་པ་རབ་ཏུ་བྱུང་བས་དགེ་སློང་ཀུན་མི་མིན་པས་སུ་ཞིག་འདི་རྣམས་ལ་བསོད་སྙོམས་འབུལ་ཞེས་སྡིག་རྐྱེན་དུ་གྱུར་པས་སོ། ། 1-591 དེའི་བར་མ་གཉིས་དང་ཐ་མ་ཅན་ལ་སྡོམ་པ་མི་སྐྱེ། ཞིང་གཞན་ལ་སྐྱེའང་གནས་པ་དང་ཁྱད་པར་དུ་འགྱུར་བ་དང་མཛེས་པའི་བར་ཆད་དོ། །བླང་བའི་ཡུལ་མ་ཚང་ནའང་མི་སྐྱེ་སྟེ་ ཆོ་ག་ཉམས་ནའང་ངོ་། །དགེ་བསྙེན་ནི་བསམ་པ་ཉམས་པ་དང་སྐྱེས་པ་ཉིད་ཉམས་པས་སོ། །བསྙེན་གནས་ནི་བསམ་པ་ཉམས་པ་ཉིད་ཀྱིས་སོ། །བཞི་པ་ནི་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བས་ ན་སོ་སོ་ཐར་ཞེས་པ། གཞན་གྱི་རྣམ་རིག་བྱེད་སོགས་ཀྱིས། ཞེས་ཏེ་རང་རང་གི་ཆོ་གས་བླངས་པས་འཐོབ་བོ། སོགས་ཀྱིས་བསྡུས་པ་རང་བྱུང་གིས་རྫོགས་པའི་སངས་རྒྱས་དང་རང་སངས་རྒྱས་རྣམས་ སོ། །ཡང་དག་པར་ངེས་པ་འཇུག་པས་ལྔ་སྡེའོ། །དགེ་སློང་ཚུར་ཤོག་ཅེས་པས་གྲགས་པ་དང་མཆོག་ཟུང་གཅིག་སོགས་མང་པོའོ། །སྟོན་པར་ཁས་བླངས་པས་འོད་སྲུང་ཆེན་པོའོ། །དྲི་བས་མཉེས་པས་ལེགས་སྦྱིན་ ནོ། །ལྕི་བའི་ཆོས་ཁས་བླངས་པས་སྐྱེ་དགུའི་

【現代漢語翻譯】 至於『詢問是否前往一位比丘或婆羅門智者處』,以及在《律藏》中,居士給孤獨(Anāthapiṇḍada,字面意思是無依者施食)被描述為向客人提供齋戒,因此,即使是優婆塞(Upāsaka,字面意思是近事男)或懂得儀軌的人也可以。 第三個是收集六種無法獲得出家戒律的原因,即意樂退失(Bsam pa nyams pa),受到國王、盜賊、債務或恐懼的威脅,或者因缺乏生計而感到威脅,心想:『這些比丘生活容易,我也要成為比丘。』如果因為出家容易生活,並且像這些比丘一樣,盡其一生都要奉行梵行(Tshangs spyod,Brahmacarya,梵天行)而受戒,那麼意樂雖然沒有退失,但也不是完全清凈。 身體退失是指患有疾病,如痔瘡、眼疾等,這些都被認為是障礙之法,無法侍奉上師,並且因為佔有上師和道友的侍奉以及施主的供養物而變得沉重和不適宜。 男子之性退失是指閹人等。 善根退失是指犯下五無間罪(Mtshams med,Ānantarika,無間),成為外道,以盜竊為生,詆譭比丘尼,以及不應居住之處,因為極大的污垢而使羞恥和慚愧變得非常薄弱。 受他人支配而退失是指被國王懲罰,或對其造成傷害,或從事與其不符的行業,或負債,或為奴隸,或被搶劫,或有爭端,或被指責,或未得到父母的允許。 隨順他人是指化身,例如,以前化身為龍的出家人,因為所有比丘都不是人類,誰會向這些人供養食物呢?這變成了罪惡的緣起。 對於中間兩種和最後一種情況,戒律不會生起。即使在其他地方生起,也會成為安住、特殊變化和美觀的障礙。如果接受的對境不完整,戒律也不會生起,即使儀軌不完整也是如此。優婆塞是因為意樂退失和男子之性退失。齋戒是因為意樂退失。 第四個是由於沒有違緣且具足順緣,所以稱為『別解脫』(So so thar,Prātimokṣa,隨解脫),即通過各自的儀軌接受而獲得。『等』字包括了自然成就的佛陀和獨覺佛。通過『如實進入』(Yang dag par nges pa ‘jug pa),即五比丘。通過『比丘來』(Dge slong tshur shog),即著名者和殊勝雙尊之一等眾多。通過承諾為導師,即大迦葉(‘Od srung chen po,Mahākāśyapa)。通過提問而喜悅,即善施(Legs sbyin,Sudatta)。通過承諾重法,即喬曇彌(Skye dgu’i)。

【English Translation】 As for ‘asking whether to go to a monk or Brahmin wise man,’ and in the Vinaya Pitaka, the householder Anāthapiṇḍada (literally, feeder of the unprotected) is described as providing lodging for guests, so even an Upāsaka (literally, a male lay devotee) or someone who knows the rituals is also fine. The third is the collection of six reasons why one cannot obtain monastic vows, namely, degeneration of intention (Bsam pa nyams pa), being threatened by a king, thieves, debt, or fear, or feeling threatened by a lack of livelihood, thinking, ‘These monks have an easy life, I will also become a monk.’ If one takes vows because it is easy to live as a monk, and like these monks, one should practice Brahmacharya (Tshangs spyod, Brahmacarya, Brahma conduct) for as long as one lives, then although the intention has not degenerated, it is also not completely pure. Degeneration of the body refers to having diseases such as hemorrhoids, eye diseases, etc., which are said to be obstacles to the Dharma, unable to serve the lama, and becoming heavy and unsuitable because of possessing the service of the lama and friends, and the offerings of the patrons. Degeneration of masculinity refers to eunuchs, etc. Degeneration of the root of virtue refers to committing the five heinous crimes (Mtshams med, Ānantarika, without interval), being a heretic, living by theft, defaming nuns, and places where one should not reside, because the great defilement has made shame and embarrassment very thin. Degeneration due to the power of others refers to being punished by the king, or causing harm to him, or engaging in activities that are incompatible with him, or being in debt, or being a slave, or being robbed, or having disputes, or being accused, or not being allowed by parents. Following others refers to emanation, for example, a former Naga-emanation renunciate, because all monks are not human, who would offer alms to these people? This became a cause of sin. For the middle two and the last case, the vows will not arise. Even if they arise elsewhere, they will be obstacles to abiding, special transformation, and beauty. If the object of acceptance is incomplete, the vows will not arise, even if the ritual is incomplete. The Upāsaka is because of the degeneration of intention and the degeneration of masculinity. The fasting is because of the degeneration of intention. The fourth is that because there are no obstacles and the conditions are complete, it is called ‘Prātimokṣa’ (So so thar, Prātimokṣa, individual liberation), which is obtained by taking it through their respective rituals. ‘Etc.’ includes the naturally accomplished Buddhas and Pratyekabuddhas. Through ‘entering into certainty’ (Yang dag par nges pa ‘jug pa), the five disciples. Through ‘Come, monk’ (Dge slong tshur shog), the famous one and one of the supreme pair, etc. Through promising to be a teacher, Mahākāśyapa (‘Od srung chen po, Mahākāśyapa). Through being pleased by questioning, Sudatta (Legs sbyin, Sudatta). Through promising heavy Dharma, Gautami (Skye dgu’i).


བདག་མོ་ཆེན་མོའོ། །ཕོ་ཉས་ཆོས་བྱིན་ནོ། །གསོལ་བ་དང་གཞིའི་ལས་མཁན་སློབ་མེད་པས་སྔོན་གྱི་ཆོ་ག་རྣམས་སོ། །སྐྱབས་སུ་འགྲོ་བ་ལན་གསུམ་བཟླས་ པས་སྡེ་བཟང་དྲུག་ཅུའི་ཚོགས་བསྙེན་པར་རྫོགས་ཏེ་དེ་རྣམས་ལ་ལ་རྣམ་པར་རིག་བྱེད་ལ་ལྟོས་པས་མ་ཁྱབ་ཅེས་མཛོད་འགྲེལ་དུའོ། །ལྔ་པ་ལ་ཁ་ཅིག་རིམ་གྱིས་སྡོམ་པ་མང་པོ་བླངས་པའི་ཕྱི་མ་ཐོབ་ན་སྔ་མ་གཏོང་ཞེས་གསུངས་པ་མི་འཐད་དེ། 1-592 སྡོམ་པ་དེ་རྣམས་འགལ་བ་མེད་པས་སོ། །སློབ་དཔོན་རོག་སོགས་སྡོམ་པ་སྔ་མ་ཕྱི་མར་གནས་གྱུར་པའོ་ཞེས་གསུངས་སྟེ་དེ་ལ་དགེ་སློང་གིས་དགེ་ཚུལ་དུ་གཟུང་དུ་གསོལ་ཅེས་པས་དགེ་ཚུལ་ དུ་འགྱུར་བ་ལྟ་བུ་ན་སྨད་དུ་མེད་པའི་ཉེས་པ་ཡོད་ཅེས་གསུང་བ་ནི་ཕྱིར་ཡང་གནས་འགྱུར་ཞེས་པས་ལན་ཐེབས་སོ། །འོན་ཀྱང་འདི་ལ་རིགས་པ་མཚུངས་པས་དགེ་སློང་གིས་རྒྱལ་སྲས་ཀྱི་ སྡོམ་པ་བླངས་པ་ལ་རྒྱལ་སྲས་ཀྱི་རྩ་ལྟུང་ཐུན་མོང་མིན་པ་བྱུང་བ་ན་དགེ་སློང་གི་སྡོམ་པ་གཏོང་དགོས་ཏེ་དེ་ཡང་མི་གཏོང་སྟེ། གཏོང་རྒྱུ་གང་ཡང་མིན་པའི་ཕྱིར་རོ་ཞེས་སྤང་ དཀའོ། །དེས་ན་སྡོམ་པ་རྣམས་རྒྱུད་གཅིག་ལའང་ཐ་དད་དུ་གནས་ཤིང་རྫས་མཚུངས་ཀྱང་མི་ཉམས་ཏེ་གཅིག་མངོན་དུ་གྱུར་པ་ན་གཞན་ས་བོན་དང་ལྡན་པས་སོ། །ཐ་དད་དེ་རྣམས་འགལ་བ་མེད། ། ཅེས་འདིར་ཡང་རུང་ངོ་། །དྲུག་པ་ལ་དངོས་དང་རྩ་ལྟུང་ལ་དཔྱད་པ་གཉིས་ལས་དང་པོ་ནི་བསྡུ་བར་བསླབ་པ་ཕུལ་བ་དང་། རྩ་ལྟུང་བྱུང་བ་དང་། མཚན་གཉིས་སྐྱེས་པ་དང་། དགེ་བའི་རྩ་ བ་ཆད་པ་དང་། ཤི་བས་རབ་བྱུང་གི་སྡོམ་པ་གཏོང་ཞིང་དམ་པའི་ཆོས་ནུབ་པས་མ་བླངས་པ་བླང་དུ་མེད་ཀྱི་སྔར་བླངས་པ་མི་གཏོང་ལ། དགེ་བསྙེན་གྱི་ནི་མི་མཐུན་པའི་སེམས་སྐྱེས་པས་དང་། 1-593 དགེ་རྩ་ཆད་པ་དང་ཤི་བས་ཏེ། བསྙེན་གནས་ཀྱི་ནི་སེམས་མི་མཐུན་པ་སྐྱེས་པས་དང་། ཉི་མ་ཤར་བ་དང་དེའི་གོང་དུ་ཤི་བས་སོ་ཞེས་འབྱུང་ངོ་། །བསླབ་པ་ཕུལ་དང་ཤི་འཕོས་དང་། ། མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོ་ཐར་པའི་འདུལ་བ་གཏོང་། །ཞེས་ཏེ། བླངས་པ་དང་འགལ་བའི་རྣམ་རིག་སྐྱེས་པ་དང་རྟེན་བོར་ཞིང་འཕངས་པ་རྫོགས་པ་ དང་རྟེན་ཉམས་པ་དང་གཞི་ཆད་པ་དང་དེ་སྲིད་དུ་འཕངས་པའི་ཕྱིར་ཏེ་རིམ་པས་སོ། །ཁ་ཅིག་ལྟུང་བར་འགྱུར་ལས་སྨྲ། །གཞན་རྣམས་དམ་ཆོས་ནུབ་པ་ལས། །ཁ་ཆེ་རྣམས་ནི་བྱུང་བ་ལ། ། བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་ཀྱང་སྟེ་ཆོས་ནུབ་པ་ན་སྔ་མ་ལྟར་དེའི་ཡང་བཤད་དོ། །ཡང་འདུལ་བར་དགེ་སློང་ལོ་ཉི་ཤུ་མ་ལོན་པ་ལ་ལོན་པར་མ་ཤེས་པ་དེར་ཤེས་ པས་གཏོང་བ་དང་། དགེ་སློང་མ་མི་ཚངས་པར་སྤྱོད་པར་ཁས་བླངས་ནས་གཏོང་བར་གསུངས་སོ། །གཉིས་པ་ནི་ཁ་ཆེ་བྱེ་བྲག་སྨྲ་བ་ནི་རྩ་ལྟུང་བྱུང་ན་ཚུལ་ཁྲིམས་འཆལ་ཞི

【現代漢語翻譯】 偉大的女主啊!使者賜予佛法。由於沒有請求者和基礎工作者,所以是以前的儀式。皈依三次唸誦,六十善部的集會圓滿,其中一些依賴於意識,因此沒有遍及《俱舍論》的註釋中。第五,有些人說,如果依次接受許多戒律,獲得後面的就放棄前面的,這是不合理的。 因為這些戒律並不矛盾。導師羅格等人說,以前的戒律轉變為後面的戒律。例如,比丘請求接受沙彌戒而轉變為沙彌,這沒有過失。即使返回也轉變,這可以回答。然而,由於這方面相似,比丘接受菩薩戒后,如果出現菩薩的非共同根本墮罪,比丘戒也必須放棄,但實際上不會放棄,因為沒有什麼可以放棄的。因此很難避免。 因此,戒律以不同的方式存在於同一個相續中,即使物質相同也不會消失,當一個顯現時,另一個則具有種子。這些不同的戒律並不矛盾。在這裡也是可以的。第六,關於實際和根本墮罪的分析,首先是放棄學處,發生根本墮罪,出現兩性人,斷絕善根,死亡會放棄出家戒,正法隱沒時,未受的不能受,以前受的不會放棄。而近事戒則因生起不悅意之心,斷絕善根和死亡而放棄。 近住戒則因生起不悅意之心,太陽升起以及在此之前死亡而放棄。放棄學處和死亡轉移,兩性人出現,斷絕善根和性已過,分別解脫的律儀會放棄。生起與所受相違的意識,失去所依和拋棄圓滿,所依衰損和基礎斷絕,以及持續拋棄,這是依次的。有些人說會墮落,其他人則說因正法隱沒,克什米爾人則認為像債務一樣是兩種。 也就是說,正法隱沒時,如前所述,這也是一種解釋。此外,在律藏中,對比丘未滿二十歲而不知已滿,當知道時會放棄,以及比丘承諾行不凈行後會放棄。第二,克什米爾的說一切有部認為,如果發生根本墮罪,則戒律會破損。

【English Translation】 Great Lady! The messenger bestows the Dharma. Because there are no requesters and foundation workers, these are the former rituals. Reciting the refuge three times completes the assembly of the sixty good sections, some of which rely on consciousness, thus not pervading the commentary of the ‘Treasury of Knowledge’. Fifth, some say that if one takes many vows in succession, abandoning the former upon obtaining the latter, this is unreasonable. Because these vows are not contradictory. The teacher Rog and others say that the former vows transform into the latter. For example, if a Bhikshu requests to take the novice vows and transforms into a novice, there is no fault in this. Even returning transforms, which can answer this. However, since this is similar, if a Bhikshu takes the Bodhisattva vows, and a non-common root downfall of the Bodhisattva occurs, the Bhikshu vows must also be abandoned, but in reality, they will not be abandoned because there is nothing to abandon. Therefore, it is difficult to avoid. Therefore, vows exist differently in the same continuum, and even if the substance is the same, they do not disappear. When one manifests, the other has the seed. These different vows are not contradictory. This is also acceptable here. Sixth, regarding the analysis of actual and root downfalls, the first is abandoning the training, the occurrence of a root downfall, the appearance of a hermaphrodite, the severing of the root of virtue, and death will abandon the monastic vows. When the true Dharma disappears, what has not been taken cannot be taken, and what has been taken before will not be abandoned. The Upasaka vows are abandoned due to the arising of an unpleasant mind, the severing of the root of virtue, and death. The Nyungne vows are abandoned due to the arising of an unpleasant mind, the rising of the sun, and death before that. Abandoning the training and the transfer of death, the appearance of a hermaphrodite, the severing of the root of virtue, and the passing of sexuality, the Pratimoksha vows will be abandoned. The arising of consciousness contrary to what has been taken, the loss of the basis and the completion of abandonment, the deterioration of the basis and the severing of the foundation, and the continuous abandonment, this is in order. Some say it will fall, others say it is due to the disappearance of the true Dharma, and the Kashmiris consider it like a debt, as two. That is, when the Dharma disappears, as mentioned before, this is also an explanation. Furthermore, in the Vinaya, if a Bhikshu is under twenty years old and does not know that he is full, when he knows, he will abandon it, and a Bhikshu who promises to engage in impure conduct will abandon it. Second, the Kashmir Sarvastivadins believe that if a root downfall occurs, the vows will be broken.


ང་སྡོམ་པ་མི་ གཏོང་སྟེ། འདུལ་བར། གལ་ཏེ་དགེ་སློང་ཚུལ་ཁྲིམས་འཆལ་བ་ཞིག་དགེ་སློང་མ་ལ་རྗེས་སུ་སྟོན་ན་ལྟུང་བར་འགྱུར་རོ་ཞེས་པ་ནི་ལུང་ལས་ཏེ་རྩ་ལྟུང་མིན་པས་ཚུལ་ཁྲིམས་འཆལ་བ་མེད་པས་དང་རིགས་པའང་ཕྱོགས་གཅིག་ཉམས་པས་ཀུན་གཏོང་བར་མི་རིགས་སོ། ། 1-594 དགེ་སློང་མ་ཡིན། དགེ་སྦྱོང་མ་ཡིན་ཞེས་སོགས་ནི་དོན་དམ་པའི་དགེ་སློང་མིན་པ་ལ་དགོངས་པའོ་ཞེས་སྨྲའོ། །སློབ་དཔོན་དབྱིག་གཉེན་ཞབས་ན་རེ། ལུང་དེ་ངེས་དོན་ཏེ་འདུལ་བར་མིང་གི་དང་། ཁས་འཆེ་བའི་དང་། སློང་བའི་དང་། ཉོན་མོངས་པ་བཅོམ་པའི་དང་། གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་སྟེ་ལྔ་ལས་ལྔ་པའི་དབང་དུ་བྱས་ཏེ་གསུངས་ཀྱི་དོན་དམ་པའི་དགེ་སློང་ནི་ སྔར་དེར་གྱུར་ཏེ་ཕྱིས་དེ་མིན་པར་འགྱུར་བ་མིན་པས་སོ། །རིགས་པའི་ལན་ཡང་སྟོན་པ་ཉིད་ཀྱིས་ཤིང་ཏ་ལའི་མགོ་བཅད་ན་ཞེས་དཔེར་མཛད་དེ་བཏབ་བོ། །དེ་སྟོན་པས་དགེ་སློང་གི་ལོངས་ སྤྱོད་ཀུན་ལས་བསྐར་ཏེ། དགེ་སློང་མིན་པ་དགེ་སློང་དུ། །སྨྲ་བ་སྲེ་དང་བསལ་བར་གྱིས། །ཤིང་རུལ་པ་ནི་སྤང་བར་གྱིས། སྙིང་པོ་མེད་པ་དོར་བར་གྱིས། །ཞེས་བཀའ་སྩལ་པས་དེ་འདྲའི་དགེ་ སློང་ཅི་འདྲ་ཡིན། །འོ་ན་དགེ་སྦྱོང་བཞི་སྟེ་ལྔ་པ་མེད། ལམ་གྱིས་རྒྱལ་དང་ལམ་སྟོན་དང་། ལམ་གྱིས་འཚོ་དང་ལམ་སུན་འབྱིན། །ཞེས་བཀའ་སྩལ་པའི་ཐ་མ་ཅི་ལྟར་ཞེ་ན། ཤིང་ཚིག་པ་ དང་མི་ཤི་བ་ལྟར་ཤ་ཚུགས་ཙམ་ལུས་པས་སོ། །འོ་ན་འཆལ་ཚུལ་ལས་དགེ་སློང་མིན་པར་འགྱུར་ན་རྩ་ལྟུང་བྱུང་བ་འཆབ་སེམས་མ་སྐྱེས་པ་ལ་དགེ་སློང་མ་ཡིན་ན་བསླབ་པ་སྦྱིན་པའི་ཆོ་ག་མི་འཐད་དོ་ཞེ་ན། 1-595 ལྟུང་བ་བྱུང་ཙམ་གྱིས་ལ་ལ་རྒྱུད་ཀྱི་ཁྱད་པར་ལས་ཡེ་མི་འཆབ་ན་ཕས་ཕམ་པ་མིན་པས་དེ་ལ་ཆོས་ཀྱི་རྗེས་དེ་གནང་སྟེ་ཕས་ཕམ་པ་ནི་ངེས་པར་དགེ་སློང་མ་ཡིན་ནོ། ། དོན་འདི་ལ་འདུལ་བ་ཀུན་ལས་བཏུས་པར་ནི། །སོ་ཤོར་འཐད་པར་བཤད་ཅིང་། འོད་ལྡན་དུ་ཕྱོགས་གཉིས་ཀའི་ལུང་དང་རིགས་པ་བཀོད་དེ་འདིར་ངེས་པ་མ་ཆོད་པར་དེ་ལྟ་བས་ན། དམ་པའི་ ཆོས་འདུལ་བ་ནི་ཟབ་པ་གཏིང་དཔག་དཀའ་བའོ་ཞེས་གསུངས་སོ། །བདུན་པ་ནི་ཚུལ་ཁྲིམས་དང་ནི་ལེགས་སྤྱད་དང་། །ལས་དང་སྡོམ་པ་ཞེས་བྱའོ། །ཞེས་སོ། །བརྒྱད་པ་ནི་སྡིག་པ་ལས་སོ་སོར་ཐར་ ཅིང་ལུས་དང་ངག་སྡོམ་པའི་ཕྱིར་སོ་སོ་ཐར་པའི་སྡོམ་པའོ། །བསིལ་བའི་གནས་ཡིན་པས་ཚུལ་ཁྲིམས་ཏེ། མདོར། ལུས་ལ་ཡོངས་སུ་གདུང་མེད་པས། །ཚུལ་ཁྲིམས་ཡང་དག་བླངས་པ་བདེ། །ཞེས་འབྱུང་ངོ་། །མཁས་ པས་བསྔགས་པས་ན་ལེགས་སྤྱད་དོ། །བྱ་བའི་རང་བཞིན་ཡིན་པས་ལས་སོ། ། གཉིས་པ་གང་ཟག་དཔྱད་པ་ནི། རབ་ཏུ་བྱུང་བའི་སྡོམ་པ་དང་པོ་ལྔ། །ཞེས་ཏེ་སྐྱེ་བ་སྔ་མའི་གོམས་པ་ལས་ ཉེས་སྤྱོད་སྔར་བཤད་པའི་མི་དགེ

【現代漢語翻譯】 我不放棄戒律。在《律藏》中說:『如果比丘向比丘尼宣講破戒之事,則會犯墮罪。』這並非根本墮罪,因為沒有破戒,而且理智也偏向一方,因此不應全部放棄。 1-594 『不是比丘尼,不是修行女』等等,是指並非真正的比丘尼。益西寧布論師說:『該律是就名義上的、自稱的、乞求的、斷煩惱的、通過四次羯磨受具足戒的比丘而言的,即五種比丘中的第五種情況。真正的比丘不會先是那樣,後來又變成不是那樣。』至於理智的回答,佛陀以砍斷棕櫚樹頭為例進行了闡述。佛陀從比丘的所有受用中進行區分,說:『將非比丘說成比丘,混合和區分,拋棄腐爛的樹木,丟棄沒有價值的東西。』那麼,這樣的比丘是什麼樣的呢?或者說,有四種修行者,沒有第五種,即通過道路獲勝、道路引導、道路生活和道路誹謗。』那麼,最後一種是什麼樣的呢?就像燒焦的樹木和死去的人一樣,只剩下血肉之軀。 如果因為破戒而不再是比丘,那麼對於沒有生起隱藏根本墮罪之心的人,如果他不是比丘,那麼給予戒律的儀式是不合理的,是嗎? 1-595 僅僅是犯了墮罪,有些人因為根性的不同,根本不會隱瞞,因此不算犯波羅夷罪,可以給予他佛法的教導;而犯波羅夷罪的人,肯定不是比丘。 關於這個問題,《律藏總集》中說:『允許失去戒律。』《光明論》中列舉了雙方的教證和理證,但在此並未得出定論。因此,神聖的佛法和律藏是深奧且難以測量的。』第七個是戒律、正行、業和誓言。』第八個是遠離罪惡,守護身語意,因此是別解脫戒。因為是清涼之地,所以是戒律。經中說:『因為身體沒有痛苦,所以正確地持戒是快樂的。』因為被智者讚歎,所以是正行。因為是行為的自性,所以是業。第二,觀察補特伽羅:『出家的第一組誓言有五個。』即前世的習氣導致了之前所說的惡行。

【English Translation】 I do not abandon the precepts. In the Vinaya, it is said: ‘If a bhikṣu preaches about the transgressions of a bhikṣuṇī, he will commit a downfall.’ This is not a root downfall because there is no transgression, and reason also leans to one side, so it is not appropriate to abandon everything. 1-594 ‘Not a bhikṣuṇī, not a female ascetic,’ etc., refers to those who are not true bhikṣuṇīs. Master Vasubandhu said: ‘That Vinaya refers to bhikṣus who are nominal, self-proclaimed, begging, destroying afflictions, and fully ordained through four karmas, that is, the fifth of the five types of bhikṣus. A true bhikṣu will not first be that way and later become not that way.’ As for the answer of reason, the Buddha illustrated it with the example of cutting off the head of a palm tree. The Buddha distinguished from all the uses of bhikṣus, saying: ‘Those who speak of non-bhikṣus as bhikṣus, mix and distinguish, discard rotten trees, and discard things that have no value.’ So, what kind of bhikṣu is that? Or rather, there are four types of ascetics, not a fifth, namely, winning through the path, guiding the path, living by the path, and defaming the path.’ So, what is the last one like? Like burnt trees and dead people, only flesh remains. If one becomes a non-bhikṣu due to transgression, then for someone who has not generated the intention to hide a root downfall, if he is not a bhikṣu, then the ritual of giving precepts is not appropriate, is it? 1-595 Merely committing a downfall, some people, due to differences in their nature, will not hide it at all, so it does not count as committing a Pārājika, and he can be given the teachings of the Dharma; while those who commit a Pārājika are definitely not bhikṣus. Regarding this matter, the Compendium of Vinaya says: ‘It is permissible to lose the precepts.’ The Luminous Treatise lists the scriptural and logical proofs of both sides, but no conclusion has been reached here. Therefore, the sacred Dharma and Vinaya are profound and difficult to measure.’ The seventh is precepts, right conduct, karma, and vows.’ The eighth is to be liberated from sins and to guard body, speech, and mind, therefore it is the Prātimokṣa vow. Because it is a place of coolness, it is precepts. The sutra says: ‘Because the body has no suffering, it is happy to take the precepts correctly.’ Because it is praised by the wise, it is right conduct. Because it is the nature of action, it is karma. Second, observing the individual: ‘The first set of vows for ordination has five.’ That is, the habits of previous lives lead to the previously mentioned misdeeds.


་བ་བཅུ་དང་འདོད་པ་མི་ཚངས་པར་སྤྱོད་པ་ལས་དབེན་པར་སྤྱོད་པའི་དབང་དུ་བྱས་ཏེའོ། །དགེ་བསྙེན་ཕ་མའི་སྡོམ་པ་ནི་ཇི་སྲིད་འཚོའི་བར་དུ་ལུས་སོགས་ཀྱི་ཉེས་སྤྱོད་ལས་དབེན་པ་སྟེ། 1-596 དགེ་བསྙེན་སྡོམ་བརྒྱད་དུ། གང་ཕྱིར་ལུས་ངག་མི་དགེ་ལས། །ལྡོག་པ་ཡིད་ཀྱི་དགེ་བ་ལས། །དེ་ཕྱིར་བརྣབ་སེམས་གནོད་པའི་སེམས། །ལྟ་ལས་ལྡོག་རྣམས་གྲུབ་པ་ཡིན། །ཞེས་པ་ལྟར་རོ། །མི་ཚངས་སྤྱོད་ མི་སྤོང་བས་འདོད་པ་ལས་དབེན་པ་མ་ཡིན་པའི་འོ། །བསྙེན་གནས་ནི་ཚེ་གང་དུ་དེ་གཉིས་ཀ་མ་ཡིན་པ་གཉིས་ཀ་ལ་གོམས་པ་མ་བྱས་པའི་དབང་དུ་བྱས་ཏེ་ཉིན་ཞག་པའི་སྡོམ་ པ་ཡིན་པས་སོ། །དེ་ཡང་རིམ་གྱིས་དེ་གཉིས་ཀ་གོམས་པར་བྱེད་པས་སོ། །གསུམ་པ་དགེ་བསྙེན་ཁྱད་པར་དུ་བཤད་པ་ལ་གཉིས་ལས། བསླབ་གྲངས་ལ་དཔྱད་པ་ནི། དགེ་བསྙེན། ཞེས་ཏེ་ཁ་ཅིག་ ཕྱོགས་གཅིག་བླངས་ནས་སློབ་པ་དེ་དགེ་བསྙེན་མིན་ཞེས་སེམས་པས་སོ། །མིང་ཆེན་གྱི་མདོར། བཙུན་པ་ཅི་ཙམ་གྱིས་ན་སྣ་གཅིག་སྤྱོད་པའི་དགེ་བསྙེན་དུ་འགྱུར་བ་ལགས། ཞེས་སོགས་དྲི་བ་དང་། ཆོས་ ཀྱི་རྗེའི་ལན་གྱིས་གཅིག་སྤོང་ན་སྣ་གཅིག་སྤྱོད་པ་དང་། གཉིས་སྤོང་ན་ཕྱོགས་གཅིག་སྤྱོད་པ་དང་། གསུམ་མམ་བཞི་སྤོང་ན་ཕལ་ཆེར་སྤྱོད་པ་དང་། ལྔ་ཆར་སྤྱོད་ན་ཡོངས་སུ་རྫོགས་པའི་དགེ་བསྙེན་ དུ་གསུངས་པའི་ཕྱིར་ལྡན་པ་ཞེས་བྱ་སྟེ་བསླབ་པའི་གཞི་ལྷག་མ་མི་སྲུང་བ་ལ་ལྟོས་ནས་ཚུལ་ཁྲིམས་འཆལ་བའོ། །བསྙེན་གནས་ཡན་ལག་བརྒྱད་མ་ཤི་བར་དུ་རྒྱུན་དུ་བླངས་ཏེ་བསྲུངས་ན་གོ་མིའི་དགེ་བསྙེན་ནོ་ཞེས་གནས་བརྟན་སྡེ་པའི་མན་ངག་གོ ། 1-597 བསླབ་པ་སྣ་ཅིག་ཀྱང་མི་སྤྱོད་ཀྱང་སྐྱབས་གསུམ་འཛིན་པ་བླངས་ན་དགེ་བསྙེན་ཞེས་འདུལ་བར་འབྱུང་ཞེས་བརྒྱད་སྟོང་འགྲེལ་ཆེན་དུའོ། །གང་ཟག་ལ་དཔྱད་པ་ལ་དངོས་ལ་དགེ་བསྙེན་ཉིད་བཀག་སྟེ་ནི་ དགེ་སློང་དང་དགེ་སློང་མ་ལ་བསྙེན་བསྐུར་བྱེད་ཅིང་ཉེ་བར་གནས་པས་དགེ་བསྙེན་ཞེས་བྱ་ན་དེའི་འོས་མིན་པ་སྟེ་བུད་མེད་དང་སྐྱེས་པ་གཉིས་ཀའི་ཉོན་མོངས་ཆེ་བས་དང་རིམ་པ་ལྟར་ བུད་མེད་དང་སྐྱེས་པ་ལ་བསྟེན་པའི་སྐྱོན་དུ་འགྱུར་བས་སོ། །དེ་ལ་ཟ་མ་ནི་རང་བཞིན་གྱིས་ཕོ་མོའི་དབང་པོ་གང་ཡང་མེད་པ། མ་ནིང་དང་པོ་སྟེ། མ་ནིང་ནི་དབང་པོས་དོན་ བྱེད་དགའ་བའི་ཁྱད་པར་སྐྱེད་མི་ནུས་པ་ཕྱི་མ་བཞིའོ་ཞེས་སློབ་དཔོན་རྒྱལ་པོ་སྲས་སོ། །དེ་དག་དང་མཚན་དོན་བྱེད་ནུས་པ་གཉིས་ཅིག་ཆར་ཡོད་པའང་འདྲའོ། །དོན་འདི་ལ་བསྡུ་བར་བསླབ་པ་ སྲུང་བར་བྱེད་པ་རྣམས་ཀྱི་བསོད་ནམས་འཛིན་པ་ནི་མཚུངས་པར་བཤད་དོ། །སྐྱབས་སུ་འགྲོ་བའི་དགེ་བསྙེན་མ་བཀག་ཅེའོ། ། ཞར་བྱུང་ནི་མ་ནིང་ལྔ་སྟེ་སྐྱེས་ནས་ནི་མངལ་དུ་ཕོ་མོའི་དབང་པོ་ མེད་པའོ། །ཕྲག་དོག་ཅན་ནི་གཞན་གྱིས་བུད་

【現代漢語翻譯】 受持十戒並遠離非梵行(不凈性行為)的行為被認為是優婆塞(近事男)的特點。優婆夷(近事女)的戒律是在一生中避免身體等的不良行為。 關於八關齋戒,如《律經》所說:『因為身體和語言遠離不善,內心行善,所以遠離貪婪和有害之心,這些都是成就。』因此,不放棄性行為就不是遠離慾望。齋戒是指在一天一夜裡不習慣這兩種行為(指性行為和非時食)。這是逐漸習慣這兩種行為的方式。 第三,關於優婆塞的特殊解釋,分為兩部分。首先,考察所學戒條的數量。有些人認為只接受一部分戒律就不是優婆塞。在《名大經》中,有人問:『比丘要做到什麼程度才能成為只行一種行為的優婆塞?』法主的回答是:『如果放棄一種,就是隻行一種;如果放棄兩種,就是隻行一部分;如果放棄三種或四種,就是幾乎全部;如果五種都放棄,就是完全的優婆塞。』因此,『具備』意味著相對於不守護剩餘的學處而言,就是破戒。如果終生受持八關齋戒,那就是高米(Gomi)的優婆塞,這是上座部(Sthavira)的教誨。 《八千頌般若經釋》中說:『即使不實行任何學處,只要受持三皈依,在律藏中也稱為優婆塞。』關於考察對象,實際上禁止了比丘成為優婆塞,因為比丘侍奉和親近比丘,所以被稱為優婆塞,但這並不合適,因為男女的煩惱都很大,而且會依次成為侍奉女性和男性的過錯。對於扎瑪(Zama),是指天生沒有男女性器官的人,是最初的瑪寧(maning,梵文:napumsaka, नपुंसक,napumsaka,無性人)。瑪寧是指性器官無法產生令人愉悅的功能差別的人,是後面的四種。教師嘉波色(Gyalpo Se)說,那些同時具有性功能和性器官的人也是如此。對於這一點,守護學處的人們的福德是相同的。沒有禁止皈依的優婆塞。 順便說一下,有五種瑪寧:天生沒有男女性器官;嫉妒者,是指嫉妒他人妻子的人。

【English Translation】 Taking the ten precepts and practicing abstinence from non-celibate conduct (impure sexual behavior) is considered a characteristic of a Upasaka (layman). The precepts of a Upasika (laywoman) are to refrain from bad actions of body, etc., for as long as life lasts. Regarding the eight precepts, as stated in the Vinaya Sutra: ‘Because body and speech turn away from the unwholesome, and the mind engages in virtue, therefore, turning away from covetousness and harmful thoughts, these are accomplishments.’ Therefore, not abandoning sexual conduct is not abstaining from desire. Fasting means not being accustomed to both of these behaviors (referring to sexual conduct and eating at improper times) for one day and one night. This is a way to gradually become accustomed to both of these behaviors. Third, regarding the special explanation of Upasaka, it is divided into two parts. First, examining the number of precepts to be learned. Some people think that taking only a part of the precepts is not an Upasaka. In the ‘Great Name Sutra,’ someone asked: ‘To what extent does a Bhikshu become an Upasaka who practices only one behavior?’ The Dharma Lord’s answer is: ‘If one abandons one, it is practicing only one; if one abandons two, it is practicing only a part; if one abandons three or four, it is almost all; if all five are abandoned, it is a complete Upasaka.’ Therefore, ‘possessing’ means that relative to not guarding the remaining precepts, it is breaking the precepts. If one takes and keeps the eight precepts continuously until death, that is a Gomi Upasaka, which is the teaching of the Sthavira. The ‘Great Commentary on the Eight Thousand Verse Prajnaparamita Sutra’ says: ‘Even if one does not practice any precepts, as long as one takes refuge in the Three Jewels, it is called an Upasaka in the Vinaya.’ Regarding examining the object, it is actually forbidden for a Bhikshu to become an Upasaka, because a Bhikshu serves and is close to Bhikshus, so he is called an Upasaka, but this is not appropriate, because the afflictions of both men and women are great, and it would sequentially become the fault of serving women and men. For Zama, it refers to a person who is born without male or female sexual organs, the first Maning (梵文:napumsaka, नपुंसक,napumsaka,eunuch). Maning refers to the latter four who are unable to produce the difference of pleasurable function with sexual organs. Teacher Gyalpo Se said that those who simultaneously have both sexual function and sexual organs are also the same. For this point, the merits of those who guard the precepts are said to be the same. Taking refuge Upasaka is not forbidden. Incidentally, there are five types of Maning: those who are born without male or female sexual organs; the jealous, referring to those who are jealous of other people’s wives.


མེད་ལ་ལོངས་སྤྱོད་པ་མཐོང་སྟེ་ཕྲག་དོག་སྐྱེས་པས་སྐྱེས་པར་འགྱུར་བའོ། །ཟླ་བ་ཕྱེད་པ་ནི་དཀར་ཕྱོགས་སམ་ནག་ཕྱོགས་ལ་སྐྱེས་པར་འགྱུར་བའོ། །བླུགས་པ་ནི་ཁ་སོགས་སུ་མི་གཙང་བ་བླུགས་པ་ན་སྐྱེས་པར་འགྱུར་བ་སྟེ། 1-598 ཨཱ་སིཀ་ཏ་ཞེས་པ་བསྒྱུར་བའོ། །ཨཱ་སཀ་ཏ་ཞེས་པ་མཁྱུད་ནས་ལྡང་བར་འདུལ་བར་རོ། །ཉམས་པ་ནི་བཅད་པ་སོགས་སོ། །བསྡུ་བར་དང་པོ་ཟ་མ་དང་མ་ནིང་ཡང་ཡིན་ལ་བར་མ་ གསུམ་མ་ནིང་ཁོ་ན་སྟེ། ལྔ་པ་ཕ་རོལ་པོས་བདག་སུན་འབྱིན་པར་མི་བྱེད་ན་ཟ་མ་ཁོ་ན་དང་སུན་འབྱིན་པར་བྱེད་ན་གཉིས་ཀ་སྟེ། དེ་གསུམ་ནི་སྤོང་དང་ཕྱོགས་གཅིག་གི་དང་། ཉམས་པའི་མ་ནིང་དུ་གསུངས་སོ། །བསམ་གཏན་གྱི་སྡོམ་པ་ལ་གསུམ་ལས་དངོས་པོ་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུ་འདོད་ཁམས་ཀྱི་ཉོན་མོངས་དང་ཉེ་བའི་ཉོན་མོངས་ཀྱི་ས་བོན་རྣམ་པར་གནོན་ པའི་གཉེན་པོས་འཇོམས་ན་འདོད་པ་ལས་ཕྱོགས་གཅིག་ལས་འདོད་ཆགས་དང་བྲལ་བས་ཀྱང་སྤོང་བ་ནས་གསུམ་པ་ལས་ཆགས་བྲལ་གྱི་བར་གྱིས་རིང་དུ་བྱེད་པའི་གཉེན་པོས་སྤོང་བའོ། །གཟུགས་མེད་ན་གཟུགས་ མེད་པས་དེའི་ངོ་བོ་ཅན་གྱི་སྡོམ་པ་མེད་དོ། །འདི་ནི་བྱེ་བྲག་སྨྲ་བ་དང་སྒོ་བསྟུན་པ་སྟེ་རྣམ་པར་བཤད་པའི་སྒོ་བསྡུ་བར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་བསམ་གཏན་གྱི་ སྡོམ་པ་དང་ཞེས་གསུངས་སོ། །འཐོབ་ཚུལ་ནི། བསམ་གཏན་ལས་སྐྱེས་བསམ་གཏན་གྱི། །ས་ཉིད་ཀྱིས་ཐོབ་ཅེས་ཏེ་ཟག་བཅས་ཀྱི་དངོས་གཞིའམ་ཉེར་སྡོགས་ཐོབ་པས་འཐོབ་བོ། །གཏོང་རྒྱུ་ནི། བསམ་གཏན་གཏོགས་པའི་དགེ་བ་གཟུགས་ཅན་དང་དེ་མིན་པ་ནི། ། 1-599 ས་འཕོས་ཉམས་པ་དག་གིས་གཏོང་། །དེ་བཞིན་གཟུགས་མེད་གཏོགས་ཞེས་ཏེ་ས་འོག་ཏུ་སྐྱེ་བའམ་སྙོམས་འཇུག་ལས་ཉམས་པས་སོ། །ཡང་སོ་སོའི་སྐྱེ་བོ་སྦྱོར་ལམ་བཟོད་པའི་བར་སྐྱེད་པ་དེ་འདོད་ཁམས་ སུ་ཤི་ནས་དེ་ཉིད་དུ་སྐྱེ་བ་ན་མ་འཕོས་ཀྱང་ཤི་བས་གཏོང་སྟེ། འཕགས་པས་དེ་དག་ས་བོར་བས། །གཏོང་འགྱུར་འཕགས་མིན་འཆི་འཕོ་བས། །ཞེས་སོ། །ཟག་མེད་ཀྱི་སྡོམ་པ་ལ་ཡང་གསུམ་ ལས་དངོས་པོ་ནི། བདེན་པ་མཐོང་བའི་གང་ཟག་གི་ཟག་མེད་ཀྱི་ཡིད་བྱེད་འཇིག་རྟེན་ལས་འདས་པའི་ལམ་གྱི་ཚུལ་ཁྲིམས་འཆལ་བའི་ས་བོན་སྤངས་པ། འཕགས་པ་དགྱེས་པའི་ཚུལ་ཁྲིམས་སོ། །འཐོབ་ཚུལ་ ཟག་མེད་ནི། འཕགས་དེ་ཞེས་ཏེ་བསམ་གཏན་ས་དྲུག་ཏིང་ངེ་འཛིན་ཟག་མེད་དང་ལྷན་ཅིག་འབྱུང་བས་འཐོབ་བོ། །གཏོང་རྒྱུ་ནི། འཕགས་པ་འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། ཞེས་ཏེ། འབྲས་བུ་གོང་ མ་ཐོབ་པས་སྔ་མའི་ལམ་དང་དབང་པོ་སྦྱངས་པས་རྟུལ་འབྲིང་གི་ལམ་དང་ཉམས་པ་ལས་ལམ་གོང་མ་གཏོང་ངོ་། །འདིར་སྡོམ་པའི་མིང་ཅན་གཞན་བཤད་ན། བསྡུ་བར་མི་དགེ་བ་བཅུ་ཕྱོགས་གཅིག་ སྤོང་བ་བཅུ་དང་ཕལ་ཆེར་སྤོང་བ་བཅུ་དང་ཀུན་སྤོང་བ་བཅ

【現代漢語翻譯】 看到沒有財產的人享受而產生嫉妒,就會導致轉生。 半月是指轉生在白分月或黑分月。 傾倒是指在嘴等處傾倒不潔之物時會導致轉生。 『阿悉迦達』(Āsikatā)是翻譯過來的。 『阿薩迦達』(Āsakatā)是指彎腰站起來進行調伏。 『衰退』是指被砍斷等。 關於『集合』,最初是『扎瑪』(zā ma,女性)和『瑪寧』(ma ning,人妖),中間三個只是『瑪寧』,第五個是如果對方不讓我難堪,就只是『扎瑪』,如果讓我難堪,兩者都是。這三個是捨棄和單方面的,被認為是衰退的『瑪寧』。 關於禪定的戒律,從三個方面來說,本體是:以破壞行為的戒律之因,欲界的煩惱和近煩惱的種子,通過壓制的方式來摧毀,從慾望中單方面地,通過遠離慾望,從捨棄到第三個,通過遠離貪慾的方式來遠離。在無色界,因為沒有色,所以沒有具有其性質的戒律。 這與分別說部(Byebrak Smra Ba)的觀點一致,爲了總結解釋的要點,在有色和無色界,行為被稱為禪定的戒律。 獲得方式是:從禪定中產生,屬於禪定,通過土地本身獲得,即通過獲得有漏的本體或近取因來獲得。 捨棄的原因是:屬於禪定的有色善法和非有色善法,通過土地轉移和衰退來捨棄。同樣,屬於無色界,即在地獄轉生或從等持中衰退。 此外,異生凡夫在加行道和忍位之間增長,如果死在欲界並轉生在那裡,即使沒有轉移,也會因為死亡而捨棄。聖者捨棄這些土地。聖者會捨棄,非聖者會因死亡而轉移。 關於無漏的戒律,從三個方面來說,本體是:見到真諦之人的無漏作意,超越世間的道的戒律,捨棄了破壞行為的種子,是聖者喜悅的戒律。 獲得方式是:聖者,即在六禪定地與無漏定一起產生而獲得。 捨棄的原因是:聖者獲得果位,通過修習先前的道和根器,捨棄了鈍根和中根的道,以及從衰退中捨棄了更高的道。 這裡解釋其他名為戒律的事物:總結來說,單方面捨棄十不善業是十種,大部分捨棄是十種,全部捨棄是十種。

【English Translation】 Seeing someone without possessions enjoying themselves and becoming jealous leads to rebirth. Half-month refers to being born in the white or black half of the month. Pouring refers to being born when unclean things are poured into the mouth, etc. ‘Āsikatā’ is the translated term. ‘Āsakatā’ refers to bending over and standing up to subdue. ‘Decay’ refers to being cut off, etc. Regarding ‘collection’, initially it is ‘zā ma’ (female) and ‘ma ning’ (hermaphrodite), the middle three are only ‘ma ning’, and the fifth is if the other person does not embarrass me, it is only ‘zā ma’, and if they do embarrass me, it is both. These three are abandonment and one-sided, and are considered decaying ‘ma ning’. Regarding the discipline of meditation, from three aspects, the substance is: the cause of the discipline of misconduct, the seeds of afflictions and near afflictions of the desire realm, destroyed by suppressing them, abandoning from desire one-sidedly, through detachment from desire, from abandonment to the third, abandoning through the means of distancing oneself from attachment. In the formless realm, because there is no form, there is no discipline with its nature. This is consistent with the view of the Vaibhāṣika (Byebrak Smra Ba) school, in order to summarize the key points of explanation, in the realms of form and formlessness, behavior is called the discipline of meditation. The way to obtain it is: arising from meditation, belonging to meditation, obtained through the land itself, that is, obtained by obtaining the defiled substance or proximate cause. The reasons for abandoning are: virtuous dharmas with form and without form belonging to meditation, abandoned through land transfer and decay. Similarly, belonging to the formless realm, that is, being born in a lower realm or decaying from equanimity. Furthermore, ordinary beings increase between the path of application and forbearance, and if they die in the desire realm and are reborn there, even if they have not transferred, they will abandon due to death. The noble ones abandon these lands. Noble ones will abandon, and non-noble ones will transfer due to death. Regarding the undefiled discipline, from three aspects, the substance is: the undefiled attention of the person who sees the truth, the discipline of the path that transcends the world, abandoning the seeds of misconduct, it is the discipline that pleases the noble ones. The way to obtain it is: the noble one, that is, obtained by arising together with the undefiled concentration in the six meditation grounds. The reasons for abandoning are: the noble one obtains the fruit, through practicing the previous path and faculties, abandoning the dull and medium paths, and abandoning the higher path from decay. Here, other things called discipline are explained: in summary, abandoning ten non-virtuous actions on one side is ten, mostly abandoning is ten, and completely abandoning is ten.


