菩薩藏佛教學會
20
背景
翻譯
下載 ▾

panglotsalodrotenpa01對法集論廣釋·開顯所知論.g2.0f|panglotsalodrotenpa01對法集論廣釋·開顯所知論.g2.0f(續12)


་ལམ་རང་གི་ངང་གིས་འབྱུང་བ་མེད་པས་མངོན་པར་འདུ་བྱེད་པ་ལམ་གྱི་འཇུག་སྒོམ་པའོ། ། ལྔ་པ་ལ་གསུམ་ལས་དང་པོ་འོག་མིན་དུ་འཕོ་བ་ནི་རོ་མྱང་བ་མང་བས་བསམ་གཏན་ཆུང་ངུ་སོགས་སྐྱེས་པའི་རོ་མྱང་བར་བྱེད་ཅིང་ཚངས་རིས་ནས་བཟུང་སྟེ་ས་དང་ས་ལྟ་བའི་ གནས་སུ་གྱུར་ཅིང་གཙོ་བོ་གཅིག་ཏུ་ཟད་པ་ཚངས་ཆེན་པ་མ་གཏོགས་པའི་གནས་གཞན་ཀུན་ཏུ་སྐྱེ་ཞིང་སྤེལ་མར་བསྒོམས་པས་འོག་མིན་གྱི་བར་དུ་ཞུགས་ཏེ་དེར་ཐར་པའོ། །ཡང་འདིར་བསམ་གཏན་ སྤེལ་སྟེ་བསམ་གཏན་དང་པོའི་རོ་མྱངས་པས་གོང་མ་གསུམ་ལས་ཉམས་པ་ཚངས་རིས་སུ་སྐྱེས་ནས་སྔོན་གོམས་པས་བསམ་གཏན་བཞི་པ་སྤེལ་