ུ་དང་། ཉིན་ཞག་ནས་ལོའི་བར་དུ་ཡུན་ཐུང་ངུ་སྤོང་བ་བཅུ་དང་། ལོ་ཕན་ཆད་ཡུན་རིང་དུ་སྤོང་བ་བཅུ་དང་། ཇི་སྲིད་འཚོ་བའི་བར་དུ་སྤོང་བ་བཅུ་དང་། 1-600 རང་ཉིད་སྤོང་བ་བཅུ་དང་། གཞན་སྤོང་དུ་འཇུག་པ་བཅུ་དང་། སྤོང་བ་ལ་བསྔགས་པ་དུ་མ་བརྗོད་པ་བཅུ་དང་། སྤོང་བ་མཐོང་ན་དགའ་ཞིང་ཡི་རང་བ་བཅུ་སྟེ་སྡོམ་པ་བླང་བ་བརྒྱར་ གཏོགས་པ་དང་། ཀུན་ནས་སློང་བའི་སྡོམ་པ་སྤོང་བ་ལེན་པའི་ཀུན་སློང་དང་། ཡོངས་སུ་འཛིན་པའི་སྡོམ་པ་སྤོང་བ་ལེན་པ་དང་། ཀུན་ཏུ་སྲུང་བའི་སྡོམ་པ་དེ་ཕན་ཆད་སྤོང་བའི་སེམས་པ་ རྟག་ཏུ་ས་བོན་དང་ལྡན་པ་རེས་མངོན་དུ་འགྱུར་བས་ཇི་ལྟར་བླངས་པ་སྲུང་བ་དང་ཕྱིས་ལེན་པའི་སྡོམ་པ་གལ་ཏེ་སྡིག་པ་སྤྱད་ན་མྱུར་བར་འཆགས་ཤིང་སླར་སྡོམ་པ་དང་། སྡོམ་པ་ ཆུང་ངུ་ལས་ལམ་ཕྱོགས་གཅིག་དང་། དུས་ཐུང་ངུ་དང་རང་ཉིད་སྤོང་བ་ཙམ་དང་། སྡོམ་པ་འབྲིང་ཕལ་ཆེར་དང་། དུས་རིང་དུ་དང་རང་ཉིད་སྤོང་ཞིང་གཞན་ཡང་སྤོང་དུ་འཇུག་པ་དང་། སྡོམ་པ་ ཆེན་པོ་ཀུན་དང་ཇི་སྲིད་འཚོ་བར་དུ་དང་རང་སྲུང་བ་སོགས་བཞི་ཅན་དང་ཡོངས་སུ་དག་པའི་སྡོམ་པ་སྡོམ་པ་བླངས་པས་སྐྱོན་མེད་པས་འགྱོད་པ་མེད་པའི་རྒྱུས་བསམ་གཏན་དང་ཟག་མེད་ ཐོབ་པ་སྟེ་བརྒྱད་གསུངས་སོ། །དེ་རྣམས་ཐེག་ཆེན་པའི་དབང་དུ་བྱས་པ་སྟེ། ཉན་ཐོས་པས་ཡིད་ཀྱི་གསུམ་སྤོང་བར་མི་འདོད་པས་དང་། སེམས་ཅན་དང་ཡན་ལག་དང་ཡུལ་དང་དུས་དང་འཐབ་མོའི་ཚེ་མི་སྲུང་ཞེས་པ་ལྟ་བུ་ཚེ་ངེས་པ་ཅན་སྡོམ་པ་མིན་གྱི་ལེགས་པར་སྤྱད་པ་ཙམ་དུ་འདོད་པས་སོ། ། 1-601 རྩ་བའི་ལུང་དུ། ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་དང་། གང་ཡང་མིག་གི་དབང་པོ་སྡོམ་པས་བསྡམས། ཞེས་བཀའ་སྩལ་པས་ཡིད་དང་དབང་པོའི་སྡོམ་པ་དྲན་ པ་དང་ཤེས་བཞིན་དག་པའི་ངོ་བོ་ཅན་གཉིས་ཏེ། ཤེས་བཞིན་དང་ནི་དྲན་དག་གཉིས། །ཡིད་དང་དབང་པོའི་སྡོམ་པའོ། །ཞེས་སོ། །ཡང་སྒོམ་བྱུང་གི་སྡོམ་པ་གཉིས་སྤོང་བའི་སྡོམ་པ་ཞེས་པར་ཡང་ འགྱུར་ཏེ། ཐ་མ་གཉིས་ནི་སེམས་རྗེས་འབྲང་། །བར་ཆད་མེད་ལམ་སྐྱེས་ཏེ་གཉིས། །མི་ལྕོག་མེད་ལ་སྤོང་ཞེས་བྱ། །ཞེས་སོ། ། སྡོམ་མིན་ལ་ལྔ་ལས་དངོས་པོ་ནི་ཤན་པ་ཕྱུགས་བསད་དེ་བཙོངས་པས་ འཚོ་བའོ། །ཕག་གིས་འཚོ་བ་སོགས་ཀྱང་དེ་དང་འདྲའོ། །བོང་རྒྱས་འཆོར་བ་ནི་རི་བོང་རྒྱས་གསོད་པ་སྟེ་རྒྱལ་པོ་སྲས་ནི་བ་གུང་རི་ཞེས་གྲགས་པའི་སྲོག་ཆགས་བམ་པ་ཞེས་པ་གསོད་པའོ་ ཞེས་འཆད་དོ། །ཆོམ་རྐུན་ནི་མ་བྱིན་ལེན་བྱེད་པའོ། །གཤེད་མ་ནི་རྒྱལ་པོའི་གསད་བྱའི་མི་གསོད་པའོ། །གླང་པོ་འཛིན་ཅིང་འདུལ་བའོ། །སྦྲུལ་གྱིས་འཚོ་བ་ནི་སྤྲེའུ་པ་ལྟ་བུའོ། །ཉན་རྣ་བ་ནི་ འདམ་པོ་དང་གླང་པོ་སོགས་ཕྲ་མ་བྱས་ཏེ་འཚོ་བའོ། །མདོར་ན་གནོད་པ་

【現代漢語翻譯】 十種從日夜到年的短時間放棄,十種從年到更長時間的放棄,十種直至生命盡頭的放棄。 十種自己放棄,十種勸他人放棄,十種讚美放棄的功德,十種見到放棄心生歡喜並隨喜,總共屬於受持戒律的一百種。 發起戒律是發起受持戒律的動機,完全受持戒律是受持放棄,恒常守護戒律是此後放棄的心念,總是具有種子並且時常顯現,因此如何受持就如何守護,以及後來受持的戒律,如果犯了罪惡,要迅速懺悔並重新受戒。 小戒律只是一條道路,時間短暫,只是自己放棄;中等戒律是大部分,時間長久,自己放棄也勸他人放棄;大戒律是全部,直至生命盡頭,自己守護等四種,以及完全清凈的戒律,受持戒律沒有過失,因此沒有後悔的因由,獲得禪定和無漏,總共宣說了八種。這些都是就大乘而言的,因為聲聞乘不希望放棄意三業,並且對於眾生、肢體、處所、時間和爭鬥時不守護等,認為是有定數的生命,不是戒律,只是善行而已。 根本的經文中說:『意的戒律是好的,在一切處戒律都是好的。』以及『以正念守護眼根』,因此意和根的戒律是正念和正知二者的體性,即:『正知和正念二者,是意和根的戒律。』此外,從修所生的戒律也可以轉變為放棄的戒律,最後的兩種是隨心而行,無間道生起,是不可動搖的放棄。 非戒律有五種,事物是屠夫宰殺牲畜並出售為生。以豬為生等也與此相同。兔子膨脹是殺死兔子,國王的兒子是殺死被稱為『哇滾日』的動物。盜賊是偷盜。劊子手是殺死國王要殺的人。捕捉和馴服大象。以蛇為生就像耍猴人。搬弄是非是通過挑撥離間來謀生,例如挑撥離間官員和大象等。總之,有害的。

【English Translation】 Ten types of abandonment for a short time, from days and nights to years; ten types of abandonment from years onwards for a long time; and ten types of abandonment until the end of life. Ten types of self-abandonment, ten types of causing others to abandon, ten types of praising the merits of abandonment, and ten types of rejoicing and being delighted upon seeing abandonment, totaling one hundred that belong to taking vows. Initiating vows is the motivation for initiating the taking of vows; completely upholding vows is taking abandonment; constantly guarding vows is the mind of abandonment from then on, always possessing the seed and constantly manifesting, therefore, how one takes them is how one guards them, and the vows taken later, if one commits sins, one should quickly confess and retake the vows. Small vows are only one path, for a short time, only self-abandonment; medium vows are most, for a long time, self-abandonment and also causing others to abandon; great vows are all, until the end of life, self-guarding, etc., with four qualities, and completely pure vows, taking vows without fault, therefore without cause for regret, attaining meditation and non-outflow, thus eight types were spoken. These are all in terms of the Great Vehicle, because the Hearers do not wish to abandon the three mental actions, and regarding not guarding beings, limbs, places, times, and times of strife, they consider it to be a life with a fixed number, not vows, but merely good conduct. In the root scripture, it says: ‘The vow of the mind is good, in all places vows are good.’ And ‘Guarding the eye faculty with mindfulness,’ therefore the vows of the mind and faculties are the nature of mindfulness and clear knowing, namely: ‘Clear knowing and mindfulness, are the vows of the mind and faculties.’ Furthermore, vows born from meditation can also be transformed into vows of abandonment, the last two follow the mind, the uninterrupted path arises, it is the unshakeable abandonment. Non-vows are of five types, the thing is a butcher slaughtering livestock and selling them for a living. Living by pigs, etc., is also the same as this. Rabbit swelling is killing rabbits, the king’s son is killing animals called ‘wa gun ri’. Thieves are stealing. Executioners are killing people to be killed by the king. Capturing and taming elephants. Living by snakes is like monkey performers. Slander is making a living by sowing discord, such as sowing discord between officials and elephants, etc. In short, it is harmful.


བྱེད་པ་སྟེ་མཛོད་འགྲེལ་དུ་རྒྱལ་པོ་དང་བློན་པོ་དང་ཤགས་ཟན་པ་རྣམས་ཀྱང་དོན་གྱིས་སྡོམ་པ་མ་ཡིན་པ་ཅན་ནོ། ། 1-602 ཞེས་དང་། རིན་ཆེན་ཕྲེང་བར། ཉམས་ཆུང་བཙོན་རྣམས་གཏང་བར་མཛོད། །འགའ་ཡང་མི་གཏང་མེད་པར་མཛོད། །ཁྱོད་ནི་གང་ལ་གཏོང་སེམས་མེད། །དེ་ལས་སྡོམ་པ་མིན་པ་སྐྱེ། །ཞེས་གསུངས་སོ། །དེ་ལྟ་བུའི་ སྡོམ་པ་མ་ཡིན་པ་ཅན་གྱི་གང་ཟག་རྣམས་ཀྱི་སེམས་ཅན་ལ་གནོད་པ་བྱ་བའི་སེམས་པ་ས་བོན་དང་མངོན་གྱུར་གང་ཡིན་པའོ། །འཐོབ་ཚུལ་ནི་སྡོམ་མིན་ཅན་དེ་རྣམས་ཀྱི་ལས་དེའི་རིགས་ ཅན་རྣམས་སྐྱེས་པས་སམ་གཞན་གྱི་རིགས་ཅན་རྣམས་བླངས་པས་དེའི་ལས་གསོད་རྐུ་སོགས་སྤྱད་པར་ངེས་པ་སྟེ། སྡོམ་པ་མིན་པ་བྱ་བའམ། །ཁས་ལེན་པ་ལས་ཐོབ་པར་འགྱུར། །ཞེས་སོ། །གཏོང་རྒྱུ་ནི་ སྡོམ་མིན་སྡོམ་པ་ཐོབ་པ་དང་། །ཤི་དང་མཚན་གཉིས་བྱུང་བ་ལས་ཞེས་པའོ། །འོ་ན་དེས་བསྙེན་གནས་བསྲུངས་ཏེ་དེ་བཏང་བ་ན་སྡོམ་མིན་དུ་འགྱུར་རམ་བར་མར་འགྱུར་ཞེ་ན། ཁ་ཅིག་གཏན་ དུ་གཏོང་སེམས་མེད་པས་སྡོམ་མིན་དུ་འགྱུར་ཏེ། ལྕགས་གོང་འབར་ཡང་སྔོན་པོར་འགྱུར་བ་ལྟར་སྨྲའོ། །གཞན་ནི་སྡོམ་མིན་གྱི་སྦྱོར་བ་མི་བྱེད་ན་མི་འགྱུར་བར་སྨྲའོ། །འོ་ན་སྡོམ་མིན་ཅན་གྱིས་ བསླབ་པའི་གནས་གཉིས་སམ་གསུམ་བླངས་ན་ཅི་ལྟར་ཞེ་ན། བྱེ་བྲག་སྨྲ་བ་ནི་སྡོམ་མིན་ལ་མ་ཚང་བ་དང་ཉི་ཚེ་བ་ཡེ་མེད་པས་དེ་ལ་སྡོམ་པ་མེད་པར་སྨྲའོ། །མདོ་སྡེ་པ་ནི་ཇི་ལྟར་ཁས་བླངས་པ་ལྟར་སྡོམ་མིན་དང་བརྒྱད་བོར་བའི་སྡོམ་པའང་མ་ཚང་བ་དང་ཉི་ཚེ་བའང་ཡོད་དེ་ཚུལ་ཁྲིམས་དང་འཆལ་ཚུལ་དེ་ཙམ་གྱི་གགས་བྱེད་པའི་ཕྱིར་ཞིང་དེས་ན་དེ་ལ་གཉིས་ཀ་ཡོད་པར་སྨྲ་སྟེ་སྡོམ་པར་གཏོགས་པའི་བརྒྱའི་ལ་ལ་དང་མཐུན་ནོ། ། 1-603 རྣམ་གྲངས་ནི། སྡོམ་པ་མིན་དང་ཉེས་སྤྱད་དང་། །འཆལ་བའི་ཚུལ་ཁྲིམས་ལས་དེའི་ལམ། །ཞེས་ཏེ་ངེས་ཚིག་ནི་རིམ་པ་ལྟར་ལུས་ངག་མི་སྡོམ་པས་དང་། དམ་པ་རྣམས་ཀྱིས་སྨད་པས་དང་། འབྲས་བུ་ མི་འདོད་པའི་ཕྱིར་དང་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཡིན་པས་དང་། ལུས་དང་ངག་གི་ལས་ཡིན་པས་དང་། དངོས་ཀྱིས་བསྡུས་པས་ན་ལས་ལམ་ཞེས་བཤད་དོ། ། བར་མ་ལ་བཞི་ལས། དང་པོ་ལ་ བར་མ་ལ་ལྔ་རུ་བྱས་དེ་ལ་ནས་པོ་ཞེས་པའི་བར་ཚེག་བར་དགུ་བོར་ནས་ཀག་རོ་ལྟར་བཤད་ན་བདེའོ། དངོས་དང་ཞར་བྱུང་གཉིས་ལས། དང་པོ་ནི་སྡོམ་པ་དང་། སྡོམ་མིན་ལ་མི་ གནས་པའི་གང་ཟག་གི་ཡིད་དང་། ལུས་ངག་གི་ལས་དགེ་བ་སྦྱིན་པ་དང་། སྙན་པ་སྨྲ་བ་སོགས་དང་མི་དགེ་བ་ཁུ་ཚུར་དང་། ཐལ་ལྕག་རྡེག་པ་སོགས་ཐམས་ཅད་ཡིན་པར་བསྡུ་བར་གསུངས་ སོ། །དེ་ལ་སྡོམ་པ་ནི་སྔར་བཤད་པ་ལྟར་རྟེན་དང་སྤང་བྱ་དང་དུས་ངེས་ཤིང་སྡོམ་མིན་ཅན་ལ་མི་སྐྱེ་ལ། དེ་ལས་བཟློག་པ་བར་མའི་དགེ་བ་སྟེ་དེས་སྡོམ་མིན་ད

【現代漢語翻譯】 『བྱེད་པ་སྟེ་མཛོད་འགྲེལ་དུ་རྒྱལ་པོ་དང་བློན་པོ་དང་ཤགས་ཟན་པ་རྣམས་ཀྱང་དོན་གྱིས་སྡོམ་པ་མ་ཡིན་པ་ཅན་ནོ། །』(意思是:在《俱舍論釋》中,國王、大臣和爭吵者實際上也是非律儀者。) 『ཞེས་དང་། རིན་ཆེན་ཕྲེང་བར། ཉམས་ཆུང་བཙོན་རྣམས་གཏང་བར་མཛོད། །འགའ་ཡང་མི་གཏང་མེད་པར་མཛོད། །ཁྱོད་ནི་གང་ལ་གཏོང་སེམས་མེད། །དེ་ལས་སྡོམ་པ་མིན་པ་སྐྱེ། །ཞེས་གསུངས་སོ། །』(意思是:如《寶鬘論》所說:『釋放弱小的囚犯,不要有任何不釋放的。你對誰沒有釋放之心,由此產生非律儀。』) 如上所述,非律儀者的眾生,其損害眾生的心念,無論是種子還是顯現。 獲得方式是,這些非律儀者,通過產生同類業,或者接受其他種類的業,從而決定從事殺生、偷盜等行為。即從從事或承諾非律儀中獲得。 捨棄的原因是,獲得律儀或死亡以及二者同時發生。 如果有人守護齋戒,捨棄後會變成非律儀還是中間狀態呢?有些人認為,因為永遠沒有捨棄之心,所以會變成非律儀,就像燃燒的鐵塊也會變成藍色一樣。另一些人認為,如果不從事非律儀的行為,就不會改變。 如果非律儀者受持兩項或三項學處,那又如何呢?分別說者認為,因為非律儀沒有圓滿和少分,所以認為其沒有律儀。經部宗認為,如同所承諾的那樣,非律儀和捨棄八支的律儀也有圓滿和少分,因為能阻礙戒律和邪淫,因此認為其二者兼有,與屬於律儀的某些部分相符。 『རྣམ་གྲངས་ནི། སྡོམ་པ་མིན་དང་ཉེས་སྤྱད་དང་། །འཆལ་བའི་ཚུལ་ཁྲིམས་ལས་དེའི་ལམ། །ཞེས་ཏེ་ངེས་ཚིག་ནི་རིམ་པ་ལྟར་ལུས་ངག་མི་སྡོམ་པས་དང་། དམ་པ་རྣམས་ཀྱིས་སྨད་པས་དང་། འབྲས་བུ་མི་འདོད་པའི་ཕྱིར་དང་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཡིན་པས་དང་། ལུས་དང་ངག་གི་ལས་ཡིན་པས་དང་། དངོས་ཀྱིས་བསྡུས་པས་ན་ལས་ལམ་ཞེས་བཤད་དོ། །』(意思是:名稱有:非律儀、惡行、邪淫之戒。詞義依次是:因為身語不調伏,被聖者呵責,不想要果報,是戒律的相違品,是身語之業,被實事所攝,所以說是業道。) 中間狀態有四種,第一種分為五類,將『那』和『布』之間的九個點去掉,像『卡若』一樣解釋就容易理解了。分為實體和附帶兩種,第一種是指不住于律儀和非律儀者的意、身語之業,善業包括佈施、說悅耳之語等,不善業包括拳打腳踢等一切行為。 其中,律儀如前所述,有所依、所斷、時間限定,且非律儀者不會生起。與此相反的是中間狀態的善業,因此非律儀…

【English Translation】 『བྱེད་པ་སྟེ་མཛོད་འགྲེལ་དུ་རྒྱལ་པོ་དང་བློན་པོ་དང་ཤགས་ཟན་པ་རྣམས་ཀྱང་དོན་གྱིས་སྡོམ་པ་མ་ཡིན་པ་ཅན་ནོ། །』 (Meaning: In the Abhidharmakosha commentary, kings, ministers, and quarrelsome people are also actually those without vows.) 『ཞེས་དང་། རིན་ཆེན་ཕྲེང་བར། ཉམས་ཆུང་བཙོན་རྣམས་གཏང་བར་མཛོད། །འགའ་ཡང་མི་གཏང་མེད་པར་མཛོད། །ཁྱོད་ནི་གང་ལ་གཏོང་སེམས་མེད། །དེ་ལས་སྡོམ་པ་མིན་པ་སྐྱེ། །ཞེས་གསུངས་སོ། །』 (Meaning: As stated in the Ratnavali: ‘Release the weak prisoners; do not leave any unreleased. From whom you have no intention to release, from that arises non-discipline.’) As mentioned above, the beings of non-discipline, their intention to harm sentient beings, whether seed or manifestation. The way to obtain it is that these non-disciplined ones, through generating similar types of karma, or accepting other types of karma, thereby deciding to engage in killing, stealing, and other actions. That is, it is obtained from engaging in or promising non-discipline. The reason for abandoning it is obtaining discipline, or death, or both occurring simultaneously. If someone observes the fast, and abandons it, will they become non-disciplined or an intermediate state? Some believe that because there is never an intention to abandon, they will become non-disciplined, just as a burning iron block will also turn blue. Others believe that if they do not engage in non-disciplined actions, they will not change. If a non-disciplined person takes two or three training precepts, what then? The Vaibhashikas believe that because non-discipline has no completeness or partiality, they believe that it has no discipline. The Sautrantikas believe that, as promised, non-discipline and the discipline of abandoning the eight branches also have completeness and partiality, because they can hinder morality and adultery, therefore they believe that it has both, in accordance with some parts belonging to discipline. 『རྣམ་གྲངས་ནི། སྡོམ་པ་མིན་དང་ཉེས་སྤྱད་དང་། །འཆལ་བའི་ཚུལ་ཁྲིམས་ལས་དེའི་ལམ། །ཞེས་ཏེ་ངེས་ཚིག་ནི་རིམ་པ་ལྟར་ལུས་ངག་མི་སྡོམ་པས་དང་། དམ་པ་རྣམས་ཀྱིས་སྨད་པས་དང་། འབྲས་བུ་མི་འདོད་པའི་ཕྱིར་དང་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཡིན་པས་དང་། ལུས་དང་ངག་གི་ལས་ཡིན་པས་དང་། དངོས་ཀྱིས་བསྡུས་པས་ན་ལས་ལམ་ཞེས་བཤད་དོ། །』 (Meaning: The names are: non-discipline, misconduct, the path of immoral conduct. The definitions are, in order: because body and speech are not subdued, being reproached by the noble ones, not wanting the result, being the opposite of morality, being the action of body and speech, being included by reality, therefore it is said to be the path of action.) There are four intermediate states, the first is divided into five categories, removing the nine dots between ‘na’ and ‘po’, explaining it like ‘karo’ is easier to understand. Divided into substance and incidental, the first refers to the mind, body, and speech actions of those who do not abide in discipline and non-discipline, virtuous actions include giving, speaking pleasant words, etc., non-virtuous actions include punching, kicking, etc. Among them, discipline is as previously stated, having a basis, what is to be abandoned, a fixed time, and non-discipline will not arise. The opposite of this is the virtuous action of the intermediate state, therefore non-discipline…


ང་བར་མའི་ མི་དགེ་བའི་ཁྱད་པར་ཡང་ཤུགས་ཀྱིས་ཤེས་སོ། །འཐོབ་ཚུལ་ནི། ལྷག་མའི་རྣམ་རིག་མིན་ཞིང་དང་། །ལེན་དང་གུས་པར་བྱེད་ལས་ཐོབ། །ཅེས་ཏེ། རྫས་ལས་བྱུང་བའི་བསོད་ནམས་ལྟ་བུ་དང་སངས་རྒྱས་ལ་ཕྱག་འཚལ་ཏེ་ཟ་བ་སོགས་ཡིད་དམ་བཅས་པ་དང་དགེ་མི་དགེའི་བྱ་བ་རྩོམ་པ་ལས་སོ། ། 1-604 བར་མིན་ལ་ལྡན་ཚུལ་ནི། །སྡོམ་མིན་གནས་པ་དགེ་བ་དང་། །སྡོམ་པ་ལ་གནས་མི་དགེ་བའི། །རྣམ་རིག་མིན་ལྡན་ཇི་སྲིད་དུ། །རབ་དང་ཉོན་མོངས་ཤུགས་ལྡན་པར། །ཞེས་ཏེ། ཤན་པ་མཆོད་རྟེན་ ལ་ཕྱག་འཚལ་བ་སོགས་ལ་རབ་ཏུ་དང་བའི་དང་། དགེ་སློང་ར་གསོད་པ་སོགས་ལ་ཉོན་མོངས་ཀྱི་ཤུགས་ཡོད་ཀྱི་བར་དུ་ལྡན་ནོ། །གཏོང་རྒྱུ་ནི། བར་མ་ཤུགས་བླངས་བྱ་བ་དང་། །དོན་ཚེ་ རྩ་བ་འཆད་པ་ལས། ཞེས་པ་དྲུག་སྟེ་དད་པའམ་ཉོན་མོངས་ཀྱི་ཤུགས་དང་བླངས་པ་འདིས་ཆོག་ཅེས་དང་ལས་ཀ་དང་མཆོད་རྟེན་སོགས་དང་གདོས་སོགས་དང་ཚེ་དང་དགེ་བ་ནི་དགེ་རྩ་ཆད་ པ་ནའོ། །ཡང་། འདོད་གཏོགས་དགེ་བ་གཟུགས་མིན་ནི། །རྩ་ཆད་གོང་དུ་སྐྱེས་པ་ལས། ཉོན་མོངས་པ་ཅན་གཟུགས་མིན་ནི། །གཉེན་པོ་སྐྱེས་པས་རྣམ་ཉམས་འགྱུར། །ཞེས་ཀྱང་སྨྲའོ། །འདིར་ནི་དེ་དག་སྡོམ་པ་ སོགས་ཀྱི་གཏོང་རྒྱུར་ཕྱེ་སྟེ་བལྟའོ། །གཉིས་པ་ནི་བྱེ་བྲག་སྨྲ་བས་འདི་གསུམ་དུ་མ་འདུས་པ་སེམས་པ་དང་རྣམ་རིག་ཡོད་ཅིང་རྣམ་རིག་ནི་འདོད་པ་དང་བསམ་གཏན་དང་པོ་ཉིད་ན་ཏེ། གཞན་ནི་རྣམ་གསུམ། ཞེས་དང་། རྣམ་རིག་དཔྱོད་དང་བཅས་དག་ན། །འདོད་པ་ན་ཡང་བསྒྲིབས་པ་མེད། །གང་ཕྱིར་ཀུན་སློང་མེད་ཅེས་སོགས་བརྟགས་པ་ནི་འཕགས་པ་མི་བཞེད་དོ།། །། སྤྱིའི་བཞི་པ་ལ་བདེ་བ་མྱོང་འགྱུར་ནི་འདོད་པ་དང་བསམ་གཏན་གསུམ་དུའོ། ། 1-605 སྡུག་བསྔལ་ནི་འདོད་ཁམས་སུའོ། །བཏང་སྙོམས་མྱོང་འགྱུར་ནི་བསམ་གཏན་བཞི་པ་ཡན་ཆད་དུའོ། །ཚོར་བ་དེ་གསུམ་ནི་འཇུག་པའི་རྣམ་ཤེས་དང་མཚུངས་ལྡན་གྱི་དབང་དུ་བྱས་པའོ་ཞེའོ། །དེ་ནི་ལེགས་ཏེ་ གསུམ་ཀའིའང་འདིར་རྣམ་སྨིན་འཕེན་བྱེད་ཀྱི་ལས་ནི་ཀུན་གཞི་དང་མཚུངས་ལྡན་གྱི་བཏང་སྙོམས་མྱོང་འགྱུར་ཡིན་པས་སོ། །འོག་ནའང་བར་མ་ཡོད་དོ་ཞེས། །ཁ་ཅིག་ཟེར་ཏེ་གང་གི་ཕྱིར། བསམ་གཏན་ཁྱད་ པར་རྣམ་སྨིན་ཕྱིར། །སྔ་ཕྱི་མེད་གསུམ་མི་འདོད་ཕྱིར། །ཞེས་ཀྱང་ངོ་། །ལྔ་པ་ལ་གསུམ་ལས་དང་པོའི་མཚན་ཉིད་ནི། ལས་གང་མཐོང་བའི་ཆོས་ལས་བྱས་པའི་ཚེ་ལ་རྣམ་སྨིན་སྨིན་པའོ། །དེའང་། ཞིང་ དང་བསམ་པའི་ཁྱད་པར་ལས། །ཞེས་པ་གཉིས་ལས། ཞིང་ལས་ནི་བྱམས་པའི། ཞེས་ཏེ་དེ་ལ་དང་པོ་བཞི་རིམ་པས་བསྡུ་བར། སེམས་ཅན་ལ་མཆོག་ཏུ་ཕན་པའི་ལྷག་བསམ་ལས་དང་སེམས་ཅན་གྱི་ སེམས་ཤིན་ཏུ་རྗེས་སུ་སྲུང་བ་ལ་གནས་པ་ལས་དང་མཆོག་རབ་ཏུ་ཞི་ཞིང་མྱང་འདས་དང་འདྲ་བའི་འཕགས་པའི་གནས་པ་ལས་ལངས་པ་དང་།

【現代漢語翻譯】 此外,我也能深刻理解中間狀態的非善業的特殊性。獲得方式是:『不是剩餘的意識,而是通過接受和恭敬的行為獲得。』也就是說,類似於從物質中產生的福德,以及向佛陀頂禮膜拜後進食等,通過立誓和從事善與非善的行為而獲得。 中間狀態的具足方式是:『不住于律儀的善,以及住于律儀的非善,只要意識不具足,強烈地具有煩惱。』也就是說,屠夫向佛塔頂禮膜拜等,具有強烈的歡喜心;比丘宰殺山羊等,具有強烈的煩惱心。捨棄的原因是:『中間狀態通過強烈的行為和意義、生命、根本來闡述。』共有六種,即信仰或煩惱的力量,以及『這樣就足夠了』的想法,以及工作和佛塔等,以及身體等,以及生命,以及善根斷絕時。此外,『欲界所攝的善,非色法,根本斷絕前已生起。煩惱所攝的非色法,通過生起對治而轉變。』這裡將這些分為律儀等的捨棄原因來看待。第二種觀點是,分別說部認為這三者不包括思維和意識,而意識只存在於欲界和初禪中,其他則有三種。『如果意識具備觀察,即使在欲界也不會被遮蔽。』因為沒有動機等等,聖者不認可這種考察。普遍的第四點是,感受快樂的果報在欲界和三禪中。 痛苦在欲界。感受舍受的果報在四禪及以上。這三種感受是就入定的意識和相應的狀態而言。這是合理的,因為三者在這裡都是成熟果報的業,即與阿賴耶識和相應的舍受相關。下面也有人說存在中間狀態,因為『爲了殊勝禪定的果報,不希望有先後次第的三者。』第五點是,三者中第一個的特徵是:『在可見的法中,由業所產生的生命成熟果報。』這也有兩種情況:『由於田地和意樂的差別。』從田地來說,是慈愛。也就是說,最初的四種依次包括:對眾生極度有益的增上意樂,安住于極度守護眾生之心,從極度寂靜、類似於涅槃的聖者狀態中起身。

【English Translation】 Furthermore, I can also deeply understand the particularities of non-virtuous actions in the intermediate state. The way to obtain them is: ‘Not the remaining consciousness, but obtained through acts of acceptance and reverence.’ That is, similar to the merit arising from material things, and eating after prostrating to the Buddha, etc., obtained through vows and engaging in virtuous and non-virtuous actions. The way to possess the intermediate state is: ‘The good that does not abide in vows, and the non-virtue that abides in vows, as long as the consciousness is not complete, strongly possessing afflictions.’ That is, a butcher prostrating to a stupa, etc., has a strong sense of joy; a monk slaughtering a goat, etc., has a strong sense of affliction. The reasons for abandoning are: ‘The intermediate state is explained through strong actions and meaning, life, and root.’ There are six in total, namely the power of faith or affliction, and the thought that ‘this is enough,’ and work and stupas, etc., and the body, etc., and life, and when the root of virtue is severed. Furthermore, ‘The good belonging to the desire realm, which is non-form, arises before the root is severed. The non-form belonging to afflictions is transformed by the arising of antidotes.’ Here, these are divided into the reasons for abandoning vows, etc., to be considered. The second view is that the Sarvastivadins believe that these three do not include thought and consciousness, and that consciousness only exists in the desire realm and the first dhyana, while the others have three. ‘If consciousness possesses observation, even in the desire realm it will not be obscured.’ Because there is no motivation, etc., the noble ones do not approve of this examination. The general fourth point is that the fruition of experiencing happiness is in the desire realm and the three dhyanas. Suffering is in the desire realm. The fruition of experiencing equanimity is in the fourth dhyana and above. These three feelings are in terms of the consciousness entering into samadhi and the corresponding states. This is reasonable because all three here are the karma that ripens into fruition, that is, related to the alaya-vijnana and the corresponding equanimity. Below, some also say that there is an intermediate state because ‘For the fruition of superior dhyana, the three in sequence are not desired.’ The fifth point is that the characteristic of the first of the three is: ‘In the visible dharma, the life produced by karma ripens into fruition.’ There are also two situations: ‘Due to the difference in field and intention.’ From the field perspective, it is loving-kindness. That is, the first four successively include: the enhanced intention of being extremely beneficial to sentient beings, abiding in extremely protecting the minds of sentient beings, arising from the state of noble ones who are extremely peaceful and similar to nirvana.


མི་དགེ་བ་ཀུན་མི་བྱེད་པའི་སྡོམ་པ་ཐོབ་ པ་དང་ཕྱི་མ་གཉིས་ནི་ཤིན་ཏུ་མཐར་ཐུག་པས་སོ། །དེ་ལྟར་ཞིང་རྒྱ་ཆེ་བ་དང་། སེམས་པ་རྒྱ་ཆེ་བ་དང་། སྙིང་ཐག་པ་ནས་དད་པ་ཡོད་པ་དང་། རྒྱུད་དག་པ་ཚེ་སྔ་མ་གཞན་གྱི་དགེ་བའི་གེགས་བྱས་པའི་ལས་སྒྲིབ་མེད་ན་ཚེ་འདི་ལ་མྱོང་ངོ་ཞེས་བསྡུ་བར་རོ། ། 1-606 བསམ་པ་ལས་ནི་ཡང་ན་དགེ་མི་དགེ་གང་བསམས་པ་དད་པ་སོགས་དང་ཉོན་མོངས་དྲག་པོས་སྤྱོད་པ་སྟེ་གཉེན་པོས་སྟོབས་ལྡན་དུ་བཤད་པ་ལྟར་རོ། །ཡང་། ས་དེའི་འདོད་ཆགས་གཏན་བྲལ་ཕྱིར། ། རྣམ་སྨིན་ངེས་པ་གང་ཡིན་པའོ། །ཞེས་ཏེ་འདོད་པའི་ཕྱིར་མི་འོང་བ་ལ་འདོད་པའི་ས་པའི་ལས་མྱོང་ངེས་ཡོད་པ་ལྟ་བུའང་མཐོང་ཆོས་ལ་མྱོང་ངོ་། །གཉིས་པ་ནི་ལས་གང་ཚེ་ཕྱི་མ་ བར་མ་ཆད་ལ་སྨིན་པ་སྟེ། དེའི་མཚན་གཞི་མཚམས་མེད་པ་ལྔ་ལ་དོན་དྲུག་གི་དང་པོ་དངོས་པོ་ནི། ཀྲི་ཡ་དཔུང་བཟང་དུ། །གང་ཞིག་དགྲ་བཅོམ་ཕ་མ་གསོད། །མཐུན་པའི་དགེ་འདུན་དབྱེན་ བྱེད་དང་། །དེ་བཞིན་གཤེགས་ལ་སྡང་སེམས་ཀྱིས། །མི་གང་སྐུ་མཚལ་འབྱིན་བྱེད་པ། །ཤིན་ཏུ་མི་བཟད་ལས་འདི་རྣམས། །རྒྱལ་བས་མཚམས་མེད་ལྔ་རུ་གསུངས། །ཞེས་པའོ། །སྒྲོན་གསལ་དུ་ཕྱི་མ་གཉིས་ལ་སངས་ རྒྱས་ཀྱི་སྐུ་འཇིག་པ་དང་དམ་པའི་ཆོས་སྤོང་བ་གསུངས་ཤིང་། སློབ་དཔོན་བདེ་བ་ཆེན་པོའི་རྡོ་རྗེས་མ་དང་ཕ་གསོད་པ་དང་དགྲ་བཅོམ་པ་ལ་ཁྲག་འབྱིན་པའི་སེམས་དང་བྱང་ཆུབ་སེམས་པའི་ ཏིང་ངེ་འཛིན་སྐྱོད་པར་བྱེད་པ་དང་དགེ་འདུན་གྱི་དབྱེན་ཏེ་ལྔར་བཤད་དོ། །སྐྱེ་བ་གཞན་གྱི་བར་མཚམས་མེད་པར་དམྱལ་བར་འགྲོ་བས་ན་དེའོ། །གང་ན་ཡོད་པ་ནི། མཚམས་མེད་གླིང་གསུམ་རྣམས་ན་ཡོད། 1-607 སྐྱེས་པ་བུད་མེད་ཁོ་ན་ལ་སྟེ་།ཟ་མ་སོགས་ལ་མི་འདོད་དེ། །ཕན་དང་ངོ་ཚ་ཆུང་བའི་ཕྱིར། །ཞེས་ཏེ། སྡོམ་པ་མེད་པ་ལ་བཀོད་པའི་རྟགས་ཀྱིས་ཀྱང་ངོ་། །དྲིན་ཆུང་བ་ནི་ལུས་ མ་ཚང་བ་རྟོགས་པའི་ཆོས་མི་རྟེན་པ་སྐྱེད་པས་སོ། །དེས་ན་ཡི་དྭགས་དང་དུད་འགྲོ་ལའང་མི་འདོད་དོ། །ཁ་ཅིག་བློ་གསལ་བ་ལ་འདོད་དེ། རྟ་ཅང་ཤེས་གདོང་གཡོགས་ནས་མ་ལ་རྒལ་ དུ་བཅུག་པ་ཕྱིས་ཤེས་པས་རང་གི་ཕོ་མཚན་བཅད་པ་ལྟ་བུའོ་ཞེས་སྨྲའོ། །གཏན་ལ་དབབ་པ་ནི། མ་དང་ཕ་མཚན་གྱུར་པའི་སྐྱེས་པ་དང་བུད་མེད་བསད་ཀྱང་འགྱུར་ཞིང་། བུད་མེད་འགས་ནུར་ ནུར་པོ་གཞན་གྱི་མངལ་དུ་བླུགས་ཏེ་སྨིན་ཅིང་བཙས་ན་སྔ་མ་བསད་པས་འགྱུར་བ་ཕྱི་མའང་བྱ་བ་ཞུ་བའི་གནས་སོ། །མིའང་ཕ་མ་མི་མ་ཡིན་བསད་ཀྱང་མི་འགྱུར་རོ། །ཕ་མ་མིན་ པ་ལ་སྦྱོར་བ་བྱས་པས་ཕ་མ་བསད་ཀྱང་མིན་ཏེ་མ་ཁྲིའུའི་འོག་ན་ཡོད་པ་བསད་པ་དང་ཁྲུས་པའི་བུས་སྦྲང་བུ་ལ་སྦྱོར་བ་བྱས་པས་ཕ་བསད་པ་ལྟ་བུའོ། །སངས་རྒྱས་ནི་མི་ ཐུབ་པའི་ཆོས་ཅན་ཡིན་པས་དཀྲོངས་པར་མི་ནུས་ཤིང་དཀྲོ

【現代漢語翻譯】 獲得不作惡業的誓言,以及後世兩者是極其究竟的。如此,田地廣大,心量廣大,從內心深處生起信心,相續清凈,若無前世阻礙他人善業的業障,則今生受報。可以這樣歸納。 或者,思慮善與非善,以信心等或強烈煩惱行事,如對治品具有力量所說。又,『爲了斷除該地的貪慾,無論是什麼樣的異熟果報。』即如爲了貪慾而不來者,必定會承受貪慾之地的業報,這在現法中也會體驗到。第二種是業在來世之間成熟,其例子是五無間罪,其中第六個意義是,在《克里亞軍隊》中說:『無論誰殺死阿羅漢、父母,破壞和諧的僧團,同樣以憎恨之心,無論誰使如來出血,這些極其可怕的業,佛陀說為五無間罪。』在《明燈論》中,說後世兩者是摧毀佛像和捨棄正法。大樂金剛論師說,殺死父母,對阿羅漢生起出血之心,擾亂菩提心之三摩地,以及分裂僧團,這五種是無間罪。因為在其他生世之間無間隔地墮入地獄,所以是無間罪。它在哪裡呢?在無間的三洲中。 僅僅是男人和女人,因為他們缺乏利益和羞恥。』即對於沒有誓言的人,也可以通過安置的標誌來識別。忘恩負義是因為他們不依賴於身體不完整、不依賴於理解之法。因此,對於餓鬼和動物也不允許。有些人認為聰明的人可以,比如馬知道自己被蒙上眼睛,讓它騎在母親身上,後來知道后割斷了自己的陰莖。確定的是,即使殺死變性的父母,也會改變。如果一個女人將一個畸形的嬰兒放入另一個女人的子宮中,使其成熟並出生,那麼殺死前一個嬰兒會導致改變,后一個嬰兒也是需要做的事情。即使殺死非人的父母,也不會改變。如果與非父母發生性關係,即使殺死父母也不會改變,比如殺死在馬槽下的母親,或者洗澡的兒子與蜜蜂發生性關係而殺死父親。

【English Translation】 Obtaining the vow of abstaining from all evil deeds, and the future two are extremely ultimate. Thus, the field is vast, the mind is vast, faith arises from the depths of the heart, the continuum is pure, and if there is no karmic obscuration of obstructing the virtuous deeds of others in the previous life, then one experiences the retribution in this life. It can be summarized in this way. Or, contemplating either good or non-good, acting with faith, etc., or with strong afflictions, as the antidote is said to be powerful. Also, ‘Because of the complete detachment from desire in that realm, whatever is the definite result.’ That is, like the one who does not come because of desire, there is a definite experience of the karma of the realm of desire, which is also experienced in this present life. The second is the karma that ripens in the intermediate state between future lives, and its example is the five inexpiable sins, among which the sixth meaning is, in the ‘Kriya Army’: ‘Whoever kills an Arhat, parents, disrupts the harmonious Sangha, similarly with hatred, whoever causes a Tathagata to bleed, these extremely terrible deeds, the Buddha said to be the five inexpiable sins.’ In the ‘Lamp Commentary,’ it is said that the latter two are destroying the Buddha’s image and abandoning the Dharma. The great bliss Vajra teacher said that killing parents, having the intention to draw blood from an Arhat, disturbing the Samadhi of Bodhicitta, and dividing the Sangha, these five are the inexpiable sins. Because one goes to hell without interruption between other births, therefore it is inexpiable. Where is it? In the three continents of inexpiable sins. Only men and women, because they lack benefit and shame.’ That is, even for those without vows, it can be recognized by the placed signs. Ungratefulness is because they do not rely on incomplete bodies, do not rely on the Dharma of understanding. Therefore, it is not allowed for pretas and animals either. Some think that intelligent people can, like a horse knowing that it was blindfolded and allowed to ride on its mother, and later knowing it, cut off its own penis. What is certain is that even killing transgender parents will change. If a woman puts a deformed baby into another woman’s womb, allowing it to mature and be born, then killing the former baby will cause a change, and the latter baby is also something that needs to be done. Even killing non-human parents will not change. If one has sexual relations with non-parents, even killing parents will not change, like killing the mother under the manger, or the bathing son having sexual relations with a bee and killing the father.


ངས་འདོད་མེད་ན་ཁྲག་ཕྱུང་ཡང་མི་འགྱུར་རོ། །སློབ་པ་ལ་བསྣུན་པས་དགྲ་བཅོམ་ཐོབ་སྟེ་གྲོངས་ཀྱང་མི་འགྱུར་ཞིང་དགྲ་བཅོམ་མིན་པའི་འདུ་ཤེས་ཀྱིས་དེ་བསད་ནའང་འདི་བསད་སྙམ་དུ་རྟེན་ངེས་པར་བཟུང་བའི་ཕྱིར་འགྱུར་བ་ལ་ཕ་དགྲ་བཅོམ་པ་བསད་ཀྱང་མཚམས་མེད་དགྲ་བཅོམ་བསད་པ་གཅིག་པུར་འགྱུར་རོ། ། 1-608 དེ་རྣམས་ཇི་རིགས་སུ། །མཚན་ནི་གཞན་དུ་གྱུར་ཀྱང་འགྱུར། །གང་གི་ཟླ་མཚན་ལས་བྱུང་མ། །སངས་རྒྱས་བརྡེག་པར་སེམས་ལ་མིན། །བསྣུན་འོག་དགྲ་བཅོམ་པ་ལ་མིན། །ཞེས་སོ། །དགེ་འདུན་འབྱེད་པ་ནི་ དགེ་སློང་སྲེད་པ་སྤྱོད་པ་མིན་གྱི་ལྟ་བ་སྤྱོད་པས་གཅིག་གིས་སྟོན་པ་མངོན་སུམ་དུ་བཞུགས་པ་ལས་གཞན་དུ་དབྱེ་ཡུལ་དགེ་སློང་བཞི་ཡན་ཆད་ལས་དབྱེ་བྱའང་བཞི་ཡན་ཆད་ཐུབ་པ་ལས་ གཞན་ལ་སྟོན་པ་དང་དེས་བཤད་པ་ལམ་དུ་འཛིན་པས་ཕྱེ་སྟེ་དགེ་འདུན་སངས་རྒྱས་ཀྱི་ཕྱོགས་གཉིས་སུ་གནས་པར་བྱས་པའོ། །དེ་ནུབ་གཅིག་ཏུ་མི་གནས་ཏེ། །དགེ་སློང་ལྟ་སྤྱོད་ཚུལ་ལྡན་པས། ། འབྱེད་དོ་གཞན་དུའོ་བྱིས་པ་རྣམས། །སྟོན་དང་ལམ་གཞན་ལ་བཟོད་པ། །ཕྱེ་བའོ་དེ་ནི་མི་གནས་སོ། །དེ་ནི་འཁོར་ལོའི་དབྱེན་དུ་འདོད། །འཛམ་བུ་གླིང་ནའོ་དགུ་སོགས་ཀྱིས། །ཞེས་སོ། །དེ་ཡང་སྟོན་ པས་ཆོས་ཀྱི་འཁོར་ལོ་བསྐོར་མ་ཐག་དང་། མྱ་ངན་ལས་འདའ་ཁ་དང་། བསྟན་པ་ལ་ཚུལ་ཁྲིམས་ཀྱི་དང་། ལྟ་བའི་སྐྱོན་མ་བྱུང་བ་དང་། ཤེས་རབ་ཅན་དང་རྫུ་འཕྲུལ་ཅན་གྱི་མཆོག་ཟུང་གཅིག་ མ་བྱུང་བའི་སྔར་དང་། འགྲན་ཟླར་བཟུང་བའི་སྟོན་པ་འདས་པ་དང་། མཚམས་ནང་གཅིག་ཏུ་ཕྱོགས་གཉིས་ཀ་གནས་དགོས་པས་མཚམས་མ་བཅད་པ་དང་། དུས་དྲུག་ཏུ་མི་འབྱུང་སྟེ། དང་པོ་མཐའ་སྐྱོན་ཟུང་གཅིག་གི ། 1-609 སྔ་རོལ་ཐུབ་པ་ནོངས་པ་དང་། །མཚམས་མ་བཅད་པ་ན་ཡང་ནི། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ་། །ཞེས་སོ། །དེའི་ཚེ་ལམ་ལ་འཇུག་པའི་གེགས་བྱེད་པས་བཅོམ་ལྡན་གྱི་ཆོས་ཀྱི་འཁོར་ལོ་ཕྱེ་ བའི་ཕྱིར་འཁོར་ལོའི་དབྱེན་ནོ། །ལས་ཀྱི་དབྱེན་ནི་བསྟན་པ་གནས་པ་ན་མཚམས་གཅིག་གི་ནང་དུ་མི་མཐུན་པས་ལས་བརྒྱ་རྩ་གཅིག་གང་རུང་བྱེད་པ་སྟེ། ལས་ཀྱི་དབྱེན་ནི་གླིང་གསུམ་ན། །དེ་ ནི་བརྒྱད་རྣམས་ཡན་ཆད་ཀྱིས། །ཞེས་པ་མཚམས་མེད་མིན་ནོ། །ལས་ལ་རག་ལས་པས་ཐུབ་པ་ཀུན་ལ་འཁོར་ལོའི་དབྱེན་མི་འབྱུང་གི་སྟོན་པ་འདིས་ཀྱང་སྔོན་དྲང་སྲོང་མངོན་ཤེས་ལྔ་ཅན་གཅིག་གི་ འཁོར་ཕྱེ་བས་འདིའི་དགེ་འདུན་ལྷས་བྱིན་གྱིས་ཕྱེ་བའོ། །འབྲས་བུ་ལ་དགེ་འདུན་འབྱེད་པ་པོ། །སྐལ་པར་མནར་མེད་པར་སྨིན་འགྱུར། །ཞེས་ཏེ་གཞན་བཞིས་དམྱལ་བར་ངེས་ཀྱང་མནར་མེད་དུ་མ་ངེས་སོ། ། མཐོང་ཆོས་ཀྱི་ནི། མཚམས་མེད་སྦྱོར་བ་བྱས་པ་ལ། །འདོད་ཆགས་བྲལ་འབྲས་མི་སྲིད་དོ། །ཞེས་སོ། །ཐེག་ཆེན་གྱི་གཞུང་དུ་ནི་ར

【現代漢語翻譯】 如果我不願意,即使抽我的血也不會改變。如果攻擊一位阿羅漢導致其死亡,也不會改變;即使誤以為非阿羅漢而殺害,由於確定地認為殺害了某人,因此會產生改變。因此,即使殺害了父親,如果他是阿羅漢,也只會構成一種無間罪,即殺害阿羅漢。 1-608 這些罪行各自如何定性?即使名稱改變,罪行性質也會改變。對於那些並非源於性慾的行為,心中沒有想過要攻擊佛陀,也不是攻擊阿羅漢的行為。以上所述是關於僧團分裂的罪行。 分裂僧團是指: 並非由於比丘貪圖享樂,而是由於其信奉某種見解,由一位導師公開宣講,從四位或更多比丘中分裂出去,並且能夠從四位或更多比丘中脫離出來,堅持導師的教導和導師所說的道路,從而將僧團分為佛陀的兩派。這種情況不會持續一夜。具有正確見解和行為的比丘會進行分裂,而愚蠢的人則會容忍導師和不同的道路。分裂是不會持久的,這被認為是法輪的分裂。在贍部洲,由九人或更多人進行分裂。以上所述是關於僧團分裂的罪行。 此外,導師剛剛開始轉法輪時,或者即將涅槃時,或者教法中沒有戒律上的過失,或者沒有見解上的錯誤,或者沒有出現智慧和神通第一的雙人,或者在與競爭對手的導師去世后,或者在同一戒律範圍內必須存在兩個派別,因此沒有劃定界限,在六種情況下不會發生分裂:第一種情況是,在出現任何極端錯誤之前, 1-609 在之前,佛陀犯了錯誤,或者沒有劃定界限時,也不會發生法輪的分裂。以上所述是關於法輪分裂的罪行。 那時,由於阻礙了進入正道的道路,因此分裂了世尊的法輪,這被稱為法輪的分裂。業的分裂是指,在教法存在時,在一個戒律範圍內,由於不和而進行一百零一種行為中的任何一種。業的分裂發生在三個洲,由八人或更多人進行,但不是無間罪。由於業取決於行為,因此所有的佛陀都不會發生法輪的分裂,但這位導師也曾分裂過一位具有五種神通的仙人的僧團,因此提婆達多分裂了這位佛陀的僧團。分裂僧團的人,在果報上,註定會在無間地獄成熟。雖然其他四人註定會下地獄,但不一定是在無間地獄。 關於現世的果報:如果犯下無間罪,就不可能獲得離欲的果報。以上所述是關於現世果報的罪行。 在大乘經典中,則認為

【English Translation】 If I am unwilling, even drawing my blood will not change [me]. If attacking an Arhat leads to their death, it will not change; even if mistakenly killing someone thinking they are not an Arhat, because of definitely holding the thought that someone has been killed, it will cause a change. Therefore, even if killing one’s father, if he is an Arhat, it will only constitute one of the five heinous crimes, namely killing an Arhat. 1-608 How are these [crimes] categorized respectively? Even if the name changes, the nature [of the crime] changes. For those actions not arising from lust, not thinking of attacking the Buddha, and not attacking an Arhat. The above is about the crime of dividing the Sangha. Dividing the Sangha means: Not because a Bhikshu is indulging in craving, but because they adhere to a certain view, proclaimed openly by a teacher, splitting away from four or more Bhikshus, and being able to separate from four or more Bhikshus, adhering to the teacher’s teachings and the path spoken by the teacher, thereby dividing the Sangha into two factions of the Buddha. This situation does not last for one night. Bhikshus with correct views and conduct will split, while foolish ones will tolerate the teacher and different paths. The split is not lasting; this is considered a split in the Wheel of Dharma. In Jambudvipa, it is done by nine or more people. The above is about the crime of dividing the Sangha. Moreover, when the teacher has just begun to turn the Wheel of Dharma, or is about to pass into Nirvana, or when there is no fault in the Vinaya of the teachings, or when there is no error in view, or when a pair of supreme individuals with wisdom and miraculous powers has not appeared, or after the death of a rival teacher, or when two factions must exist within the same boundary, therefore, without demarcating boundaries, division does not occur in six situations: The first situation is before any extreme fault arises, 1-609 Before that, the Buddha made a mistake, or when the boundary has not been demarcated, the division of the Wheel of Dharma will not occur. The above is about the crime of dividing the Wheel of Dharma. At that time, because it obstructs the path to entering the Dharma, it is called the division of the Wheel of Dharma because it divides the Wheel of Dharma of the Bhagavan. The division of Karma refers to when the teachings exist, within one boundary, due to discord, performing any of the one hundred and one actions. The division of Karma occurs in the three continents, by eight or more people, but it is not a heinous crime. Because Karma depends on action, the division of the Wheel of Dharma does not occur for all Buddhas, but this teacher also divided the Sangha of a Rishi with five supernormal powers, therefore Devadatta divided the Sangha of this Buddha. The one who divides the Sangha, in terms of consequences, is destined to ripen in Avici Hell. Although the other four are destined for hell, it is not necessarily in Avici Hell. Regarding the visible Dharma: If a heinous crime is committed, it is impossible to attain the fruit of detachment. The above is about the crimes of visible Dharma. In the Mahayana scriptures, it is considered that


ྒྱུད་བླ་མར། ཆོས་ཉིད་ངེས་པར་བསམས་པས་མྱུར་དུ་དེ་ལས་ཐར་ འགྱུར་གྱི། །ཞེས་འབྱུང་སྟེ་མ་སྐྱེས་དགྲ་ལྟ་བུའོ། །ལྕི་ཡང་ནི་དགེ་འདུན་དབྱེ་ཆེད་བརྫུན་སྨྲ་བ། །ཁ་ན་མ་ཐོ་རབ་ཆེར་འདོད། །ཅེས་ཏེ་རྒྱལ་བའི་ཆོས་སྐུ་ལ་བསྣུན་པས་དང་འདུམ་?གྱི་བར་དུ་འབྲས་བུ་བཞི་ཐོབ་པ་དང་། 1-610 ཆགས་བྲལ་དང་ཐོས་བསམ་སྒོམ་གསུམ་གྱི་གེགས་བྱེད་ཅིང་སྐྱེ་རྒུའང་ཡིད་མི་བདེ་དང་དྲན་པ་ཉམས་པར་འགྱུར་བའི་ཕྱིར་རོ། །དེས་ན་གཅིག་ངག་གི་ལས་དང་གསུམ་སྲོག་གཅོད་དང་གཅིག་སྲོག་གཅོད་ཀྱི་ སྦྱོར་བའོ། ། དེ་ནས་མཚལ་འབྱིན་པ་དང་དགྲ་བཅོམ་དང་ཕ་དང་མ་གསོད་པ་རྣམས་ཕྱི་མ་ཕྱི་མ་ཡང་ངོ་། །རྩོད་སྤང་ནི་འོ་ན་ཆོས་སྲེད་ཀྱིས་ཕ་མ་དགྲ་བཅོམ་བསད་པ་ལྟ་བུ་མཚམས་ མེད་མང་པོ་བྱས་པའི་འབྲས་བུ་གཅིག་ཅར་སྨིན་ན་གཅིག་དང་དུ་མ་བྱས་པ་ཁྱད་མེད་དུ་འགྱུར་ཞིང་རིམ་གྱིས་སྨིན་ན་སྐྱེས་ནས་མྱོང་འགྱུར་དུ་མི་འཐད་ལ་རྒྱུད་གཅིག་ལས་མེད་པས་དམྱལ་ བ་དུ་མ་གཅིག་ཅར་ཡང་མི་འགྲུབ་བོ་ཞེ་ན། ཀུན་གྱི་རྣམ་སྨིན་ཅིག་ཆར་མྱོང་སྟེ་དེ་ལྔ་འགྱུར་གྱི་བར་གྱི་ཚོར་བ་མྱོང་བར་འགྱུར་བའི་ལུས་ཆེན་པོ་དང་ཤིན་ཏུ་གཞོན་ཤ་ཅན་ མནར་མེད་དུ་འགྲུབ་ཅིང་ཆད་པ་མི་བཟད་པ་སྣ་ཚོགས་མྱོང་སྟེ། ལྷག་པས་གནོད་པ་ལྷག་པར་འགྱུར། །ཞེས་སོ། །གང་ཡང་དགེ་བ་ཞིང་དང་བསམ་པ་སོགས་ཕུལ་བྱུང་ལས་སྐྱེས་པ་དང་མི་དགེ་ བ་གཞན་མཚམས་མེད་དང་ཉེ་བ་སོགས་སྟོབས་ལྡན་འགའ་སྐྱེས་ནས་མྱོང་བྱ་སྟེ། མ་ཡང་ཡིན་དགྲ་བཅོམ་མ་ཡང་ཡིན་པ་འཁྲིག་པའི་སུན་ཕྱུང་དང་། །བྱང་ཆུབ་སེམས་དཔའ་ངེས་གནས་དང་། །སློབ་པ་གསོད་དང་དགེ་འདུན་གྱི། ། 1-611 འདུ་བའི་སྒོ་ནི་འཕྲོག་པ་རྣམས། །མཚམས་མེད་པ་དང་རིམ་པ་ལྟར་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་འཇིག་པ་འོ། །ཅེས་སོ། །དེའི་གཉིས་པའི་གཞི་ནི། སྐལ་པ་བརྒྱ་ནས་འཚང་རྒྱ་བ་སྟེ། །གང་ ནས་མཚན་གྱི་ལས་བྱེད་པ། །བདེ་འགྲོ་རིགས་འཐོར་སྐྱེ་དབང་ཚང་། །ཕོར་གྱུར་ཚེ་རབས་དྲན་མི་ལྡོག །ཅེས་སྨྲའོ། །ཁ་ཅིག་ནི་དེ་ལྔ་སྐྱེས་ནས་མྱོང་འགྱུར་དུ་མ་ངེས་པར་སྨྲའོ། ། གསུམ་པ་ལས་གང་ ལས་བྱེད་པའི་ཚེ་ཕྱི་མ་དེ་ལ་ཕན་ཆད་དུ་ཞེས་ཏེ། ལས་བརྒྱ་པར། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ངེས་ པར་སྨིན་པར་འགྱུར། །ཞེས་གསུངས་ཏེ་དེའང་གཉེན་པོ་སྒོམ་པ་སོགས་མེད་ནའོ། །དུས་ངེས་པ་གསུམ་པོ་དེའང་རྩོམ་པའི་དབང་དུ་བྱས་ནས་གཞག་སྟེ། ལས་བྱས་པའི་ཚེ་རབས་དེ་ཉིད་ལ་དང་། དེའི་ཚེ་ ཕྱི་མ་ལ་དང་། ཡང་ཕྱི་མ་སོགས་ལ་རྣམ་སྨིན་རྩོམ་གྱི་དེ་ཙམ་ལ་རྫོགས་པར་མ་ངེས་སོ། །དེ་ལྟར་ན་རང་སངས་རྒྱས་ལྔ་བརྒྱ་བསད་པས་སྐྱེས་པའི་དམྱལ་བ་ཀྱི་ཧུད་སེམས་ཀྱི་རྟོགས་ པ་བརྗ

【現代漢語翻譯】 『在上師面前,如果能確定地思維法性,就能迅速從中解脫。』就像未生怨一樣。 如果爲了區分僧團而說謊,會被認為是非常嚴重的罪過。』因為這是對勝者法身的誹謗,在和解之前,能獲得四種果報, 並且會障礙離欲、聞思修三者,還會使眾生不悅、記憶力衰退。 因此,一個是口業,三個是殺生,一個是殺生的行為。 然後是墮胎、殺阿羅漢、殺父母,後者比前者更嚴重。 辯論的駁斥:如果因為貪戀佛法而殺害父母、阿羅漢等,做了許多無間罪,如果果報一次性成熟,那麼做一次和做多次就沒有區別了;如果逐漸成熟,那麼出生后受報就不合理了,而且只有一個相續,所以多個地獄也不能同時成立。』 答:所有果報會同時成熟,會感受五倍的痛苦,會在無間地獄中形成巨大的、非常年輕的身體,感受各種無法忍受的懲罰,罪業越重,痛苦越大。 任何善業,如殊勝的福田和發心等所生的果報,以及任何惡業,如無間罪和近無間罪等強大的罪業,有些是出生后受報的。母親也是阿羅漢,也是母親,與邪淫的誹謗,以及菩薩的真實住處,殺害有學,以及僧團的, 搶奪集會之門等,與無間罪的次第相似,第五個是破壞佛塔。 第二種情況的基礎是:一百劫后成佛,從哪裡開始做名稱的業?轉生善趣,種姓不雜,根 पूर्ण (梵文天城體,pūrṇa,梵文羅馬擬音,purna,圓滿)具足,轉為男子,能憶念前世。 有些人說,這五種不一定都是出生后受報的。 第三種是,從做什麼業的時候開始,對以後有益處,如《業百頌》所說:『眾生的業,即使經過一百劫,也不會消失。當因緣聚合,時機成熟時,果報必定成熟。』 這是指沒有修持對治法等的情況。這三種確定的時間,也是就造作而言的,在造業的那一生,或者在那之後的下一生,或者再下一生等,會開始成熟果報,但不一定在那時就結束。 這樣看來,殺害五百緣覺所生的地獄,其呼聲會使心識的證悟動搖。

【English Translation】 ‘In the presence of the Guru, if one contemplates the true nature of reality with certainty, one will quickly be liberated from it.’ Like Ajatashatru. ‘If one lies to create division within the Sangha, it is considered a very serious offense.’ Because it is a slander against the Dharmakaya of the Victorious Ones, and before reconciliation, one can obtain four kinds of results, and it hinders detachment, hearing, thinking, and meditation, and also causes unhappiness and memory loss for sentient beings. Therefore, one is a verbal action, three are killing, and one is the act of killing. Then there are abortion, killing an Arhat, and killing parents, the latter being more serious than the former. Refutation of the argument: ‘If one kills parents, Arhats, etc., out of attachment to the Dharma, and commits many unpardonable sins, if the results mature all at once, then there is no difference between doing it once and doing it many times; if it matures gradually, then it is unreasonable to experience the results after birth, and since there is only one continuum, multiple hells cannot be established simultaneously.’ Answer: ‘All results will mature simultaneously, and one will experience five times the suffering, and a huge, very young body will be formed in Avici Hell, experiencing various unbearable punishments. The greater the sin, the greater the suffering.’ Any virtuous deeds, such as those arising from excellent fields of merit and motivation, and any non-virtuous deeds, such as powerful sins like unpardonable sins and near unpardonable sins, some are experienced after birth. A mother who is also an Arhat, and is also a mother, with the slander of sexual misconduct, and the true abode of a Bodhisattva, killing a learner, and of the Sangha, robbing the gates of assembly, etc., are similar in order to the unpardonable sins, the fifth being the destruction of stupas. The basis of the second case is: Buddhahood after a hundred eons, from where does one begin to do the work of names? Rebirth in a good realm, unmixed lineage, complete faculties, transformation into a male, able to remember past lives. Some say that these five are not necessarily all experienced after birth. The third is, from the time one does an action, it is beneficial for the future, as the Hundred Deeds Sutra says: ‘The deeds of sentient beings, even after a hundred eons, will not disappear. When causes and conditions gather, and the time is ripe, the results will surely mature.’ This refers to situations where there is no practice of antidotes, etc. These three definite times are also based on the act of creation, in the same lifetime as the act, or in the next life after that, or in the next life, etc., the results will begin to mature, but it is not necessarily completed at that time. Thus, the hell born from killing five hundred Pratyekabuddhas, its cries will shake the realization of the mind.


ོད་པར། མཚམས་མེད་པའི་ལས་ཀྱི་རྣམ་པར་སྨིན་པ་དམྱལ་བར་ཡང་དང་ཡང་འཆི་འཕོ་བས་སྐྱེ་ཞིང་སྐྱེ་བ་མྱོང་ངོ་ཞེས་དང་མཐུན་ནོ། །བསྡུ་བར་ཡང་ལས་གཅིག་མྱོང་འགྱུར་གསུམ་ཅར་དུ་འགྱུར་བ་དཔེ་མང་པོས་གསུངས་སོ། ། 1-612 དྲུག་པ་ལ་གཉིས་ལས་ཟག་བཅས་ཀྱི་ལས་གསུམ་ནི། ཉོན་མོངས་པ་ཅན་ཡིན་པས་གནག་ལ་རྣམ་སྨིན་མི་འདོད་པ་ཅན་ཡིན་པས་གནག་པ་ནི་མི་དགེ་བའོ། །དེ་ལས་བཟློག་པ་ནི་དགེ་བ་ ཟག་བཅས་སོ། །འདོད་ཁམས་ཀྱི་འདྲེན་མ་ནི་བསམ་པས་ནག་ལ་སྦྱོར་བས་དཀར་བ་གཞན་སླུ་བའི་ཆེད་དུ་སྦྱིན་པ་དང་རབ་བྱུང་སོགས་བྱེད་པ་དང་། བཟློག་པ་བུ་དང་སློབ་མ་སོགས་ལ་ཕན་ པར་འདོད་པས་བརྩེ་བས་ལུས་ངག་གི་དྲག་ཏུ་བྱེད་པ་སྟེ་དེ་ལྟར་བསམ་པ་དང་ལྷན་ཅིག་ཏུ་སྦྱོར་བ་ལས་གཅིག་ཏུ་བརྗོད་ཀྱི་ལས་འཇུག་བྱེད་སེམས་པའི་སྐད་ཅིག་གཅིག་དཀར་ནག་འགལ་བ་ གཉིས་སུ་མི་འཇོག་གོ །གཞན་ནི་སློབ་དཔོན་དམྱལ་བ་མྱོང་འགྱུར་དང་། །གཞན་ནི་མཐོང་བས་སྤང་བྱ་ནག །འདོད་ལས་སྐྱེས་པ་གཞན་དཀར་ནག །ཅེས་ཀྱང་སྨྲའོ། །ཟག་མེད་ཀྱི་ལས་ནི་སྤོང་བའི་ལམ་རྣམས་ ལ་སྟེ། ཉོན་མོངས་པའི་དྲི་མ་མེད་པས་མི་ནག་ཅིང་གཅིག་ཏུ་རྣམ་པར་བྱང་བས་དཀར་ལ་འཁོར་བ་དང་མི་མཐུན་པས་རྣམ་སྨིན་མེད་ཅིང་ཟག་བཅས་ཀྱི་ལས་ཀྱི་བག་ཆགས་འཇོམས་པས་ལས་ ཟད་པར་འགྱུར་བའོ། །མི་དགེ་གཟུགས་དང་འདོད་གཏོགས་པའི། །དགེ་བ་ཉིད་ནི་རིམ་བཞིན་དུ། །ནག་དང་དཀར་དང་གཉིས་ཀའི་ལས། །དེ་ཟད་བྱེད་པ་ཟག་མེད་དོ། །ཞེས་ཀྱང་ངོ་། །དེས་ན་མཐོང་ལམ་ཆོས་བཟོད་བཞི་དང་འདོད་པ་ལ་འདོད་ཆགས་བྲལ་བ་ར་བྱེད་པ་ཡི། ། 1-613 བར་ཆད་མེད་ལམ་བརྒྱད་ཀྱི་གང་། །སེམས་པ་རྣམ་པ་བཅུ་གཉིས་ཏེ། །ནག་པོ་ཟད་པར་བྱེད་པའི་ལས་སོ། །འདོད་ལ་ཆགས་བྲལ་བྱེད་པའི་བར་ཆད་མེད་ལམ་།དགུ་པའི་སེམས་པ་གང་ཡིན་པ། །དེ་ ནི་དཀར་ནག་ཟད་བྱེད་དེ། །དཀར་པོ་བསམ་གཏན་ཆགས་བྲལ་བས། །བར་ཆད་མེད་ལམ་སྐྱེས་ཐ་མ། །ཞེས་སོ། །འདིར་ནི་ཆོས་བཟོད་བཞིས་ངན་སོང་བའི་རྒྱུའི་ལས་དང་སྒོམ་ལམ་གྱི་སྤོང་ལམ་གྱིས་བདེ་ འགྲོའི་རྒྱུའི་ལས་ཟད་པར་བྱེད་དེ་ལས་ཀྱི་རྒྱུ་ཉོན་མོངས་སྤང་དགོས་པས་སོ། །ལས་ཀྱི་དབྱེ་བ་དང་ཟག་མེད་ཀྱི་ལས་ཀྱི་ཞར་བྱུང་དུ་ཟག་མེད་ཀྱི་ལས་ཀུན་གྱི་བར་དུ་གཅོད་པ་ཡོན་ པོ་དང་ཉེས་པ་དང་རྙོག་པ་དང་། རྗེས་སུ་མཐུན་པ་གཙང་བ་དང་ངོ་བོ་ཉིད་ཐུབ་པ་རྣམས་མདོར་གསུངས་ཏེ་དང་པོ་གསུམ་ནི་དགེ་བའམ་མི་དགེ་གང་རུང་སྟེ་རིམ་པ་ལྟར་མུ་སྟེགས་ ཀྱི་དང་། ནང་པའི་བྱིས་པ་བསྟན་པ་ལ་ཕྱི་ལོག་ཏུ་ལྟ་བ་རང་གི་ལྟ་བ་ལ་ཞེན་པ་ལོག་པར་ངེས་པའི་དང་། ནང་པའི་བྱིས་པ་བསྟན་པ་ལ་མ་ངེས་པ་ཐེ་ཚོམ་ཅན་གྱི་ ལས་སོ། །ཡང་ན་ཕྱི་པའི་གསུམ་པོ་དེ་ལོག་པར་སྒྲུབ་པས་དང་། ཡོན་ཏན་སྒྲུབ་པའི་གེགས་བྱེད་པས་དང་།

【現代漢語翻譯】 與無間業的異熟在地獄中反覆死去又轉生,經歷生死輪迴相符。總結來說,一個業可能經歷三種果報,這在許多例子中都有說明。 1-612 第六部分分為兩類,有漏的三種業是:由於與煩惱相應,是黑業,且不希望有異熟,因此黑業是不善業。與此相反的是善業,即有漏的善業。 欲界的引業是:以貪心將黑業與白業結合,爲了欺騙他人而行佈施和出家等;反之,爲了利益子女和學生等,以慈愛之心強烈地進行身語行為,像這樣與發心一同結合,只能說是一個業,不會認為一個行為的當下同時存在黑白兩種矛盾的心理。 其他經論中也說:『導師將經歷地獄之苦,其他是見道所斷的黑業,欲界所生的是其他黑白業。』無漏業是指斷除煩惱的道,由於沒有煩惱的污垢,因此不是黑業,完全清凈,因此是白業,與輪迴不相應,因此沒有異熟,且能摧毀有漏業的習氣,因此能使業滅盡。 『不善業、色界和欲界所攝的善業,依次是黑業、白業和黑白業,滅盡這些的是無漏業。』也是這樣說的。因此,見道位的四種忍和對欲界生起離欲的 1-613 無間道八種中的任何一種,都是十二種心念,是滅盡黑業的。對欲界生起離欲的無間道,第九種心念是什麼?那是滅盡黑白業的。因為對白業的禪定生起離欲,所以生起最後的無間道。 這裡,以四種忍滅盡惡趣之因的業,以修道位的斷除道滅盡善趣之因的業,因為必須斷除業之因的煩惱。業的分類和無漏業的附帶內容是,簡要說明了所有無漏業之間的障礙,即功德和過失、清凈和不清凈,以及隨順和自性存在。前三種是善或不善,依次是外道的、佛教的幼稚者以外道觀點看待佛教,執著于自己的觀點而產生邪見的,以及佛教的幼稚者對佛教不確定,持有懷疑的業。 或者,外道的三種業是由於邪見而確立的,障礙功德的成就,

【English Translation】 It is in accordance with experiencing birth after birth by repeatedly dying and transmigrating in hell, the ripening of actions without interval. To summarize, it is also said in many examples that one action may experience three results. 1-612 The sixth part is divided into two categories. The three contaminated actions are: because they are associated with afflictions, they are black, and because they do not desire fruition, black actions are non-virtuous. The opposite of this is virtuous, which is contaminated virtue. The karma that draws one into the desire realm is: combining black and white karma with a greedy mind, performing acts of generosity and ordination, etc., in order to deceive others; conversely, strongly engaging in physical and verbal actions with loving-kindness, desiring to benefit children and students, etc. In this way, combining with intention, it can only be said to be one action, and it is not considered that there are two contradictory mental states of black and white in the moment of one action. It is also said in other scriptures: ‘The teacher will experience the suffering of hell, others are the black actions to be abandoned by the path of seeing, and those born from the desire realm are other black and white actions.’ Non-contaminated actions refer to the paths that abandon afflictions. Because there is no stain of afflictions, they are not black actions; they are completely pure, therefore they are white actions; they are not in accordance with samsara, therefore there is no fruition; and they destroy the imprints of contaminated actions, therefore they cause actions to be exhausted. ‘Non-virtuous actions, and virtuous actions included in the form realm and desire realm, are respectively black actions, white actions, and both black and white actions. That which exhausts these is non-contaminated.’ It is also said like this. Therefore, the four acceptances of the Dharma in the path of seeing and the detachment from desire in the desire realm, 1-613 whichever of the eight unobstructed paths, are the twelve mental states that exhaust black actions. What is the ninth mental state of the unobstructed path that generates detachment from desire in the desire realm? That is what exhausts black and white actions. Because detachment from meditation on white actions arises, the last unobstructed path arises. Here, the four acceptances exhaust the actions that are the cause of bad migrations, and the abandonment path of the path of meditation exhausts the actions that are the cause of good migrations, because the afflictions that are the cause of actions must be abandoned. The classification of actions and the incidental content of non-contaminated actions are that the obstacles between all non-contaminated actions, namely merit and demerit, purity and impurity, and conformity and self-nature, are briefly explained. The first three are either virtuous or non-virtuous, respectively the actions of non-Buddhists, immature Buddhists who view Buddhism with non-Buddhist views, clinging to their own views and having wrong views, and immature Buddhists who are uncertain about Buddhism and have doubts. Or, the three actions of non-Buddhists are established due to wrong views, hindering the accomplishment of merit,


དེ་སྟོན་པ་ལ་གེགས་བྱེད་པས་སོ་ཞེས་སར་གསུངས་སོ། །ཡང་ན་མཐར་ལྟར་འགྲེལ་པར་ལྷུང་སྟེ་དབུ་མའི་ལམ་དང་མི་མཐུན་པས་དང་ལོག་ལྟས་ཟིན་ཏེ་རྣམ་བྱང་ལ་ཞེ་སྡང་བས་དང་བདག་ལྟས་ཟིན་ཏེ་བདག་མེད་པ་དེ་ཁོ་ན་ཉིད་ལྟ་བའི་བར་དུ་གཅོད་པས་སོ། ། 1-614 ཡོན་སྐྱོན་སྙིགས་མ་གསུངས་པ་ནི། །གཡོ་དང་ཞེ་སྡང་འདོད་ཆགས་ཅེས་པའི་ལུས་ངག་གི་ལས་སོ་ཞེས་ཀྱང་ངོ་། །གཙང་བ་ནི་ཤིན་ཏུ་དག་པའི་ཚུལ་ཁྲིམས་དང་ལྟ་བ་དང་དྲང་པོས་ཟིན་པའི་ སྒོ་གསུམ་གྱི་ལས་ཏེ་ལྟ་སྤྱོད་ལ་ལོག་པར་ཞུགས་པའི་དྲི་མ་སྤངས་པས་སོ། །ཐུབ་པ་པ་ནི་སློབ་པ་དང་མི་སློབ་པའི་སྒོ་གསུམ་གྱི་ལས་སོ། །བདུན་པ་ལ་གསུམ་ལས་རྣམ་གཞག་ནི། བཞིས་རིག་པར་བྱ་སྟེ་དེ་ལ་གཞི་བརྒྱུད་པའི་རྒྱུ་ནི་དགེ་བའི་རྩ་བ་གསུམ་མོ། །ཀུན་ནས་སློང་བ་དངོས་ཀྱི་རྒྱུ་ནི་མ་ཆགས་སོགས་དེ་དང་ལྡན་པའི་སེམས་པའོ། །སྦྱིན་བྱའི་དངོས་པོ་ནི་ ཁ་དོག་ལ་སོགས་ཕུན་ཚོགས་དངོས། ཞེས་པ་ལྟར་རོ། །ངོ་བོ་ཉིད་ནི། གང་གིས་སྦྱིན་བྱེད་དེ་སྦྱིན་པ། །མཆོད་དང་ཕན་གདགས་འདོད་པ་ཡིས། །ལུས་དང་ངག་ལས་སློང་དང་བཅས། །ཞེས་ཏེ། འཇིགས་པ་ དང་ལན་ལ་རེ་བ་དང་ཆགས་པ་སོགས་ཀྱིས་སྟེར་བ་མིན་པའོ། །གཉིས་པ་སྦྱིན་པ་ཕུན་ཚོགས་པ་ལ་མདོར། སྦྱིན་པའི་ངང་ཅན་དུ་འགྱུར་རོ། །ཞེས་པས་ཕྱིར་ཞིང་ཡང་ཡང་སྦྱིན་པ་དང་དགེ་ སྦྱོང་དང་བྲམ་ཟེ་དང་སློང་བ་དང་ཕོངས་པ་དང་འགྲོན་པོ་རྣམས་ལ་སྦྱིན་ཞེས་པ་དང་འདོད་པ་ཀུན་ལ་ཕྱོགས་མེད་དུ་དང་བཟའ་བ་དང་བཏུང་བ་དང་གོས་དང་རྒྱན་དང་སྨན་དང་མེ་ཏོག་ཕྲེང་དང་མིའི་ཡོ་བྱད་ཅིའང་རུང་བ་སྦྱིན་ཞེས་པས་འདོད་པ་གང་བར་སྦྱིན་པའོ། ། 1-615 ཡང་མདོར། ལྷུག་པར་གཏོང་བ་དང་ལག་བརྐྱང་བ་དང་། གཏོང་བ་ལ་དགའ་བ་དང་མཆོད་སྦྱིན་བྱེད་པའི་ངང་ཅན་དང་། གཏོང་བ་ཕུན་སུམ་ཚོགས་པ་དང་། སྦྱིན་པ་འགྱེད་པ་ལ་དགའ་བ་ཞེས་འབྱུང་ བ་རིམ་པས་དྲུག་སྟེ་མི་གནས་པར་ནི་སྲིད་པ་དང་ལོངས་སྤྱོད་ཀྱི་ཆེད་དུ་མི་བསྔོ་བར་ཏེ། བཞི་བརྒྱ་པར། འདིར་བྱིན་པ་ཡི་སྦྱིན་པ་ལ། །འབྲས་བུ་ཆེན་པོ་འབྱུང་འགྱུར་ཞེས། །སྦྱིན་དང་ ལེན་པར་བྱེད་པ་ནི། །ཚོང་སོགས་བཞིན་དུ་སྨད་པར་འགྱུར། །ཞེས་འབྱུང་ངོ་། །རྒྱ་ཆེར་ནི་བསམ་པ་དང་སྦྱིན་བྱའོ། །དགའ་བས་ནི་སྦྱོར་དངོས་རྗེས་གསུམ་དུ་དྲངས་ཤིང་དང་ལ་འགྱོད་པ་མེད་པའོ། །སྣོད་ ལ་ནི་སྦྱིན་གནས་ལའོ། །ལེགས་པར་བགོས་ཏེ་ཕྱོགས་མི་འབྱེད་པར་རོ། ། གསུམ་པ་སྦྱིན་བྱ་ཕུན་ཚོགས་ནི། དེ་ལ་སྦྱིན་པ་ཕུན་ཚོགས་ལྟོས་པས་བཤད་པ་སྟེ། མདོར་ལྡང་བའི་བརྩོན་འགྲུས་ཀྱིས་ཐོབ་པ། ཞེས་པས་གནོད་པའམ། འཁུ་བས་འགྲུབ་པ་མིན་པ་ནི་རང་གནས་སུ་འདུག་སྟེ་བཅོལ་པ་བསྙོན་དོར་གྱིས་ཐོབ་པ་མིན་པའོ། །ལག་དར་བའི་མཐུས་བསྒྲུབས་པ་ཞེས་པས་གཞན་ལ་

【現代漢語翻譯】 薩迦班智達在《薩迦格言》中說,阻止證悟是因為存在障礙。或者,由於最終會墮入極端主義的解釋,與中觀之道不符,因此被邪見所束縛,對解脫產生憎恨;或者被我見所束縛,阻礙了對無我的真如的證悟。 關於功德、過失和污垢的說法,指的是身語的業,即欺騙、嗔恨和貪慾。清凈指的是以極其純凈的戒律、正見和正直所攝持的三門之業,即捨棄了在見解和行為上陷入邪道的污垢。能仁指的是學道者和無學道者的三門之業。第七(佈施)有三種分類,從四個方面來理解:其根本傳承之因是三種善根。發起之因是無貪等,以及與之相應的意樂。所佈施之物如『顏色等圓滿之物』所說。自性是:『以何而佈施,即是佈施;以供養和利益之心;伴隨身語之發起。』也就是說,不是因為恐懼、期望回報或貪執而施捨。 第二,關於佈施的圓滿,經中說:『將成為佈施的自性。』因此,要反覆向福田佈施,也要向沙門、婆羅門、乞丐、貧困者和旅客佈施,並且要無差別地滿足一切需求,無論是食物、飲料、衣服、裝飾品、藥物、花鬘還是人類所需的任何物品。總之,要隨其所欲地佈施。 此外,經中還提到六種:慷慨施捨、伸出援手、樂於施捨、具有供養和佈施的自性、佈施圓滿、樂於佈施。不執著於此,即不為生存和享樂而回向。如《四百論》所說:『在此所作之佈施,將產生巨大的果報。施與受如同買賣,是應受譴責的。』廣大的意思是發心和所施之物。喜悅是指在準備、實際佈施和佈施后三個階段都感到喜悅,並且沒有後悔。對器是指對佈施的對象。妥善分配是指不分親疏。 第三,關於所施之物的圓滿,這是相對於佈施的圓滿而言的。經中說:『通過足夠的精進而獲得。』因此,不是通過損害或欺騙而獲得的,而是安住于自己的地位,不是通過挪用或欺騙委託物而獲得的。『通過手臂的力量而獲得的』,意味著不是通過…

【English Translation】 Sakya Pandita said in Sakya’s Aphorisms that obstructing enlightenment is because there are obstacles. Or, because it ultimately falls into extremist interpretations, which are inconsistent with the Middle Way, it is bound by wrong views, hating liberation; or bound by self-view, obstructing the realization of the truth of selflessness. The statement about merit, demerit, and defilement refers to the actions of body, speech, and mind, namely deception, hatred, and desire. Purity refers to the actions of the three doors that are upheld by extremely pure discipline, right view, and integrity, that is, abandoning the defilements of falling into wrong views and behaviors. Thupa (The capable one) refers to the actions of the three doors of learners and non-learners. The seventh (giving) has three categories, which are understood from four aspects: The cause of its fundamental lineage is the three roots of virtue. The cause of motivation is non-attachment, etc., and the mind that possesses it. The object to be given is as stated, ‘Objects that are complete with color, etc.’ The nature is: ‘By what is given, that is giving; with the desire for offering and benefit; accompanied by the arising of body and speech.’ That is, it is not giving because of fear, expectation of reward, or attachment. Second, regarding the perfection of giving, the sutra says: ‘Will become the nature of giving.’ Therefore, one should give repeatedly to the field of merit, and also give to shramanas, brahmins, beggars, the poor, and travelers, and one should impartially satisfy all needs, whether it be food, drink, clothing, ornaments, medicine, garlands, or any items needed by humans. In short, one should give according to their desires. Furthermore, the sutra also mentions six: giving generously, extending a helping hand, being happy to give, having the nature of offering and giving, perfection of giving, being happy to give. Not being attached to this means not dedicating it for the sake of existence and enjoyment. As the Four Hundred Verses says: ‘The giving that is done here will produce great results. Giving and receiving like buying and selling is to be condemned.’ The vastness refers to the intention and the object of giving. Joy refers to feeling joy in the three stages of preparation, actual giving, and after giving, and having no regrets. The vessel refers to the object of giving. Distributing well means not discriminating. Third, regarding the perfection of the object to be given, this is explained in relation to the perfection of giving. The sutra says: ‘Obtained through sufficient diligence.’ Therefore, it is not obtained through harm or deception, but abiding in one’s own position, not obtained through misappropriation or deception of entrusted items. ‘Obtained through the strength of one’s arms’ means not through…


མ་ཕྲོགས་པ་ལུས་ཀྱི་ རྩལ་གྱིས་ཐོབ་པའོ། །རྡུལ་དང་དྲི་མས་མ་ཕོག་པ། ཞེས་པས་མ་རུལ་ཅིང་དྲི་མ་མེད་པའོ། །ཆོས་དང་མཐུན་པ། ཞེས་པས་རུང་བ་དུག་མཚོན་ཆང་སོགས་མིན་པའོ། །ཆོས་ཀྱིས་ཐོབ་པ། ཞེས་པས་ཆོས་ཀྱི་བསྒྲུབས་པ་ལྷད་འཇུག་གཞལ་གཡོ་སོགས་དང་ལོག་འཚོ་སྤངས་པས་ཐོབ་པ་སྟེ། 1-616 རིན་ཆེན་ཕྲེང་བར། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཆེད། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་གསག་རྙེད་དང་བཀུར་སྟིའི་ཆེད། །ཚིག་འཇམ་རྫུན་དུ་སྨྲ་བ་འོ། །གཞོག་སློང་དེ་ནི་ཐོབ་བྱའི་ཆེད། །གཞན་ གྱི་རྫས་ལ་བསྔགས་བྱེད་པའོ། །འཐོབ་ཀྱིས་འཇལ་བ་རྙེད་པའི་ཆེད། །མངོན་སུམ་གཞན་ལ་སྨོད་བྱེད་པ། །རྙེད་པས་རྙེད་པ་རྣམས་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་དང་། རྣམ་བཤད་རིགས་པར། དང་པོ་བཞི་པ་རྙེད་པ་བཟང་པོ་མི་ལེན་པ་དང་། ངན་པ་སྟེན་ཅིང་བཟང་པོ་མི་སྟེན་པ་དག་དང་། རྙེད་བཀུར་གྱི་ཆེད་དུ་རང་གི་ཡོན་ཏན་དང་ཆོས་སྨྲ་བ་དག་དང་། རང་གི་ ལུས་ཀྱི་གནོད་པའི་གཞི་དང་ཕོངས་པའི་གཞི་སྟོན་པ་དག་དང་། གཞན་ལ་སྟེར་བ་ལ་སྨོད་པ་དང་། ཧ་ཅང་ཕྱི་བཞིན་འབྲངས་ཏེ་སློང་བ་དག་ཀྱང་གསུངས་སོ། །བཞི་པ་ལ་གཞི་བསྡུ་བར། ནན་ གྱིས་སློང་བ་ནི་འཐོབ་ཀྱིས་འཇལ་བའོ། །ཞེས་གསུངས་སོ། །ཐ་མ་ལ་འདུལ་བ་འོད་ལྡན་དུ་ཆུང་ངུ་བྱིན་ནས་མང་པོ་ཐོབ་བྱེད་དང་ཞེས་ཀྱང་བཤད་དོ། །ལུས་དང་ངག་ལས་ཆགས་ལས་སྐྱེ། །ལོག་ འཚོ་སྦྱང་དཀའ་ཕྱིར་ལོགས་ཤིག །བསྟན་ཏོ་གལ་ཏེ་ཡོ་བྱད་ལ། །ཆགས་བསླང་མདོ་དང་འགལ་ཕྱིར་མིན། །ཞེས་ཏེ། གང་འཚོ་བའི་ཡོ་བྱད་ལ་ཆགས་པས་བསླང་བ་ཡིན་གྱི་རང་དགའ་བའི་ཆེད་དུ་གར་དང་གླུ་ལེན་པ་སོགས་མིན་པར་སེམས་པ་ནི་ཚུལ་ཁྲིམས་གྱི་ཕུང་པོའི་མདོར། 1-617 དད་པས་བྱིན་པ་སྤྱད་ཏེ་གླང་ཆེན་འཐབ་པ་སོགས་ལྟ་བ་དང་གླུ་སྒྲ་ཉན་པ་སོགས་ལོག་འཚོར་བཀའ་བསྩལ་པ་དང་འགལ་ལོ། །ལོག་འཚོའི་རྣམ་སྨིན་ནི་ཉེ་འཁོར་བ་རོ་མྱགས་སུ་བཤད་དོ། ། དེས་ན་དད་རྫས་ཟ་བས་རྒྱུན་དུ་དམ་པའི་ཆོས་ལ་ཆེས་ཆེར་འབད་པར་བྱའོ། །དེ་མ་བླངས་ནའང་ཉེས་པ་སྟེ་སྡོམ་པ་ཉི་ཤུ་པར། འགྲོན་བོས་བདག་གིར་མི་བྱེད་དང་། །གསེར་ལ་སོགས་པ་ ལེན་མི་བྱེད། །ཅེས་སོ། །ཕུན་ཚོགས་དེ་དག་གིས་རྒྱས་པས་ཞུས་པར་མ་དག་པའི་སྦྱིན་པ་སུམ་བཅུ་རྩ་གཉིས་བཀའ་བསྩལ་ལ་སེལ་ལོ། །བརྒྱད་པ་ལ་གཉིས་ཀྱི་ཚུལ་ཁྲིམས་དྲུག་བཤད་པ་ལ་རྒྱན་ དུ་ཡན་ལག་དྲུག་ཅེས་བླངས་པ་ནི་དགེ་སློང་གི་སྡོམ་པ་སོགས་ཏེ་དེ་མ་ཉམས་པར་རྗེས་སུ་སྲུང་བའོ། །སོ་སོ་ཐར་པའི་སྡོམ་པ་ནི་ཐར་པའི་ཆེད་དུ་སྡོམ་པ་སྟེ་དེས་འཁོར་བ་ ལས་ངེས་པར་འབྱིན་པས་སོ། །ཆོ་ག་ནི་ཀུན་སྤྱོད་དེ་འཕྲལ་གྱི་བྱ་བའི་དང་། སྤྱོད་ལམ་གྱི་དང་། དགེ་བ་ལ་སྦྱོར་བའི་འོ། །དེ་ཕུན་སུམ་ཚོགས་པ་ད

【現代漢語翻譯】 『未被奪取,以身體的力量獲得。』『未被灰塵和污垢沾染』,意為未腐爛且無污垢。『與法相符』,意為適宜,非毒藥、武器、酒等。『以法獲得』,意為通過如法修行,避免摻雜、欺騙、權衡、虛偽等,並捨棄邪命而獲得。 《寶鬘論》中說:『爲了偽裝、獲取和尊敬,而守護根門;爲了獲取和尊敬,而甜言蜜語地撒謊;爲了獲得,而讚美他人的財物;爲了獲得,而公開誹謗他人;想要以獲得來獲取,讚美先前獲得的。』 《釋量論》中說:『最初的四種是:不接受好的利養,依賴壞的利養而不依賴好的利養;爲了利養和恭敬而宣說自己的功德和法;展示自己身體的損害之源和貧困之源;誹謗給予他人者;以及過度追隨他人而乞討。』第四種中,在《攝義》中說:『強行乞討是貪得無厭。』 《毗奈耶光鬘論》中也說:『給予少量而想要獲得很多。』身體和語言由貪執而生,邪命難以調伏,因此要分開。如果對資具產生貪執,那麼乞討就與經文相違背。』意思是,如果因為貪執生活資具而乞討,而不是爲了自娛自樂而唱歌跳舞等,那麼就違背了《戒蘊經》中, 呵斥以信心佈施之物用於觀看斗象等,以及聽歌等邪命。邪命的異熟是轉生為餓鬼。因此,食用信施之物,應當時常精進于正法。即使不接受,也有過失,如《二十頌》中說:『不將客人之物據爲己有,不接受黃金等。』 以這些圓滿的功德而增長,從而清凈了世尊所說的三十二種不清凈的佈施。第八種中,以二者的戒律宣說了六種,其中『以莊嚴為六支』,指的是比丘的戒律等,即不毀壞而隨順守護。別解脫戒是爲了解脫而持守的戒律,因此能從輪迴中徹底解脫。行儀是行為,包括當下的行為、威儀以及與善法相應的行為。這些都圓滿具足。

【English Translation】 『Not taken by force, obtained by the strength of the body.』 『Not touched by dust and dirt,』 meaning not rotten and without dirt. 『In accordance with the Dharma,』 meaning suitable, not poison, weapons, alcohol, etc. 『Obtained by the Dharma,』 meaning obtained through righteous practice, avoiding mixing, deception, weighing, hypocrisy, etc., and abandoning wrong livelihood. In the Ratnavali, it says: 『To guard the senses for the sake of pretense, gain, and respect; to speak sweet words falsely for the sake of gain and respect; to praise the possessions of others in order to gain; to openly slander others in order to gain; wanting to gain through gain, praising what was previously gained.』 In the Commentary on Valid Cognition, it says: 『The first four are: not accepting good offerings, relying on bad offerings and not relying on good offerings; speaking of one’s own qualities and Dharma for the sake of gain and respect; showing the source of harm and poverty of one’s own body; slandering those who give to others; and begging by excessively following others.』 In the fourth, in the Compendium, it says: 『Begging insistently is insatiable.』 In the Vinaya Light Garland, it is also said: 『Giving a little and wanting to gain a lot.』 Body and speech arise from attachment, and wrong livelihood is difficult to subdue, so separate them. If attachment arises to the necessities of life, then begging contradicts the sutras.』 It means that if one begs because of attachment to the necessities of life, and not for self-entertainment by singing and dancing, etc., then it contradicts the Vinaya Sutra, which condemns using offerings given in faith to watch elephant fights, etc., and listening to songs, etc., as wrong livelihood. The result of wrong livelihood is rebirth as a hungry ghost. Therefore, when eating offerings given in faith, one should always strive diligently in the true Dharma. Even if one does not accept them, there is fault, as it says in the Twenty Verses: 『Do not take the guest’s possessions as one’s own, and do not accept gold, etc.』 By increasing with these perfect qualities, the thirty-two impure offerings spoken of by the Blessed One are purified. In the eighth, six are explained by the precepts of the two, of which 『with adornment as six branches』 refers to the precepts of a bhikshu, etc., that is, to protect them without destroying them. The Pratimoksha precepts are the precepts held for the sake of liberation, therefore they completely liberate from samsara. Conduct is behavior, including immediate actions, deportment, and actions that accord with virtue. These are all perfectly complete.


མ་པ་རྣམས་ཀྱིས་མ་སྨད་པའོ། །སྤྱོད་ ཡུལ་ཕུན་ཚོགས་ནི་དགེ་སློང་གི་སྤྱོད་ཡུལ་མ་ཡིན་པ་གསོད་པའི་ས་དང་སྨད་འཚོང་དང་ཆང་འཚོང་དང་གདོལ་པའི་ཁྱིམ་དང་རྒྱལ་པོའི་ཁྱིམ་དང་རྒྱལ་པོའི་ཕོ་བྲང་སྟེ་ལྔ་སྤོང་བའོ། །ཁ་ན་མ་ཐོ་བ་ནི། 1-618 རྩ་གཅོད་པ་སོགས་ལྟ་བུ་སྟོན་པས་བཞག་པའི་དབང་ལས་ཉེས་པར་འགྱུར་བ་བཅས་པ་དང་མི་དགེ་བ་བཅུ་ལྟ་བུ་བཅས་པ་མེད་ཀྱང་ཉེས་པར་འགྱུར་བ་རང་བཞིན་ནོ། །དེ་དག་ནི་རྣམ་ བཤད་རིགས་པ་དང་མཛོད་འགྲེལ་དུ་སེམས་ཉོན་མོངས་པ་ཅན་ཁོ་ནས་སྤྱོད་པ་དང་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་ཀྱང་སྤྱད་པར་ནུས་ཤིང་ཉེས་པ་གཞན་སྤང་བའི་ཆེད་དུ་བཅོམ་ལྡན་ གྱིས་བཅས་པའོ་ཞེས་སོ། །ཤིན་ཏུ་གུས་པ་ནི་བཅས་པ་རྣམས་ལའང་རང་བཞིན་དང་འདྲ་བར་གུས་པ་དྲག་པོས་ཤིན་ཏུ་འཛེམ་པའོ། །བསླབ་པའི་གཞི་དགེ་སློང་གི་ཉིས་བརྒྱ་ལྔ་བཅུ་རྩ་སོགས་པ་ ཡོངས་སུ་རྫོགས་པར་གཅིག་ཀྱང་མ་ཉམས་པར་སློབ་པའོ། །ལུས་ངག་གི་ཀུན་སྤྱོད་མདོ་སྡེར་འབྱུང་བ་བཤད་པ་ལ་བཅུ་བཞི་སྟེ། ཤེས་བཞིན་གྱིས་ཟིན་པས་ཇི་ལྟར་སྟོན་པས་གནང་བ་ལྟར་བློ་སྔོན་ དུ་བཏང་སྟེ་ལེགས་པར་སྒྲུབ་པའི་ཕྱིར་རོ། །ཕུན་སུམ་ཚོགས་པ་ནི་ལྟུང་བ་མི་བྱེད་པས་ཚུལ་ཁྲིམས་མི་འདྲལ་ཞིང་ཆུད་མི་གསོན་པས་སོ། །དག་པ་ནི་མདོར། ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་ པ་མེད་པར་འགྱུར་རོ་ཞེས་འབྱུང་བས་ལྟུང་བས་འགྱོད་པ་མེད་པས་ཡིད་བདེ་བར་མཉམ་པར་བཞག་པ་ལས་བྱུང་བའི་ཏིང་ངེ་འཛིན་གྱིས་འཆལ་བའི་ཚུལ་ཁྲིམས་སྔར་སྤངས་པ་ཐག་བསྲིངས་པའི་ཕྱིར་རོ། ། 1-619 དགེ་བ་ནི་ཉོན་མོངས་ཅན་གྱི་རྟོག་པ་དང་མ་འདྲེས་པས་མཐའ་གཅིག་ཏུ་དགེ་བའི་ཕྱིར་རོ། །ཁ་ན་མ་ཐོ་བ་སྟེ་སྨད་དུ་མེད་པ་ནི་མཐོ་རིས་དང་ལོངས་སྤྱོད་ལ་སྨོན་ནས་ཚངས་ སྤྱོད་ལ་གནས་པ་གཅུང་དགའ་བོ་ལྟ་བུ་སྤངས་པས་སོ། །གནོད་པ་མེད་པ་ནི་བདག་བསྟོད་པ་སོགས་ཀྱིས་གཞན་ལ་ཁྱད་གསོད་མི་བྱེད་ཅིང་སེམས་མི་སྲེག་པས་འགྲོགས་ན་བདེ་བའི་ཕྱིར་རོ། །རྗེས་ སུ་མཐུན་པ་ནི་འཕགས་པའི་ལམ་འདྲེན་པས་མྱང་འདས་ཐོབ་པ་དང་མཐུན་པའི་ཕྱིར་རོ། །རྗེས་སུ་འབྱོར་པ་ནི་རང་གི་དགེ་བ་སྦེད་ཅིང་སྡིག་པ་སྒྲོགས་པའི་ཕྱིར་ཏེ་འདུལ་བར་མི་ཆོས་བླ་ མ་བདེན་པར་སྨྲས་ན་ལྟུང་བྱེད་དང་ལྟུང་བ་བཅབས་ན་ཉེས་བྱས་སུ་བཤད་དོ། །ཐབས་དང་ལྡན་པ་ནི་དེ་དང་ཉེ་བར་ཕྱིན་ན་ཡོན་ཏན་འཕེལ་བས་ཉེ་བར་འགྲོ་བར་འོས་པས་ན་ཚངས་ སྤྱོད་ཀྱིས་མཚུངས་པ་སྡུད་པས་སོ། །འཚམས་པ་ནི་བླ་མ་མཁན་པོ་སོགས་དང་བླ་མ་དང་འདྲ་བ་དེ་དང་ཡོན་ཏན་མཚུངས་པ་རྣམས་ལ་ཇི་ལྟར་འོས་པར་བསྙེན་བཀུར་བྱེད་པས་ང་རྒྱལ་བཅག་ པའི་ཕྱིར་རོ། །མཐུན་པ་ནི་གདམ་ངག་ལ་མཐུན་པར་འཛིན་པས་རང་གི་ལྟ་བ་མཆོག་ཏུ་འཛིན་པ་མེད་པའི་ཕྱིར་རོ། །གདུང་བ་མེད་པ

【現代漢語翻譯】 不被他人責罵。(即行為端正,不為人所詬病。) 圓滿的行止是指,作為比丘不應前往的五種場所:屠宰場、妓院、酒館、賤民之家以及國王的住所和宮殿。應避免這五種場所。 不應觸犯的戒律是: 如斷草等行為,佛陀所制定的戒律中,凡是違犯即構成犯罪的行為,以及如十不善業等,即使沒有佛陀的戒律,其本身性質即構成犯罪的行為。這些在《阿毗達磨》和《俱舍論》的註釋中解釋為,只有煩惱心才會導致這些行為,但非煩惱心也可能導致,因此,爲了避免其他過失,世尊制定了這些戒律。極度恭敬是指,對於所有戒律,都像對待自性罪一樣,以極大的恭敬心來避免觸犯。學習的基礎是,比丘的二百五十條戒等,要完整地學習,一條也不要遺漏。身語的行為,在經藏中提到有十四種,以正知攝持,按照佛陀的教導,事先考慮清楚,然後好好地去做。圓滿是指,不犯墮罪,因此戒律不會破損或減弱。清凈是指,經中說:『具有戒律者,不會感到後悔。』因此,不因犯墮罪而感到後悔,內心安樂,從禪定中生起的力量,能夠彌補之前所犯的戒律。善良是指,不與煩惱的分別念相混雜,完全是善良的。不應責罵,即沒有過失,是指,斷除了爲了希求天界和享樂,而安住于梵行,如仲嘎沃(人名)那樣。不造成傷害是指,不因讚揚自己等行為而貶低他人,不焚燒他人的心,因此與你相處會感到快樂。隨順是指,引導他人走向聖道,因此與獲得涅槃相一致。隨順獲得是指,隱藏自己的功德,宣揚自己的罪過,因為在律藏中說,如果對上師說謊,則犯墮罪,如果隱瞞墮罪,則犯輕罪。具有方便是指,如果接近他,功德就會增長,因此應該接近他,因為他聚集了與梵行相同的人。相宜是指,對於上師、堪布等,以及與上師相同或功德相同的人,要按照適當的方式承侍恭敬,從而摧毀傲慢。一致是指,與口訣相一致,因此不執著于自己的觀點為最殊勝。沒有痛苦 。

【English Translation】 Not being reproached by others. (i.e., behaving properly, not being criticized by others.) Perfect conduct means avoiding five places that a Bhikshu should not go to: slaughterhouses, brothels, taverns, homes of the outcasts, and the residences and palaces of kings. These five places should be avoided. Things that should not be violated are: Like cutting grass, etc., in the precepts established by the Buddha, all actions that constitute an offense when violated, and like the ten non-virtuous actions, even without the Buddha’s precepts, their nature constitutes an offense. These are explained in the commentaries of Abhidharma and Kosha as only afflicted minds lead to these actions, but non-afflicted minds may also lead to them, therefore, to avoid other faults, the Blessed One established these precepts. Extreme reverence means, for all precepts, like treating self-nature sins, to avoid violating them with great reverence. The basis of learning is that the Bhikshu’s two hundred and fifty precepts, etc., should be learned completely, without missing a single one. The behavior of body and speech, in the Sutras, it is mentioned that there are fourteen kinds, held by mindfulness, according to the Buddha’s teachings, think carefully beforehand, and then do it well. Perfection means not committing downfall offenses, so the precepts will not be broken or weakened. Purity means, in the Sutra it says: ‘One who has precepts will not feel regret.’ Therefore, not feeling regret for committing downfall offenses, the mind is at ease, the power arising from Samadhi can compensate for the precepts previously violated. Goodness means not being mixed with afflicted thoughts, completely good. Not to be reproached, that is, without fault, means abandoning dwelling in pure conduct in order to seek heaven and enjoyment, like Chung Gawo (name of a person). Not causing harm means not belittling others by praising oneself, etc., not burning the hearts of others, so it will be pleasant to be with you. Following means guiding others to the holy path, therefore consistent with attaining Nirvana. Following attainment means hiding one’s own merits, proclaiming one’s own sins, because in the Vinaya it is said that if you lie to the teacher, you commit a downfall offense, and if you conceal the downfall offense, you commit a minor offense. Having skillful means means that if you approach him, merits will increase, so you should approach him, because he gathers those who are the same as pure conduct. Appropriate means that for the teacher, Khenpo, etc., and those who are the same as the teacher or have the same merits, you should serve and respect them in an appropriate way, thereby destroying arrogance. Consistent means consistent with the oral instructions, therefore not clinging to one’s own view as the most supreme. No suffering. .


་ནི་དཀའ་ཐུབ་དྲག་པོ་མེ་ལྔ་བསྟེན་པ་སོགས་དང་ངན་ངོན་སྤྱོད་པའི་རྣམ་པ་ལུས་ལ་ཐལ་བས་བྱུགས་པ་སོགས་ལ་མོས་པ་སྤངས་པའི་ཕྱིར་རོ། ། 1-620 ཕྱིས་འགྱོད་པ་མེད་པ་ནི་ལོངས་སྤྱོད་ཁྱིམ་སོགས་དང་ལས་ཀྱི་མཐའ་ན་བློན་སོགས་སྤངས་པ་ལ་རྗེས་སུ་གདུང་བ་མེད་པའི་ཕྱིར་རོ། །ཡིད་ལ་གཅགས་པ་མེད་པ་ནི་དགེ་བའི་ཕྱོགས་ལ་བརྩམས་ ཏེ་ཇི་སྲིད་ནུས་པ་སྒྲུབ་པས་ཅུང་ཟད་ཙམ་གྱིས་མི་ངོམས་པས་ན་མ་བསྒྲུབས་པས་འགྱོད་པ་མེད་པའི་ཕྱིར་རོ། །དགུ་པ་ལ་མདོ་དྲངས་པ་ནི། བཅོམ་ལྡན་གྱིས་བྲམ་ཟེའི་ཁྱེའུ་སེམས་ཅན་འདི་ རྣམས་ཞེས་སོ། །དེ་བཤད་པ་ལ་རང་གིས་བྱས་པའི་ལས་ཀྱི་རྣམ་སྨིན་མྱོང་གི་གཞན་གྱི་ལས་འབྲས་མི་མྱོང་བའི་ཕྱིར་ཏེ། ཁྱད་པར་དུ་འཕགས་པའི་བསྟོད་པར། བྲམ་ཟེ་རྣམས་ནི་དགེ་སྡིག་དག ། བྱིན་པ་ལེན་བཞིན་འཕོ་བར་སྨྲ། །ཁྱོད་ཀྱིས་བྱས་ཆུད་མི་ཟ་དང་། །མ་བྱས་པ་དང་ཕྲད་མེད་གསུངས། །ཞེས་པ་ལྟར་རོ། །དགེ་མི་དགེའི་འབྲས་བུ་འདོད་བྱ་དང་མི་འདོད་པའི་བགོ་སྐལ་འགྱེད་པས་ ཏེ། རིན་ཆེན་ཕྲེང་བར། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །རྣམ་པ་ཀུན་ཏུ་བདེ་བ་དག །ཅེས་སོ། །རྒྱུ་མེད་པ་རྒྱང་འཕེན་ པ་ལྟར་དང་མི་མཐུན་པའི་རྒྱུ་གྲངས་ཅན་པའི་རང་བཞིན་དང་བྱེ་བྲག་པ་དང་རྐང་མེད་པའི་དབང་ཕྱུག་སོགས་སྤངས་པའི་ལས་ཀྱི་རྒྱུ་ལས་སེམས་ཅན་འབྱུང་བས་སོ། །དེ་གསུམ་ནི་འཇུག་པ་འཁོར་བར་བཅིངས་པ་ལས་བརྩམས་པ་སྟེ་ལྡོག་པ་ལས་བརྩམས་པ་ནི་ཟག་བཅས་ཀྱི་ལས་ཀྱི་འཆིང་བ་ལས་ཐར་པའི་ཆེད་དུ་གཉེན་པོ་ཟག་པ་མེད་པའི་ལས་སེམས་ཅན་གྱི་རྟེན་སྐྱབས་ཡིན་པས་སོ། ། 1-621 ལུས་ཐོབ་པ་ནི་འཕེན་བྱེད་ཀྱིས་ཕྱེ་བའོ། །བདེ་འགྲོ་དང་ངན་འགྲོ་དེ་རྣམས་ཉིད་སྐྱོན་དང་ཡོན་ཏན་དང་ལྡན་པ་ནི་རྫོགས་བྱེད་ཀྱིས་ཕྱེ་བའོ། །བཅུ་པ་ལ་མདོ་བཀོད་དེ་དྲི་བ་ནི། སེམས་ ཅན། ཞེས་ཏེ་རྣམ་པ་ཀུན་ཏུ་བསམ་གྱིས་མི་ཁྱབ་པ་མིན་པས་དེ་ལ་བསམ་གྱིས་ཁྱབ་མི་ཁྱབ་ཅི་ལྟ་བུ་ཡིན་ཞེ་ན། དེ་བཤད་པ་ལ་གཉིས་ལས། བཟློག་ཟླ་བསམ་གྱིས་ཁྱབ་པ་ནི་ ལས་དགེ་བ་ཟག་བཅས་ཀྱི་རྣམ་སྨིན་བདེ་འགྲོར་འདོད་པ་དང་མི་དགེ་བའི་རྣམ་སྨིན་ཉེས་པ་སྤྱོད་པས་དེར་སོང་བས་ངན་པས་སར་འགྲེལ་སོང་བ་སྡུག་བསྔལ་གྱི་གནས་ལུས་གྲུབ་པས་ངན་འགྲོ་ བ་སྣ་ཚོགས་སུ་ལྟུང་བས་ལོག་པར་ལྷུང་བར་མི་འདོད་པ་ཞེས་པ་བསམ་གྱིས་མི་ཁྱབ་པ་བསམ་པར་བྱ་བ་སྟེ། བསམ་པ་དང་ནུས་པ་དང་ཡང་དག་པའི་ལྟ་བ་སོགས་ཡོན་ཏན་འདྲེན་ པའི་ཕྱིར་རོ། །བསམ་མི་ཁྱབ་དངོས་ལ་སྤྱིར་གྱི་ལས་དང་སྒོམ་སྟོབས་ཀྱིས་ལས་བསམ་གྱིས་མི་ཁྱབ་པ་གཉིས་ལས་དང་པོ་ནི། ལས་འདིས་ཞེས་ཏེ། མཛོད་འགྲེལ་དགུ་པར། རྨ་བྱའི་མདོངས་ནི་གཅིག་པུ་ ལའང་། །རྒྱུ

【現代漢語翻譯】 放棄苦行,如修持五火等,以及厭惡行為,如身體涂灰等。 1-620 沒有後悔,是因為放棄了享樂、家庭等,以及事業的盡頭,如大臣等,沒有隨後的悲傷。心中沒有疑慮,是因為致力於善行,盡力而爲,不會因為稍微的成就而滿足,所以不會因為沒有成就而後悔。第九個問題引用了經文:『世尊說,婆羅門之子,這些眾生』等等。解釋說,因為自己所造的業會成熟,而不會體驗到他人的業果。特別是在《殊勝贊》中說:『婆羅門們說,善與惡,給予和接受都在轉移。您說,您所做的不會白費,沒有做過的也不會相遇。』就像這樣。善與非善的果報,分配可欲和不可欲的份額。如《寶鬘論》中說:『從非善中產生一切痛苦,同樣也產生一切惡趣。從善中產生一切善趣,以及各種各樣的快樂。』就像這樣。無因論就像拋棄遠方,以及與數論派的自性、勝論派的差別,以及無足自在天等不一致的原因,因為眾生是從業因中產生的。這三者是從束縛于輪迴的進入開始的,從解脫開始,是爲了從有漏業的束縛中解脫出來,對治品是無漏業,是眾生的依靠和救護。 1-621 獲得身體是由推動者所區分的。善趣和惡趣本身,具備缺點和優點,是由完成者所區分的。第十個問題引用了經文並提問:『眾生』,因為不是在任何方面都不可思議,那麼對於它是可思議還是不可思議呢?解釋說,有兩種:可思議的是,有漏善業的成熟被認為是善趣,以及惡業的成熟導致惡行,因此前往那裡,墮入惡處,痛苦的處境,身體的形成,墮入各種惡趣,不希望墮入邪道,這是不可思議的,是應該思考的,因為能帶來思考、能力和正見等優點。不可思議的事物,一般而言,有業力和禪定力所致的兩種不可思議的業,第一種是,這個業,如《俱舍論釋》第九品中說:『即使是孔雀的羽毛,也只有一個』。

【English Translation】 Abandoning asceticism, such as practicing the five fires, and detesting behaviors such as smearing the body with ashes. 1-620 There is no regret because there is no subsequent sorrow for abandoning pleasures, family, etc., and the end of work, such as ministers, etc. There is no doubt in the mind because one is dedicated to good deeds, doing as much as one can, and not being satisfied with a little achievement, so there is no regret for not achieving it. The ninth question quotes the scripture: ‘The Blessed One said, Brahmin’s son, these beings,’ etc. It explains that because one’s own karma will ripen, one will not experience the karmic results of others. In particular, in the ‘Praise of Excellence,’ it says: ‘Brahmins say that good and evil, giving and receiving, are all transferred. You say that what you have done will not be in vain, and what has not been done will not be encountered.’ It’s like this. The fruits of good and non-good, distributing desirable and undesirable shares. As the ‘Garland of Jewels’ says: ‘From non-good arises all suffering, and likewise all evil destinies. From good arises all good destinies, and all kinds of happiness.’ It’s like this. The causeless theory is like throwing away the distance, and the reason that is inconsistent with the nature of the Samkhya school, the difference of the Vaisheshika school, and the footless Ishvara, etc., because beings arise from the cause of karma. These three are from the beginning of being bound to samsara, and from the beginning of liberation, it is for the sake of liberation from the bondage of contaminated karma, the antidote is uncontaminated karma, which is the reliance and protection of beings. 1-621 Obtaining a body is distinguished by the impeller. Good and evil destinies themselves, possessing shortcomings and advantages, are distinguished by the completer. The tenth question quotes the scripture and asks: ‘Beings,’ because it is not inconceivable in every way, then what is it like to be conceivable or inconceivable? It explains that there are two types: the conceivable is that the maturation of contaminated good karma is considered a good destiny, and the maturation of evil karma leads to evil deeds, so going there, falling into evil places, the situation of suffering, the formation of the body, falling into various evil destinies, not wanting to fall into heresy, this is inconceivable, it is something to be thought about, because it can bring about the advantages of thinking, ability, and right view, etc. Inconceivable things, in general, there are two types of inconceivable karma caused by karma and the power of meditation, the first is, this karma, as the ninth chapter of the ‘Commentary on the Treasury of Knowledge’ says: ‘Even the feathers of a peacock have only one.’


་ཡི་རྣམ་པ་ཐམས་ཅད་ནི། །ཀུན་མཁྱེན་མིན་པས་ཤེས་བྱ་མིན། །དེ་མཁྱེན་པས་ན་ཀུན་མཁྱེན་སྟོབས། །ཞེས་དྲངས་པ་ལྟར་རོ། །དེ་ཡང་བསམ་བྱ་མ་ཡིན་པས་ཏེ་ཀུན་མཁྱེན་ལས་གཞན་པས་མི་ནུས་པས་དང་བསམས་ན་མགོ་མྱོས་པ་སོགས་སྐྱོན་འདྲེན་པས་སོ། ། 1-622 ལས་དེ་ཉིད་གནས་གྲོང་ངམ་གྲོང་ཁྱེར་གྱི་ཕྱོགས་གང་དུ་གནས་ཏེ་བྱས་པ་སོགས་དང་། དངོས་པོའམ་གཞི་སེམས་ཅན་དང་དེ་མིན་པ་ལ་བརྟེན་ཏེ་བྱས་པ་སོགས་དང་། རྒྱུ་དགེ་བ་དང་མི་དགེ་ བའི་རྩ་བ་རྣམས་དང་། རྣམ་སྨིན་ལུས་སྣ་ཚོགས་ཀྱིས་རབ་ཏུ་དབྱེ་བས་ཀྱང་སྟེ། མཛོད་འགྲེལ་དུ། ལས་དང་དེའི་བསྒོས་དེའི་འཇུག་རྙེད། །དེ་ལས་འབྲས་བུ་སངས་རྒྱས་ལས། །གཞན་གྱིས་རྣམ་པ་ཐམས་ཅད་ ནི། །ངེས་པར་རབ་ཏུ་མི་ཤེས་སོ། །ཞེས་སོ། །ཡང་ན་རབ་ཏུ་དབྱེ་བའི་བཤད་པར། ཕྱི་སྣོད་ཀྱི་འཇིག་རྟེན་ཚེར་མ་ཅན་སོགས་སྣ་ཚོགས་ཞེས་སྦྱར་རོ་ཞེའོ། །ནོར་བུ་ཆུ་ཤེལ་ལས་ཆུ་འབྱུང་ བ་སོགས་དང་སྔགས་ཀྱིས་བཏབ་ན་མེས་མི་འཚིག་པ་སོགས་དང་སྨན་དེ་བཟུང་བས་མི་སྣང་བར་འགྱུར་བ་སོགས་སོ། །མཁྱུད་སྤྱད་ལུང་པ་གསུམ་གྱི་མདའ་ནས་རྡེའུ་གསུམ་བླངས་ཤིང་མཐོ་སར་ཕྱིན་ནས་ བདུན་པ་མན་ཆད་ཀྱི་རིམས་རྣམས་སོང་ཞིག་ཅེས་བརྗོད་དེ་ལུང་པ་གསུམ་དུ་འཕངས་ན་རིམས་ཞི་བ་སོགས་སོ། །གཉིས་པ་ནི་རྣལ་འབྱོར་པ་ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་ཅན་གྱི་མཐུ་མངོན་ ཤེས་ཀྱི་ལས་ས་གཡོ་བ་དང་འཕུར་བ་སོགས་སོ། །བྱང་ཆུབ་སེམས་པ་ས་བརྒྱད་པ་ཡན་ཆད་ཀྱི་དབང་འབྱོར་པའི་ལས་ཏེ་ཚེ་ལ་དབང་བས་ནི་ཚེ་བྱིན་གྱིས་བརླབས་ནས་ཇི་སྲིད་འདོད་པར་གནས་ནུས་པའོ། ། 1-623 སེམས་ཏེ་ཏིང་ངེ་འཛིན་ལ་དབང་བས་ནི་ཇི་ལྟར་འདོད་པས་སྙོམས་པར་འཇུག་གོ །ཡོ་བྱད་ལ་དབང་བས་སྐྱེ་དགུ་ལ་ཡོ་བྱད་ཀྱི་ཆར་པ་འབེབས་ནུས་སོ། །འོ་ན་ཅི་ལྟར་སེམས་ངན་བཀྲེན་ ཞེ་ན། ནོར་ཐོབ་པའི་གེགས་ཀྱི་ལས་ཡོད་པས་དང་ནོར་བྱུང་ན་དགེ་བ་ལ་སྒྲིབ་པ་དང་ནོར་མེད་པས་སྐྱོ་བ་མངོན་དུ་གྱུར་ཀྱང་ཆོས་མི་སྒྲུབ་ན་ནོར་བྱུང་སྟེ་སྐྱོ་བ་མེད་ན་ དགེ་བ་མི་སྒྲུབ་པ་དང་གདུག་པས་ནོར་ཡོད་ན་མི་དགེ་བ་གསོག་པ་དང་ནོར་ཐོབ་ན་སྐྱེ་བོ་མང་པོ་ལ་གནོད་པའི་ཕྱིར་ཏེ་ཐེག་བསྡུས་སུ། ལས་དང་སྒྲིབ་པ་མངོན་གྱུར་དང་། །གསོག་ དང་གནོད་བྱེད་མཐོང་བའི་ཕྱིར། །བྱང་ཆུབ་སེམས་དཔའ་རྣམས་ལས་ནི། །སེམས་ཅན་ལོངས་སྤྱོད་མི་འཐོབ་བརྗོད། །ཅེས་སོ། །ལས་ལ་དབང་བས་ཁམས་གོང་མར་མྱང་བྱ་འདོད་པར་སྨིན་པར་སྒྱུར་ཏེ་ས་དང་འགྲོ་ བ་དང་སྐྱེ་གནས་དང་དུས་ཀྱང་ངོ་། །སྐྱེ་བ་ལ་དབང་བས་གང་འདོད་པར་སྐྱེའོ། །མོས་པ་ལ་དབང་བས་ས་དང་ཆུ་སོགས་གང་མོས་པར་སྒྱུར་རོ། །སྨོན་ལམ་ལ་དབང་བས་རང་གཞན་གྱི་དོན་ དུ་འདི་ལྟར་འགྲུབ་པར་གྱུར། ཅེས་ཀུན་ཏུ་རྟོགས་པ་ལས་འགྲུབ་པ་སྟ

【現代漢語翻譯】 『一切形態,非遍知故,非所知。知彼故,乃遍知力。』如是引述。彼亦非所思,以非遍知,他人不能故,若思則致頭昏等過失故。 1-622 業於何處村落或城市之處所作等,及依有情或非有情之事物或所依而作等,及善與不善之根本因,及以種種身之異熟所作等。如《俱舍論釋》云:『業及其習氣,及其趣入得,彼果佛所餘,一切定非知。』又或於分別之解釋中,連線『外器世界多刺等種種』。如是說。如寶珠水晶出水等,及以咒語加持則火不能燒等,及持彼藥則隱身等。於三谷交匯處取三石子,至高處,唸誦『七以下之疫病皆除』,向三谷拋擲,則疫病息滅等。 第二者,乃瑜伽士止觀雙運之神力,即地動、飛行等。菩薩八地以上之自在力,即于壽命自在,能加持壽命,隨欲而住。1-623 心,即於三摩地自在,能隨欲入定。于資具自在,能降資具之雨于眾生。若爾,何故心惡而慳吝耶?以有得財之障礙業故,及若得財則障善法故,及無財則憂惱現前亦不修法故,若得財而無憂惱則不修善法故,及以噁心若有財則積不善業故,及若得財則損害眾多眾生故。如《攝大乘論》云:『業及障礙現,積及損他見,菩薩于諸有,有情受用無。』于業自在,能將上界之受用轉為欲界成熟,即地與行境與生處與時節也。于生自在,能隨欲而生。于意樂自在,能隨欲轉變地與水等。于愿自在,為自他之利益,如是成就,從一切覺悟而成就。

【English Translation】 ‘All forms are not knowable because they are not omniscient. Because of knowing that, it is the power of omniscience.’ As quoted. That is also not to be thought about, because it is not omniscience, others cannot do it, and if thought about, it leads to faults such as dizziness. 1-622 The karma is done in which place, village, or city, etc., and based on what object, sentient or non-sentient, etc., and the root causes of good and non-good, and also distinguished by the various ripened bodies. As it says in the commentary on the Treasury of Knowledge: ‘Karma and its habits, its entry and acquisition, its fruit, other than the Buddha, all are definitely unknowable.’ Or, in the explanation of distinction, connect ‘the external world of thorns and so on, various.’ So it is said. Like water coming from jewels and crystals, and if blessed with mantras, fire cannot burn, and holding that medicine makes one invisible, and so on. Taking three pebbles from the confluence of the three valleys, going to a high place, and saying, ‘May all the epidemics below seven be gone,’ and throwing them into the three valleys, the epidemics subside, and so on. The second is the power of the yogi who combines calm abiding and insight, the power of clairvoyance, such as moving the earth and flying. The power of the bodhisattva from the eighth bhumi onwards, that is, being in control of life, being able to bless life and stay as long as desired. 1-623 The mind, that is, being in control of samadhi, being able to enter samadhi as desired. Being in control of resources, being able to rain down resources on beings. If so, why is the mind evil and stingy? Because there is the karma of obstructing the attainment of wealth, and if wealth is attained, it obstructs virtue, and if there is no wealth, sorrow manifests and one does not practice the Dharma, and if wealth is attained and there is no sorrow, one does not practice virtue, and with an evil mind, if one has wealth, one accumulates non-virtue, and if one attains wealth, it harms many beings. As it says in the Compendium of Vehicles: ‘Karma and obscurations manifest, accumulation and harming others are seen, bodhisattvas in all beings, beings do not obtain enjoyment.’ Being in control of karma, one can transform the enjoyment of the upper realms into ripening in the desire realm, that is, the earth, the realm of activity, the place of birth, and the time. Being in control of birth, one can be born as desired. Being in control of aspiration, one can transform earth and water, etc., as desired. Being in control of prayer, for the benefit of oneself and others, may it be accomplished in this way, it is accomplished from all realization.


ེ་མདོ་སྡེ་རྒྱན་དུ། སེམས་ཙམ་ལས་ནི་གྲུབ་པའི་ཕྱིར། །སེམས་ལས་མོད་ལ་འབྲུས་བུ་ཅན། །ཞེས་སོ། །རྫུ་འཕྲུལ་ལ་དབང་བས་སེམས་ཅན་འདུན་པའི་ཆེད་དུ་དེ་དཔག་མེད་སྟོན་པའོ། ། 1-624 ཡེ་ཤེས་ལ་དབང་བས་སོ་སོ་རིག་བཞི་ཕུལ་དུ་བྱུང་བའི་མཐར་འགྲོའོ། །ཆོས་ལ་དབང་བས་སེམས་ཅན་གཅིག་ནས་ཀུན་གྱི་བར་ལ་མིང་ཚིག་ཡི་གེ་ཐ་དད་པ་རྣམས་ཀྱིས་མདོ་སྡེ་སོགས་བཤད་ པས་ཅིག་ཅར་ཚིམ་པར་བྱེད་ནུས་པའོ། །སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་འཕྲིན་ལས་ནི་ལྷུན་གྱིས་གྲུབ་པའི་རྟོགས་པ་བརྙེས་ཤིང་ཆོས་དབྱིངས་ཀྱི་ངོ་བོའི་ཆོས་སྐུ་རྟོགས་པ་ཀུན་ཤིན་ཏུ་ནུབ་པས་ རོ་གཅིག་པ་བརྙེས་ཀྱང་། གང་དང་གང་ལ་གང་ཚེ་དང་། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ་། །ཞེས་མངོན་རྟོགས་རྒྱན་དུ་འབྱུང་བ་ལྟར་རྗེས་སུ་སྒྲུབ་པའོ། །འདིར་ཀུན་ འབྱུང་གི་བདེན་པ་མིན་ཡང་འཐོབ་པའི་ལས་སོགས་ཟག་མེད་ཀྱི་ལས་དུ་མ་བཤད་པ་ནི་ཞར་བྱུང་དུ་ལས་སྤྱི་ལ་མཁས་པའི་ཆེད་དུའོ། ། ཀུན་འབྱུང་གི་སྤྱིའི་མཚན་ཉིད་དམ་རྣམ་པ་ལ་གཉིས་ ལས། དབྱེ་བ་ནི། རྒྱ་ཆེར་བཤད་པ་དེ་མདོར་བསྡུས་ན་བདེན་པ་གཉིས་པའི་མཚན་ཉིད་རང་བཞིན་སྒོམ་པ་པོས་བསྒོམ་བྱའི་རྣམ་པ་གྲངས་བཞི་སྟེ་ཞེས་སོ། །ངེས་ཚིག་གི་ཚུལ་གྱིས་བཤད་པ་ལ་ ཡང་སྲིད་པ་སྐྱེ་བ་ཕྱི་མ་སོགས་ཀྱི་བག་ཆགས་ས་བོན་འཇོག་ཅིང་སྐྱེད་པ་ལས་དང་ཉོན་མོངས་ཡིན་པས་སོ། །སེམས་ཅན་གྱི་རིས་ལྷ་སོགས་དེ་དང་དེར་ཀུན་འབྱུང་བའི་སྒྲ་ས་མུ་ད་ཡ་ཞེས་པ་ལ་ཨ་བསྣན་པས་ས་མ་མཐུན་པ་དང་ཨུ་ད་ཡ་འབྱུང་བ་སྟེ་ཆ་བྱད་དང་རང་བཞིན་འདྲ་བར་འབྱུང་བའི་བྱེད་རྒྱུ་བྱེད་པས་སོ། ། 1-625 རབ་ཏུ་སྐྱེ་བའི་སྒྲ་དྲ་བྷ་ཝ་ལ་ཡི་གེ་བསྣན་པའི་ངེས་ཚིག་གིས་པྲ་ཏྱད་མ་སོ་སོ་རང་གི་རྒྱུད་ངེས་པར་དང་། པྲ་ཀཱ་ར་རྣམ་པ་འགྲོ་བ་དང་སྐྱེ་གནས་སོགས་སུ་དང་ པྲ་ཀརྵ་མཆོག་སྲིད་པའི་རྩེ་མོའི་བར་དུ་འབྱུང་བའི་བྱེད་རྒྱུ་བྱེད་པས་སོ། །རྐྱེན་གྱི་སྒྲ་པྲ་ཏྱ་ཡ་ཞེས་པ་ལ་བསྣན་པས་པྲཱ་པ་ཏ་སྔོན་མ་བྱུང་བའི་ལུས་འཐོབ་པ་དང་། ཨ་ཏྱ་ ཡ་སྔར་ཐོབ་པའི་ལུས་འདའ་བའི་བྱེད་རྒྱུ་བྱེད་པས་སོ། །འགོག་པའི་བདེན་པ་ལ་སྔ་མ་ལྟར་གསུམ་ལས་མདོར་བསྟན་པ་ནི། མཚན་ཉིད་ནས་རྣམ་གྲངས་མིང་གཞན་གྱི་བར་རོ། །རྒྱས་པར་བཤད་པ་ ལ་བཅུ་གཉིས་ཀྱི་མཚན་ཉིད་ལ་གསུམ་ལས་ངོས་བཟུང་བ་ནི། གང་དུ་འགོག་པ་དེ་བཞིན་ཉིད་དང་གང་གིས་འགོག་པ་སྒྲུབ་བྱེད་ལམ་དང་། འགོག་པའི་ངོ་བོ་གང་ཡིན་པ་ཉོན་མོངས་མི་འབྱུང་ བ་སྟེ་ཆོས་དབྱིངས་རང་བཞིན་གྱིས་དག་པ་ལ་ལམ་བསྒོམས་པས་བློ་བུར་གྱི་དྲི་མ་དང་བྲལ་བའོ། །དེ་བཞིན་ཉིད་དྲི་བཅས་དང་དྲི་མེད་དུ་འགྱུར་ཡང་རང་བཞིན་མི་འགྱུར་གྱི་བློ་བུར་གྱི་ དྲི་མ་དང་བྲལ་མ་བྲལ་ཙམ་ཡིན་པས་མི་རྟ

【現代漢語翻譯】 《經莊嚴論》中說:『因為唯是心所成,從心而生且具果。』這是說,因為能自在神通,爲了調伏眾生,所以能示現無量。 因為能自在智慧,所以能達到四種各別智慧的頂峰。因為能自在法,所以能以眾生從一個到一切不同的名、詞、字等來宣說經部等,從而能一時滿足他們。成就佛陀事業的事業是任運成就的證悟,證得法界自性的法身,一切證悟都完全融入,證得一味。如《現觀莊嚴論》所說:『於何處、何時,於何時所作之事有利益,于彼處、彼時,彼即顯現。』這是隨順而成就。這裡雖然不是集諦的真諦,但卻說了獲得的業等無漏之業,這是爲了順便精通一般的業。集諦的一般體相或相狀有兩種。差別是:廣說的內容如果簡略來說,就是二諦的體相,修行者所修的四種相狀。 以詞義的方式來說,也是因為業和煩惱能安立和產生後世等習氣種子。眾生的類別,如天等,在那裡的集起之聲,薩姆達亞(藏文:ས་མུ་ད་ཡ་,梵文天城體:समुदय,梵文羅馬擬音:samudaya,漢語字面意思:集合),加上阿字,成為薩瑪(藏文:ས་མ་,梵文天城體:सम,梵文羅馬擬音:sama,漢語字面意思:平等)不相同,烏達亞(藏文:ཨུ་ད་ཡ་,梵文天城體:उदय,梵文羅馬擬音:udaya,漢語字面意思:升起)是生起,即生起與部分和自性相似之物的作者。 極生的聲音,達拉巴瓦(藏文:དྲ་བྷ་ཝ་,梵文天城體:द्रभव,梵文羅馬擬音:drabhava,漢語字面意思:快速存在)加上字母的詞義是,帕拉提亞(藏文:པྲ་ཏྱད་,梵文天城體:प्रत्यद्,梵文羅馬擬音:pratyad,漢語字面意思:各自),瑪(藏文:མ་,梵文天城體:मा,梵文羅馬擬音:ma,漢語字面意思:否定)索索(藏文:སོ་སོ་,梵文天城體:स्वस्व,梵文羅馬擬音:svasva,漢語字面意思:各自)各自的相續必定,以及帕拉卡拉(藏文:པྲ་ཀཱ་ར་,梵文天城體:प्रकार,梵文羅馬擬音:prakara,漢語字面意思:方式)種類到去處和生處等,以及帕拉卡爾沙(藏文:པྲ་ཀརྵ་,梵文天城體:प्रकर्ष,梵文羅馬擬音:prakarsha,漢語字面意思:卓越)到有頂的頂端之間生起的作者。 緣起的聲音,帕拉提亞亞(藏文:པྲ་ཏྱ་ཡ་,梵文天城體:प्रत्यय,梵文羅馬擬音:pratyaya,漢語字面意思:條件)加上后,成為帕拉帕塔(藏文:པྲཱ་པ་ཏ་,梵文天城體:प्रापत,梵文羅馬擬音:prapata,漢語字面意思:落下)獲得先前沒有生起的身體,以及阿提亞亞(藏文:ཨ་ཏྱ་ཡ་,梵文天城體:अत्यय,梵文羅馬擬音:atyaya,漢語字面意思:超越)是先前獲得的身體消逝的作者。滅諦如先前一樣有三種,簡略的指示是:從體相到名稱的其他名稱之間。廣說時,十二種體相中有三種的確定是:何處是滅,即是真如;以何滅,即是能成辦的道;滅的本體是什麼,即是沒有煩惱生起,也就是法界自性清凈,通過修道而遠離了忽然的垢染。雖然真如會變成有垢染和無垢染,但自性不會改變,只是有無忽然的垢染而已,所以不是常……

【English Translation】 In the ‘Ornament of the Sutras,’ it says: ‘Because it is solely mind-made, it arises from the mind and has fruit.’ This means that because one has power over miracles, in order to subdue sentient beings, one can manifest immeasurable things. Because one has power over wisdom, one can reach the peak of the four distinct wisdoms. Because one has power over the Dharma, one can use different names, words, and letters from one to all sentient beings to expound the Sutras and so on, thereby being able to satisfy them all at once. The activity of accomplishing the deeds of the Buddha is the spontaneously accomplished realization, realizing the Dharmakaya (藏文:ཆོས་སྐུ་,梵文天城體:धर्मकाय,梵文羅馬擬音:dharmakāya,漢語字面意思:法身) of the nature of the Dharmadhatu (藏文:ཆོས་དབྱིངས་,梵文天城體:धर्मधातु,梵文羅馬擬音:dharmadhātu,漢語字面意思:法界), all realizations are completely absorbed, and one attains the same taste. As it appears in the ‘Ornament of Clear Realization’: ‘Wherever and whenever, whenever the action is beneficial, there and then, it appears.’ This is to accomplish accordingly. Here, although it is not the truth of the origin, it speaks of the actions of attainment and other uncontaminated actions, which is to become proficient in general actions incidentally. There are two general characteristics or aspects of the origin. The difference is: if the extensive explanation is summarized, it is the characteristic of the two truths, the four aspects to be meditated upon by the meditator. Speaking in terms of etymology, it is also because karma and afflictions establish and generate the seeds of habits of future lives and so on. The categories of sentient beings, such as gods, the sound of arising there, Samudaya (藏文:ས་མུ་ད་ཡ་,梵文天城體:समुदय,梵文羅馬擬音:samudaya,漢語字面意思:集合), with the addition of the letter A, becomes Sama (藏文:ས་མ་,梵文天城體:सम,梵文羅馬擬音:sama,漢語字面意思:平等), which is not the same, and Udaya (藏文:ཨུ་ད་ཡ་,梵文天城體:उदय,梵文羅馬擬音:udaya,漢語字面意思:升起) is arising, that is, the agent that arises similarly to parts and nature. The sound of extreme arising, Drabhava (藏文:དྲ་བྷ་ཝ་,梵文天城體:द्रभव,梵文羅馬擬音:drabhava,漢語字面意思:快速存在) with the addition of the letter, the etymology is that Pratyad (藏文:པྲ་ཏྱད་,梵文天城體:प्रत्यद्,梵文羅馬擬音:pratyad,漢語字面意思:各自), Ma (藏文:མ་,梵文天城體:मा,梵文羅馬擬音:ma,漢語字面意思:否定) Svasva (藏文:སོ་སོ་,梵文天城體:स्वस्व,梵文羅馬擬音:svasva,漢語字面意思:各自) each of their continuums is certain, and Prakara (藏文:པྲ་ཀཱ་ར་,梵文天城體:प्रकार,梵文羅馬擬音:prakara,漢語字面意思:方式) kinds to places and birthplaces, etc., and Prakarsha (藏文:པྲ་ཀརྵ་,梵文天城體:प्रकर्ष,梵文羅馬擬音:prakarsha,漢語字面意思:卓越) to the top of the summit of existence is the agent of arising. The sound of condition, Pratyaya (藏文:པྲ་ཏྱ་ཡ་,梵文天城體:प्रत्यय,梵文羅馬擬音:pratyaya,漢語字面意思:條件) after adding, becomes Prapata (藏文:པྲཱ་པ་ཏ་,梵文天城體:प्रापत,梵文羅馬擬音:prapata,漢語字面意思:落下) obtaining the body that did not arise before, and Atyaya (藏文:ཨ་ཏྱ་ཡ་,梵文天城體:अत्यय,梵文羅馬擬音:atyaya,漢語字面意思:超越) is the agent of the previous body passing away. The truth of cessation is like the previous three, the brief indication is: from the characteristic to the other name of the name. In the extensive explanation, the determination of the twelve characteristics is: where there is cessation, that is Suchness; by what is ceased, that is the accomplishing path; what is the nature of cessation, that is the non-arising of afflictions, that is, the Dharmadhatu (藏文:ཆོས་དབྱིངས་,梵文天城體:धर्मधातु,梵文羅馬擬音:dharmadhātu,漢語字面意思:法界) is naturally pure, and by cultivating the path, it is separated from the adventitious stains. Although Suchness becomes stained and unstained, the nature does not change, it is only the presence or absence of adventitious stains, so it is not constant…


ག་པར་མི་འགྱུར་ཏེ། དབུས་མཐར། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་སོ། །དེ་ལ་བྱེ་བྲག་སྨྲ་བས། སོ་སོར་བརྟགས་པས་འགོག་པ་གང་། ། 1-626 བྲལ་བའོ་སོ་སོ་སོ་སོ་ཡིན། །ཞེས་ལྡན་པའི་རྫས་ཇི་སྙེད་པའི་བྲལ་བ་རྫས་གྲུབ་དུ་མ་སྟེ། གཞན་དུ་ན་དུཿཁ་མཐོང་སྤང་གི་འགོག་པ་མངོན་དུ་བྱས་པས་ཉོན་མོངས་ཀུན་གྱི་འགོག་པ་ མངོན་དུ་བྱེད་པར་ཐལ་ཅིང་། དེ་ལྟར་ན་ལྷག་མའི་གཉེན་པོ་སྒོམ་པ་དོན་མེད་དུ་འགྱུར་རོ་ཞེས་སྨྲའོ། །མདོ་སྡེ་པས་གཉེན་པོ་བསྒོམས་པས་སྤང་བྱ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བའི་ མེད་དགག་ཏུ་སྨྲའོ། །གཉིས་པ་དེ་ལུང་གིས་སྒྲུབ་པ་ལ་གཉིས་ལས། ཟག་བཅས་ཀྱི་ཕུང་པོ་དང་སྐྱེ་མཆེད་འགགས་པ་འགོག་པར་གསུངས་པ་ནི་ཇི་སྐད་དུ་བཅོམ་ལྡན་གྱིས། མཚོ་ནི་གང་ལས་ལྡོག་ པར་འགྱུར། ལམ་ནི་གང་ལས་ལྡོག་པ་ལགས། །གང་དུ་འཇིག་རྟེན་སྡུག་བསྔལ་དང་། །བདེ་བ་མ་ལུས་འགག་པར་འགྱུར། །ཞེས་ཞུས་པའི་ལན་དུ། གང་ལ་དམིགས་པས་མིག་སོགས་འགག་པ། དེ་ལས་མཚོ་ནི་ ལྡོག་འགྱུར་ཞིང་། །ལམ་ནི་དེ་ལས་ལྡོག་པ་འོ། །ཞེས་འབྱུང་སྟེ་མཚོ་སྐྱེ་མཆེད་དྲུག་དང་ལམ་ཉོན་མོངས་དང་ལས་ཏེ་འདི་ནི་ལྷག་མ་མེད་པའི་འགོག་པ་ལ་དགོངས་པའོ། །ཁམས་བཅོ་བརྒྱད་འགགས་པ་ འགོག་པར་གསུངས་པ་ནི། ཡང་དེ་བཞིན་ཉིད་གང་དུ་མིག་འགོག་པ་དང་མིག་ཤེས་དང་མཚུངས་ལྡན་གྱི་ཁ་དོག་གི་འདུ་ཤེས་དང་འབྲལ་བ་ནས་ཡིད་ཀྱི་བར་དུ་འགག་པ་དང་། ཡིད་ཤེས་དང་ལྷན་ཅིག་པའི་ཆོས་ཀྱི་འདུ་ཤེས་དང་བྲལ་བ་དེ་སྐྱེ་མཆེད་དུ་རིག་སྟེ་དེ་བཞིན་ཉིད་ཆོས་ཀྱི་སྐྱེ་མཆེད་དུ་འདུས་པས་སོ་ཞེའོ། ། 1-627 གསུམ་པ་ལུང་གི་དོན་ནི་རྣམ་གྲངས་གཉིས་པོའམ་ཚུལ་འདིས་ནི་དེ་བཞིན་ཉིད་ཀྱང་ཡིན་ལ་དམིགས་པའང་ཡིན་པ་གང་དུ་ཟག་བཅས་ཀྱི་དངོས་པོ་སྐྱེ་མཆེད་དྲུག་སོགས་འགག་པ་དེ་ཞེས་སོ། །ཟབ་ པ་ལ་གཉིས་ལས་དངོས་ནི། འདུ་བྱེད་དེ་རྣམས་ཀྱི་འཇིག་པ་མི་རྟག་པ་མ་ཡིན་དགག་དངོས་པོ་དང་བདག་གཅིག་པ་ལས་འགོག་པ་དེ་གཞན་ཡིན་ན་བདེན་པ་མཐོང་བའང་འདུ་བྱེད་ཀྱི་མཚན་ མ་དང་མ་བྲལ་ཞིང་མཚན་མའི་འཆིང་བ་དང་གནས་ངན་ལེན་གྱི་འཆིང་བ་ལས་མ་གྲོལ་བར་འགྱུར་བ་དང་། ཆོས་ཉིད་འདུ་བྱེད་ཀུན་གྱི་སྤྱིའི་མཚན་ཉིད་དུ་མི་འགྱུར་བ་དང་། འདུ་བྱེད་ཀྱི་ བདག་མེད་པ་དང་ངོ་བོ་ཉིད་མེད་པ་ཙམ་དོན་དམ་གྱི་མཚན་ཉིད་མ་ཡིན་པར་འགྱུར་བ་དང་། ཉོན་མོངས་དང་རྣམ་བྱང་གི་མཚན་ཉིད་ཀྱང་ཅིག་ཅར་མཚན་ཉིད་ཐ་དད་དུ་གྲུབ་པར་འགྱུར་ བས་དེ་ཞེས་ཀྱང་མི་བྱ། གཞན་མིན་ན་བྱིས་པ་ཀུན་བདེན་པ་མཐོང་བ་དང་འདུ་བྱེད་ལྟར་དོན་དམ་ཡང་ཀུན་ནས་ཉོན་མོངས་སུ་རྟོགས་པ་དང་། དོན་དམ་ལྟར་འདུ་བྱེད་ཀུན་ཀྱང་བྱེ་བྲག་ མེད་པ་དང་རྣལ་འབྱོར་པ་འདུ་བྱེད་རྣམས་ལས་གོང་དུ་ད

【現代漢語翻譯】 『何處不改變?于中邊,水界、金和虛空等,如清凈般欲清凈。』如是說。對此,分別說者說:『以個別觀察而得之滅,是分離,是各個分離。』如是,凡具有之事物,其分離為事物成立之多體。否則,現證苦諦所斷之滅,則應成現證一切煩惱之滅。若如是,則修習余品之對治成為無意義。如是說。經部師說:『修習對治,所斷如空中彩虹般消失,是無遮滅。』 第二,以教證成立彼(滅諦),分二:所說之有漏蘊和處滅是滅諦者,如世尊云:『海從何處退?道從何處退?於何處世間苦,及一切樂滅?』請問之答曰:『於何所緣眼等滅,從彼海則退,道亦從彼退。』如是說,海是六處,道是煩惱和業,此是就無餘滅而說。 所說之十八界滅是滅諦者,又如是說:『於何處眼滅,及眼識和相應之色之想分離,乃至意滅,及意識和相隨之法之想分離,彼知為處,如是彼法處集故。』 第三,教證之義,以兩種差別或此方式,彼亦是真如亦是所緣,於何處有漏之事物,六處等滅是也。 甚深分二,其中真實義是:諸行之壞滅,非常,非否定,與事物為一體,若滅與彼相異,則見真諦亦不離諸行之相,且不從相之繫縛和惡趣之繫縛中解脫,且法性亦不成諸行之共相,且諸行之無我和自性空性亦不成勝義之相,且煩惱和清凈之相亦同時成立為異相,故不應如是說。若不異,則一切孩童皆見真諦,且如諸行般,勝義亦皆被理解為遍計所執,且如勝義般,一切諸行亦無差別,且瑜伽士亦高於諸行。

【English Translation】 ‘Where does not change? In the middle and the end, the water element, gold, and the sky, etc., are desired to be pure as if they were pure.’ Thus it is said. To this, the Vaibhashikas say: ‘Cessation achieved through individual examination, is separation, is each individual separation.’ Thus, whatever entities exist, their separation constitutes multiple substantially established entities. Otherwise, realizing the cessation of what is abandoned by seeing suffering would entail realizing the cessation of all afflictions. If so, then meditating on the remaining antidotes would become meaningless.’ Thus they say. The Sautrantikas say: ‘By meditating on the antidote, what is to be abandoned disappears like a rainbow in the sky, it is a non-affirming negation.’ Secondly, establishing that (cessation) through scripture is twofold: The cessation of contaminated aggregates and sense bases is said to be cessation, as the Blessed One said: ‘From where does the ocean recede? From where does the path recede? Where does the suffering of the world, and all happiness, cease?’ In response to the question, he said: ‘When the eye and other sense faculties cease in their objects, from there the ocean recedes, and from there the path also recedes.’ Thus it appears, the ocean is the six sense bases, and the path is afflictions and karma; this refers to the cessation without remainder. The cessation of the eighteen elements is said to be cessation, as it is also said: ‘Wherever the eye ceases, and the separation of eye consciousness and the associated perception of color, up to the cessation of mind, and the separation of mind consciousness and the associated perception of phenomena, that is known as a sense base, thus that phenomenon is gathered into the sense base of phenomena.’ Thirdly, the meaning of the scriptural statement is that, with these two distinctions or this method, that is also Suchness and also the object, wherever the contaminated entities, the six sense bases, etc., cease. Profoundness is twofold, of which the actual meaning is: The disintegration of those formations, impermanence, non-negation, being one with the entity, if cessation is different from that, then seeing the truth is also not separate from the characteristics of formations, and is not liberated from the bondage of characteristics and the bondage of bad rebirths, and the nature of phenomena also does not become the common characteristic of all formations, and the selflessness and emptiness of formations alone do not become the ultimate characteristic, and the characteristics of afflictions and purification also simultaneously become established as different characteristics, therefore it should not be said thus. If not different, then all children see the truth, and like formations, the ultimate is also understood as completely afflicted, and like the ultimate, all formations are also without distinction, and the yogi is also superior to the formations.


ོན་དམ་མི་ཚོལ་བར་འགྱུར་རོ། །གཉིས་ཡིན་དང་གཉིས་མ་ཡིན་ཞེས་ཀྱང་མི་བྱ་སྟེ་སྐྱོན་གཉིས་ཀར་འགྱུར་བས་སོ། །དགོངས་པ་ངེས་པར་འགྲེལ་བར། 1-628 འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་རྣམས་ཚུལ་བཞིན་མ་ཡིན་ཞུགས་པ་འོ། །ཞེས་བཀའ་བསྩལ་ཏོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞི་སྤྲོས་པ་ཡིན་ཅིང་འགོག་བདེན་ལ་སྤྲོས་པ་ཐ་སྙད་ལས་བྱུང་བའི་རྣམ་པ་མེད་པའི་ཕྱིར། སྤྲོས་པ་ནི་འགོག་བདེན་གྱི་དོན་འདི་ལ་བསམ་བྱ་གཞན་ཡིན་ཞིང་ སེམས་པ་དེ་དང་མི་མཐུན་པས་ཚུལ་བཞིན་མིན་པ་དང་ཉོན་མོངས་ཞི་བའི་ཐབས་མིན་པས་རིགས་པ་མ་ཡིན་པ་སྟེ་བསམ་བྱ་ནི་ཞི་བ་སོགས་ཀྱི་རྣམ་པ་སྟེ། ཉོན་མོངས་པ་ཟད་པ་ དང་རྗེས་སུ་མཐུན་པའི་ཕྱིར་སྤྲོས་པ་མིན་ནོ། །དེ་ལུང་གིས་སྒྲུབ་པ་ནི། བཅོམ་ལྡན། ཞེས་ཏེ་རེག་པ་སྐྱེད་པའི་སྐྱེ་མཆེད་མིག་སོགས་དྲུག་གོ །ཟད་པ་སོགས་འོག་ཏུ་ཇི་རིགས་པར་འཆད་ཏེ་ དེ་རྣམས་ལས་འགོག་བདེན་གཞན་པ་སོགས་མུ་བཞི་ནི་སྤྲོས་པ་མེད་པ་མྱང་འདས་ལ་ཚུལ་བཞིན་མིན་པར་སེམས་པས་སྤྲོས་པར་བྱེད་དོ། །དེ་ཉིད་སློབ་དཔོན་གྱིས་སྟོན་པ་ཇི་སྲིད་དུ་ཞེས་ཏེ་ ལྷག་མེད་ཀྱི་མྱ་ངན་ལས་འདས་པར་བཅོམ་ལྡན་གྱིས་གསུངས་པའོ། །གསུམ་པ་བརྡ་ལ་འཇིག་རྟེན་པ་བསམ་གཏན་དང་གཟུགས་མེད་ཀྱི་སྟེ་ས་བོན་ནི་ཉོན་མོངས་པའི་འོ། །ཡང་ན་འཇིག་རྟེན་པ་ཚོགས་སྦྱོར་གྱིས་དྲི་མའི་ཉམས་སྨད་པའི་ཞེས་པ་འགྲིག་ཏེ་འོག་མ་ལ་འཕགས་པའི་ཤེས་རབ་ཀྱིས་ཞེས་པའི་ཤུགས་ལས་སོ། ། 1-629 བཏགས་པ་བ་ཡིན་པ་དེའི་ཕྱིར་མ་ལུས་པ་ལས་མྱ་ངན་ལས་མ་འདས་པས་དེའི་རྣམ་གྲངས་སུ་དང་། ཉོན་མོངས་པ་ཕྱོགས་གཅིག་སྤངས་ཤིང་གཅིག་ཏུ་ངེས་པ་མིན་པས་དེའི་ཡན་ལག་གི་མྱང་ འདས་སོ་ཞེས་སར་རོ། །དོན་དམ་པ་ལ་ཉོན་མོངས་པའི་ས་བོན་ཀུན་ཏུ་བཅོམ་པ་ནི་སླར་མི་སྐྱེ་བར་བྱས་པའོ། །ཡོངས་སུ་མ་རྫོགས་པ་ནི་ཉོན་མོངས་པའི་རྣམ་པ་ཇི་རིགས་པ་དང་ བྲལ་བ་རྣམས་ཀྱི་འགོག་པའོ། །ཡོངས་སུ་རྫོགས་པ་ནི་ཉོན་མོངས་ཀུན་འགོག་པའོ། །རྒྱན་མེད་པ་མངོན་ཤེས་སོགས་ཀྱིའོ། །རྒྱན་དང་བཅས་པ་མངོན་ཤེས་སོགས་ཀྱིའོ། །རྒྱན་དང་བཅས་པ་ལ་སྔོན་དང་ཕྱི་མའི་ མཐའ་དང་ཟག་པ་ཟད་པའི་རིག་པ་གསུམ་པོ་སྔོན་གྱི་གནས་དྲན་པ་དང་ལྷའི་མིག་དང་ཟག་ཟད་ཀྱི་མངོན་ཤེས་ཏེ། ཕྱི་མ་གསུམ་ནི་མི་སློབ་པའི་རིག་པ་སྟེ་གསུམ་གྱིས་རིམ་པས་སྔོན་ མཐའ་དང་ཕྱི་མཐའ་དང་བར་མཐའ་ལ་སོགས། །མ་རིག་པ་ནི་བཟློག་ཕྱིར་རོ། །ཞེས་སོ། །ཕུང་པོ་ལྷག་མ་ནི་འདོད་གཟུགས་ན་ལྔ་དང་གཟུགས་མེད་ན་བཞིའི་འོ། །ཁྱད་པར་དུ་འཕགས་པ་ལ་མི་ གནས་པའི་མྱང་འདས་ནི་མངོན་པར་རྟོགས་པའི་རྒྱན་དུ། ཤེས་པས་སྲིད་ལས་མི་གནས་ཤིང་། །སྙིང་

【現代漢語翻譯】 因此,不要尋求真諦。也不要說『是二』或『不是二』,因為這兩種說法都會導致過失。必須明確解釋其意。 1-628 蘊界與真諦的自性,是離一異之自性。誰若執著於一異之相,彼等即是未如實入道。』如是宣說。 為何如此說呢?因為這四者是戲論,而滅諦沒有從戲論和名言中產生的相。戲論是對滅諦之義的另一種思考, 與心不符,不是止息煩惱之方便,故不合理。所思之境是寂止等相,與煩惱滅盡相隨順,故非戲論。以聖教證明:『薄伽梵(Bhagavan,世尊)。』即是生起觸的六處,如眼等。滅盡等將在下文解釋, 從這些之中,將滅諦視為其他四句,是對無戲論涅槃的非如實作意,因此是戲論。導師亦如是開示:『乃至』,即是薄伽梵所說的無餘涅槃。第三,對於名言,世間禪定和無色定,其種子是煩惱。 或者說,世間行者以合修(瑜伽)來貶低垢染之過患是合理的,因為下文有『以聖慧』之意。 1-629 因為是假名安立者,所以未完全從輪迴中解脫,因此是其異名。煩惱未完全斷除,也非完全確定,因此是其支分的涅槃。 對於勝義諦,斷除一切煩惱種子,即是使其不再生起。未完全圓滿,是指與各種煩惱之相分離的滅盡。完全圓滿,是指斷除一切煩惱。 無莊嚴是指無神通等。有莊嚴是指有神通等。有莊嚴包括前際、后際和漏盡智三種,即宿命通、天眼通和漏盡通。后際三種是無學之智,這三種依次對應前際、后際和中際等。 無明是爲了遣除顛倒。蘊的剩餘是指欲界和色界有五蘊,無色界有四蘊。特別殊勝的是不住涅槃,在《現觀莊嚴論》中說:『由知不住于有, 悲不住涅槃。』 問:何者是煩惱障和所知障?答:煩惱障是五種,即薩迦耶見(認為五蘊是『我』)、邊見(斷常二見)、邪見(否定因果)、見取見(執著于錯誤的見解)和戒禁取見(執著于錯誤的戒律和禁忌)。 所知障是無明、猶豫、不信、懈怠、放逸、失念、不正知和散亂。這些是所知障。 問:何者是煩惱和隨煩惱?答:煩惱是貪、嗔、癡、慢、疑、不正見、無慚、無愧、嫉妒、慳吝、追悔、睡眠、掉舉、昏沉、忿怒、覆藏、惱害、嫉妒、慳吝、誑惑、諂媚、驕慢、無慚、無愧。這些是煩惱。 隨煩惱是忿怒、恨意、覆藏、惱害、嫉妒、慳吝、誑惑、諂媚、驕慢、無慚、無愧。這些是隨煩惱。 問:何者是善、不善和無記?答:善是信、慚、愧、無貪、無嗔、無癡、精進、輕安、不放逸、舍、不害。這些是善。 不善是無信、無慚、無愧、放逸、懈怠、無明、掉舉、昏沉、不信、邪欲、無慚、無愧、暴惡。這些是不善。 無記是既非善亦非不善,如眼識等。

【English Translation】 Therefore, do not seek the ultimate truth. And do not say ‘it is two’ or ‘it is not two,’ because both of these statements lead to faults. It is necessary to clearly explain the meaning. 1-628 ‘The nature of the aggregates and the ultimate truth is the nature of being free from one and different. Whoever clings to the appearance of one and different, those are not properly entering the path.’ Thus it was declared. Why is this said? Because these four are elaborations, and the truth of cessation does not have an appearance arising from elaborations and names. Elaboration is another thought about the meaning of the truth of cessation, which does not accord with the mind, is not a means of pacifying afflictions, and is therefore unreasonable. The object of thought is the appearance of peace, etc., which is in accordance with the exhaustion of afflictions, and is therefore not elaboration. It is proven by scripture: ‘Bhagavan (the Blessed One).’ That is, the six sources that give rise to contact, such as the eye, etc. Exhaustion, etc., will be explained below, From these, considering the truth of cessation as the other four possibilities, is an unreal consideration of the non-elaborate nirvana, and is therefore elaboration. The teacher also taught: ‘As long as,’ that is, the nirvana without remainder spoken by the Blessed One. Third, for names, worldly meditation and formless meditation, their seed is affliction. Or, it is reasonable for worldly practitioners to disparage the faults of defilements through combined practice (yoga), because the implication of ‘with holy wisdom’ is in the following. 1-629 Because it is a nominal establishment, it is not completely liberated from samsara, therefore it is its synonym. Afflictions are not completely abandoned, nor are they completely certain, therefore it is the nirvana of its branch. For the ultimate truth, cutting off all seeds of affliction is to make them no longer arise. Not completely perfected refers to the cessation of separation from the appearances of various afflictions. Completely perfected refers to the cessation of all afflictions. Without adornment refers to the absence of clairvoyance, etc. With adornment refers to the presence of clairvoyance, etc. With adornment includes the three knowledges of the past, future, and exhaustion of outflows, namely, the remembrance of past lives, the divine eye, and the clairvoyance of the exhaustion of outflows. The latter three are the knowledge of the non-learner, and these three correspond respectively to the past, future, and middle limits, etc. Ignorance is for reversing delusion. The remainder of the aggregates refers to the five aggregates in the desire and form realms, and the four aggregates in the formless realm. Especially excellent is the non-abiding nirvana, which is said in the Ornament for Clear Realization: ‘By knowing not to abide in existence, compassion does not abide in nirvana.’ Question: What are the afflictive obscurations and the cognitive obscurations? Answer: The afflictive obscurations are five: the view of the self (believing the five aggregates to be ‘I’), the view of extremes (the two views of eternalism and nihilism), wrong view (denying cause and effect), the view of holding views as supreme (clinging to wrong views), and the view of holding ethical discipline and moral conduct as supreme (clinging to wrong ethics and taboos). The cognitive obscurations are ignorance, hesitation, disbelief, laziness, carelessness, forgetfulness, non-discernment, and distraction. These are the cognitive obscurations. Question: What are afflictions and secondary afflictions? Answer: Afflictions are greed, hatred, delusion, pride, doubt, wrong views, shamelessness, lack of embarrassment, jealousy, stinginess, regret, sleep, excitement, dullness, anger, concealment, harm, envy, stinginess, deception, flattery, arrogance, shamelessness, lack of embarrassment. These are afflictions. Secondary afflictions are anger, resentment, concealment, harm, envy, stinginess, deception, flattery, arrogance, shamelessness, lack of embarrassment. These are secondary afflictions. Question: What are wholesome, unwholesome, and neutral? Answer: Wholesome are faith, embarrassment, shame, non-greed, non-hatred, non-delusion, diligence, pliancy, non-carelessness, equanimity, non-harm. These are wholesome. Unwholesome are lack of faith, lack of embarrassment, lack of shame, carelessness, laziness, ignorance, excitement, dullness, disbelief, wrong desire, shamelessness, lack of embarrassment, violence. These are unwholesome. Neutral is neither wholesome nor unwholesome, such as eye consciousness, etc.


རྗེས་ཞི་ལ་མི་གནས་དང་། །ཞེས་གསུངས་པ་ལྟར་ཏེ་སེམས་ཅན་ཀུན་གྱི་ཕན་བདེ་སྒྲུབ་པས་མཆོག་གོ ། 1-630 རྣམ་གྲངས་ལ་གཉིས་ལས་མིང་གི་མདོར་བསྟན་པ་ནི། མ་ལུས་པར་ཞེས་ཏེ་སོགས་པས་ནི་མ་སྨོས་པ་རྣམས་སྡུད་པའོ། །རྒྱས་བཤད་ལ་གསུམ་སྤངས་པའི་དང་། ཡོན་ཏན་གྱི་དང་། སྡུག་བསྔལ་ལས་བཟློག་ པའི་རྣམ་གྲངས་སོ། །དང་པོ་ནི་གཏན་ཚིགས་ཅིའི་ཕྱིར་མ་ལུས་པར་སྤངས་པར་བརྗོད་ཅེ་ན། ཚིག་ལྷག་མ་ནུབ་པའི་བར་གྱི་ཕྱིར་ཏེ་དེས་ན་དེ་མདོར་བསྟན་ཏོ། །ཀུན་ནས་དཀྲིས་པ་ནི་ཉོན་ མོངས་པའི་རང་གི་ངོ་བོ་སྟེ། བོར་བ་ནི་དང་དུ་ལེན་པ་མེད་པའོ། །བག་ལ་ཉལ་ནི་ཉོན་མོངས་ཀྱི་ས་བོན་ཏེ། མཐར་བྱེད་པ་ནི་རྩ་བ་མེད་ན་གཏན་མི་སྐྱེ་བས་སོ། །ཟད་ པ་ནི་རབ་ཏུ་སྲབ་པར་གྱུར་པ་ཡིན་གྱི་རྣམ་པ་ཀུན་ཏུ་མེད་པ་ནི་མིན་ནོ། །འདོད་ཆགས་དང་བྲལ་བ་ནི་སྒོམ་ལམ་གྱིས་བྲལ་བ་སྟེ་དེ་ནི་ས་དང་ས་ལས་ཆགས་པ་དང་ བྲལ་བས་ཕྱེ་བས་སོ། །འགོག་པ་ནི་ཚེ་ཕྱི་མ་ལ་མཐོང་སྒོམ་གྱི་སྤྱང་བྱ་ཉོན་མོངས་དེའི་འབྲས་བུ་སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་སླར་མི་སྐྱེ་བའི་ཆོས་ཉིད་དུ་བྱས་པས་སོ། །རྣམ་ པར་ཞི་བ་ནི་མཐོང་བའི་ཆོས་ཚེ་འདི་ལ་ཉོན་མོངས་དེའི་འབྲས་བུས་ཡིད་མི་བདེ་མངོན་གྱུར་དུ་མི་རྒྱུ་བས་སོ། །ནུབ་པ་ནི་སྐྱོན་རྣམས་ཟད་པ་ན་སྔོན་གྱི་ཀུན་འབྱུང་ལས་བྱུང་བའི་ཕུང་པོའི་ལྷག་མ་རང་གི་ངང་གིས་འཇིག་པའི་ཕྱིར་རོ། ། 1-631 གཉིས་པ་ལ་བཞི་ལས། ཟབ་པའི་ཡོན་ཏན་ལ་འདུས་བྱས་ཀྱི་མཚན་ཉིད་གསུམ་ནི་སྐྱེ་བ་དང་འཇིག་པ་དང་གནས་པ་གཞན་དུ་འགྱུར་བའོ། །བལྟ་དཀའ་བ་ལ་སྤྱིར་སྤྱན་ལྔ་སྟེ། གཟུགས་རྣམས་མཐོང་ བའམ་དཔག་ཚད་བརྒྱ་ནས་སྟོང་གསུམ་གྱི་བར་མཐོང་བ་ཤའི་དང་། གཟུགས་རྣམས་དང་སེམས་ཅན་ཀྱི་འཆི་འཕོ་བ་དང་སྐྱེ་བ་མཐོང་བ་རྣམ་སྨིན་ལས་འབྱུང་བ་ལྷའི་དང་། ཆོས་ཀུན་མི་དམིགས་པ་རྣམ་ པར་མི་རྟོག་པ་ཤེས་རབ་ཀྱི་དང་། འཕགས་པའི་གང་ཟག་གི་རྟོགས་པའི་ཡུལ་ཅན་ཆོས་ཀྱི་དང་། ཆོས་ཀུན་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་རྟོགས་པ་སངས་རྒྱས་ཀྱི་སྤྱན་ནོ། །མདོ་སྡེ་ རྒྱན་གྱི་འགྲེལ་བཤད་དུ་ནི་སྤྱན་ནི། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པ་ལ་སོགས་པའི་ཆོས་ལ་ཐམས་ཅད་དུ་ཐོགས་པ་མེད་པའོ་ཞེས་ཀྱང་བཤད་དོ། །དེའི་དང་པོ་གཉིས་ཚོགས་ཀྱི་ས་དང་། གསུམ་ པ་མཐོང་ལམ་དང་། བཞི་པ་དེའི་རྗེས་ཐོབ་དང་། ལྔ་པ་ས་བདུན་པ་ནས་ཡོད་ཅེས་གསུངས་སོ། །དེ་ལས་འཕགས་པ་ཁོ་ནའི་ཤེས་རབ་ཀྱི་སྤྱན་གྱི་ཡུལ་ཡིན་པས་སོ། །བདུད་བཞི་དང་བྲལ་བའི་ ཡོན་ཏན་ལ་གཡོ་བ་མེད་པ་ནི་དམྱལ་བ་སོགས་འགྲོ་བར་གཅིག་ནས་གཅིག་ཏུ་འཕོ་ཞིང་རྒྱུ་བ་དང་བྲལ་བའི་ཕྱིར་རོ། །མི་འདུད་པ་ནི་ཁམས་གསུམ་གྱི་སྲེད་པ་གསུམ་དང་བྲལ་བས་སྲིད་པ་དམའ་བ་མེད་པའི་ཕྱ

【現代漢語翻譯】 如經中所說『不住于寂滅』,爲了一切眾生的利益和安樂而努力是最殊勝的。 1-630 總共有兩種分類,其中名稱的簡要說明是:『無餘』等詞語包含了所有未提及的內容。詳細解釋分為三種:斷除的、功德的和從痛苦中解脫的分類。第一種分類的原因是:為什麼要說『無餘斷除』呢?因為直到詞語的剩餘部分消失為止,因此這是簡要說明。『一切煩惱』是煩惱的自性,『捨棄』是沒有接受。『隨眠』是煩惱的種子,『究竟』是因為沒有了根本,所以永遠不會產生。『滅盡』是變得非常稀薄,而不是完全消失。『離貪』是通過修道而離貪,這是通過將地和地分離來實現的。『止息』是指在來世,見道和修道所斷除的煩惱,其結果是痛苦的近取蘊不再產生的法性。『寂靜』是指在現世,見道的法,該煩惱的結果不會顯現為不悅意。『滅沒』是指當過患消失時,先前由業產生的蘊的剩餘部分會自然消散。 1-631 第二種分類有四種:甚深的功德,即有為法的三個特徵:生、滅和住異。難以觀察的是,通常有五種眼:能見諸色,或能見百逾至三千世界的是肉眼;能見諸色和眾生死生的是由異熟產生的天眼;諸法無所緣是無分別的慧眼;聖者所證悟的對境是法眼;以及圓滿證悟一切法的佛眼。《經莊嚴論》的解釋中說,眼是指對經部和諷誦等法完全無礙。其中前兩種是資糧道的,第三種是見道的,第四種是見道后得的,第五種是從七地開始才有的。因為只有聖者的智慧之眼才能作為對境。斷除四魔的功德是,不動搖是指不從一個地方移動到另一個地方,與地獄等道的流轉分離。不屈服是指與三界的貪慾分離,沒有較低的生存。

【English Translation】 As it is said, ‘Not abiding in peace,’ striving for the benefit and happiness of all sentient beings is the most supreme. 1-630 There are two categories in total, of which the brief explanation of the name is: ‘Without remainder,’ etc., includes all that is not mentioned. The detailed explanation is divided into three categories: abandonment, qualities, and deliverance from suffering. The reason for the first category is: Why is it said ‘abandoned without remainder’? Because it is until the remainder of the words disappears, therefore it is a brief explanation. ‘All afflictions’ is the self-nature of afflictions, ‘abandoned’ is without acceptance. ‘Latent tendencies’ are the seeds of afflictions, ‘ultimate’ is because without a root, it will never arise. ‘Exhausted’ is having become very thin, but not completely non-existent. ‘Free from attachment’ is being free from attachment through the path of meditation, which is achieved by separating the grounds. ‘Cessation’ refers to the fact that in the future life, the afflictions to be abandoned by the path of seeing and meditation, the result of which is the aggregates of suffering of appropriation, are made into a nature of not arising again. ‘Pacified’ refers to the fact that in this life, the result of that affliction does not manifest as unpleasantness. ‘Subsided’ refers to the fact that when faults are exhausted, the remainder of the aggregates that arose from previous karma will naturally disintegrate. 1-631 The second category has four: The profound qualities are the three characteristics of conditioned phenomena: arising, ceasing, and changing. Difficult to see is that there are generally five eyes: the flesh eye that sees forms, or sees from a hundred yojanas to three thousand worlds; the divine eye that sees the death and birth of forms and sentient beings arising from maturation; the wisdom eye that does not perceive all dharmas and is non-conceptual; the Dharma eye that has as its object the realization of noble beings; and the Buddha eye that fully realizes all dharmas in all aspects. In the commentary on the Ornament of the Sutras, it is also explained that the eye is completely unobstructed to the Dharma of the Sutra Pitaka and the Songs, etc. The first two are of the accumulation ground, the third is the path of seeing, the fourth is the subsequent attainment of that, and the fifth is said to exist from the seventh ground onwards. Because only the wisdom eye of noble beings can be the object. The qualities of being free from the four maras are that immovability means not moving from one place to another, being separated from the wandering of the hells, etc. Non-submission means being separated from the three cravings of the three realms, without a lower existence.


ིར་རོ། ། 1-632 དེ་དག་ཀྱང་ཇི་རིགས་པར་ཕུང་པོ་དང་ཉོན་མོངས་པའི་བདུད་དང་བྲལ་བས་སོ། །འཆི་བ་མེད་པའམ་བདུད་རྩི་ནི་ལྷག་མེད་ཀྱི་མྱང་འདས་ཀྱི་གེགས་ཕུང་པོའི་བདུད་དང་བྲལ་བའི་ཕྱིར་རོ། །འཆི་ མེད་ཀྱིས་ནི་འཆི་བདག་གི་བདུད་དང་བྲལ་བར་བསྟན་ཏོ། །ཟག་པ་མེད་པ་ནི་ལྷག་བཅས་ཀྱི་གེགས་ཉོན་མོངས་དང་བྲལ་བའི་ཕྱིར་རོ། །དེ་དག་དང་བྲལ་ན་ལྷའི་བུའི་བདུད་དམ་པའི་ཆོས་སྒྲུབ་ པའི་བར་དུ་གཅོད་བྱེད་དང་བྲལ་བ་ལྟ་ཅི་སྨོས། རྟེན་གྱི་ཡོན་ཏན་ལ་གནས་ནི་སྨད་དུ་མེད་པ་རྣམ་གྲོལ་གྱི་དགའ་བདེའི་གཞི་ཡིན་པའི་ཕྱིར་རོ། །གླིང་ནི་ཁམས་གསུམ་གྱི་རྒྱ་མཚོ་ཆེན་ པོ་ལས་ཆད་དེ་ཐང་ལྟ་བུར་གྱུར་པའི་ཕྱིར་རོ། །སྐྱོབ་པ་ནི་འགོག་པ་ཐོབ་ན་གནོད་པ་སྐྱེ་བ་སོགས་ཀུན་དང་བྲལ་བའི་ཕྱིར་རོ། །སྐྱབས་སམ་མགོན་ནི་འགོག་པ་དེར་བསམ་པ་སེམས་བསྐྱེད་ སོགས་དང་སྦྱོར་བ་ལམ་སྒོམ་པ་སོགས་བྱས་པས་འབྲས་བུ་ཡོད་པས་བརྟེན་པར་བྱ་བའི་ཕྱིར་རོ། །དཔུང་གཉེན་ནམ་དམ་པར་འགྲོ་བ་ནི་འཕགས་པའི་མཆོག་དགྲ་བཅོམ་ཉིད་དུ་འགྲོ་བ་འཕགས་པའི་ལམ་ གྱི་གཞི་ཐབས་ཀྱི་གནས་དམིགས་པ་ཡིན་པའི་ཕྱིར་རོ། །བདེ་བའི་ཡོན་ཏན་ལ་དགག་པས་བཤད་པའི་འཆི་འཕོའམ་ཉམས་པ་མེད་པ་ནི་སྐྱེ་བ་དང་བྲལ་བས་མི་ཉམས་པའི་ཕྱིར་རོ། །རིམས་ནད་མེད་པ་ནི་འདོད་པས་འཕོངས་པ་ལས་ཡིད་མི་བདེ་བའི་གདུང་བ་མེད་པའི་ཕྱིར་རོ། ། 1-633 ཡོངས་གདུང་མེད་པ་ནི་མྱ་ངན་སོགས་སྡུག་པའི་དངོས་པོ་འགྱུར་བ་ལ་སེམས་གཟིར་བ་དང་། དེ་ལས་བྱུང་བའི་ངག་ཏུ་བརྗོད་པ་དང་། བྲང་རྡུང་བ་དང་ནང་གི་ཡིད་གདུང་བ་དང་། ཀུན་ཏུ་ རྨོངས་པར་འགྱུར་བ་དང་། བྲལ་བས་བསིལ་བའི་ཕྱིར་རོ། །སྒྲུབ་པས་བཤད་པའི་བདེ་བ་ནི། ན་རྒ་འཆི་བའི་འཇིགས་པ་མེད་པ་འཕགས་པའི་གནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སོགས་ཀྱི་གཞི་རྟེན་ དམིགས་པ་ཡིན་པས་སོ། །ཞི་བ་ནི། ཕན་པ་དགེ་བའི་ཆོས་ཀུན་གྱི་གཞི་རྟེན་ཡིན་པའི་ཕྱིར་རོ། །བདེ་གཞི་ནི། དོན་དམ་པར་བདེ་བ་ཟག་མེད་ཀྱི་བདེ་བའི་རྒྱུ་ཡིན་པས་སོ། །བདེ་ལེགས་ འགྱུར་བ་ནི། སྦྱོར་བ་བདེ་བ་བདག་ཉིད་དུབ་པའི་མཐའ་སྤངས་པས་འགོག་པ་དེ་འཐོབ་པའི་ཆེད་དུ་བའི་ལམ་གྱི་དམིགས་པ་ཡིན་པས་སོ། །ཡང་དགག་ཕྱོགས་ནས་ཏེ་ནད་མེད་པ་ནི་ཉོན་མོངས་ དང་ལས་དང་སྐྱེ་བའི་སྒྲིབ་པའི་ནད་དང་བྲལ་བས་སོ། །མི་གཡོ་བ་ནི། གཡེང་བ་ཡུལ་གྱི་སྤྲོས་པ་ཀུན་དང་བྲལ་བས་སོ། །མྱ་ངན་ལས་འདས་པ་ནི། མཚན་མ་གཟུགས་སོགས་ཀྱི་འདུ་ཤེས་ མེད་ཅིང་དེ་ལས་ཞི་ལ་བདེ་བར་གནས་པའི་གཞི་གནས་དམིགས་པ་ཡིན་པས་སོ། །གསུམ་པ་དུཿཁ་ལས་བཟློག་པའི་ནི། མ་སྐྱེས་པ་ནི་འབྲས་དུས་ཀྱི་རྣམ་ཤེས་དང་སྲིད་པའི་རྐྱེན་གྱིས་སྐྱེ་བ་ལས་བཟློག་སྟེ་མཚམས་མི་སྦྱོར་བའོ། ། 1-634 མ་བྱུང་བ

【現代漢語翻譯】 它們也各自與蘊(梵文:skandha,skandha,五蘊)、煩惱魔(梵文:kleśa-māra,klesha-mara,煩惱魔)相分離。無死或甘露(梵文:amṛta,amrita,不死)是指無餘涅槃(梵文:nirvāṇa,nirvana,涅槃)的障礙,即與蘊魔相分離。無死表明與死主之魔相分離。無漏(梵文:anāsrava,anasrava,無漏)是指與有餘涅槃的障礙,即煩惱相分離。如果與這些分離,更不用說與天子魔(梵文:deva-putra-māra,deva-putra-mara,天子魔)相分離,即阻礙修持正法者。安住于功德之所,是因為它是無過失解脫喜樂的基礎。洲(梵文:dvīpa,dvipa,洲)是指從三有(梵文:trayo dhātavaḥ,trayo dhatavah,三界)的巨大海洋中分離出來,變得像平原一樣。救護是因為獲得止息后,與損害、生起等一切相分離。救護或怙主是因為在止息中,通過思維、發心等,以及結合修行道等,因為有果,所以是應依賴之處。親友或趨向聖者,是指趨向于阿羅漢(梵文:arhat,arhat,阿羅漢)的殊勝聖者,是聖道的基礎,是方便的處所,是所緣境。通過對安樂功德的否定來闡述,無死或無變是指與生分離,因此不會衰敗。無有疾病是指沒有因慾望而產生的身心不適的痛苦。 完全沒有痛苦是指,對於悲傷等痛苦之物的變化,內心感到折磨,以及由此產生的言語表達,捶胸頓足,內心的痛苦,以及完全的迷惑,因為與這些分離而感到清涼。通過修行來闡述的安樂是,沒有衰老、疾病、死亡的恐懼,是聖者之所,是空性(梵文:śūnyatā,shunyata,空性)三摩地(梵文:samādhi,samadhi,三摩地)等的基礎,是所緣境。寂靜是指,是利益、善法一切的基礎。安樂之基是指,究竟而言,是安樂,是無漏安樂之因。安樂善妙的轉變是指,結合安樂,捨棄了苦行的極端,爲了獲得止息,是道的所緣境。再次從否定的角度來說,無有疾病是指與煩惱、業、生的障礙之病相分離。不動搖是指,與散亂、外境的一切戲論相分離。超越痛苦是指,沒有相,沒有色等之想,從這些中寂靜安樂地安住的基礎,是所緣境。第三,從痛苦中解脫是指,未生是指從果時的名色(梵文:nāmarūpa,namarupa,名色)和有支(梵文:bhava,bhava,有)的因緣所生的生中解脫,即不連線相續。 未出現

【English Translation】 They are also separated from the skandhas (aggregates) and kleśa-māra (affliction demon) respectively. The deathless or amṛta (nectar) refers to the obstruction of nirvana (cessation), that is, being separated from the skandha-māra. Deathlessness indicates separation from the Lord of Death’s demon. Anāsrava (untainted) refers to being separated from the obstruction of the remaining afflictions. If one is separated from these, what need to mention being separated from the deva-putra-māra (son of the gods demon), that is, the one who obstructs the practice of the Dharma. Abiding in the qualities of the support is because it is the basis of the joy and bliss of faultless liberation. Dvīpa (island) refers to being separated from the great ocean of the three realms, becoming like a plain. The protector is because, upon attaining cessation, one is separated from all harm, arising, and so on. The refuge or protector is because in that cessation, through thinking, generating bodhicitta (mind of enlightenment), and combining with practices such as meditating on the path, there is fruit, so it is a place to rely on. The friend or going to the noble is referring to going to the supreme noble arhat (foe destroyer), which is the basis of the noble path, the place of skillful means, the object of focus. Explaining through negation of the qualities of bliss, deathlessness or immutability refers to being separated from birth, therefore not decaying. Being without disease refers to not having the mental suffering of discomfort arising from desire. Being completely without suffering refers to the torment of the mind upon the change of painful things such as sorrow, and the verbal expression arising from it, beating the chest, inner pain, and complete bewilderment, being cooled by being separated from these. The bliss explained through practice is the absence of fear of aging, sickness, and death, the abode of the noble, the basis of śūnyatā (emptiness) samādhi (meditative absorption) and so on, the object of focus. Peace refers to being the basis of all beneficial and virtuous dharmas. The basis of bliss refers to, ultimately, being bliss, the cause of untainted bliss. The transformation of bliss and goodness refers to, combining bliss, abandoning the extreme of asceticism, in order to attain cessation, it is the object of the path. Again, from the negative perspective, being without disease refers to being separated from the disease of the obscurations of afflictions, karma, and birth. Being unmoving refers to being separated from all the distractions and elaborations of objects. Transcending suffering refers to not having signs, not having the perception of form and so on, the basis of abiding peacefully and blissfully from these, is the object of focus. Third, liberation from duhkha (suffering) refers to, unborn refers to being liberated from the birth arising from the causes and conditions of nāmarūpa (name and form) at the time of the result and bhava (existence), that is, not connecting the continuum. Not Arisen


་ནི། སྦྱར་བ་དེའི་འོག་ཏུ་ལུས་རྫོགས་པར་འབྱུང་བ་དང་བྲལ་བས་ཏེ་མིང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་སོགས་ལས་བཟློག་པའོ། །མ་བྱས་པ་ནི། ལས་དང་ཉོན་མོངས་ཀྱི་འཕེན་ པ་དང་བྲལ་བས་ཏེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་ལས་བཟློག་པའོ། །དེ་རྣམས་ནི་སྔོན་གྱི་མཐའ་ནས་ད་ལྟར་དུའོ། །འདུས་མ་བྱས་ནི། ད་ལྟ་ལས་དང་ཉོན་མོངས་འདུ་བྱེད་པའི་གཞི་ གནས་དང་བྲལ་བ་སྟེ་ཚོར་བའི་རྐྱེན་གྱིས་སྲེད་པ་སོགས་ལས་བཟློག་པའོ། །སྐྱེ་བ་མེད་པ་ནི། ཚེ་ཕྱི་མའི་རྒྱུད་མི་འབྱུང་བ་སྟེ་སྲིད་པའི་རྐྱེན་གྱིས་སྐྱེ་བ་ལས་བཟློག་པའོ། །དེ་དག་ནི་ ད་ལྟར་ནས་ཕྱི་མའི་མཐར་འབྱུང་བ་མེད་པའོ། །གསུམ་པོ་ནི་སྤྱིའི་མཚན་ཉིད་བདེན་པའི་རྣམ་པ་བཞི་སྟེ་འགོག་པ་ནི་དུཿཁ་འབྱུང་བའི་རྒྱུ་ཉོན་མོངས་ཅེས་སོ། །ཞི་བ་ནི་འདུ་བྱེད་ཀྱི་སྡུག་ བསྔལ་གྱིས་མ་ཞི་བ་ཉེར་ལེན་གྱི་ཕུང་པོ་དང་བྲལ་བས་སོ། །དེ་དག་ལ་གང་དུ་གང་གིས་དང་བྲལ་བ་གང་ཡིན་པ་ནི་བཤད་ཟིན་ཏོ། །གྱ་ནོམ་པ་ནི་ཉོན་མོངས་དང་བྲལ་བས་ གཙང་བ་དང་། དུཿཁ་དང་བྲལ་བས་བདེ་བའི་དངོས་པོའི་ཕྱིར་རོ། །ངེས་པར་འབྱུང་བ་ནི་རྟག་པ་སླར་མི་ལྡོག་པ་དང་ཕན་པ་དོན་དམ་པར་དགེ་བའི་དངོས་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། ། 1-635 ལམ་བདེན་ལ་གསུམ། བྱེད་པའི་སྒོ་ནས་མདོར་བསྟན། ལྔར་ཕྱེ་སྟེ་རྒྱས་པར་བཤད། སྤྱི་མཚན་གྱི་རྣམ་པས་བསྡུ་བའོ། །དང་པོ་ནི་འདིས་མངོན་པར་འདོད་པའི་དོན་ཚོལ་བར་བྱེད་པའི་ལམ་གང་གིས་དུཿཁ་ ཤེས་པར་བྱེད་པ་སོགས་བདེན་པ་བཞི་ལ་རང་རང་དང་མཐུན་པའི་བྱ་བ་བྱེད་པ་འདི་ལམ་གྱི་མཚོན་བྱེད་རང་བཞིན་བསྡུས་པའོ། ། གཉིས་པ་ལ་གཉིས་དབྱེ་བ་དང་སོ་སོའི་རྣམ་བཞག་གོ །དང་ པོ་ལ་བརྒྱད་དེ། དེ་མིན་ལས་འབྱེད་པའི་མཚན་ཉིད་དང་། སྐྱེ་བའི་གང་ཟག་དང་། ས་གང་ལ་བརྟེན་པ་དང་། དངོས་པོ་དང་། དངོས་བཏགས་དཔྱད་པ་དང་། རྣམ་པའི་དབྱེ་བ་དང་། ངེས་ཚིག་དང་། གཞུང་ དོན་ནོ། །དང་པོ་ནི། མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པ་ཞེས་པ་དང་། རྣམ་པར་གྲོལ་བའི་འཇུག་ངོགས་ཞེས་སོ། །གཞན་ཡང་སྲིད་དོ། །དེ་དག་ལྔ་པ་ལ་མ་ཁྱབ་པ་མིན་ཏེ་རང་ ཉིད་ཀྱི་སྔ་མས་ཕྱི་མ་ཕྱིན་པར་བྱེད་ཅིང་ཕྱི་མ་ནི་སྔ་མའི་འཇུག་ངོགས་ཡིན་པས་སོ། །འདིར་ཡང་སྤང་བྱ་སྤོང་ནུས་ཡིན་ཞེས་གསུངས་པ་ནི་གཉེན་པོར་འཇོག་བྱེད་ཡིན་གྱི་དེའི་ཆ་ནས་ ལམ་མིན་ནོ། །ཐར་པའི་རྒྱུར་གྱུར་པའི་དགེ་བ་འཇོག་པའང་ས་དང་གཉེན་པོ་སོགས་ལ་ཁྱབ་ཆེས་སོ། །གཉིས་པ་ལ་གཉིས་ལས་མ་སྐྱེས་པ་སྐྱེ་བའི་རྟེན་ནི། བཤེས་པའི་འཕྲིན་ཡིག་ཏུ། མཐུན་པའི་ཡུལ་ན་གནས་པ་དང་། ། 1-636 སྐྱེས་བུ་དམ་པར་བརྟེན་བདག་གི །ཡང་དག་སྨོན་ལམ་སྔོན་དགེ་བགྱིས། །འཁོར་ལོ་ཆེ་བཞི་ཁྱོད་ལ་མངའ། །ཞེས་གས

【現代漢語翻譯】 未造作(梵文:asaṃskṛta),在其下,身體從圓滿生起的狀態中解脫,也就是從名色(梵文:nāmarūpa)的緣起中,使六處等(梵文:ṣaḍāyatana)不再生起。未做(梵文:akṛta)是指從業和煩惱的牽引中解脫,也就是從無明(梵文:avidyā)的緣起中,使行等不再生起。這些是從過去際到現在際的解脫。 未集合(梵文:asaṃhata)是指現在從業和煩惱的集合的根基中解脫,也就是從受(梵文:vedanā)的緣起中,使愛等不再生起。無生(梵文:ajāta)是指未來世的相續不再生起,也就是從有(梵文:bhava)的緣起中,使生不再生起。這些是從現在際到未來際的解脫。 這三者是共同的體性,是真實的四種行相,也就是滅諦是苦(梵文:duḥkha)生起的因,即煩惱。寂靜是指從行的苦中解脫,遠離了取蘊(梵文:upādānaskandha)。在這些之中,從何處以何種方式解脫,以及解脫的是什麼,都已經解釋過了。殊勝是指遠離煩惱而清凈,遠離苦而具有安樂的自性。決定出離是指恒常不再返回,並且是利益的究竟善的自性。 于道諦有三:以作用的角度簡要地指示,分為五部分詳細地解釋,以共同體性的行相來總結。第一,以其所希望的顯現的意義,尋求的道路,以何種方式了知苦等四諦,各自具有相應的行為,這是道路的象徵,總結了自性。第二,分為兩種:分類和各自的行相。第一種分為八個方面:從其他方面區分的體性,所化機,所依的處所,本體,實有和假立的辨析,行相的分類,詞義,以及經文的意義。第一,『趨向涅槃』和『解脫的入口』等等。此外還有其他的說法。這些在第五個方面並非不遍,因為前者引導後者,後者是前者的入口。這裡所說的『應斷和能斷』是指作為對治品而安立,但從這個角度來說並非是道。將成為解脫之因的善法安立,也過於寬泛地涵蓋了地和對治品等。第二種分為兩種:未生和生的所依。在《親友書》中說:『安住于和合之處,依止殊勝士夫,以清凈的願望,先前行善,您擁有這四種大的輪。』

【English Translation】 Asaṃskṛta (Unconditioned): Below that, the body is free from arising in a complete state, that is, from the condition of nāmarūpa (name and form), preventing the arising of the six āyatana (sense bases), etc. Akṛta (Unmade): It means being free from the influence of karma and afflictions, that is, from the condition of avidyā (ignorance), preventing the arising of saṃskāra (volitional formations), etc. These are liberation from the past to the present. Asaṃhata (Unassembled): It means being free from the basis of assembling karma and afflictions in the present, that is, from the condition of vedanā (feeling), preventing the arising of taṇhā (craving), etc. Ajāta (Unborn): It means that the future life stream does not arise, that is, from the condition of bhava (existence), preventing the arising of jāti (birth). These are the absence of arising from the present to the future. These three are the common characteristics, the four aspects of truth, that is, cessation is the cause of the arising of duḥkha (suffering), namely afflictions. Peace is freedom from the suffering of formations, being free from the upādānaskandha (aggregate of clinging). In these, it has already been explained from where, in what way, and what is liberated. Excellent means being pure by being free from afflictions, and being of the nature of happiness by being free from suffering. Definite emergence means being permanent and not returning, and being the very nature of ultimate good, which is beneficial. On the path truth, there are three aspects: briefly indicated from the perspective of action, explained in detail by dividing into five parts, and summarized by the aspects of common characteristics. First, with the meaning of what is desired to be manifested, the path sought, in what way the four truths such as knowing suffering are known, each having corresponding actions, this is the symbol of the path, summarizing the nature. Second, divided into two: classification and individual aspects. The first is divided into eight aspects: the nature that distinguishes it from others, the person to be tamed, the place of reliance, the entity, the analysis of real and imputed, the classification of aspects, the definition, and the meaning of the text. First, ‘going to nirvāṇa’ and ‘the entrance to liberation’ and so on. Furthermore, there are other statements. These are not non-pervasive in the fifth aspect, because the former leads to the latter, and the latter is the entrance to the former. Here, the statement ‘what should be abandoned and what can be abandoned’ refers to being established as an antidote, but from that perspective it is not the path. Establishing the virtue that becomes the cause of liberation also too broadly encompasses the ground and the antidote, etc. The second is divided into two: the unarisen and the basis of arising. In the ‘Letter to a Friend’, it says: ‘Dwelling in a harmonious place, relying on a noble person, with pure aspirations, having previously done good deeds, you possess these four great wheels.’


ུངས་པའི་འཁོར་ལོ་བཞི་དང་ལྡན་པ་ལྷ་མིའི་རྟེན་དལ་བ་ལས་དང་ཉོན་མོངས་དང་ རྣམ་སྨིན་གྱི་སྒྲིབ་པ་གསུམ་དང་བྲལ་བའོ། །དེའང་མཚམས་མེད་པའི་ལས་རྣམས་དང་། ཉོན་མོངས་ཤས་ཆེ་ཉོན་སྒྲིབ་ངན་འགྲོ་དང་། །འདུ་ཤེས་མེད་པའི་སེམས་ཅན་དང་། །སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད། །ཞེས་ ཏེ་དེའི་འགྲེལ་པར། ཉོན་མོངས་ལ་ཤས་ཆེ་བ་རྒྱུན་དུ་འབྱུང་བ་དང་དྲག་པ་གཉིས་ལས་དང་པོ་ཟ་མ་སོགས་རྣམས་ཀྱི་ལྟ་བུ་དེ་སྒྲིབ་པ་སྟེ་གཉེན་པོའི་སྐབས་མི་རྙེད་པས་ཆུང་ངུ་ ལས་འབྲིང་དང་དེ་ལས་ཆེན་པོ་སྐྱེ་བས་སོ། །གཉིས་པ་ནི་མིན་ཏེ་རེས་ཤུགས་དྲག་ཀྱང་གཞོམ་པར་ནུས་པས་སོ། །དེ་གསུམ་གྱིས་འཕགས་པའི་ལམ་དང་འཕགས་ལམ་ལ་སྦྱོར་བར་བྱེད་པའི་དགེ་བའི་ རྩ་བ་རྣམས་ལ་སྒྲིབ་པར་བཤད་དོ། །དམིགས་བསལ་ཐེག་ཆེན་ལྟར་ན་ནི་དུད་འགྲོ་ལའང་ཚོགས་ལམ་སྐྱེ་ཏེ། རྒྱ་མཚོས་ཞུས་པ་ཆེན་པོར། ཀླུ་ཁྲི་ཉིས་སྟོང་སེམས་བསྐྱེད་དེ་བསྐལ་པ་མངོན་པར་དགའ་ བ་ལ་ཞིང་རྟེན་དྲི་མེད་སྙིང་པོར་སངས་རྒྱས་ཡེ་ཤེས་བླ་མ་སོགས་སུ་ལུང་བསྟན་པས་དང་། སྡོང་པོ་བཀོད་པར། གྲོང་ཁྱེར་བདེ་བའི་འབྱུང་གནས་སུ་རྗེ་བཙུན་འཇམ་དབྱངས་ཀྱིས་རྒྱ་མཚོ་ནས་འོངས་པའི་ཀླུ་རྣམས་ལ་སེམས་སྐྱེད་མཛད་པས་དང་། 1-637 ཟ་མ་ཏོག་བཀོད་པར་ཡུལ་ཝ་ར་ཎ་སི་རུ་འཇིག་རྟེན་དབང་ཕྱུག་གིས་ཡི་དྭགས་དང་སྲིན་བུའི་རིགས་མང་པོ་བདེན་པ་མཐོང་བ་ལ་བཀོད་པར་གསུངས་པས་སོ། །རིགས་ཆད་པ་དང་། མི་མི་ ཁོམ་པ་སོགས་དང་། ལྷ་འདོད་ཡོན་གྱི་མྱོང་བ་དང་། ལས་ཀྱིས་སྐྱེས་པའི་ཚངས་པ་ཆེན་པོ་སོགས་ལ་མི་སྐྱེའང་། འཁོར་ལོས་སྒྱུར་བ་མི་ལ་འབྱུང་། །ཞེས་པ་ལྟར་མི་སྲིད་རྣམ་གཅོད་ཡིན་ནོ། །གནས་ གཙང་མ་པ་ལ་ཚོགས་སྦྱོར་ཡང་བསྐྱེད་མི་དགོས་པས་མི་སྐྱེའོ། །གང་ཡང་། དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཐོས་བསམ་ལས་བྱུང་ལས་གསུམ་མོ། །མི་ཡི་ནང་ནས་འཕེན་པར་བྱེད། །ཅེས་ཚོགས་ལམ་ཤེས་ རབ་དང་སྐྱོ་བ་ཡོད་པ་གླིང་གསུམ་ཁོ་ནར་སྐྱེད་པ་དང་། འདོད་རྟེན་ཆོས་མཆོག་བུད་མེད་ཀྱིས། གཉིས་ཀའི་སྐྱེས་པ་བུད་མེད་རྟེན་ཅན་ཐོབ་པར་འགྱུར། །ཞེས་སྦྱོར་ལམ་དང་པོ་གསུམ་གླིང་གསུམ་ཁོ་ ན་དང་ཆོས་མཆོག་ལྷའང་སྐྱེ་བ་དང་། གོང་ན་མཐོང་ལམ་མེད། མི་སྐྱོ་ཞེས་བཤད་པ་ནི་ཐེག་ཆུང་བའི་ལུགས་ཏེ། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པར་འདོད་པ་དང་གཟུགས་ན་སྤྱོད་པའི་ ལྷའི་བུ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གིས་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་བྲལ་བ་ཐོབ་པ་བཀའ་བསྩལ་པས་སོ། །མཐར་ཕྱིན་གྱི་ལམ་ནི་ཉན་ཐོས་ཁམས་གསུམ་ཅར་དུ་དགྲ་བཅོམ་ཐོབ་ལ་རང་སངས་རྒྱས་འདོད་ཁམས་དང་སངས་རྒྱས་འོག་མིན་དུའོ། ། 1-638 གནས་པའི་རྟེན་ནི་ཉན་ཐོས་པའི་ཁམས་གསུམ་ཅར་དུ་ཇི་རིགས་པ་དང་ཐེག་ཆེན་པའི་ངེས་པ

【現代漢語翻譯】 具足四種圓滿(藏文:ཡུངས་པའི་འཁོར་ལོ་བཞི་དང་ལྡན་པ་,指暇滿人身),是天人和人類所依止的閑暇(藏文:དལ་བ་,指八無暇處),遠離業、煩惱和異熟三種障礙(藏文:ལས་དང་ཉོན་མོངས་དང་རྣམ་སྨིན་གྱི་སྒྲིབ་པ་གསུམ་དང་བྲལ་བའོ།)。 也就是,無間罪業以及煩惱深重是煩惱障,會導致墮入惡趣;無想有情;以及聽不見佛法妙音是音聲不悅耳障(藏文:མཚམས་མེད་པའི་ལས་རྣམས་དང་། ཉོན་མོངས་ཤས་ཆེ་ཉོན་སྒྲིབ་ངན་འགྲོ་དང་། །འདུ་ཤེས་མེད་པའི་སེམས་ཅན་དང་། །སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད།)。 在註釋中說,煩惱深重通常有兩種情況:持續不斷和猛烈。第一種情況就像吃東西等,因為找不到對治之法,小煩惱會逐漸增長為中等煩惱,再增長為大煩惱。第二種情況則不然,雖然一時猛烈,但可以被克服。這三種障礙會阻礙聖道以及與聖道相應的善根。 特別地,根據大乘的觀點,畜生道也能生起資糧道。在《海龍王請問經》中記載,兩萬俱胝(藏文:ཁྲི་ཉིས་སྟོང་)龍族發起了菩提心,並被授記在極樂世界(藏文:མངོན་པར་དགའ་བ་)的無垢藏(藏文:དྲི་མེད་སྙིང་པོར་)剎土證得佛果,名為智慧上師(藏文:སངས་རྒྱས་ཡེ་ཤེས་བླ་མ་)。在《華嚴經》中記載,在吉祥生(藏文:བདེ་བའི་འབྱུང་གནས་)城,至尊文殊菩薩為從大海而來的龍族們種下了菩提心。在《家常飯經》中記載,在瓦拉納西(藏文:ཝ་ར་ཎ་སི་)地區,世間自在(藏文:འཇིག་རྟེན་དབང་ཕྱུག་)將許多餓鬼和昆蟲安置於見諦之位。 斷絕種姓、沒有閑暇等等,以及天人享受欲樂,還有由業力所生的色界大梵天等,都不會生起資糧道。但如經中所說,轉輪王會出現在人間(藏文:འཁོར་ལོས་སྒྱུར་བ་མི་ལ་འབྱུང་།)。因此,這是一種非此即彼的判斷。因為凈居天不需要生起資糧道和加行道,所以也不會生起。 任何情況,在此之前,有與解脫分相應的,由聞思產生的,三種(智慧)。在人類之中才能引發(道)。(藏文:དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཐོས་བསམ་ལས་བྱུང་ལས་གསུམ་མོ། །མི་ཡི་ནང་ནས་འཕེན་པར་བྱེད།)這意味著只有在三大洲才能生起具有智慧和厭離心的資糧道。並且,欲界之身,殊勝女身,能獲得二者的男身和女身之所依。(藏文:འདོད་རྟེན་ཆོས་མཆོག་བུད་མེད་ཀྱིས། གཉིས་ཀའི་སྐྱེས་པ་བུད་མེད་རྟེན་ཅན་ཐོབ་པར་འགྱུར།)這意味著前三個加行道只有在三大洲和殊勝天才能生起。經中說,更高層次沒有見道,沒有厭離心,這是小乘的觀點。因為天子善慧請問經中說,九十六俱胝(藏文:བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་)居住在欲界和色界的天子獲得了無塵離垢的法眼。 最終的解脫道,聲聞乘可以在三界中的任何地方證得阿羅漢果,而獨覺佛只能在欲界證得,佛陀只能在色究竟天證得。 所依之處,聲聞乘可以在三界中的任何地方,根據情況而定。而大乘則有明確的規定。

【English Translation】 Having the four wheels of fortune (Tibetan: ཡུངས་པའི་འཁོར་ལོ་བཞི་དང་ལྡན་པ་, referring to the leisure and endowment of human existence), it is the basis for gods and humans to rely on leisure (Tibetan: དལ་བ་, referring to the eight states of unfreedom), free from the three obscurations of karma, afflictions, and maturation (Tibetan: ལས་དང་ཉོན་མོངས་དང་རྣམ་སྨིན་གྱི་སྒྲིབ་པ་གསུམ་དང་བྲལ་བའོ།). That is, the karmas of immediate retribution and the heavy afflictions are the afflictive obscurations, which lead to falling into the lower realms; the beings without perception; and the unpleasant sound of not hearing the Dharma are the three obscurations (Tibetan: མཚམས་མེད་པའི་ལས་རྣམས་དང་། ཉོན་མོངས་ཤས་ཆེ་ཉོན་སྒྲིབ་ངན་འགྲོ་དང་། །འདུ་ཤེས་མེད་པའི་སེམས་ཅན་དང་། །སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད།). In the commentary, it is said that heavy afflictions usually have two situations: continuous and intense. The first situation is like eating, etc., because there is no antidote to find, small afflictions will gradually grow into medium afflictions, and then grow into large afflictions. The second situation is not the case, although it is intense for a while, it can be overcome. These three obscurations will hinder the holy path and the roots of virtue corresponding to the holy path. In particular, according to the Mahayana view, the animal realm can also generate the path of accumulation. In the ‘Sutra Requested by the Dragon King of the Sea,’ it is recorded that two hundred million (Tibetan: ཁྲི་ཉིས་སྟོང་) nagas generated bodhicitta and were prophesied to attain Buddhahood in the Pure Land of Immaculate Essence (Tibetan: དྲི་མེད་སྙིང་པོར་) in the Land of Utmost Joy (Tibetan: མངོན་པར་དགའ་བ་), named Wisdom Master (Tibetan: སངས་རྒྱས་ཡེ་ཤེས་བླ་མ་). In the ‘Flower Ornament Sutra,’ it is recorded that in the city of Auspicious Birth (Tibetan: བདེ་བའི་འབྱུང་གནས་), the venerable Manjushri planted bodhicitta for the nagas who came from the sea. In the ‘Everyday Meal Sutra,’ it is recorded that in the Varanasi (Tibetan: ཝ་ར་ཎ་སི་) area, the Lord of the World (Tibetan: འཇིག་རྟེན་དབང་ཕྱུག་) placed many hungry ghosts and insects in the position of seeing the truth. Lineage extinction, lack of leisure, etc., as well as the enjoyment of sensual pleasures by gods, and the Great Brahma of the Form Realm born from karma, etc., will not generate the path of accumulation. But as the sutra says, the wheel-turning king will appear in the human world (Tibetan: འཁོར་ལོས་སྒྱུར་བ་མི་ལ་འབྱུང་།). Therefore, this is an either-or judgment. Because the Pure Abode Gods do not need to generate the path of accumulation and the path of preparation, they will not generate it. In any case, before that, there are three (wisdoms) corresponding to the parts of liberation, arising from hearing and thinking. It is induced from within humans. (Tibetan: དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཐོས་བསམ་ལས་བྱུང་ལས་གསུམ་མོ། །མི་ཡི་ནང་ནས་འཕེན་པར་བྱེད།) This means that only in the three continents can the path of accumulation with wisdom and renunciation be generated. And, the body of the desire realm, the supreme female body, can obtain the basis of both male and female bodies. (Tibetan: འདོད་རྟེན་ཆོས་མཆོག་བུད་མེད་ཀྱིས། གཉིས་ཀའི་སྐྱེས་པ་བུད་མེད་རྟེན་ཅན་ཐོབ་པར་འགྱུར།) This means that the first three paths of preparation can only be generated in the three continents and the supreme gods. The sutra says that there is no path of seeing at a higher level, and there is no renunciation, which is the view of the Hinayana. Because the Sutra Requested by the Son of God Good Wisdom says that ninety-six kotis (Tibetan: བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་) of the sons of gods living in the desire realm and the form realm obtained the stainless and dust-free Dharma eye. The final path of liberation, the Shravakas can attain the Arhatship in any of the three realms, while the Pratyekabuddhas can only attain it in the desire realm, and the Buddhas can only attain it in the Akanistha. The basis of abiding, the Shravakas can be in any of the three realms, depending on the situation. While the Mahayana has clear regulations.


ར་བསྟན་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་འཕྲུལ་དང་བྱིན་བརླབས་བསམ་གྱིས་མི་ ཁྱབ་པའི་ཕྱིར་ཁམས་དང་སེམས་ཅན་གང་ལ་ལམ་ལྔ་ཅར་སྐྱེ་བ་དང་གནས་པ་བསམ་གྱིས་མི་ཁྱབ་སྟེ་ལོག་ལྟ་ཅན་ལ་མི་སྐྱེའོ། །དེས་ན་རྗེ་བཙུན་སྤྱན་རས་གཟིགས་དམྱལ་བར་སྐྱེ་བ་བཟུང་ བ་དང་། སྐྱེས་རབས་སུ་དུད་འགྲོར་གྱུར་པའི་བྱང་ཆུབ་སེམས་དཔའ་དུ་མ་འབྱུང་བ་དང་། མ་དྲོས་པས་ཞུས་པར། ཀླུའི་རྒྱལ་པོ་མ་དྲོས་པ་ས་བཅུ་པར་བཤད་པ་སོགས་སོ། །གསུམ་པ་ནི་སྒོམ་ བྱུང་མི་ལྕོགས་མེད་པ་དང་། །ཁྱད་པར་བསམ་གཏན་ས་པ་འོ། །ཞེས་སྦྱོར་ལམ་དང་། དེ་ནི་ཆོས་མཆོག་དང་ས་གཅིག །ཅེས་མཐོང་ལམ་དང་སྐད་ཅིག་བཅུ་དྲུག་པ་སྒོམ་ལམ་དང་པོ་རྣམས་བསམ་གཏན་ ས་དྲུག་ལ་བརྟེན་ཅིང་སྒོམ་ལམ་ཇི་རིགས་པ་དང་མཐར་ཕྱིན་པའི་ལམ་ས་དང་མཐར་གཉིས་བོར་བ་ལ་བརྟེན་པར་བཤད་དོ། །དེའང་དངོས་གཞི་དེ་ཉིད་ལ་བདེན་མཐོང་། །ཞེས་སྦྱོར་ལམ་དངོས་གཞི་བཞི་ ལ་བརྟེན་ཏེ་སྐྱེད་ན་སྐྱེ་བ་དེ་ཉིད་ལ་མཐོང་ལམ་སྐྱེ་བར་འདོད་དོ། །མངོན་རྟོགས་རྒྱན་དུ། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། ། 1-639 སོགས་པའི་ལམ་གྱི་དག་པ་ཡིན། །ཞེས་དེ་གཉིས་ལའང་སྒོམ་ལམ་བརྟེན་པར་གསུངས་ཤིང་། བསྡུ་བར་ཟག་མེད་ཀྱི་སྡོམ་པའི་ཐད་དུ་བསམ་གཏན་བཞི་དང་དང་པོའི་ཉེར་སྡོགས་ལ་མཐོང་ལམ་བརྟེན་པར་གསུངས་ སོ། །བསེ་རུ་ལྟ་བུའི་རང་སངས་རྒྱས་ཀྱི་ལམ་ཀུན་བསམ་གཏན་བཞི་པ་ལ་བརྟེན་ཏེ། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐར་བརྟེན་གཅིག་ལ་ཀུན། །ཞེས་སོ། །ཐེག་ཆེན་པའི་ལམ་ཕལ་ཆེར་ དངོས་གཞི་ལ་བརྟེན་ཏེ་ཚོགས་ལམ་ཆེན་པོར་ཆོས་རྒྱུན་ཏིང་ངེ་འཛིན་ཐོབ་པས་སོ། །བཞི་པ་ནི་བྱང་ཆུབ་འདོད་པས་ཀུན་ནས་བསླང་བའི་སྒོ་གསུམ་གྱི་དགེ་བ་བྱང་ཆུབ་ཏུ་བསྔོས་པའོ། །ལྔ་པ་ ནི་འགྲེལ་པར། དབྱེ་བ་འདིའང་ལམ་གྱི་བདེན་པ་འཁོར་དང་བཅས་པའི་དབང་དུ་བྱས་པ་ལས་རིག་པར་བྱའོ་ཞེས་དང་། དེའི་བཤད་སྦྱར་དུ། ཚོགས་སྦྱོར་འཇིག་རྟེན་པ་ཉིད་ཀྱི་ཕྱིར་ལམ་གྱི་བདེན་པ་ མིན་གྱི། ལམ་གྱི་འཁོར་ཏེ་དེ་འབྱུང་བར་བྱེད་པའི་ཕྱིར་རོ་ཞེས་གསུངས་སོ། །སློབ་དཔོན་ཐོའང་ཚོགས་སྦྱོར་ལམ་བཏགས་པ་བ་སྟེ། དབུས་མཐར། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག །ཅེས་པས་རྟོག་བཅས་ཕྱིན་ ཅི་ལོག་ཉིད་ཀྱི་ཕྱིར་དང་། སྒོམ་སྤང་གི་འགྲེལ་པར་བཤད་པ་ལྟར་ཟག་བཅས་དང་ཟག་པས་བཅིངས་པས་ཟག་བཅས་སྤང་བྱ་ཡིན་པས་དང་། བསྡུ་བར་དུཿཁ་དང་ཀུན་འབྱུང་གིས་བསྡུས་པས་དང་། དུཿཁ་ཤེས་པར་བྱེད་པ་སོགས་དང་རིགས་པ་སོགས་མེད་པས་སོ། ། 1-640 མཐར་ཕྱིན་པའང་ལམ་གྱི་འབྲས་བུ་ལ་ལམ་དུ་བཏགས་པའོ་ཞེས་གསུངས་སོ། །འབུམ་གསུམ་པ་དང་པོ་བཞི་ཐར་པར་ཕྱིན་པར་བྱེད

【現代漢語翻譯】 顯現(ར་བསྟན་པ་)是由於諸佛和菩薩們不可思議的化身和加持力,因此在任何界(ཁམས་)和有情(སེམས་ཅན་)中,五道(ལམ་ལྔ་)的生起和存在都是不可思議的,但不會在邪見者(ལོག་ལྟ་ཅན་)身上生起。因此,自在尊觀世音菩薩(རྗེ་བཙུན་སྤྱན་རས་གཟིགས་)示現於地獄(དམྱལ་བར་སྐྱེ་བ་བཟུང་བ་),以及在《本生經》(སྐྱེས་རབས་)中,許多菩薩化身為旁生(དུད་འགྲོར་གྱུར་པའི་བྱང་ཆུབ་སེམས་དཔའ་དུ་མ་འབྱུང་བ་),以及在《無熱惱請問經》(མ་དྲོས་པས་ཞུས་པ་)中,龍王無熱惱(ཀླུའི་རྒྱལ་པོ་མ་དྲོས་པ་)被說為十地菩薩等等。 第三,如頌云:『修生無能勝,特別是靜慮地。』(སྒོམ་བྱུང་མི་ལྕོགས་མེད་པ་དང་། །ཁྱད་པར་བསམ་གཏན་ས་པ་འོ། །)指的是加行道(སྦྱོར་ལམ་)。『彼乃勝法與一地。』(དེ་ནི་ཆོས་མཆོག་དང་ས་གཅིག །)指的是見道(མཐོང་ལམ་)和十六剎那(སྐད་ཅིག་བཅུ་དྲུག་པ་)的第一個修道(སྒོམ་ལམ་དང་པོ་),這些都依賴於靜慮六地(བསམ་གཏན་ས་དྲུག་),並且修道次第和究竟的道地,以及最終捨棄二者而依賴於此。 其中,『正行即彼見真諦。』(དངོས་གཞི་དེ་ཉིད་ལ་བདེན་མཐོང་། །)指的是依賴於加行道正行四者,如果生起,則認為在生起的那一刻就生起見道。《現觀莊嚴論》(མངོན་རྟོགས་རྒྱན་)中說:『於九地中大,于大等垢染,對治小之小,等道之清凈。』(ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་གྱི་དག་པ་ཡིན། །)意思是說,見道和修道都依賴於此。在《攝類學》(བསྡུ་བ་)中,在無漏律儀(ཟག་མེད་ཀྱི་སྡོམ་པ་)的部分,說見道依賴於四禪和初禪的近分定。 如犀牛角(བསེ་རུ་)一般的獨覺(རང་སངས་རྒྱས་)之道,都依賴於第四禪,如頌云:『如來與獨覺,菩提皆依一,靜慮之究竟。』(སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐར་བརྟེན་གཅིག་ལ་ཀུན། །) 大乘(ཐེག་ཆེན་པ་)之道大多依賴於正行,因為在資糧道(ཚོགས་ལམ་)中獲得了大的法流三摩地(ཆོས་རྒྱུན་ཏིང་ངེ་འཛིན་ཐོབ་པས་སོ། །)。 第四,是所有希求菩提者,從各方面以三門(身語意)的善根迴向菩提(བྱང་ཆུབ་འདོད་པས་ཀུན་ནས་བསླང་བའི་སྒོ་གསུམ་གྱི་དགེ་བ་བྱང་ཆུབ་ཏུ་བསྔོས་པའོ། །)。 第五,註釋中說:『此差別也應從道諦(ལམ་གྱི་བདེན་པ་)及其眷屬的角度來理解。』(དབྱེ་བ་འདིའང་ལམ་གྱི་བདེན་པ་འཁོར་དང་བཅས་པའི་དབང་དུ་བྱས་པ་ལས་རིག་པར་བྱའོ་ཞེས་དང་།)並且,在其解釋中說:『因為資糧道和加行道本身是世間的,所以不是道諦,而是道的眷屬,因為它們能產生道。』(ཚོགས་སྦྱོར་འཇིག་རྟེན་པ་ཉིད་ཀྱི་ཕྱིར་ལམ་གྱི་བདེན་པ་མིན་གྱི། ལམ་གྱི་འཁོར་ཏེ་དེ་འབྱུང་བར་བྱེད་པའི་ཕྱིར་རོ་ཞེས་གསུངས་སོ། །) 導師(སློབ་དཔོན་)認為資糧道和加行道是假立的道,如《中邊分別論》(དབུས་མཐར)所說:『隨順及顛倒。』(རྗེས་སུ་མཐུན་ལ་ཕྱིན་ཅི་ལོག །)因為有分別的顛倒,並且如在修斷品的解釋中所說,因為是有漏且被有漏束縛,所以有漏是應斷的,並且在《攝類學》中,因為被苦(དུཿཁ་,梵文:duḥkha,梵文羅馬擬音:duḥkha,漢語字面意思:痛苦)和集(ཀུན་འབྱུང་)所攝,並且因為沒有了知苦等和理路等。最終,將道的果(འབྲས་བུ་)假立為道。 《三藏論》(འབུམ་གསུམ་པ་)說,前四者能引導至解脫(ཐར་པར་ཕྱིན་པར་བྱེད)

【English Translation】 Manifestation (ར་བསྟན་པ་) is due to the inconceivable emanations and blessings of the Buddhas and Bodhisattvas. Therefore, in any realm (ཁམས་) and sentient being (སེམས་ཅན་), the arising and existence of the five paths (ལམ་ལྔ་) are inconceivable, but they do not arise in those with wrong views (ལོག་ལྟ་ཅན་). Therefore, the venerable Avalokiteśvara (རྗེ་བཙུན་སྤྱན་རས་གཟིགས་) took birth in hell (དམྱལ་བར་སྐྱེ་བ་བཟུང་བ་), and in the Jataka tales (སྐྱེས་རབས་), many Bodhisattvas appeared as animals (དུད་འགྲོར་གྱུར་པའི་བྱང་ཆུབ་སེམས་དཔའ་དུ་མ་འབྱུང་བ་), and in the request of Anavatapta (མ་དྲོས་པས་ཞུས་པ་), the Naga king Anavatapta (ཀླུའི་རྒྱལ་པོ་མ་དྲོས་པ་) was said to be a tenth-level Bodhisattva, and so on. Third, as the verse says: ‘Born of meditation, invincible, especially the dhyana ground.’ (སྒོམ་བྱུང་མི་ལྕོགས་མེད་པ་དང་། །ཁྱད་པར་བསམ་གཏན་ས་པ་འོ། །) refers to the path of joining (སྦྱོར་ལམ་). ‘That is the best of dharmas and one ground.’ (དེ་ནི་ཆོས་མཆོག་དང་ས་གཅིག །) refers to the path of seeing (མཐོང་ལམ་) and the first path of meditation (སྒོམ་ལམ་དང་པོ་) of the sixteen moments (སྐད་ཅིག་བཅུ་དྲུག་པ་), which rely on the six grounds of dhyana (བསམ་གཏན་ས་དྲུག་), and the gradual path of meditation and the ultimate ground of the path, and ultimately abandoning both and relying on this. Among them, ‘The actual practice sees the truth.’ (དངོས་གཞི་དེ་ཉིད་ལ་བདེན་མཐོང་། །) refers to relying on the four actual practices of the path of joining, and if it arises, it is believed that the path of seeing arises at the moment of arising. In the Ornament for Clear Realization (མངོན་རྟོགས་རྒྱན་), it says: ‘In the nine grounds, great, in the great, etc., defilements, the antidote is small, the small, etc., is the purification of the path.’ (ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་གྱི་དག་པ་ཡིན། །) It means that both the path of seeing and the path of meditation rely on this. In the Compendium (བསྡུ་བ་), in the section on stainless vows (ཟག་མེད་ཀྱི་སྡོམ་པ་), it is said that the path of seeing relies on the four dhyanas and the near attainment of the first dhyana. Like the path of a Pratyekabuddha (རང་སངས་རྒྱས་) like a rhinoceros horn (བསེ་རུ་), all rely on the fourth dhyana, as the verse says: ‘The Teacher and the Pratyekabuddha, enlightenment all rely on one, the ultimate of dhyana.’ (སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐར་བརྟེན་གཅིག་ལ་ཀུན། །) The Mahayana (ཐེག་ཆེན་པ་) path mostly relies on the actual practice, because in the path of accumulation (ཚོགས་ལམ་), one obtains the great Dharma stream Samadhi (ཆོས་རྒྱུན་ཏིང་ངེ་འཛིན་ཐོབ་པས་སོ། །). Fourth, it is that all those who desire enlightenment dedicate the merits of the three doors (body, speech, and mind) arising from all aspects to enlightenment (བྱང་ཆུབ་འདོད་པས་ཀུན་ནས་བསླང་བའི་སྒོ་གསུམ་གྱི་དགེ་བ་བྱང་ཆུབ་ཏུ་བསྔོས་པའོ། །). Fifth, the commentary says: ‘This distinction should also be understood from the perspective of the truth of the path (ལམ་གྱི་བདེན་པ་) and its retinue.’ (དབྱེ་བ་འདིའང་ལམ་གྱི་བདེན་པ་འཁོར་དང་བཅས་པའི་དབང་དུ་བྱས་པ་ལས་རིག་པར་བྱའོ་ཞེས་དང་།) And, in its explanation, it says: ‘Because the path of accumulation and the path of joining are themselves worldly, they are not the truth of the path, but the retinue of the path, because they can produce the path.’ (ཚོགས་སྦྱོར་འཇིག་རྟེན་པ་ཉིད་ཀྱི་ཕྱིར་ལམ་གྱི་བདེན་པ་མིན་གྱི། ལམ་གྱི་འཁོར་ཏེ་དེ་འབྱུང་བར་བྱེད་པའི་ཕྱིར་རོ་ཞེས་གསུངས་སོ། །) The teacher (སློབ་དཔོན་) believes that the path of accumulation and the path of joining are imputed paths, as the Madhyantavibhaga (དབུས་མཐར) says: ‘Conformity and inversion.’ (རྗེས་སུ་མཐུན་ལ་ཕྱིན་ཅི་ལོག །) Because of the inverted conceptualization, and as explained in the commentary on the chapter on what is to be abandoned by meditation, because it is tainted and bound by taints, the tainted is what is to be abandoned, and in the Compendium, because it is included by suffering (དུཿཁ་, Sanskrit: duḥkha, Romanization: duḥkha, meaning: suffering) and origin (ཀུན་འབྱུང་), and because there is no knowledge of suffering, etc., and reasoning, etc. Finally, the fruit (འབྲས་བུ་) of the path is imputed as the path. The Three Hundred Thousand Verses Sutra (འབུམ་གསུམ་པ་) says that the first four lead to liberation (ཐར་པར་ཕྱིན་པར་བྱེད).


་པས་ལམ་ཡིན་ཅིང་མཐར་ཕྱིན་ནི་ཕྱིན་ཟིན་པས་བཏགས་པ་བར་གསུངས་ སོ། ། འོན་ཀྱང་ལྔ་ཅར་ལམ་མཚན་ཉིད་པ་སྟེ་ལམ་གྱི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །དང་པོ་དག་ཀྱང་འཇིག་རྟེན་པ་ཡིན་ཡང་ཐར་པའི་རྒྱུ་ཐུན་མོང་མིན་པ་ཡིན་པས་ལམ་དུ་མི་ འགལ་བས་དང་། རྟོག་བཅས་ཡིན་ཡང་དཀོན་མཆོག་བརྩེགས་པར་ཡང་དག་པར་རྟོག་པ་ལས་མི་རྟོག་པ་སྐྱེ་བ་ཤིང་གཉིས་དྲུད་པ་ལས་མེ་འབྱུང་བའི་དཔེས་གསུངས་པས་སོ། །དེ་ལྟ་མ་ཡིན་ན་ས་ བདུན་པ་མས་ཆད་ཀྱི་རྗེས་ཐོབ་རྟོག་བཅས་ལམ་མིན་པར་འགྱུར་རོ། །གཟུང་ཡུལ་སོགས་ལ་འཁྲུལ་ཡང་འཇུག་ཡུལ་སོགས་ལ་ཡང་དག་པས་དང་། ལམ་དུ་འགྱུར་བའི་ཆ་དེ་ཟག་པའི་སྒོ་དྲུག་དང་བྲལ་ བའི་ཟག་མེད་ཡིན་པས་སོ། །གནས་ངན་ལེན་དང་འབྲེལ་བས་ཟག་བཅས་སུ་བཤད་པ་ནི་དེ་ཀུན་གཞི་ལ་འབྲེལ་གྱི་ལམ་གྱི་ཆ་ལ་མ་འབྲེལ་བས་དང་ཟག་པའི་རྗེས་མཐུན་དུ་སྦྱོར་ལམ་ཟག་ མེད་དུའང་གསུངས་སོ། །གཞན་དུ་ན་མཐོང་སྒོམ་ཡང་ཟག་བཅས་སུ་འགྱུར་ཏེ་དེ་ལྟར་གྱི་གང་ཟག་གསུམ་ཀུན་གཞི་ལ་ཉོན་མོངས་ཀྱི་ས་བོན་རྗེས་སུ་འབྲེལ་བའི་ཕྱིར་རོ། །བདེན་པ་དང་པོས་བསྡུས་ཀྱང་ལམ་དུ་མི་འགལ་ཞིང་ཀུན་འབྱུང་གིས་བསྡུས་པར་མ་གྲུབ་ལ་ལམ་གྱི་མཚན་ཉིད་རྣམས་ཀྱང་ཡོད་དེ་ཐོས་བསམ་དང་བྱིས་པའི་སྒོམ་བྱུང་གི་དུཿཁ་ཤེས་པར་བྱེད་པ་སོགས་དང་མི་རིགས་པ་ཉོན་མོངས་པ་སུན་འབྱིན་པ་དང་མགོ་གནོན་པ་དང་ཆ་ཤས་སྤོང་བས་སོ། ། 1-641 གཞན་དུ་ན་མཐོང་སྤང་སྤོང་བའི་ལམ་ལས་དང་པོ་སྦྱོར་བའི་ལམ་ངེས་འབྱེད་ཆ་མཐུན་མིན་ན་ཅི་ཡིན་སྨྲོས་ཤིག དེ་དག་ལམ་མིན་པའི་ཕྱིར་ཐར་པར་ཕྱིན་བྱེད་དང་འཁོར་བ་ལ་རྒྱབ་ཀྱིས་ ཕྱོགས་བྱེད་མིན་པར་ཐལ་ལོ། །ཅི་སྟེ་བཏགས་པ་བས་ཀྱང་རང་གི་བྱ་བ་ནུས་ན་མི་བླུན་པོས་ཀྱང་བ་ལང་གི་བྱ་བ་བཞོ་བཀལ་སོགས་ནུས་པར་ཧ་ཅང་ཐལ་ལོ། །དྲུག་པ་ནི་ཐེག་ པ་གསུམ་གྱི་ལམ་དང་འཇིག་རྟེན་པའི་དང་དེ་ལས་འདས་པའི་གཉིས་དང་མཉམ་བཞག་རྗེས་ཐོབ་དང་སྦྱོར་བ་སོགས་བཞི་དང་མྱུར་བུལ་དཀའ་སླ་བཞི་དང་སློབ་མི་སློབ་ཀྱི་ལམ་སོགས་སོ། །དེ་རྣམས་ ཕལ་ཆེར་གཞུང་དུ་འབྱུང་ཞིང་མཉམ་བཞག་རྗེས་ཐོབ་ཀྱི་ངོ་བོ་སྣང་མེད་སྣང་བཅས་སམ། ཆོས་ཉིད་དང་ཆོས་ཅན་གྱི་ཡུལ་ཅན་དུ་གསུངས་པ་ནི་མི་འཐད་ཏེ། ཡིད་ཆེས་པའི་ལུང་མེད་པ་དང་ སེམས་མེད་པ་དང་རྗེས་ཐོབ་དེ་བཞིན་ཉིད་དུ་སྣང་བའང་མཉམ་བཞག་ཏུ་ཐལ་བའི་ཕྱིར་རོ། །དེས་ན་ལམ་སྒོམ་པ་ལ་གནས་པ་དང་དེ་ལས་ལངས་པའི་བྱ་བའོ། །བདུན་པ་ནི་མྱ་ངན་ལས་ འདས་པར་བགྲོད་པའི་དོན་གྱིས་ལམ་ཞེས་མཛོད་ཀྱི་འགྲེལ་ཊིག་ཏུའོ། །བརྒྱད་པ་ནི་ཚོགས་ཀྱི་ལམ་རང་གི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་དྲོད་མ་སྐྱེས་བའི་བར་དང་། དྲོད་ནས་མཐོང་ལམ་མ་སྐྱེས་ཀྱི་བར་སྦྱོར་བའི་དང་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་ན

【現代漢語翻譯】 因此,(五道)被說成是基於『道』,最終完成被稱為『已完成』。然而,這五者都具有道的特徵,因為它們都具備道的性質。即使最初的(資糧道和加行道)是世俗的,但由於它們是解脫的非共同因,因此不與道相矛盾。即使它們是有概念的,但在《寶積經》中也說,從對三寶的正確概念中,會產生無概念的智慧,就像兩木相磨產生火一樣。如果不是這樣,那麼七地菩薩在後得位上的有概念智慧也會變成非道。雖然在所取境等方面有錯亂,但在所入境等方面是正確的。並且,成為道的那個部分是無漏的,因為它遠離了六種漏的門徑。雖然說它與惡趣相關聯是有漏的,但這是因為它與阿賴耶識相關聯,而與道的那個部分無關,並且順應于有漏。因此,在加行道中也說到了無漏。否則,見道和修道也會變成有漏的,因為那樣的人的三蘊與煩惱的種子相關聯。即使它被真諦所包含,也不與道相矛盾,即使它沒有被集諦所包含,但也具備道的特徵,例如通過聞思和孩童的生得智慧來了解痛苦,以及通過不合邏輯來駁斥、壓制和部分捨棄煩惱。 否則,如果從見道所斷的道開始,最初的加行道不是抉擇分,那又是什麼呢?如果它們不是道,那麼它們就不應該是通往解脫的途徑,也不應該是背離輪迴的。如果僅僅通過名言也能發揮作用,那麼愚蠢的人也能像牛一樣進行擠奶和馱運等工作,這太過分了。第六個是三乘之道,包括世間道和出世間道,以及止觀雙運等四種,還有快慢難易四種,以及有學道和無學道等。這些大多出現在經論中,而關於止觀雙運的體性,說成是無顯現和有顯現,或者說成是法性和法相的對境,這是不合理的。因為沒有可信的教證,並且無心識,而且后得位顯現為真如也太過分,會變成止觀雙運。因此,道是安住于禪修以及從禪修中起立的行為。第七個是《俱舍論釋》中說的,通過趨向寂滅的意義而稱為道。第八個是從發菩提心到未生起暖相之間的資糧道,以及從暖相到未生起見道之間的加行道,以及現量見到真如……

【English Translation】 Therefore, (the five paths) are said to be based on ‘path,’ and the final completion is called ‘already completed.’ However, all five have the characteristics of the path because they possess the nature of the path. Even though the initial (path of accumulation and path of preparation) are mundane, they do not contradict the path because they are the uncommon cause of liberation. Even though they are conceptual, it is said in the Ratnakuta Sutra that from the correct concept of the Three Jewels, non-conceptual wisdom arises, just as fire arises from rubbing two pieces of wood together. If this were not the case, then the conceptual wisdom of the seventh bhumi bodhisattva in the post-meditation state would also become non-path. Although there is confusion in the object of apprehension, etc., it is correct in the object of entry, etc. And, that part that becomes the path is uncontaminated because it is free from the six doors of leakage. Although it is said to be contaminated because it is associated with bad states, this is because it is associated with the alaya consciousness, but not associated with the part of the path, and it conforms to the contaminated. Therefore, uncontaminated is also spoken of in the path of preparation. Otherwise, the paths of seeing and meditation would also become contaminated, because the three aggregates of such a person are associated with the seeds of affliction. Even though it is included by the truth of suffering, it does not contradict the path, and even though it is not included by the truth of origin, it also possesses the characteristics of the path, such as understanding suffering through hearing, thinking, and the wisdom born of childish meditation, and refuting, suppressing, and partially abandoning afflictions through illogicality. Otherwise, if starting from the path that abandons what is to be abandoned by the path of seeing, what else is the initial path of preparation if it is not a part of ascertainment? If they are not the path, then they should not be the means to liberation, nor should they turn their backs on samsara. If merely through imputation one can also perform one’s own function, then it would be too much to say that even foolish people can perform the work of cows, such as milking and carrying loads. The sixth is the path of the three vehicles, including the mundane and supramundane, and the four such as samatha-vipassana, and the four such as quick and slow, difficult and easy, and the paths of learners and non-learners, etc. Most of these appear in the scriptures, and it is unreasonable to say that the nature of samatha-vipassana is non-manifest and manifest, or that it is the object of dharma-nature and dharma-characteristic. Because there is no credible scriptural authority, and it is without mind, and it is too much to say that the post-meditation state also appears as suchness, it would become samatha-vipassana. Therefore, the path is abiding in meditation and the actions of rising from meditation. The seventh is what is said in the commentary on the Abhidharmakosha, that it is called the path because of the meaning of going to nirvana. The eighth is the path of accumulation from generating the mind of enlightenment to one’s own enlightenment until the heat has not arisen, and the path of preparation from heat until the path of seeing has not arisen, and directly seeing suchness…


ས་སྒོམ་ལམ་མ་སྐྱེས་ཀྱི་བར་མཐོང་བའི་དང་མཐོང་ལམ་རྫོགས་ཏེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་སྒོམ་པའི་དང་མི་སློབ་པ་ཐོབ་པ་མཐར་ཕྱིན་པའི་ལམ་མོ། ། 1-642 གཉིས་པ་ལ་ལྔ་ལས་དང་པོ་ལ་དོན་བརྒྱད་དེ། དེ་མིན་ལས་འབྱེད་པའི་མཚན་ཉིད། སྤངས་པ་དང་། རྟོགས་པ་དང་། ཡོན་ཏན་དང་རྣམ་པའི་དབྱེ་བ་དང་། བྱེད་ལས་དང་། ངེས་ཚིག་དང་། གཞུང་དོན་ ནོ། །དང་པོ་ནི། ཐེག་པ་དང་གང་ཟག་རང་རང་གི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དྲོད་མ་སྐྱེས་གོང་གི་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའོ། །གཉིས་པ་ནི། དབུས་མཐའི་ཊཱི་ཀ་རུ་ ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ནི་འཁོར་བར་རབ་ཏུ་སྐྱེ་བའི་མཐུ་འཇོམས་པའི་ཚུལ་དུ་རིག་པར་བྱའོ་ཞེས་བཤད་པར་ལྟར་སྤང་བྱ་ལས་ཡིད་འབྱུང་ཞིང་སྤང་བྱ་རྣམས་སུན་འབྱིན་ ཅིང་རྒྱུད་སྨིན་པར་བྱེད་པའི་གཉེན་པོའོ། །གསུམ་པ་ནི་བདག་མེད་པ་ཤེས་རབ་གསུམ་གྱིས་སྤྱིའི་ཚུལ་གྱིས་རྟོགས་པའོ། །བཞི་པ་ནི་ཉན་ཐོས་ཀྱི་སར། རང་དང་གཞན་གྱི་འབྱོར་བ་དང་། །འདུན་དང་ཚུལ་ ཁྲིམས་དབང་པོ་དང་། །དེ་བཞིན་ཟས་དང་མི་ཉལ་དང་། །ཤེས་བཞིན་དུ་ནི་སྤྱོད་པ་དང་། །དེ་བཞིན་དགེ་བའི་བཤེས་གཉེན་དང་། །དམ་ཆོས་ཉན་དང་སེམས་པ་དང་། །བར་ཆད་མེད་དང་གཏོང་བ་དང་། །དགེ་ སྦྱོང་རྒྱན་ནི་ཐ་མ་ཡིན། ཞེས་གསུངས་པ་རྣམས་ཏེ་དགེ་སྦྱོང་གི་རྒྱན་བཅུ་བདུན་ནི། དད་ལྡན་གཡོ་མེད་ནད་ཉུང་དང་། །བརྩོན་འགྲུས་ཤེས་རབ་འདོད་ཆུང་དང་། ཆོག་ཤེས་གསོ་སླ་དགང་སླ་དང་། །སྦྱངས་དང་མཛེས་དང་དྲོད་རིག་དང་། ། 1-643 སྐྱེས་བུ་དམ་ཆོས་མཁས་རྟགས་དང་། །བཟོད་དང་དེས་དང་གྱ་ནོམ་པའོ། །ཞེས་པའོ། །དེའི་སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི། །འདྲིས་པའི་ཁྱིམ་རྣམས་ན་ཅི་ཐོབ་པ་ཟ་བ་རྙེད་པས་ཆོག་པའི་དང་། ཁང་ ཁྱིམ་ནས་ཁང་ཁྱིམ་དུ་བསླངས་ཤིང་བརྒྱུས་ཏེ་ཅི་རྙེད་པ་ཟའི་མང་པོ་ལ་མི་འདུན་པ་མཐར་གྱིས་སློང་བའི་སྟེ་བསོད་སྙོམས་པ་དག་དང་། སྟན་གཅིག་ལ་འདུག་སྟེ་ཇི་ཙམ་ཟ་བ་དེ་ཟ་ བའི་དེ་ལས་ལངས་ནས་མི་ཟ་བ་སྟན་གཅིག་པ་དང་། བདག་ཉིད་འགྲངས་པ་ཙམ་གྱི་ཟས་ཀུན་བླངས་ཏེ་ཟ་བ་ཟས་ཕྱིས་མི་ལེན་པ་དང་། སྣམ་སྦྱར་དང་བླ་གོས་དང་མཐང་གོས་ཏེ་ཆོས་ གོས་གསུམ་པ་དང་། ཆོས་གོས་གསུམ་མམ་དེ་ལས་ལྷག་པའང་བལ་ལས་བྱས་པ་ཤ་སྟག་ཕྱིང་བ་པ་དང་། ཕྱག་དར་ཁྲོད་པ་གཞན་གྱིས་བོར་བ་བླངས་ཏེ་བཀྲུས་ཤིང་དྲུབས་ཏེ་གྱོན་པ་དང་། ནགས་ མཐར་དང་བས་མཐའ་ཡང་གནས་པ་དགོན་པ་བ་དང་། ཤིང་དྲུང་པ་དང་། བླ་ཁབས་མེད་པ་དང་དུར། ཁྲོད་པ་དང་། མི་བསྙེ་པར་ཙོག་པུ་བ་དང་། རྩའམ་ལོ་མ་དང་པོར་བཏིང་བ་དེ་ཉིད་ ཀྱི་སྟེང་དུ་མལ་འཆའ་ཡི་ཡང་ཡང་མི་འཆོས་པ་གཞི་ཇི་བཞིན་པའོ། །སྐྱེས་བུ་དམ་པའི་ཆོས་ནི་ཡོན་ཏན་དང་ལྡན་ཡང་རང་མི་བསྟོད

【現代漢語翻譯】 這是從尚未生起暖相(ས་སྒོམ་ལམ་མ་སྐྱེས་)到現見道(མཐོང་བའི་དང་མཐོང་ལམ་),直至圓滿金剛喻定(རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་),以及修習到獲得無學道(མི་སློབ་པ་ཐོབ་པ་)的究竟之路。 第二部分分為五個方面,第一方面有八個要點:區分它們不是業的特徵、斷除、證悟、功德、種類差別、作用、詞義和經文要義。 首先,從發菩提心(བྱང་ཆུབ་ཏུ་སེམས་བསྐྱེད་)到未生起暖相之前,使之趨向寂滅(མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའོ།)。 其次,如《中邊分別論》(དབུས་མཐའི་ཊཱི་ཀ་)中所說:『與解脫分相應的善根,應被理解為摧毀輪迴中不斷出生的力量。』因此,對所斷之法生起厭離,並且降伏所斷之法,是成熟相續的對治法。 第三,通過三種智慧(ཤེས་རབ་གསུམ་)以共相的方式證悟無我(བདག་མེད་པ་)。 第四,在聲聞地(ཉན་ཐོས་ཀྱི་སར)中說:『自己和他人的財富,意願和戒律,根器和食物,不睡眠和正念,以及如理行持,還有善知識,聽聞正法和思維,無間斷和佈施,這些都是沙門的莊嚴。』 總共有十七種沙門的莊嚴,即:『具信、無動搖、少病,精進、智慧、少欲,知足、易養、易滿,已調伏、端正、知熱,殊勝丈夫、正法、智者之相,忍辱、調伏和富饒。』 其中十二種已調伏的功德是:『在熟悉的家中,無論得到什麼都吃,對所得感到滿足;從一家到另一家乞食,不貪求過多,次第乞食;只在一個座位上吃多少就吃多少,之後不再進食;只取夠自己飽腹的食物;擁有袈裟、上衣和裙子三件法衣;三件法衣或更多都是用羊毛製成的氈布;撿起被他人丟棄的抹布,清洗、縫補后穿戴;住在森林邊或邊地;住在樹下;沒有屋檐;住在墳地;不躺臥而只是蹲坐;在地上鋪上草或樹葉,然後躺在上面,不經常整理,保持原樣。』 殊勝丈夫的正法即使具有功德,也不會自我讚揚。

【English Translation】 This is the path from not yet generating warmth (sa sgom lam ma skyes) to seeing the path (mthong ba’i dang mthong lam), up to perfecting the Vajra-like Samadhi (rdo rje lta bu’i ting nge ‘dzin), and cultivating until attaining the ultimate fruition of the No More Learning Path (mi slob pa thob pa). The second part is divided into five aspects, the first aspect having eight points: distinguishing their characteristics as not being karma, abandonment, realization, qualities, types of distinctions, functions, etymology, and the meaning of the scriptures. First, from generating the mind of Bodhicitta (byang chub tu sems bskyed) to before the warmth has arisen, causing one to go to Nirvana (mya ngan las ‘das par phyin par byed pa’o). Second, as stated in the commentary on the Madhyāntavibhāga (dbus mtha’i Tīka): ‘The roots of virtue that are in accordance with the aspects of liberation should be understood as destroying the power of constantly being born in samsara.’ Therefore, generating revulsion towards what is to be abandoned, and subduing what is to be abandoned, is the antidote for maturing the continuum. Third, realizing selflessness (bdag med pa) in a general way through the three wisdoms (shes rab gsum). Fourth, in the Śrāvakabhūmi (nyan thos kyi sar) it says: ‘One’s own and others’ wealth, intention and discipline, faculties and food, not sleeping and mindfulness, and likewise acting accordingly, also virtuous friends, listening to the Dharma and thinking, without interruption and giving, these are the ornaments of a śramaṇa.’ There are seventeen ornaments of a śramaṇa: ‘Having faith, unwavering, few illnesses, diligence, wisdom, few desires, contentment, easy to nourish, easy to satisfy, tamed, handsome, knowing warmth, excellent man, Dharma, signs of a wise person, patience, subdued, and rich.’ The twelve qualities of being tamed are: ‘In familiar homes, eating whatever is obtained, being content with what is found; begging from house to house, not desiring too much, begging in order; eating as much as one eats while sitting on one seat, not eating after getting up from that seat; taking and eating only enough food to fill oneself; having three Dharma robes: a kāsāya, an upper robe, and a lower robe; the three Dharma robes or more are all made of wool felt; picking up rags discarded by others, washing, sewing, and wearing them; dwelling in the forest edge or the border; dwelling under a tree; without a roof; dwelling in a charnel ground; not lying down but squatting; spreading grass or leaves on the ground and lying on it, not frequently rearranging it, keeping it as it is.’ The Dharma of an excellent man, even if possessing qualities, does not praise himself.


་གཞན་མི་སྨོད་ཅིང་ཆོས་དང་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལ་ཞུགས་པའོ། ། 1-644 མཁས་པའི་རྟགས་ནི་ལེགས་པར་བསམ་པ་སེམས་པ་དང་ལེགས་པར་སྨྲ་བ་རྗོད་པ་དང་ལེགས་པར་བྱ་བའི་ལས་བྱེད་པའོ། །དེས་པ་ནི་བླ་མ་དང་མཆེད་གྲོགས་རྣམས་ལ་སྒོ་གསུམ་གྱི་བྱམས་པའི་ ལས་དང་ལྡན་པ་སོགས་འགྲོགས་ན་བདེ་བའོ། །གྱ་ནོམ་པ་ནི་ངོ་གདོང་དཀར་ཞིང་གསོང་པོ་དང་དགའ་བར་སྨྲ་བ་རྒྱུད་དང་བའོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་ནི་སེམས་བསྐྱེད་པ་དང་པོ་ ལ་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་འབྱུང་སྟེ་སེམས་ཀུན་གྱི་སྡུག་བསྔལ་སེལ་ནུས་པར་ནམ་འགྱུར་སྙམ་པ་དང་། ནམ་དབུལ་པས་ཉེས་པའི་སེམས་ཅན་རྣམས་འབྱོར་པ་ཆེན་པོ་ལ་འཇོག་ནུས་ཞེས་དང་། ནམ་རང་གི་ལུས་ཤ་ཁྲག་དང་བཅས་པས་འགྲོ་བའི་དོན་བྱེད་ནུས་ཞེས་དང་། ནམ་དམྱལ་བར་ཡུན་རིང་དུ་གནས་པས་ཀྱང་འགྲོ་ཕན་བྱེད་ཅེས་དང་། ནམ་འཇིག་རྟེན་པ་དང་དེ་ལས་འདས་པའི་འབྱོར་ པས་འགྲོ་བ་ཀུན་གྱི་རེ་བ་རྫོགས་པ་མཐོང་ཞེས་དང་། ནམ་སངས་རྒྱས་སུ་གྱུར་ཏེ་འགྲོ་བ་ཀུན་འཁོར་བའི་དུཿཁ་ཀུན་ལས་འདོན་ཞེས་དང་། སེམས་ཅན་གྱི་དོན་མི་བྱེད་པའི་སེམས་དང་བྱ་བ་ དང་ངག་དང་གསོན་པ་དང་ལུས་དང་བློ་གྲོས་དང་རྫས་དང་དབང་ཕྱུག་རྣམས་དང་གཞན་ལ་གནོད་པས་དགའ་བར་སྐྱེ་བ་ཀུན་ཏུ་མ་གྱུར་ཅིག་ཅེས་དང་། འགྲོ་བ་ཀུན་གྱི་སྡིག་པའི་འབྲས་བུ་བདག་ལ་འབྱུང་ཞིང་བདག་གི་དགེ་བའི་འབྲས་བུ་འགྲོ་བ་ཀུན་ལ་གྱུར་ཅིག་སྙམ་པའོ། ། 1-645 ཡང་སྟན་གཅིག་ལ་འདུག་པས་རྒྱལ་བ་དང་རྒྱལ་སྲས་ཀུན་གྱི་ཆོས་བསྟན་པ་ཉན་ཅིང་གཞུང་དང་དོན་འཛིན་པ་ཆོས་རྒྱུན་ཏིང་འཛིན་དང་སྤྱན་དང་མངོན་ཤེས་ལྔ་ཐོབ་ཅིང་ཕྱོགས་བཅུའི་སངས་རྒྱས་རྣམས་ ལ་ལྟ་ཞིང་དེ་རྣམས་ལས་ཆོས་ཉན་ཏེ། མདོ་སྡེ་རྒྱན་དུ། དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་ འགྱུར། །ཞེས་དང་། བསམ་གཏན་ལས་མངོན་ཤེས་བསྒྲུབས་པ་ལས། །སངས་རྒྱས་དཔག་ཏུ་མེད་རྣམས་ལ། །མཆོད་པའི་ཆེད་དང་མཉན་ཆེད་དུ། །དེ་ནི་འཇིག་རྟེན་ཁམས་རྣམས་འགྲོ་ཞེས་གསུངས་སོ། །ལྔ་པ་ནི་ཐར་པ་ ཆ་མཐུན་དང་ལས་དང་པོ་པའི་ས་དང་ཚོགས་ཀྱི་ས་དང་གོ་ཆའི་སྒྲུབ་པའོ། །དྲུག་པ་ནི་རྒྱུད་སྨིན་པ་དང་སྦྱོར་ལམ་འདྲེན་པར་བྱེད་པའོ། །བདུན་པ་ནི་འབྲས་བུ་བྱང་ཆུབ་འཛིན་པས་སམ་ རྒྱུད་ཡོན་ཏན་གྱིས་འགེངས་པས་ཚོགས་ཏེ་ཐར་པར་འགྲོ་བས་ལམ་མོ། །བརྒྱད་པ་ལ་གསུམ་ཐར་པའི་རྒྱུའི་ཆོས་ལྔ་དང་དགེ་བ་གཞན་དང་ཤེས་རབ་དང་ཚོགས་ལམ་གྱི་བྱེད་པའོ། །དང་པོ་ལ་སོ་ སོ་སྐྱེ་བོའི་ཚུལ་ཁྲིམས་ནི་སོ་སོ་ཐར་པའི་སྡོམ་པ་སོགས་ཉེས་སྤྱོད་སྤོང་བ་སྟེ། སྤྱོད་འཇུག་ཏུ། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲི

【現代漢語翻譯】 不誹謗他人,致力於符合佛法的修行。 智者的標誌是善於思考、善於言談和善於行動。善良的人是與上師和道友們以身語意三門行慈愛之事,相處融洽的人。優秀的人是面容白皙坦誠,言語令人愉悅,心性調柔的人。大乘不共的特點是,初發菩提心時,會生起八種大丈夫的念頭:何時我能消除一切眾生的痛苦?何時我能使貧困的眾生安住于富饒之中? 何時我能以自己的血肉之軀利益眾生?何時我能即使長久處於地獄也能利益眾生?何時我能見到以世間和出世間的財富圓滿一切眾生的願望?何時我能成佛,將一切眾生從輪迴的痛苦中解脫出來?愿我生生世世不行不利於眾生的心、事、語、生命、身體、智慧、財富和權力,不行令他人痛苦之事!愿一切眾生的罪業果報由我來承受,愿我的善業果報迴向給一切眾生! 此外,安住於一個座位上,聽聞諸佛和佛子們宣講的佛法,受持經文和義理,獲得法脈傳承的禪定、天眼和其他五種神通,能見到十方諸佛並從他們那裡聽聞佛法。《經莊嚴論》中說:『那時,對於法脈傳承,爲了獲得諸佛的寂止和廣大的智慧,將會獲得廣大的教誨。』《三摩地經》中說:『通過修習禪定而獲得神通,爲了供養和聽聞無量諸佛,他會前往各個世界。』第五是與解脫分相應的資糧道和加行道。第六是成熟相續並引導進入加行道。第七是獲得果位菩提,或者以功德充滿相續,從而趨向解脫之道。第八有三種:解脫之因的五法、其他善行、智慧和資糧道的行為。第一,別解脫戒是捨棄惡行的別解脫戒律。如《入行論》中說:『獲得捨棄之心,即是戒律。』

【English Translation】 Not disparaging others and engaging in Dharma practice that is in accordance with the Dharma. The signs of a wise person are thinking well, speaking well, and acting well. A good person is one who is kind in body, speech, and mind to the lama and Dharma brothers, and is easy to get along with. An excellent person is one who has a fair and honest face, speaks pleasantly, and has a gentle nature. The unique characteristic of the Great Vehicle is that when bodhicitta is first generated, eight thoughts of a great person arise: When will I be able to eliminate the suffering of all beings? When will I be able to place impoverished sentient beings in great wealth? When will I be able to benefit beings with my own flesh and blood? When will I be able to benefit beings even by dwelling in hell for a long time? When will I see the hopes of all beings fulfilled with worldly and transcendental wealth? When will I become a Buddha and liberate all beings from all the sufferings of samsara? May I never, in all my lives, have a mind, action, speech, life, body, intelligence, wealth, or power that does not benefit beings, and may I never do anything that causes suffering to others! May the karmic results of all beings’ sins come to me, and may the karmic results of my virtues go to all beings! Furthermore, by sitting on one seat, listening to the Dharma taught by all the Buddhas and Bodhisattvas, holding the scriptures and their meanings, obtaining the samadhi of the Dharma lineage, the divine eye, and the other five clairvoyances, one sees the Buddhas of the ten directions and listens to the Dharma from them. In the Ornament of the Sutras, it says: ‘At that time, for the Dharma lineage, in order to obtain the peaceful abiding and vast wisdom of the Buddhas, one will find vast instructions.’ In the Samadhi Sutra, it says: ‘Having accomplished clairvoyance through meditation, for the sake of offering and listening to countless Buddhas, he goes to all the world realms.’ The fifth is the path of accumulation and the path of preparation, which are in accordance with liberation. The sixth is maturing the continuum and guiding one into the path of application. The seventh is attaining the fruit of enlightenment, or filling the continuum with qualities, thereby going to liberation, which is the path. The eighth has three: the five dharmas that are the cause of liberation, other virtuous deeds, wisdom, and the actions of the path of accumulation. First, the Pratimoksha vows of an ordinary person are the Pratimoksha vows of abandoning misdeeds. As it says in the Bodhicaryavatara: ‘Obtaining the mind of renunciation is the discipline.’


མས་ཕ་རོལ་ཕྱིན་པར་བཤད། །ཅེས་སོ། །དབང་པོའི་སྒོ་བསྡམས་པ་ནི་མིག་གིས་གཟུགས་རྣམས་མཐོང་སྟེ་མཚན་མར་མི་འཛིན་མངོན་རྟགས་སུ་མི་འཛིན་ཅེས་སོགས་མདོ་སྡེར་བཀའ་བསྩལ་པ་ལྟར་ཏེ་དྲན་པ་ལ་རྟག་གྲུས་བྱེད་པས་མིག་སོགས་རྣམས་ཡུལ་ལས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བ་མི་འབྱུང་བར་སྡོམ་པའོ། ། 1-646 ཟས་ཀྱི་ཚོད་ཤེས་པ་ནི་འཇུ་ཞིང་དགེ་བ་ལ་སྦྱོར་བ་ལ་ལུས་བདེ་བ་ཙམ་དུ་ཟ་བ་སྟེ་དེ་ཡང་དགེ་བའི་ཕྱོགས་ལ་འབད་པའི་ཆེད་དུ་ལུས་གནས་པའི་དོན་ཙམ་དུའོ། །དེ་བཤེས་ པའི་འཕྲིན་ཡིག་ཏུ། ཁ་ཟས་སྨན་འདྲར་རིག་ནས་ནི། །ཆགས་སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ཆེད་སྒེག་ཆེད་མཚག་ཆེད་དུ། །མ་ལགས་ལུས་གནས་འབའ་ཞིག་ཆེད། །ཅེས་སོ། །དེ་ཡང་བྱང་ཆུབ་གཞུང་ལམ་ དུ། འབྲས་བུ་ཆེན་པོར་ལོངས་སྤྱོད་ཆེད། །རྟག་ཏུ་གཏོར་མ་ལྷ་བཤོས་དང་། །འཕྲོག་མ་ཕུད་ཀྱི་ཆང་བུ་དང་། །ལྔ་པ་ལྷག་མ་སྦྱིན་པར་བྱ། །དེ་ལ་ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་ཏེ། ཨོཾ་ཨཱཿསརྦ་བུདྡྷ་ བོ་དྷི་ས་ཏྭེ་བྷྱོ་བཛྲ་ནཻ་ཝ་དྱཾ་ཧཱུྃ་ཞེས་པས་ལྷ་བཤོས་དང་། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱཻ་ནུད་པན་ན་ཏྭཏ་ཨོཾ་ཨཱཿཧཱུྃ་ཕཊ྄་སྭཱ་ཧཱ་ཞེས་པས་འབྱུང་པོ་ཐམས་ ཅད་པའི་གཏོར་མ་དང་། ཨོཾ་ཧཱ་རཱི་ཏཱི་མཧཱ་བཛྲ་ཡཀྵི་ཎི་ཧ་ར་ཧ་ར་སརྦ་པཱ་པཱ་ནི་མེ་ཀྵཾ་སྭཱ་ཧཱ་ཞེས་པས་འཕྲོག་མ་ལ་ཆང་བུ་གཉིས་དང་། ཨོཾ་ཨགྲ་པཱ་ཎི་ཌཱ་ཤི་ བྷྱཿསྭཱ་ཧཱ་ཞེས་པས་ཕུད་ཀྱི་ཆང་སྦྱིན་ཞིང་། ཕན་དང་རན་པས་བཟའ་བར་བྱ། དེ་རྗེས་སུ་ཨོཾ་ཨུཙྪི་ཥྚ་པིཎ་ཌ་ཨ་ཤི་བྷྱཿསྭཱ་ཧཱ་ཞེས་པས་ལྷག་མའི་ཆང་བུ་སྦྱིན་ཞེས་བཤད་པ་ལྟར་བྱའོ། ། 1-647 དེ་ནས་སྦྱིན་བདག་རྣམས་ཀྱིས་ཀྱང་སྡིག་དང་དུཿཁ་དུ་མས་བསྒྲུབས་པའི་རྫས་དེ་འབྲས་བུ་ཁྱད་པར་ཅན་འདོད་པས་བདག་ལ་བྱིན་པས་ན་དེ་སྤྱད་ནས་རང་གཞན་གྱི་དོན་ཆེན་པོར་འགྱུར་བར་འབད་ དོ། །དེའང་དགེ་སློང་གི་ལོ་དྲི་བར་ཡོངས་སུ་སྤྱོད་པ་ལྔ་བཤད་དེ། མི་སློབ་པ་ནི་བདག་པོར་བཤད། །སློབ་པ་བྱིན་པ་ལེན་པ་སྤྱོད། །བསམ་གཏན་ཀློག་དང་ལྡན་པ་ནི། །གཟི་བརྗིད་ལྡན་པས་ རྗེས་གནང་བརྗོད། །སྐྱིན་པ་སྤྱོད་པ་ལྷག་མ་སྟེ། །ལེ་ལོས་ཉམས་པའི་བདག་ཉིད་ཡིན། །གཙུག་ལག་ཁང་སོགས་ལོངས་སྤྱོད་ལ། །ཚུལ་ཁྲིམས་འཆལ་པས་སྤྱོད་པ་བཀག །ཅེས་ཏེ་བདག་ལྟ་བུས་ཀྱང་གསུམ་པར་ཅིས་ ཀྱང་འགྱུར་བར་ཆེས་ཆེར་འབད་པར་བྱའོ། །ནམ་གྱི་ཞེས་ལ་འཕྲིན་ཡིག་ཏུ། རིགས་པའི་བདག་ཉིད་ཉིན་ཀུན་དང་། །མཚན་མོའང་སྟོད་སྨད་ཐུན་བཟླས་ནས། །མནལ་ཚེའང་འབྲས་མེད་མི་འགྱུར་བར། །དྲན་ལྡན་དེ་སྲིད་ བར་དུ་མནོལ། །ཅེས་གསུངས་པ་ལྟར་ཏེ་མཚན་མོ་ལ་ཐུན་གསུམ་དུ་བྱས་པའི་འོ། །རྣལ་འབྱོར་ལ་སྤྱོད་འཇུག་ཏུ། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་ར

【現代漢語翻譯】 被稱為波羅蜜多(梵文,Paramita,到彼岸)。這是這樣說的。控制感官之門,如經藏中所說:『眼睛看到形色時,不執著于相,不執著于顯現的特徵』等等。通過持續地保持正念,眼睛等感官不會因追逐外境而產生不善和罪惡,這就是控制。 瞭解食物的量,是爲了消化和行善,只爲了身體舒適而食用。這也是爲了努力行善,僅僅是爲了維持身體而存在。正如《上師書》中所說:『視食物如藥,不帶貪嗔而享用。不為肥胖,不為美麗,不為強壯,只為維持身體。』這是這樣說的。此外,在《菩提道次第》中說:『爲了享受偉大的果實,應經常供養朵瑪(藏文,一種供品),神饈,精華酒和剩餘物。』對此,唸誦三遍嗡(藏文,梵文天城體:ॐ,梵文羅馬擬音:Om,漢語字面意思:皈依),阿(藏文,梵文天城體:आ,梵文羅馬擬音:Ā,漢語字面意思:生起),吽(藏文,梵文天城體:हुं,梵文羅馬擬音:Hūṃ,漢語字面意思:摧破),然後唸誦:嗡(藏文,梵文天城體:ॐ,梵文羅馬擬音:Om,漢語字面意思:皈依)阿(藏文,梵文天城體:आ,梵文羅馬擬音:Ā,漢語字面意思:生起)薩瓦(藏文,梵文天城體:सर्व,梵文羅馬擬音:Sarva,漢語字面意思:一切)布達(藏文,梵文天城體:बुद्ध,梵文羅馬擬音:Buddha,漢語字面意思:佛)菩提薩埵(藏文,梵文天城體:बोधिसत्त्व,梵文羅馬擬音:Bodhisattva,漢語字面意思:菩薩)比約(藏文,梵文天城體:भ्यो,梵文羅馬擬音:Bhyo,漢語字面意思:給予)班雜(藏文,梵文天城體:वज्र,梵文羅馬擬音:Vajra,漢語字面意思:金剛)奈瓦迪揚(藏文,梵文天城體:नैवेद्यं,梵文羅馬擬音:Naivedyaṃ,漢語字面意思:供養)吽(藏文,梵文天城體:हुं,梵文羅馬擬音:Hūṃ,漢語字面意思:摧破),以供養神饈。唸誦:嗡(藏文,梵文天城體:ॐ,梵文羅馬擬音:Om,漢語字面意思:皈依)阿(藏文,梵文天城體:आ,梵文羅馬擬音:Ā,漢語字面意思:生起)嘎若(藏文,梵文天城體:कारो,梵文羅馬擬音:Kāro,漢語字面意思:作為)木康(藏文,梵文天城體:मुखं,梵文羅馬擬音:Mukhaṃ,漢語字面意思:口)薩瓦(藏文,梵文天城體:सर्व,梵文羅馬擬音:Sarva,漢語字面意思:一切)達瑪南(藏文,梵文天城體:धर्माणां,梵文羅馬擬音:Dharmāṇāṃ,漢語字面意思:法)阿迪耶(藏文,梵文天城體:आद्ये,梵文羅馬擬音:Ādye,漢語字面意思:最初)努特帕那塔塔(藏文,梵文天城體:नुत्पन्नतत,梵文羅馬擬音:Nutpannatata,漢語字面意思:未生)嗡(藏文,梵文天城體:ॐ,梵文羅馬擬音:Om,漢語字面意思:皈依)阿(藏文,梵文天城體:आ,梵文羅馬擬音:Ā,漢語字面意思:生起)吽(藏文,梵文天城體:हुं,梵文羅馬擬音:Hūṃ,漢語字面意思:摧破)帕特(藏文,梵文天城體:फट्,梵文羅馬擬音:Phaṭ,漢語字面意思:斷除)梭哈(藏文,梵文天城體:स्वाहा,梵文羅馬擬音:Svāhā,漢語字面意思:成就),以供養一切眾生的朵瑪。唸誦:嗡(藏文,梵文天城體:ॐ,梵文羅馬擬音:Om,漢語字面意思:皈依)哈日帝(藏文,梵文天城體:हारीती,梵文羅馬擬音:Hārītī,漢語字面意思:訶利帝母)瑪哈(藏文,梵文天城體:महा,梵文羅馬擬音:Mahā,漢語字面意思:大)班雜(藏文,梵文天城體:वज्र,梵文羅馬擬音:Vajra,漢語字面意思:金剛)雅克西尼(藏文,梵文天城體:यक्षिणी,梵文羅馬擬音:Yakṣiṇī,漢語字面意思:夜叉女)哈拉哈拉(藏文,梵文天城體:हर हर,梵文羅馬擬音:Hara Hara,漢語字面意思:拿走拿走)薩瓦(藏文,梵文天城體:सर्व,梵文羅馬擬音:Sarva,漢語字面意思:一切)巴巴尼(藏文,梵文天城體:पापानि,梵文羅馬擬音:Pāpāni,漢語字面意思:罪業)美克桑(藏文,梵文天城體:मे क्षं,梵文羅馬擬音:Me Kṣaṃ,漢語字面意思:我寬恕)梭哈(藏文,梵文天城體:स्वाहा,梵文羅馬擬音:Svāhā,漢語字面意思:成就),以供養精華酒。唸誦:嗡(藏文,梵文天城體:ॐ,梵文羅馬擬音:Om,漢語字面意思:皈依)阿格拉巴尼達西比約梭哈(藏文,梵文天城體:अग्रपाणिडाशिभ्यःस्वाहा,梵文羅馬擬音:Agrapāṇiḍāśibhyaḥsvāhā,漢語字面意思:獻給持妙手者梭哈),以供養精華酒。應以有益和適量的方式食用。之後,唸誦:嗡(藏文,梵文天城體:ॐ,梵文羅馬擬音:Om,漢語字面意思:皈依)烏奇西塔比那達阿西比約梭哈(藏文,梵文天城體:उच्छिष्टपिण्डाशिभ्यःस्वाहा,梵文羅馬擬音:Ucchiṣṭapiṇḍāśibhyaḥsvāhā,漢語字面意思:獻給食殘食者梭哈),以供養剩餘的精華酒。應如是行。 然後,施主們因為想要獲得殊勝的果報,所以將通過罪惡和痛苦積累的財物佈施給我,因此我應該努力利用這些財物來成就自他二利。此外,詢問比丘的年齡時,會提到五種使用方式:不學者被認為是主人。學者接受佈施並使用。禪定和閱讀者,因其威嚴而給予許可。借用使用是剩餘物。懶惰者是衰敗的本性。對於寺廟等的使用,禁止戒律敗壞者使用。』因此,像我這樣的人也應該盡最大努力成為第三種人。關於夜晚的睡眠,《上師書》中說:『具有智慧的人,日夜不斷地念誦,即使在睡眠時,也要保持正念,直到死亡也不會毫無意義。』正如所說,夜晚分為三個時段。對於瑜伽士來說,《入行論》中說:『今天我不會死去』,所以應該快樂地生活。

【English Translation】 It is said to be Pāramitā (Sanskrit, Paramita, to the other shore). This is how it is said. Controlling the doors of the senses, as it is taught in the sutras: ‘When the eyes see forms, not clinging to the signs, not clinging to the manifested characteristics,’ and so on. By constantly maintaining mindfulness, the eyes and other senses will not give rise to unwholesome and sinful actions by chasing after external objects, this is control. Knowing the measure of food is to eat only to the extent that it is digestible and conducive to virtue, just enough for bodily comfort. This is also for the sake of striving for virtue, merely for the purpose of maintaining the body. As it is said in ‘The Letter of a Spiritual Friend’: ‘Regard food as medicine, partake without attachment or aversion. Not for obesity, not for beauty, not for strength, but only to sustain the body.’ This is how it is said. Furthermore, in ‘The Stages of the Path to Enlightenment’, it says: ‘In order to enjoy great fruits, one should always offer tormas (Tibetan, a type of offering), divine food, essence of alcohol, and leftovers.’ To this, recite three times Om (Tibetan, Sanskrit Devanagari: ॐ, Sanskrit Romanization: Om, Chinese literal meaning: Homage), Ā (Tibetan, Sanskrit Devanagari: आ, Sanskrit Romanization: Ā, Chinese literal meaning: Arise), Hūṃ (Tibetan, Sanskrit Devanagari: हुं, Sanskrit Romanization: Hūṃ, Chinese literal meaning: Destroy), then recite: Om (Tibetan, Sanskrit Devanagari: ॐ, Sanskrit Romanization: Om, Chinese literal meaning: Homage) Ā (Tibetan, Sanskrit Devanagari: आ, Sanskrit Romanization: Ā, Chinese literal meaning: Arise) Sarva (Tibetan, Sanskrit Devanagari: सर्व, Sanskrit Romanization: Sarva, Chinese literal meaning: All) Buddha (Tibetan, Sanskrit Devanagari: बुद्ध, Sanskrit Romanization: Buddha, Chinese literal meaning: Buddha) Bodhisattva (Tibetan, Sanskrit Devanagari: बोधिसत्त्व, Sanskrit Romanization: Bodhisattva, Chinese literal meaning: Bodhisattva) Bhyo (Tibetan, Sanskrit Devanagari: भ्यो, Sanskrit Romanization: Bhyo, Chinese literal meaning: To give) Vajra (Tibetan, Sanskrit Devanagari: वज्र, Sanskrit Romanization: Vajra, Chinese literal meaning: Diamond) Naivedyaṃ (Tibetan, Sanskrit Devanagari: नैवेद्यं, Sanskrit Romanization: Naivedyaṃ, Chinese literal meaning: Offering) Hūṃ (Tibetan, Sanskrit Devanagari: हुं, Sanskrit Romanization: Hūṃ, Chinese literal meaning: Destroy), to offer divine food. Recite: Om (Tibetan, Sanskrit Devanagari: ॐ, Sanskrit Romanization: Om, Chinese literal meaning: Homage) Ā (Tibetan, Sanskrit Devanagari: आ, Sanskrit Romanization: Ā, Chinese literal meaning: Arise) Kāro (Tibetan, Sanskrit Devanagari: कारो, Sanskrit Romanization: Kāro, Chinese literal meaning: As) Mukhaṃ (Tibetan, Sanskrit Devanagari: मुखं, Sanskrit Romanization: Mukhaṃ, Chinese literal meaning: Mouth) Sarva (Tibetan, Sanskrit Devanagari: सर्व, Sanskrit Romanization: Sarva, Chinese literal meaning: All) Dharmāṇāṃ (Tibetan, Sanskrit Devanagari: धर्माणां, Sanskrit Romanization: Dharmāṇāṃ, Chinese literal meaning: Dharmas) Ādye (Tibetan, Sanskrit Devanagari: आद्ये, Sanskrit Romanization: Ādye, Chinese literal meaning: Initially) Nutpannatata (Tibetan, Sanskrit Devanagari: नुत्पन्नतत, Sanskrit Romanization: Nutpannatata, Chinese literal meaning: Unborn) Om (Tibetan, Sanskrit Devanagari: ॐ, Sanskrit Romanization: Om, Chinese literal meaning: Homage) Ā (Tibetan, Sanskrit Devanagari: आ, Sanskrit Romanization: Ā, Chinese literal meaning: Arise) Hūṃ (Tibetan, Sanskrit Devanagari: हुं, Sanskrit Romanization: Hūṃ, Chinese literal meaning: Destroy) Phaṭ (Tibetan, Sanskrit Devanagari: फट्, Sanskrit Romanization: Phaṭ, Chinese literal meaning: Cut) Svāhā (Tibetan, Sanskrit Devanagari: स्वाहा, Sanskrit Romanization: Svāhā, Chinese literal meaning: Accomplishment), to offer tormas to all beings. Recite: Om (Tibetan, Sanskrit Devanagari: ॐ, Sanskrit Romanization: Om, Chinese literal meaning: Homage) Hārītī (Tibetan, Sanskrit Devanagari: हारीती, Sanskrit Romanization: Hārītī, Chinese literal meaning: Hariti) Mahā (Tibetan, Sanskrit Devanagari: महा, Sanskrit Romanization: Mahā, Chinese literal meaning: Great) Vajra (Tibetan, Sanskrit Devanagari: वज्र, Sanskrit Romanization: Vajra, Chinese literal meaning: Diamond) Yakṣiṇī (Tibetan, Sanskrit Devanagari: यक्षिणी, Sanskrit Romanization: Yakṣiṇī, Chinese literal meaning: Yakshini) Hara Hara (Tibetan, Sanskrit Devanagari: हर हर, Sanskrit Romanization: Hara Hara, Chinese literal meaning: Take Take) Sarva (Tibetan, Sanskrit Devanagari: सर्व, Sanskrit Romanization: Sarva, Chinese literal meaning: All) Pāpāni (Tibetan, Sanskrit Devanagari: पापानि, Sanskrit Romanization: Pāpāni, Chinese literal meaning: Sins) Me Kṣaṃ (Tibetan, Sanskrit Devanagari: मे क्षं, Sanskrit Romanization: Me Kṣaṃ, Chinese literal meaning: I forgive) Svāhā (Tibetan, Sanskrit Devanagari: स्वाहा, Sanskrit Romanization: Svāhā, Chinese literal meaning: Accomplishment), to offer essence of alcohol. Recite: Om (Tibetan, Sanskrit Devanagari: ॐ, Sanskrit Romanization: Om, Chinese literal meaning: Homage) Agrapāṇiḍāśibhyaḥsvāhā (Tibetan, Sanskrit Devanagari: अग्रपाणिडाशिभ्यःस्वाहा, Sanskrit Romanization: Agrapāṇiḍāśibhyaḥsvāhā, Chinese literal meaning: To those who hold the excellent hand, Svaha), to offer essence of alcohol. One should eat in a beneficial and moderate way. Afterwards, recite: Om (Tibetan, Sanskrit Devanagari: ॐ, Sanskrit Romanization: Om, Chinese literal meaning: Homage) Ucchiṣṭapiṇḍāśibhyaḥsvāhā (Tibetan, Sanskrit Devanagari: उच्छिष्टपिण्डाशिभ्यःस्वाहा, Sanskrit Romanization: Ucchiṣṭapiṇḍāśibhyaḥsvāhā, Chinese literal meaning: To those who eat the leftovers, Svaha), to offer the remaining essence of alcohol. One should act accordingly. Then, the patrons, because they desire to obtain extraordinary fruits, give me the substances accumulated through sins and suffering, therefore I should strive to use these substances to accomplish the great benefit of myself and others. Furthermore, when asking about the age of a monk, five ways of using are mentioned: The non-learner is considered the owner. The learner receives the offering and uses it. The meditator and reader, because of their dignity, give permission. Using by borrowing is the remainder. The lazy one is the nature of decline. For the use of temples and so on, the use by those who have broken their vows is prohibited.』 Therefore, even someone like me should strive greatly to become the third type. Regarding nighttime sleep, ‘The Letter of a Spiritual Friend’ says: ‘A person of wisdom, reciting continuously day and night, even while sleeping, should maintain mindfulness, and will not be without fruit until death.’ As it is said, the night is divided into three sessions. For a yogi, ‘Entering the Bodhisattva’s Way of Life’ says: ‘Today I will not die,’ so one should live happily.


ིགས་མ་ཡིན། །ཞེས་དང་། །རིན་ ཆེན་ཕྲེང་བར། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཉུང་ཟད་ཅིག །དེ་རྣམས་ཉིད་ནི་འཆི་བའི་ཡང་། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་པ་ལྟར་དུས་རྒྱུན་དུ་འཆི་བ་རྗེས་སུ་དྲན་པས་དགེ་བ་ལ་བསྐུལ་ཏེ་ཉོན་མོངས་པ་གང་ཤས་ཆེ་བའི་སྤྱོད་པ་རྣམ་སྦྱོང་གི 1-648 དམིགས་པ་དེ་ལ་འཇུག་པ་མི་སྡུག་དང་། །དབུགས་རྔུབ་འབྱུང་བ་དྲན་པ་ཡིས། །འདོད་ཆགས་རྣམ་རྟོག་ལྷག་རྣམས་སོ། །ཞེས་སོགས་སྒོམ་སྟེ་འོག་ཏུ་འཆད་དོ། །བྱང་ཆུབ་ཀྱི་ཕྱོགས་བཞི་ཚན་གསུམ་སྒོམ་སྟེ་ དེའང་འོག་ཏུ་འཆད་དོ། །གདམས་ངག་རྣམས་རྩ་བའི་སེམས་དྲུག་དང་། ཡིད་ལ་བྱེད་པ་བཅུ་གཅིག་དང། སེམས་གནས་ཐབས་དགུས་སྒོམ་པ་ནི་མདོ་སྡེ་རྒྱན་དུ་བལྟ་སྟེ་ཕྱི་མ་འོག་ཏུའང་འཆད་དོ། །ཤེས་ བཞིན་དུ་གནས་པ་ནི། སྤྱོད་འཇུག་ཏུ། ལུས་ངག་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །འདི་ཉིད་ཁོ་ན་མདོར་ན་ནི། །ཤེས་བཞིན་སྲུང་བའི་མཚན་ཉིད་དོ། །ཞེས་ལྟར་སྒྲུབ་པའོ། ། གཉིས་པ་ནི་གང་ཡང་འཕགས་པའི་ལམ་གྱི་རྒྱུར་གྱུར་པའི་དགེ་བ་སྔར་སྡོམ་གྱིས་སྨོས་པ་སོགས་རྣམས་ཏེ་གཞུང་འདིར་སྨོས་པའི་ཆོས་ལྔ་དང་གཞན་རྣམས་ཀྱང་རྒྱས་པར་ཉན་ཐོས་ཀྱི་སར་བལྟའོ། །ཡང་ དང་བཤེས་པའི་འཕྲིན་ཡིག་ཏུ་གསུངས་པའི། དད་དང་ཚུལ་ཁྲིམས་གཏོང་དང་ཐོས། །དྲི་མེད་ངོ་ཚ་ཤེས་ཁྲེལ་ཡོད། །ཤེས་རབ་ནོར་བདུན་ཐུབ་པས་གསུངས་ཞེས་པ་སེམས་བསྐྱེད་དང་བསྔོ་བས་ཟིན་པ་རྣམས་ཀྱིས་ ཕྱུག་པར་བྱའོ། །ཐེག་ཆེན་པས་ཁྱད་པར་དུ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོའི་དོན་བསྡུས་པ་མདོ་སྡེ་རྒྱན་དུ། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་འགྱུར་བ། ། 1-649 དེ་དང་དེ་ལ་རིགས་པ་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་མངོན་འདུ་བྱེད་དོ། །ཞེས་གསུངས་པ་ལྟར་སྤྱོད་ལམ་ཀུན་སྟན་ལ་སྡོད་པ་ན་སེམས་ཅན་ཀུན་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་ གདན་ལ་གནས་པར་གྱུར་ཅིག་ཅེས་སོགས་སྒྲུབ་པའོ། །གཞན་ཡང་སྤྱོད་འཇུག་ཏུ། བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཞེས་གསུངས་པས་རྒྱུད་བསྐུལ་ཏེ། ལེགས་པར་གྲུབ་པར། སྡིག་ པ་བག་མེད་བྱས་པ་དག །མཚན་མོ་སོ་སོར་བཤགས་པར་བྱ། །ནུབ་མོ་བྱས་པ་ནང་པར་བཤགས། །ལེགས་པར་བྱས་ལ་མངོན་དགར་བྱ། །ཞེས་པ་ལྟར་བསྒྲུབ་པར་བྱ་ཞིང་། འོག་ཏུ་འཆད་པའི་ཆོས་སྤྱོད་ བཅུ་ཅི་ནུས་སུ་སྒྲུབ་པ་དང་། དགེ་བ་རྣམས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་དང་། བཟང་པོ་སྤྱོད་པར་བཀའ་བསྩལ་པའི། སྲིད་པ་ཐམས་ཅད་དུ་ཡང་ཞེས་པ་སོགས་ལ་སྐྱེ་བ་ཐམས་ཅད་དུ་ ཆོས་སྒྲུབ་པར་དང་། དམ་པའི་ཆོས་འཛིན་པ་ལ་སྨོན་ལམ་རྒྱ་ཆེན་པོ་གདབ་པར་བྱའོ། །ཐོས་བྱུང་སོགས་ནི་རི

【現代漢語翻譯】 『這不是正確的。』以及,在《寶鬘論》中說:『死亡的因緣眾多,生存的因緣卻極少。這些因緣本身就是死亡,因此應當時常積聚佛法。』如同這樣,經常憶念死亡,從而策勵行善,並進入對治煩惱最重的行為的觀修,即不凈觀和呼吸出入的憶念。通過這些方法,可以平息貪慾等妄念。這些將在下文闡述。修持菩提的四支分和三集合,這些也將在下文闡述。對於教授,應通過六根本心和十一作意,以及九住心的方式進行修持,具體可參考《經莊嚴論》,下文也會有所闡述。安住于正知,如《入菩薩行論》所說:『對於身語意的狀態,應反覆觀察。總而言之,這就是守護正知的特徵。』應如是修持。 第二,任何成為聖道之因的善行,如前文總述的戒律等,以及本文中提到的五法和其他法,都應在《聲聞地》中詳細查閱。此外,如《親友書》中所說:『信、戒、施、聞、無垢、知慚、有愧、智慧七財,佛陀如是說。』應以發菩提心和迴向來充實自己。大乘行者尤其應如《經莊嚴論》中總結的清凈行境之經義:『當菩薩行持時,無論如何,根識的各種行境如何生起,都應以符合正理的言辭,爲了利益眾生而顯現這些。』如同這樣,一切行為都應修持,例如安坐于座時,應發願一切眾生都安住于菩提心的金剛座上。此外,如《入菩薩行論》所說:『在我未清凈罪業之前,我將先死去。』因此應策勵自心,並善加修持。對於已經造作的罪業,應在夜晚各自懺悔;夜晚所造之業,應在白天懺悔;對於善行,應心生歡喜。』應如是修持,並盡力修持下文將要闡述的十種法行,並將一切善根迴向圓滿菩提,並如《善逝普賢行愿》中所說:『於一切生世中』等,應發願在一切生世中修持佛法,並對受持正法者,發起廣大的祈願。聞所生等則…

【English Translation】 ‘This is not right.’ And, in the ‘Garland of Jewels,’ it says: ‘The causes of death are many, but the causes of life are few. These very causes are death, therefore, always accumulate Dharma.’ Like this, constantly remembering death encourages virtuous actions and engages in the contemplation that remedies the most dominant afflictions, such as ugliness and mindfulness of breathing in and out. Through these methods, one can pacify desires and other delusions. These will be explained below. Practice the four branches and three collections of Bodhi, which will also be explained below. For instructions, one should practice through the six root minds, eleven mental activities, and nine ways of abiding the mind, which can be found in the ‘Ornament of the Sutras,’ and will also be explained later. Abiding in mindfulness, as the ‘Bodhicharyavatara’ says: ‘For the state of body, speech, and mind, one should repeatedly examine. In short, this alone is the characteristic of guarding mindfulness.’ One should practice accordingly. Second, any virtuous deeds that become the cause of the noble path, such as the precepts mentioned in the previous summary, and the five dharmas and others mentioned in this text, should be consulted in detail in the ‘Hearer’s Ground.’ Furthermore, as stated in the ‘Letter to a Friend’: ‘Faith, ethics, generosity, learning, stainlessness, shame, conscientiousness, and wisdom are the seven riches, as the Buddha said.’ One should enrich oneself with these, along with the generation of Bodhicitta and dedication. Mahayana practitioners, in particular, should summarize the meaning of the sutras on purifying the field of experience, as in the ‘Ornament of the Sutras’: ‘When a Bodhisattva acts, in whatever way, as the various fields of experience of the senses arise, one should manifest these for the benefit of sentient beings with words that accord with reason.’ Like this, all actions should be practiced, such as when sitting on a seat, one should aspire that all sentient beings abide on the vajra seat of the essence of Bodhi. Furthermore, as the ‘Bodhicharyavatara’ says: ‘Before I purify my sins, I will surely die.’ Therefore, one should encourage one’s mind and practice well. For the sins that have been committed, one should confess them separately at night; the deeds done at night should be confessed in the morning; and for the good deeds, one should rejoice. One should practice like this, and strive to practice the ten Dharma practices that will be explained below as much as possible, and dedicate all virtuous deeds to perfect Bodhi, and as stated in the ‘Samantabhadra’s Aspiration’: ‘In all existences,’ etc., one should aspire to practice the Dharma in all existences, and make great aspirations for those who uphold the holy Dharma. Those arising from hearing, etc., are…


མ་པས་ཡིད་ཆེས་པའི་གསུང་རབ་ལས་བྱུང་བའི་རྟོགས་པ་དང་རིགས་པས་ངེས་པར་བསམས་ པ་ལས་སྐྱེས་པའི་དང་ཏིང་ངེ་འཛིན་ལས་སྐྱེས་པའི་འོ། །འདི་ལ་སྒོམ་བྱུང་མེད་པར་གསུངས་པ་ནི་མི་འཐད་དེ་འདི་ཉིད་དང་འགལ་བས་དང་རྫུ་འཕྲུལ་གྱི་རྐང་པའང་མེད་པར་འགྱུར་ཞིང་། དབུས་མཐར། 1-650 ཐར་པའི་ཆ་དང་མཐུན་སྐྱེད་ནས། །འདུན་དང་སྦྱོར་བར་དབང་བྱེད་དོ། །ཞེས་གསུངས་པ་སོགས་གཞུང་དུ་མ་དང་འགལ་ལོ། །ཉི་ཁྲི་སྣང་བ་དང་བརྒྱད་སྟོང་འགྲེལ་ཆེན་དུ། ཐོས་པ་དང་བསམ་པའི་རང་ བཞིན་ཞེས་གསུངས་པ་ནི་ཐོས་བསམ་ཤས་ཆེ་བ་ལ་དགོངས་པའོ། །འདིར་བཙུན་པ་རྒྱལ་བའི་འོད་ཚུལ་ཁྲིམས་སོགས་ཡོངས་སུ་རྫོགས་པ་ཉིད་འགྱོད་པ་མེད་པ་སོགས་ཀྱི་རྒྱུའོ་ཞེས་སྟོན་ནོ། །འགྲེལ་པ་མཛད་ པས་ནི་རྒྱུར་གྱུར་པའི་དགེ་བ་ནི་འགྱོད་པ་མེད་པ་སོགས་སུ་འཆད་དོ། །གསུམ་པ་ནི་ཚོགས་ལམ་དེ་བསྒོམས་པས་བདེན་པ་མངོན་པར་རྟོགས་པ་དང་བདེན་པ་མཐོང་བ་ཐར་པའི་ཆེད་དུ་གནས་ སེམས་རྒྱུད་སྣོད་ཉིད་འོས་སུ་འགྱུར་བ་འཐོབ་པོ། །གཉིས་པ་ལ་བརྒྱད་ལས་དེ་མིན་ལས་འབྱེད་པའི་མཚན་ཉིད་ལ་སློབ་དཔོན་འབྲིང་ཞང་ཐེག་པ་སོ་སོའི་ཚོགས་ལམ་རྫོགས་ཀྱི་རྗེས་མཐོང་ལམ་མ་སྐྱེས་ ཀྱི་སྔར་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའོ་ཞེས་གསུངས་པ་ལ་ནི་ཤ་རིའི་བུའི་སྦྱོར་ལམ་དང་དུས་མཉམ་པའི་རྗེ་བཙུན་བྱམས་པའི་སྒོམ་ལམ་དེ་སྦྱོར་ལམ་དུ་ཐལ་ཏེ་དེའི་མཚན་ཉིད་ ཅན་གྱི་ཕྱིར་རོ། །དེས་ན་ཐེག་པ་དང་སྒོམ་པ་པོ་རང་རང་གི་ཚོགས་ལམ་རྫོགས་ནས་མཐོང་ལམ་མ་སྐྱེས་གོང་དུ་ཐར་པར་ཕྱིན་པར་བྱེད་པའོ། །སྤངས་པ་ནི་སྤང་བྱའི་ས་བོན་ལ་གནོད་པ་ཇི་རིགས་པ་བྱེད་ཅིང་སྤང་བྱ་མགོ་གནོན་པ་སྟེ། 1-651 དོན་གསང་དུ། རྩེ་མོ་དང་བཟོད་པ་དང་ཆོས་མཆོག་གི་གནས་སྐབས་སུ་མཐོང་བས་སྤང་བྱའི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཀུན་བརྟགས་པ་རྣམ་པར་གནོན་པ་ཞེས་སོགས་བཤད་དོ། ། རྟོགས་པ་ནི་གཞུང་དུ་འཆད་དོ། །ཡོན་ཏན་ནི། རྩེ་མོ་ཐོབ་པ་རྩ་མི་འཆད། །བཟོད་ཐོབ་ངན་སོང་ཡོང་མི་འགྲོ །ཞེས་པ་དང་། ཐེག་ཆེན་པ་ལ་དཀོན་མཆོག་སྤྲིན་གྱི་མདོར། སོ་སོ་སྐྱེ་བོའི་ རྒུད་པ་ཀུན་ལས་འདས་ཤིང་ཏིང་ངེ་འཛིན་དང་གཟུངས་དང་རྣམ་ཐར་དང་མངོན་ཤེས་ཀྱི་ཡོན་ཏན་གྲངས་མེད་པ་དང་ལྡན་པ་དང་། རྒྱལ་བའི་ཡུམ་དག་ཏུའང་ཆོས་མཆོག་ཏུ་ཆོས་ཀུན་སྐྱེ་བ་མེད་ པའི་དང་དཔའ་བར་འགྲོ་བའི་སོགས་ཏིང་ངེ་འཛིན་མང་པོ་ཐོབ་པར་བཀའ་བསྩལ་ཏོ། །དབང་པོ་རྣོན་པོས་ཡུམ་གྱི་མདོ་དང་དེའི་འགྲེལ་དུ་གསུངས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་རྣམས་འཐོབ་ པ་སོགས་ཚད་མེད་དོ། །ལྔ་པ་དབྱེ་བ་ལ་ངོ་བོའི་དབྱེ་བ་ཆུང་འབྲིང་ཆེ་གསུམ་ནི་གང་ཟག་གི་སྒོ་ནས་འཆད་དོ། །རྣམ་པའི་དབྱེ་བ་ནི་ངེས་འབྱེད་ཆ་

【現代漢語翻譯】 是否通過對上師所信奉的經文進行理解,以及通過理性思考所產生的定解,和通過禪定所產生的(智慧)而獲得(證悟)呢?如果說這其中沒有修所生慧,那是不合理的,因為這與(經文)本身相矛盾,並且也會導致失去神變的基礎。正如《中邊分別論》中所說: 『與解脫分相符而增長,能自主意願和修行。』 等等,這與許多經論相違背。《二萬頌》的顯現和《八千頌大疏》中提到的『聽聞和思考的自性』,是指聽聞和思考佔主要部分的情況。這裡,尊者嘉瓦雍丹楚臣等圓滿具足,是無悔等功德的因。註釋者解釋說,成為因的善行是無悔等。第三,通過修習資糧道,能夠現證真諦,並且證悟真諦,爲了獲得解脫,心相續成為堪能的法器。第二部分有八個方面,其中區分其他(道)的特徵是,中祥論師說,各個宗派的資糧道圓滿之後,在未生見道之前,能夠趨入涅槃。如果這樣說,那麼與舍利子的加行道同時期的至尊彌勒的修道,就會變成加行道,因為它具有加行道的特徵。因此,應該是各個宗派和修行者自己的資糧道圓滿后,在未生見道之前,能夠獲得解脫。斷除是指對所斷的種子造成相應的損害,並且壓制所斷。正如《秘密義》中所說: 『在頂位、忍位和勝法位時,通過見道,能夠壓制所斷的煩惱障和所知障的遍計所執。』 證悟將在經論中解釋。功德方面,如(經文)所說: 『獲得頂位,根不會斷絕;獲得忍位,不會墮入惡趣。』 對於大乘行者,在《寶云經》中說:『超越了凡夫的所有衰損,具足無量無邊的三摩地、陀羅尼、解脫和神通功德。』並且在《聖母經》中也說,在勝法位時,能夠獲得諸法不生等的無畏,以及獲得許多三摩地。對於根器敏銳者,能夠獲得《母經》及其註釋中所說的菩提不退轉的徵兆等等,數量無邊。第五,分類方面,本體的分類有小、中、大三種,這是從補特伽羅的角度來解釋的。相的分類是抉擇分。

【English Translation】 Is it through understanding the scriptures believed by the master, and through the definitive understanding arising from rational thinking, and through the (wisdom) arising from samadhi that (enlightenment) is attained? If it is said that there is no meditation-born wisdom in this, it is unreasonable, because it contradicts (the scriptures) themselves, and it would also lead to the loss of the basis of magical powers. As it is said in the Madhyāntavibhāga: ‘Growing in accordance with the aspects of liberation, one can independently control intention and practice.’ Etc., this contradicts many scriptures and treatises. The ‘nature of hearing and thinking’ mentioned in the appearance of the Twenty Thousand Verses and the Great Commentary on the Eight Thousand Verses refers to the situation where hearing and thinking are the main parts. Here, Venerable Gyalwai Woe, Tsultrim, etc., are fully endowed, and are the cause of virtues such as non-regret. The commentator explains that the good deeds that become the cause are non-regret, etc. Third, by practicing the accumulation path, one can directly realize the truth, and realize the truth, and in order to obtain liberation, the mind stream becomes a suitable vessel. The second part has eight aspects, and the characteristic of distinguishing other (paths) is that Master Zhongxiang said that after the completion of the accumulation path of each sect, before the arising of the path of seeing, one can enter Nirvana. If this is said, then the path of meditation of the Venerable Maitreya, which is at the same time as Shariputra’s path of application, will become the path of application, because it has the characteristics of the path of application. Therefore, it should be that after the completion of the accumulation path of each sect and practitioner, before the arising of the path of seeing, one can obtain liberation. Abandonment refers to causing corresponding damage to the seeds of what is to be abandoned, and suppressing what is to be abandoned. As it is said in Secret Meaning: ‘In the position of the peak, forbearance, and supreme dharma, through seeing the path, one can suppress the afflictive obscurations and the cognitive obscurations of what is to be abandoned.’ Realization will be explained in the scriptures. Regarding merits, as (the scripture) says: ‘Having obtained the peak position, the root will not be cut off; having obtained forbearance, one will not fall into the lower realms.’ For Mahayana practitioners, it is said in the Cloud of Jewels Sutra: ‘Transcending all the decline of ordinary people, endowed with immeasurable samadhi, dharani, liberation, and supernatural powers.’ And it is also said in the Holy Mother Sutra that in the position of supreme dharma, one can obtain fearlessness such as the non-arising of all dharmas, and obtain many samadhis. For those with sharp faculties, one can obtain the signs of non-retrogression from Bodhi mentioned in the Mother Sutra and its commentary, etc., which are immeasurable. Fifth, in terms of classification, the classification of the essence has three types: small, medium, and large, which are explained from the perspective of the individual. The classification of aspects is the decisive part.


མཐུན་དང་སྒོམ་ལམ་ཟག་བཅས་ དང་མོས་པ་སྤྱོད་པའི་ས་དང་འཇུག་པའི་སྒྲུབ་པ་སོགས་སོ། །དྲུག་པ་བློ་རིགས་དཔྱད་པ་ལ་མི་འཐད་པ་དགག་པ་ནི། སྲེག་སྟོན། རྣལ་འབྱོར་གྱི་མངོན་སུམ་ཡིན་ཏེ་བརྒྱད་སྟོང་འགྲེལ་ཆེན་དུ་ཡེ་ཤེས་ཀྱི་སྣང་བ་གསལ་བར་བཤད་པས་སོ་ཞེས་གསུངས་པ་ནི་མི་འཐད་དེ། 1-652 ཆོས་ཉིད་ལ་རྟོག་བྲལ་མ་འཁྲུལ་བར་ཐལ་ལ། འདོད་ན། གང་ཟག་དེ་འཕགས་པ་དང་སྤང་བྱའི་ས་བོན་རྩ་བ་ནས་སྤོང་ནུས་པར་འགྱུར་ཞིང་དབུས་མཐར། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག །ཅེས་ འཁྲུལ་པར་བཤད་པ་དང་འགལ་ལོ། །གསལ་བར་བཤད་པ་ནི་ཡེ་ཤེས་རང་གི་ངོ་བོ་སྒྲིབ་པ་རགས་པས་དག་པས་སམ་གསལ་བར་རློམ་པས་སོ། །གསལ་སྣང་དངོས་ནི་མེད་དེ་རྣམ་རྟོག་ཡིན་པས་ སོ། །རྣམ་འགྲེལ་དུ། རྣམ་པར་རྟོག་དང་རྗེས་འབྲེལ་ནི། །དོན་གསལ་སྣང་བ་ཅན་མ་ཡིན། །ཞེས་སོ། །བཟང་པོས་རྣམ་པར་རྟོག་པ་ཐམས་ཅད་མི་འཐད་པས་ཞེས་གསུངས་པ་ནི་གཟུང་འཛིན་སྒྲུབ་པའི་རྟོག་ པ་མེད་པར་སྟོན་པའོ། །མཉམ་བཞག་རྗེས་དཔག་ཏུ་བཞེད་པའང་མི་འཐད་དེ་བསམ་བྱུང་དུ་ཐལ་བས་སོ། །འཐད་པ་བརྗོད་པ་ལ་མཉམ་བཞག་གི་ཞི་གནས་ལྷག་མཐོང་ནི། ཆོས་ཉིད་ལ་རྗེས་དཔག་གིས་ ལེགས་པར་གཏན་ལ་ཕབ་པ་ལས་བྱུང་བའི་སྒོམ་བྱུང་གི་ཤེས་རབ་དེ་དྲན་པ་མཚུངས་ལྡན་དང་བཅས་པ་ཡིན་པས་བཅད་ཤེས་སོ། །རྗེས་ཐོབ་ཏུ་ལམ་དུ་གྱུར་པའི་བློ་ལ་མངོན་སུམ་སོགས་མང་ པོ་སྲིད་དོ། །བདུན་པ་ངེས་ཚིག་ནི་བདེན་པ་མངོན་པར་རྟོགས་པ་སྦྱོར་བས་སམ་མཐོང་སྤང་སྤོང་བའི་སྦྱོར་ལམ་ཡིན་པས་སོ། ། གཞུང་དོན་ལ་གཉིས་ལས། ཐུན་མོང་དང་ཐུན་མོང་མིན་པས་མདོར་བསྟན་པ་ནི་ཚོགས་གང་ཡིན་པ་སོ་སོ་སྐྱེ་བོའི་ཚུལ་ཁྲིམས་སོགས་དྲོད་ཡན་ཆད་ན་ཡོད་པ་ནི་སྦྱོར་བའང་དེ་ཡིན་ནོ། ། 1-653 དེའང་འཕགས་པའི་ལམ་གྱི་རྩོམ་བྱེད་ཡིན་པས་སོ་ཞེའོ། །ཚོགས་ལམ་གྱི་རྫས་ཉིད་སྦྱོར་ལམ་དང་གཞི་མཐུན་དུ་འཆད་པ་ནི་མདོ་སྡེ་རྒྱན་དང་དབུས་མཐའ་དང་སྔ་འགྲེལ་དུ། ཅི་ཚེ་དང་པོ་ཁོ་ ན་ལ་སྦྱོར་བར་བྱས་སམ་ཞེ་ན་དེ་ལྟ་བུ་མེད་ཀྱི་ངེས་པར་དེའི་སྔོན་དུ་ཐར་པ་ཆ་མཐུན་ཅེས་བཤད་པ་དང་མི་འགྲིག་གོ །སྦྱོར་བའི་ལམ་ཡིན་ལ་ཚོགས་ལམ་ན་དེའི་རིགས་ཅན་ མེད་པས་ཚོགས་མིན་པ་ནི་ཚོགས་བསགས་པ་ཚོགས་ལམ་ཆེན་པོ་མཐར་ཕྱིན་པའི་རྣམ་པར་མི་རྟོག་པས་འབྱེད་པས་ན་ངེས་པར་འབྱེད་པ་མཐོང་ལམ་ཆའམ་སྟེན་པ་ཐོབ་དང་མཐུན་པའམ་དེ་ལ་ཕན་ པའི་དགེ་བའི་རྩ་བ་འབྱུང་གནས་རྣམས་ཏེ། འདི་ལྟར་རྩུབ་ཤིང་བརྩུབས་པ་ན་མེའི་བཞིན་དུ་ཡེ་ཤེས་ཟག་མེད་ཀྱི་མེའི་སྔ་ལྟས་སུ་འགྱུར་པས་དྲོ་བ་དང་། དགེ་བའི་རྩ་བ་ཉམས་སྲིད་པའི་ རབ་མཐའ་ཡིན་པས་རྩེ་མོ་དང་། མི་ཉམས་པའི་སྒོ་ནས་བདེན་པ་ལ་ཆེར་བཟོད་པས་དེའི་རྗེས་སུ་མཐུན་པའི་བཟོད་པ་དང་། འཇིག་རྟེན་པའང་ཡི

【現代漢語翻譯】 第六,駁斥對智慧的分析不合理之處:有人說,『這是燒施(Sregston),是瑜伽的現量,因為《八千頌大疏》(brgyad stong ‘grel chen)中清楚地解釋了智慧的顯現。』這種說法是不合理的。 如果認為法性(chos nyid)是無分別且無錯亂的,那將導致荒謬的結論:即認為證悟者能夠從根本上斷除煩惱的種子,這與《中邊分別論》(dbus mtha’)中將『隨順』解釋為『錯亂』的說法相矛盾。所謂『清楚地解釋』,要麼是因為智慧自身的本體清除了粗重的障礙而顯得清晰,要麼是自認為清晰。但實際上並沒有真實的清晰顯現,因為這只是分別念。如《釋量論》(rnam ‘grel)中說:『與分別念相關的,不是清晰顯現的事物。』 善知識(bzang pos)說,『所有的分別念都是不合理的』,這表明沒有能取所取的分別念。 認為等持(mnyam bzhag)是后得(rjes dpag)也是不合理的,因為這將導致它是思所成慧(bsam byung)。合理的說法是,等持的寂止(zhi gnas)和勝觀(lhag mthong),是憶念等持,是從以正量對法性進行如理抉擇而產生的修所成慧(sgom byung)。在後得位成為道的智慧,可以有現量等多種。 第七,『加行道』(sByor lam)的詞義解釋是,通過修習現證真諦,或者說是斷除見道所斷的加行道。關於經文的意義,分為共同和不共同兩種。簡而言之,凡是異生(so so skye bo)的戒律等,在暖位(drod)及以上存在的,也是加行道,因為它是聖道的作者。 有人說,『資糧道(tshogs lam)的自性與加行道是同基的』,這與《經莊嚴論》(mdo sde rgyan)、《中邊分別論》和早期註釋中的說法相矛盾,因為它們說:『難道只是在最初才被認為是加行道嗎?』 並非如此,必須在此之前有『解脫分』(thar pa cha mthun)的說法不符。因為是加行道,而在資糧道中沒有同類,所以不是資糧道。資糧道是積累資糧,是圓滿資糧道大乘的不分別,因此一定是能辨別的見道分,或者與獲得依處(sten pa)相符,或者是有利於它的善根之源。例如,當摩擦木頭時,就像火一樣,會成為無漏智慧之火的先兆,所以是暖位;是善根可能退轉的極限,所以是頂位;通過不退轉的方式,更加能夠忍受真諦,所以是隨順忍位;即使是世間法,也是如此。

【English Translation】 Sixth, refuting the unreasonableness of analyzing wisdom: Some say, ‘This is Sregston, the direct perception of yoga, because the manifestation of wisdom is clearly explained in the Great Commentary on the Eight Thousand Verses.’ This statement is unreasonable. If it is thought that Dharmata (chos nyid) is non-conceptual and non-erroneous, it would lead to the absurd conclusion that an enlightened being can fundamentally cut off the seeds of afflictions, which contradicts the explanation in the Madhyantavibhāga (dbus mtha’) that ‘conformity’ is interpreted as ‘erroneous.’ The so-called ‘clear explanation’ is either because the very nature of wisdom is clear due to the removal of gross obscurations, or it is self-proclaimed to be clear. But in reality, there is no real clear appearance, because it is just conceptual thought. As the Pramāṇavārttika (rnam ‘grel) says: ‘What is related to conceptual thought is not something with a clear appearance.’ The Good One (bzang pos) said, ‘All conceptual thoughts are unreasonable,’ which shows that there is no subject-object duality of conceptual thought. Considering meditative equipoise (mnyam bzhag) as subsequent cognition (rjes dpag) is also unreasonable, because it would lead to it being thought-born wisdom (bsam byung). A reasonable statement is that the tranquility (zhi gnas) and insight (lhag mthong) of meditative equipoise, which is mindfulness, is the wisdom born of meditation (sgom byung) that arises from properly ascertaining Dharmata with valid cognition. In the post-meditation state, the wisdom that becomes the path can have many things such as direct perception. Seventh, the etymological explanation of ‘path of application’ (SByor lam) is that it is the path of practice that realizes the truth directly, or that it is the path of practice that abandons what is to be abandoned by the path of seeing. Regarding the meaning of the text, it is divided into common and uncommon. In short, whatever precepts, etc., of ordinary beings (so so skye bo) exist in the heat stage (drod) and above, that is also the path of application, because it is the author of the noble path. Some say, ‘The nature of the path of accumulation (tshogs lam) is the same basis as the path of application,’ which contradicts the statements in the Abhisamayalankara (mdo sde rgyan), the Madhyantavibhāga, and the early commentaries, because they say: ‘Is it only considered the path of application at the very beginning?’ It is not so; it must be preceded by the statement of ‘part of liberation’ (thar pa cha mthun). Because it is the path of application, and there is no similar kind in the path of accumulation, it is not the path of accumulation. The path of accumulation is the accumulation of merit, it is the non-discrimination of the Mahayana that perfects the path of accumulation, so it must be the discriminating part of the path of seeing, or in accordance with obtaining the support (sten pa), or the source of virtuous roots that benefit it. For example, when wood is rubbed, like fire, it will become a precursor to the fire of uncontaminated wisdom, so it is the heat stage; it is the limit of the possibility of the virtuous root degenerating, so it is the peak stage; through the way of non-degeneration, it is more able to endure the truth, so it is the forbearance stage; even worldly things are like this.


ན་ལ་དེ་ཀུན་གྱི་མཆོག་ཡིན་པས་དེ་སྐད་དེ་ སྐལ་མཉམ་གྱི་རྒྱུ་མེད་པར་སྩལ་གྱིས་འཕགས་པའི་ལམ་འདྲེན་པས་སོ། །འདི་བཞི་ནི་ངེས་འབྱེད་ཡན་ལག་རྣམས་ཀྱང་སྟེ་མཐའ་གཅིག་ཏུ་ངེས་པའི་དབྱེ་བ་ཆུང་འབྲིང་ཆེན་པོ་ཆེས་ཆེ་ཡིན་པས་སོ། ། 1-654 ཐུན་མོང་མིན་པ་རྒྱས་པར་བཤད་པ་ལ་སེམས་སྒོམ་པ་པོ་སོ་སོ་རང་གི་མཉམ་པར་བཞག་པ་ན་དམིགས་པ་བདེན་པ་རྣམས་ལ་དེ་རྣམས་སྟོན་པའི་མདོ་སོགས་ཡིད་ཀྱིས་བརྗོད་པའི་སྒོ་ནས་ ཆོས་དེའི་དོན་ཡིད་ཙམ་མ་གཏོགས་པ་ཕྱིའི་དོན་མེད་པའི་འམ་མི་རྟག་པ་སོགས་བཅུ་དྲུག་ལ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་སྟེ་དེ་དང་མཚུངས་ལྡན་གྱི་སེམས་དང་སེམས་བྱུང་ དང་བཅས་པའོ། །དེ་མདོ་སྡེ་རྒྱན་དུ་གསུངས་པ། བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱིས་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཞེས་སོ། །ཐེག་ཆུང་བའི་འང་། དེ་ལས་དྲོ་ བར་འགྱུར་བ་འབྱུང་། །དེ་ནི་བདེན་བཞིའི་སྤྱོད་ཡུལ་ཅན། །རྣམ་པ་བཅུ་དྲུག་ཅེས་སོ། །སྣང་བ་ནི་སྔ་མ་དང་འདྲ་ཞིང་། མཆེད་པ་ནི་རྟོགས་པ་དེ་འཕེལ་བ་སྟེ། ཆོས་ཀྱི་སྣང་བ་འཕེལ་བྱའི་ ཕྱིར། །བརྩོན་འགྲུས་བརྟན་པ་ཀུན་ཏུ་རྩོམ། །ཞེས་སོ། །ཕྱོགས་གཅིག་གཟུང་བ་རང་བཞིན་མེད་པ་ལ་ཞུགས་པ་དང་འཛིན་པ་མེད་པར་རྟོགས་པ་དང་རྗེས་སུ་མཐུན་པས་ཕྱོགས་གཅིག་གི་རྗེས་སུ་སོང་བ་ སྟེ། །དེ་ནས་དོན་ཀུན་སྣང་བ་ནི། །སེམས་སུ་རབ་ཏུ་སྣང་བར་འགྱུར། །དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེས་སྤོང་འགྱུར། །ཞེས་སོ། །དེ་གསུམ་ནི་གཟུང་བ་མེད་པའི་ཡེ་ཤེས་ཀྱི་སྣང་བ་གསལ་བ་ཆུང་འབྲིང་ཆེ་བའོ། ། 1-655 དེ་མ་ཐག་པ་ནི་དེའི་བར་མ་ཆད་དུ་མཐོང་ལམ་སྐྱེ་བ་སྟེ་འཛིན་པ་མེད་པར་རྟོགས་པའོ། །དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་དེ་ཡི་མཇུག་ ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང་། །འདི་རྣམས་གོ་རིམ་བཞིན་དུ་ནི། །དྲོ་བར་འགྱུར་སོགས་ཡིན་ཤེས་བྱ། །ཞེས་གསུངས་སོ། །འདི་ཉན་ཐོས་ཀྱི་ལམ་བསྟན་པ་སྟེ་བྱང་ཆུབ་སེམས་པའི་ནི་འཆད་ པར་འགྱུར་བའོ་ཞེས་སྨྲ་བ་ནི་མི་ལེགས་ཏེ། འདི་མདོ་སྡེ་རྒྱན་དང་དབུ་མ་སྒོམ་རིམ་སོགས་ཐེག་ཆེན་པོའི་གཞུང་རྣམས་དང་མཐུན་གྱི་ཉན་ཐོས་ཀྱི་སར་གསུངས་པ་དང་དྲོ་བ་ལས་རྩེ་མོ་ དེ་ཡང་དེ་དང་འདྲ་ཞེས་སོགས་དང་མི་མཐུན་པས་སོ་ཞེས་གསུང་སྟེ་གཉིས་ཀར་བརྗོད་འདོད་ཀྱིས་བཤད་དུ་བཏུབས་པར་སྣང་ངོ་། །ཕ་རོལ་ཏུ་ཕྱིན་པར། གཞི་དང་དེའི་གཉེན་པོ་ཡིས། །གཟུང་བར་རྟོག་ པ་རྣམ་པ་གཉིས། །རྫས་དང་རྟག་པའི་རྟེན་ཅན་གྱི། །འཛིན་པའང་རྣམ་པ་གཉིས་སུ་འདོད། །ཅེས་རྟོག་པ་བཞི་དང་རིམ་པ་ལྟར་ལྡན་པར་གསུངས་པའང་གཟུང་འཛིན་མེད་པར་རྟོག་པའི་བཟང་རྟོག་ཡིན་པས་ འདི་དང་དོ

【現代漢語翻譯】 因為那是所有之中最殊勝的,所以那樣說,沒有同等者的原因而施與,因為是引導至聖道的緣故。這四者也是抉擇分,也就是絕對確定的差別,有小、中、大、極大。 關於詳細闡述不共之處,修行者各自在入定的時候,對於作為所緣的真諦,通過心中唸誦經等來顯示這些,除了心中所想的法義之外,沒有外在的意義,或者在無常等十六行相上獲得顯現的等持和智慧,以及與之相應的意識和心所。正如《經莊嚴論》中所說:『菩薩入定時,除了心中所念誦的,一切事物都無法清楚地看到。』小乘也有,從中產生暖位,那是具有四諦行相的,稱為十六種行相。顯現與之前相似,增長是證悟的增長,爲了增長法的顯現,持續不斷地精進。專注于無自性,無執著地證悟,並與之相應,因此是隨順於一方。然後,一切事物的顯現,都會在心中清晰地顯現。那時,他的所執,會被散亂所捨棄。』這三者是無所執的智慧顯現,有小、中、大。 緊接著的就是無間地生起見道,也就是無執著地證悟。那時,會迅速地觸及無間定的境界。這樣,緊隨其後,會捨棄執著的散亂。這些按照順序,應該知道是暖位等。』這樣說的。這是在展示聲聞的道,如果說菩薩的道將要宣講,那是不好的。因為這與《經莊嚴論》和《中觀修次第》等大乘的論典相符,而與聲聞的地位上所說的,以及暖位之後是頂位,頂位也與之相似等不相符。』這樣說,是因為兩者都可以通過表達意願來解釋。在《現觀莊嚴論》中,『以基和其對治,所取之分別有兩種,具有實和常之所依,能取也認為有兩種。』這樣說,四種分別依次具備,也是證悟無所取能取的善妙分別,因此與此意相同。

【English Translation】 Because that is the most supreme of all, it is said that way, bestowed without the cause of having an equal, because it leads to the noble path. These four are also the limbs of ascertainment, that is, the absolutely certain distinctions, being small, medium, large, and very large. Regarding the detailed explanation of the uncommon, when individual meditators are in meditative equipoise, regarding the truths as objects of focus, through mentally reciting sutras etc. that show these, other than just the meaning of the Dharma that is thought of in the mind, there is no external meaning, or the samadhi and wisdom that attain appearance on the sixteen aspects such as impermanence, and the mind and mental factors that are concordant with it. As it is said in the Ornament of the Sutras: ‘When a Bodhisattva is in meditative equipoise, other than what is mentally recited, all things are not clearly seen.’ Even in the Lesser Vehicle, from that, warmth arises, that has the sphere of activity of the four truths, called the sixteen aspects. Appearance is similar to before, and increase is the increase of realization, for the sake of increasing the appearance of Dharma, one constantly exerts steadfast effort. Focusing on one aspect, entering into selflessness, realizing without grasping, and being in accordance with it, therefore it is following one aspect. Then, the appearance of all things, will clearly appear in the mind. At that time, his grasping, will be abandoned by distraction.’ These three are the clear appearance of the wisdom of non-grasping, being small, medium, and large. Immediately following that is the arising of the path of seeing without interruption, that is, realizing without grasping. At that time, one will quickly touch the samadhi of uninterruptedness. Thus, immediately following that, one will abandon the distraction of grasping. These, in order, should be known to be the warmth etc.’ Thus it is said. This is showing the path of the Hearers, it is not good to say that the path of the Bodhisattva will be explained. Because this is in accordance with the treatises of the Great Vehicle such as the Ornament of the Sutras and the Stages of Meditation on the Middle Way, and does not accord with what is said in the place of the Hearers, and that after warmth is the peak, and the peak is also similar to that etc.’ Thus it is said, because both can be explained by expressing intention. In the Perfection of Wisdom, ‘By the basis and its antidote, the imputation of grasping has two aspects, the grasping that has the support of substance and permanence is also considered to have two aspects.’ Thus it is said that the four imputations are possessed in order, and it is also the virtuous imputation of realizing without grasping, therefore it has the same meaning as this.


ན་མཐུན་ནོ། །མཐོང་ལམ་ལའང་བརྒྱད་ལས་དེ་མིན་ལས་འབྱེད་པའི་མཚན་ཉིད་ནི། ཐེག་པ་དང་སྒོམ་པ་པོ་རང་རང་གི་ངེས་འབྱེད་ཆ་མཐུན་རྫོགས་ནས་འཇིག་རྟེན་ལས་འདས་པའི་སྒོམ་ལམ་མ་སྐྱེས་ཀྱི་སྔར་ཐར་པར་ཕྱིན་པར་བྱེད་པའོ། ། 1-656 གཞུང་དུ་འབྱུང་བ་ཉིད་ལ་ཐེག་པ་དང་སྒོམ་པ་སོ་སོའི་ཞེས་དང་ཐར་པར་ཕྱིན་བྱེད་ཅེས་པ་བསྣན་པས་ཀྱང་རུང་ངོ་། །གང་ཡང་བདེན་པ་བཞིའི་དེ་ཁོ་ན་ཉིད་སྔར་མ་མཐོང་བ་མཐོང་ བའོ་ཞེས་ཐོ་གསུངས་པ་དང་། འཇིག་རྟེན་ལས་འདས་པའི་སྒོམ་ལམ་མ་སྐྱེས་ཀྱི་གོང་དུ་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའོ་ཞེས་སྐྱབས་གསུངས་པ་ལ་ནི་དགྲ་བཅོམ་ཐེག་ཆེན་དུ་ཞུགས་པའི་ མཐོང་ལམ་དེ་མིན་ཏུ་འགྱུར་ཏེ། བདེན་བཞིའི་དེ་ཁོ་ན་ཉིད་མཐོང་ཟིན་པའི་ཕྱིར་དང་སྒོམ་ལམ་ཟག་མེད་སྐྱེས་ཟིན་པས་སོ་ཞེས་གཞོན་བྱང་གསུངས་པ་དང་། མཐོང་ལམ་པའི་ས་དང་གཉེན་པོའང་མཐོང་ ལམ་དུ་འགྱུར་རོ་ཞེས་སར་གསུངས་པའི་སྐྱོན་གནས་སོ། །གང་ལ་ནི་མཐོང་བས་སྤང་བྱའི་ས་བོན་རྩ་བ་ནས་སྤོང་བའོ། །རྟོགས་པ་ཇི་ལྟ་བ་ནི་ཐེག་ཆེན་པའི་དབང་དུ་བྱས་ཏེ་མདོ་སྡེ་ རྒྱན་དུ། དེ་ནས་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང་། །བྲལ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །ཞེས་ལྟར་ཆོས་ཉིད་མངོན་སུམ་དུ་རྟོགས་ཤིང་ཇི་སྙེད་པ་ཐེག་པ་གསུམ་གྱི་བྱེ་བྲག་གིས་ཇི་ རིགས་པ་གསུངས་པ་ལྟར་རོ། །ཡོན་ཏན་ནི་ཐེག་པ་ལ་བརྒྱ་ཕྲག་བཅུ་གཉིས་འབྱུང་བ་སོགས་སོ། །ལྔ་བ་དབྱེ་བ་ནི་ཐེག་པའི་ཐོམ་ལམ་གསུམ་དང་སྐད་ཅིག་བཅུ་དྲུག་གོ །རྣམ་པའི་དབྱེ་བ་ནི་རྒྱུན་ཞུགས་ཀྱི་ཐད་དུ་འཆད་པ་གཉིས་དང་མཐོང་བའི་ས་དང་ས་རབ་ཏུ་དགའ་བ་སོགས་སོ། ། 1-657 དྲུག་པ་བྱེད་ལས་ནི་ལམ་ཕྱི་མ་འདྲེན་པ་སོགས་དུ་མ་སྟེ། དེ་བཞིན་གཅིག་ཀྱང་དུ་མ་བྱེད། །ཅེས་རྣམ་འགྲེལ་དུ་གསུངས་པ་ལྟར་རོ། །ངེས་ཚིག་ནི་སྔར་དེ་ཁོ་ན་ཉིད་མ་མཐོང་བ་ མཐོང་བས་དང་། འཕགས་པའི་སར་ཕྱིན་པར་བྱེད་པས་སོ་ཞེས་དབུས་མཐའི་འགྲེལ་བཤད་དུའོ། །གཞུང་དོན་ལ་བཞི་སྟེ། ངོ་བོ་དང་། དེ་རྣམ་པ་གཞན་གྱིས་གསལ་བར་བྱ་བ་དང་། སྐད་ཅིག་རྣམས་གཏན་ལ་ དབབ་པ་དང་། མཐོང་ལམ་གྱི་ལུང་དོན་བཤད་པའོ། །དང་པོ་ནི། རྒྱས་པར་བཤད་པར་འགྱུར་བ་ལ་བལྟོས་ནས་མདོར་བསྡུས་ན་བདག་རྐྱེན་དང་དུས་ཆོས་མཆོག་གི་མཇུག་ཐོགས་བར་མ་ཆད་དུའོ། །མི་དམིགས་ པ་ནི་དམིགས་པ་མེད་ཙམ་མིན་གྱི་དམིགས་པར་རྟོག་པའི་གཉེན་པོ་སྟེ་དེ་བཞིན་ཉིད་ལ་དམིགས་པས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཞི་གནས་དང་ཤེས་རབ་ལྷག་མཐོང་མཚུངས་ལྡན་བྱང་ཆུབ་ ཀྱི་ཡན་ལག་ལྷག་མ་སོགས་དང་བཅས་པའོ། །དེ་ཉིད་གསལ་བར་བྱེད་པ་དམིགས་བྱ་གཟུང་བ་དང་དམིགས་བྱེད་འཛིན་པ་མེད་པས་མཉམ་པའི་དེ་བཞིན་ཉིད་ཤེས་པའང་དེ་ཡིན་ཞེས་པའོ། །འདི་ནི་གང

【現代漢語翻譯】 不一致。見道(藏文:མཐོང་ལམ་,含義:見地之道)中,八種之外能區分作用的特徵是:資糧道和加行道行者各自的抉擇分圓滿后,在未生起出世間修道(藏文:སྒོམ་ལམ་)之前,能使之趨向解脫。 1-656 在論典中,加上『資糧道和加行道各自的』以及『趨向解脫』等詞語也可以。如果說『見到以前未見的四諦真如』,這是托的說法;如果說『在未生起出世間修道之前,現量證悟真如』,這是杰的說法,那麼聲聞乘入大乘的見道就成了非見道,因為已經見到了四諦真如,並且已經生起了無漏修道。這是堅操的說法。薩的說法是:見道者的地和對治也成了見道,這些都是過失。對於誰來說,見道能從根本上斷除見所斷的種子呢?證悟的程度,是以大乘行者為基準,如《經莊嚴論》所說:『之後證悟法界與二相,遠離現量之自性。』如是現量證悟法性,並且以三乘的差別而各不相同。功德方面,對於大乘行者來說,會出現一百一十二種功德等等。第五,分類方面,有三乘的見道和十六剎那。相的分類方面,有入流果的兩種解釋,以及見地和極喜地等等。 1-657 第六,作用方面,有引導後續道等等多種作用,如《釋量論》所說:『如是唯一亦作多。』定義方面,如《中邊分別論釋》所說:『因為見到以前未見的真如,並且能使趨入聖者之地。』論典的要義有四點:本體,以其他方式闡明,確定剎那,以及解釋見道的經文要義。第一點,如果從廣說角度來看,簡而言之,就是自緣和時法,是殊勝法的無間後續。無所緣並非僅僅是沒有所緣,而是對所緣的執著的對治,即以真如為所緣,與不分別的等持(藏文:ཏིང་ངེ་འཛིན་,梵文:samādhi,梵文羅馬擬音:samādhi,漢語字面意思:等持)、止觀雙運(藏文:ཞི་གནས་དང་ལྷག་མཐོང་,梵文:śamatha-vipaśyanā,梵文羅馬擬音:śamatha-vipaśyanā,漢語字面意思:止觀)以及菩提分法等相應。闡明這一點,就是沒有能取所取,了知平等的真如也是如此。這是誰的觀點呢?

【English Translation】 It is inconsistent. In the Path of Seeing (Tibetan: མཐོང་ལམ་, meaning: Path of Seeing), the characteristic that distinguishes its function from the other eight is: after the accumulations and preparation stages practitioners’ respective decisive factors are complete, before the arising of the supramundane Path of Meditation (Tibetan: སྒོམ་ལམ་), it enables them to go to liberation. 1-656 In the treatise, it is also acceptable to add ‘of the accumulations and preparation stages respectively’ and ‘leads to liberation’. If it is said that ‘seeing the suchness of the Four Noble Truths that was not seen before’, this is Tho’s statement; if it is said that ‘before the arising of the supramundane Path of Meditation, directly realizing suchness’, this is Kyab’s statement, then the Path of Seeing of the Hearer Vehicle entering the Great Vehicle becomes non-Path of Seeing, because the suchness of the Four Noble Truths has already been seen, and the stainless Path of Meditation has already arisen. This is Zhonnu Jangchub’s statement. Sar’s statement is: the ground and antidote of the Path of Seeing also become the Path of Seeing, these are all faults. For whom does the Path of Seeing eradicate the seeds of what is to be abandoned by seeing from the root? The degree of realization is based on the Great Vehicle practitioner, as stated in the Ornament of the Sutras: ‘Then the nature of the Dharmadhatu and the two characteristics, will be realized directly, free from self-nature.’ Thus, the nature of reality is directly realized, and they differ according to the distinctions of the three vehicles. In terms of qualities, for Great Vehicle practitioners, one hundred and twelve qualities will arise, and so on. Fifth, in terms of classification, there are the Path of Seeing of the three vehicles and the sixteen moments. In terms of the classification of aspects, there are the two explanations of the Stream Enterer, as well as the ground of seeing and the Extremely Joyful Ground, and so on. 1-657 Sixth, in terms of function, there are many functions such as guiding the subsequent path, as stated in the Commentary on Valid Cognition: ‘Thus, one also does many.’ In terms of definition, as stated in the Commentary on the Middle Way: ‘Because of seeing the suchness that was not seen before, and because it leads to the ground of the noble ones.’ There are four main points in the meaning of the treatise: the essence, clarifying it in other ways, determining the moments, and explaining the meaning of the scriptures on the Path of Seeing. The first point, if viewed from the perspective of extensive explanation, in brief, it is the self-condition and the temporal dharma, the uninterrupted continuation of the supreme dharma. Non-objectification is not merely the absence of objectification, but the antidote to the clinging to objectification, that is, taking suchness as the object, and being associated with non-conceptual concentration (Tibetan: ཏིང་ངེ་འཛིན་, Sanskrit: samādhi, Sanskrit Romanization: samādhi, Chinese literal meaning: concentration), the union of calm abiding and insight (Tibetan: ཞི་གནས་དང་ལྷག་མཐོང་, Sanskrit: śamatha-vipaśyanā, Sanskrit Romanization: śamatha-vipaśyanā, Chinese literal meaning: calm abiding and insight), and the remaining limbs of enlightenment. Clarifying this is that there is no grasper or grasped, and knowing the equality of suchness is also the same. Whose view is this?


་ ཟག་གི་བདག་མེད་ཀྱི་ཞེའོ། ། གཉིས་པ་ལ་སོ་སོ་རང་ལ་སེམས་ཅན་གྱི་བརྡ་བསལ་བ་སོགས་གསུམ་ནི་རིམ་པས་རྣལ་འབྱོར་པ་དེས་རང་གི་རྒྱུད་ལ་གང་ཟག་གི་བདག་གི་མཚན་མ་དང་། 1-658 རང་རྒྱུད་ལ་གཟུགས་སོགས་ཆོས་ཀྱི་མཚན་མར་དང་རང་དང་གཞན་གྱི་རྒྱུད་ཕྱིའི་དོན་ཀུན་ལ་བདག་དང་ཆོས་གཉིས་ཀའི་བརྡའ་འདུ་ཤེས་བསལ་བ་མི་རྟོག་པའི་ཕྱིར་ཏེ་དེ་རྣམས་ནི་དོན་དམ་པའི་ ཆོས་དེ་བཞིན་ཉིད་ཤེས་པའོ། །གཞན་རྟོགས་ཀྱང་གཟུང་འཛིན་གྲུབ་པར་མི་འགྱུར་ཏེ་གཟུང་འཛིན་དུ་བདེན་པར་ཞེན་པ་མེད་པས་སོ། །ཤེས་བྱ་ཤེས་པ་ཙམ་གྱིས་གཟུང་འཛིན་དུ་འགྱུར་ན་སངས་རྒྱས་ཀྱི་ ཡེ་ཤེས་ལའང་ཧ་ཅང་ཐལ་ལོ། འདིར་ཉན་ཐོས་སོགས་ཀྱིས་ཆོས་ཀྱི་བདག་མེད་དངོས་སུ་མི་མཐོང་ཡང་མཐོང་ལམ་གྱི་གནས་སྐབས་སུ་ཆོས་ལ་མཚན་མར་འཛིན་པ་མངོན་གྱུར་མེད་པས་དེ་སྐད་གསུངས་ སོ་ཞེའོ། །བསྡུ་བར་དེ་གསུམ་རིམ་པ་ལྟར་མཐོང་བས་སྤང་བྱའི་ཉོན་མོངས་ཀྱི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཆུང་ངུ་དང་འབྲིང་དང་ཀུན་དང་བྲལ་བའི་སེམས་གསུམ་སྟེ་དང་པོ་གཉིས་ཆོས་ཤེས་ དང་མཚུངས་ལྡན་དང་། ཐ་མ་རྗེས་ཤེས་དང་མཚུངས་ལྡན་ནོ། །རེ་རེ་ལའང་ཞི་གནས་དང་མཐོང་གཉིས་གཉིས་ཏེ་དྲུག་ཡིན་ཀྱང་དེ་གཉིས་སྐད་ཅིག་གཅིག་ལ་ཟུང་དུ་འཇུག་པས་ན་གསུམ་དུ་བཞག་ཅིང་ རྣམ་པར་མ་བཞག་པའི་བདེན་པ་ལ་དམིགས་པ་མཐོང་སྤང་གི་ཉོན་མོངས་ཞི་བ་མངོན་དུ་བྱེད་པ་མངོན་པར་རྟོགས་པའི་ཤེས་པས་བདེན་པ་མངོན་པར་རྟོགས་པ་སྟེ་དེའི་མཐུས་དེའི་རྗེས་སུ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པས་བདེན་པ་མངོན་པར་རྟོགས་པ་རྗེས་ཐོབ་རྣམ་པར་གཞག་པའི་བདེན་པ་ལ་དམིགས་པ་འཇིག་རྟེན་ལས་འདས་པ་དང་ཀུན་རྫོབ་ཤེས་པ་བརྡ་མ་བསལ་བའི་ཆོས་ལ་དམིགས་པས་རྣམ་རྟོག་དང་བཅས་པར་ཡང་གསུངས་སོ། ། 1-659 དེ་ལ་འབན་དང་ཐོ་དག་བརྡ་བསལ་དང་པོ་གཉིས་འདོད་ཁམས་ཀྱི་བདེན་པ་ལ་དམིགས་པ་དང་ཐ་མ་ཁམས་གོང་མའི་བདེན་པ་ལ་དམིགས་པ་དང་ཉན་རང་ཁོ་ནའི་མཐོང་ལམ་ཡིན་པ་སོགས་ ཀྱི་རྣམ་གཞག་མཛད་པ་ནི་བསྡུ་བའི་དགོངས་པ་མ་ལོངས་པར་མུན་སྤྲུལ་དུ་ཟད་དོ། །གསུམ་པ་ལ་གཉིས་ལས་སྤྱི་དོན་ལ་གཉིས། ཉན་ཐོས་སྡེ་པའི་ལུགས་དང་། ཐེག་ཆེན་པའི་སྐད་ཅིག་དུར་སྐྱེ་ དཔྱད་པའོ། །དང་པོ་ལ་ཆོས་བཟོད་ནི། འདོད་པའི་བདེན་པ་དང་པོ་གཉིས་དང་། འདོད་པ་ན་སྤྱོད་པའི་དུཿཁ་འགོག་པ་དང་། འདོད་པ་ན་སྤྱོད་པའི་དུཿཁའི་གཉེན་པོ་ལམ་ལ་དམིགས་ཏེ་འདོད་པའི་མཐོང་ སྤང་གི་ཐོབ་པ་གཅོད་པའོ། །ཆོས་ཤེས་ནི་དམིགས་པ་དེ་ཉིད་ལ་ཉོན་མོངས་པའི་ཐོབ་པ་ལས་རྣམ་པར་གྲོལ་བའི་བྲལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེ་བའོ། །རྗེས་བཟོད་རྗེས་ཤེས་ནི་ཁམས་གོང་ མའི་བདེན་པ་ལ་དམིགས་ནས་ཚུལ་དེ་ལྟ་བུ་སྟེ། འཇིག་རྟེན་པ་ཡི་ཆོས་མཆོག་ལས། ཆོ

【現代漢語翻譯】 是關於無自性的範疇。第二點,對於每個個體,消除有情眾生的概念等三個方面,是瑜伽行者逐漸消除自身相續中人我之相, 在自身相續中,將色等法視為法我之相,以及在自身和他者的相續中,對於外境的一切事物,消除我與法二者的概念和認知,這是因為不作分別念,這些都是證悟勝義諦的 如實性。即使證悟了其他,也不會成為能取所取,因為沒有對能取所取的真實執著。如果僅僅是了知所知就能成為能取所取,那麼佛陀的 智慧也會有同樣的過失。在此,聲聞等雖然沒有直接見到法無我,但在見道位時,因為沒有顯現對法的執著,所以這樣說。 總而言之,這三者依次對應著通過見道所斷除的煩惱,與煩惱相應的下品、中品和上品的三種心,前兩者與法智相應, 後者與類智相應。每一個都有寂止和觀二者,雖然有六種,但因為這二者在一剎那間同時存在,所以算作三種,並且以不作分別唸的真諦為對境,顯現平息見道所斷煩惱的 現觀智,從而現觀真諦,憑藉這種力量,隨之而來的從現觀邊際所生的智慧,現觀真諦,后得位以分別唸的真諦為對境,因為以出世間和世俗的智慧,以未消除概念的法為對境,所以也說是與分別念同在。 其中,‘འབན་‘(藏文,種子字,ban,禁縛)和’ཐོ་དག་‘(藏文,種子字,thodag,摧破)的概念消除,前兩者以欲界的真諦為對境,後者以上界的真諦為對境,並且只有聲聞和獨覺的見道才是如此等等 這樣的分類,如果沒有完全理解總攝的意圖,就只會陷入黑暗之中。第三部分分為兩部分,總的來說分為兩部分:聲聞部派的觀點,以及大乘關於一剎那生滅的 分析。首先,對於法忍,以前兩個欲界的真諦,以及在欲界中修行的苦和滅,以及以欲界中修行的苦的對治道為對境,從而斷除欲界見道所斷的獲得。 法智是指,對於相同的對境,與從煩惱的獲得中解脫的解脫獲得同時生起。類忍和類智是指,以上界的真諦為對境,以同樣的方式,從世間法的最勝位開始。 ཆོ(藏文,種子字,cho,斷)

【English Translation】 It is about the category of selflessness. Secondly, for each individual, eliminating the concept of sentient beings, etc., these three aspects are how the yogi gradually eliminates the sign of personal self in their own continuum, In their own continuum, regarding form, etc., as the sign of the dharma self, and in their own and others’ continua, for all external phenomena, eliminating the concept and cognition of both self and dharma, this is because of non-conceptualization, these are all realizing the ultimate truth of Suchness. Even if one realizes others, it will not become the grasper and the grasped, because there is no clinging to the truth of the grasper and the grasped. If merely knowing the knowable could become the grasper and the grasped, then the Buddha’s wisdom would also have the same fault. Here, although the Shravakas, etc., do not directly see the selflessness of phenomena, in the stage of the path of seeing, because there is no manifestation of clinging to phenomena, so it is said. In summary, these three correspond in order to the afflictions to be abandoned by seeing the path, the three minds of inferior, intermediate, and superior quality that are in accordance with the afflictions, the first two corresponding to the knowledge of dharma, the latter corresponding to the subsequent knowledge. Each has both quiescence and insight, although there are six, but because these two exist simultaneously in one instant, they are counted as three, and taking the unconceptualized truth as the object, manifesting the pacification of the afflictions to be abandoned by seeing the path, the wisdom of manifest realization, thereby manifestly realizing the truth, by the power of this, the wisdom arising from the edge of manifest realization that follows, manifestly realizing the truth, the subsequent attainment takes the conceptualized truth as the object, because with the wisdom of the supramundane and the conventional, taking the dharma without eliminating concepts as the object, so it is also said to be with conceptualization. Among them, the concept elimination of ‘འབན་’ (Tibetan, seed syllable, ban, binding) and ‘ཐོ་དག་’ (Tibetan, seed syllable, thodag, destroying), the former two take the truth of the desire realm as the object, the latter takes the truth of the upper realms as the object, and only the path of seeing of the Shravakas and Pratyekabuddhas is like this, etc. Such classifications, if one does not fully understand the intention of the summary, will only fall into darkness. The third part is divided into two parts, generally divided into two parts: the view of the Shravaka school, and the Mahayana’s analysis of the momentary arising and ceasing. First, for the forbearance of dharma, with the first two truths of the desire realm, and the suffering and cessation practiced in the desire realm, and taking the antidote path of the suffering practiced in the desire realm as the object, thereby cutting off the attainment to be abandoned by seeing the path of the desire realm. The knowledge of dharma refers to, for the same object, the simultaneous arising with the attainment of liberation from the attainment of afflictions. The forbearance of kind and the knowledge of kind refer to, taking the truth of the upper realms as the object, in the same way, starting from the most excellent position of worldly dharma. ‘ཆོ’ (Tibetan, seed syllable, cho, cutting)


ས་ཀྱི་བཟོད་པ་ཟག་པ་མེད། །འདོད་སྡུག་བསྔལ་ལའོ་དེ་ལས་ནི། །དེ་ཉིད་ལ་ཆོས་ཤེས་དེ་བཞིན། །སྡུག་ བསྔལ་ལྷག་ལ་རྗེས་བཟོད་ཤེས། །བདེན་པ་གསུམ་ལ་དེ་བཞིན་ནོ། །ཞེས་དང་། བཟོད་དང་ཤེས་ལ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། ། 1-660 ཞེས་ཏེ་བཅུ་དྲུག་པ་ལ་ནི་སྔར་མ་མཐོང་བ་བལྟ་བྱ་མེད་ཀྱི་མཐོང་བ་གོམས་པར་བྱེད་པས་ན་སྒོམ་ལམ་མོ། །ལམ་ལ་རྗེས་བཟོད་མ་མཐོང་བ་མཐོང་ངོ་ཞེ་ན། སྐད་ཅིག་གཅིག་མ་ མཐོང་བས་བདེན་པ་མ་མཐོང་བ་མིན་ཏེ། ཉག་མ་གཅིག་མ་བརྔས་པས་ཞིང་མ་བརྔས་པ་མིན་པ་བཞིན་ནོ། །ཤེས་པ་གཞན་བདུན་ཡང་མཐོང་ལམ་མིན་པར་འགྱུར་རོ་ཞེ་ན། བདེན་པ་མཐོང་བ་ ཀུན་མ་རྫོགས་པས་དེའི་བར་ན་གནས་པས་མཐོང་ལམ་དུ་འཐད་དོ། །ཆོས་སྲུང་བའི་སྡེ་པ་སོགས་ནི་བདེན་པ་མངོན་པར་རྟོགས་པ་ནི་གཅིག་ཏུ་སྨྲ་ལ་མང་པོས་བཀུར་བ་སྐད་ཅིག་བཅུ་གཉིས་ སུ་སྨྲའོ། །གཉིས་པ་ལ་ལྔ་སྟེ། གཞུང་དུ་གསུངས་ཚུལ་དང་། མི་འཐད་པ་དགག་པ་དང་། གཞུང་འདིའི་དགོངས་པ་གཟུང་བ་དང་། སྒོམ་པའི་ཡུན་དང་། ཤེས་བྱ་དཔྱད་པའོ། །དང་པོ་ནི་དཔལ་ལྡན་ཟླ་བ་ གྲགས་པས་སྐད་ཅིག་གཅིག་ཁོ་ན་ལ་དེ་ཁོ་ན་ཉིད་མཐོང་སྟེ། ངོ་བོ་གཅིག་པའི་ཡེ་ཤེས་དེ་ཁོ་ན་ལ་ཆར་ཕྱེ་ནས་སྐད་ཅིག་བཅུ་དྲུག་ཏུ་བཞག་པ་ནི་དེ་ལྟ་བུ་བསྟན་པས་ འདུལ་བར་བྱ་བ་ལ་ཕན་པའི་ཆེད་དུའོ་ཞེས་རིགས་པ་དྲུག་བཅུ་པའི་འགྲེལ་པར་གསུངས་སོ། །བརྒྱད་སྟོང་འགྲེལ་ཆེན་དུ་ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་པས་སྐད་ཅིག་གཅིག་གིས་རྟོགས་ལ། འཁྲུལ་བའི་རྒྱུ་མཚན་གྱིས་གཞན་དུ་སྒྲོ་བཏགས་པ་གཅོད་པ་ལས་སྐད་ཅིག་བཅུ་དྲུག་ཏུ་བཤད་དོ། ། 1-661 སློབ་དཔོན་ལ་ལ་དུཿཁ་ལ་ཆོས་བཟོད་མཐོང་ལམ་དངོས་དང་གཞན་བཅོ་ལྔ་བཏགས་པ་བར་སྨྲའོ། །ལ་ལ་འབྲས་བུའི་མངོན་པར་རྟོགས་པ་ལས་ཐེག་པ་ཆེན་པོར་སྐད་ཅིག་དང་བདེན་པ་སོ་སོ་ལ་ ཕྱིན་ཅི་ལོག་བསལ་བས་སོ་སོར་རྟོགས་པའི་མངོན་པར་རྟོགས་པ་ལས་སྐད་ཅིག་བཅུ་དྲུག་ཏེ་བཅུ་དྲུག་ཀུན་ཀྱང་མཐོང་ལམ་དངོས་སུ་འདོད་དོ། །བསྟན་པ་གནས་པ་རྒྱས་པའི་རྣམ་གཞག་སྤྲོས་པ་དང་ བཅས་པ་ལ་ཆོས་ཤེས་དང་མཐུན་པའི་སེམས་བཞི་དང་རྗེས་ཤེས་ཀྱི་ཕྱོགས་དང་མཐུན་པ་བཞི་དང་མཇུག་ཏུ་ཞི་གནས་འབའ་ཞིག་པའི་སེམས་དང་དགུའི་མཐོང་ལམ་རྫོགས་ལ། དོན་དམ་རྣམ་བཞག་སོ་སོ་ རང་རིག་སྤྲོས་མེད་ལ་དེ་བཞིན་ཉིད་ཤེས་པ་དང་མཚུངས་ལྡན་གཅིག་ཉིད་ཀྱིས་སེམས་ཀྱི་རང་བཞིན་ལས་བརྩམས་ཏེ་མཐོང་ལམ་རྫོགས་པར་འགྱུར་བར་གསུངས་སོ། །གཉིས་པ་ནི་བོད་གྱི་སློབ་དཔོན་མང་པོ་ རྣམས་ལུང་དེ་དག་གིས་ནི་གཅིག་ཏུ་སྐྱེ་ཤིང་དུས་མཐའི་སྐད་ཅིག་མིན་གྱི་བྱ་རྫོགས་ཀྱི་སྐད་ཅིག་གོ་ཞེས་གསུངས་སོ། །དེའང་གཞུང་འདི་དང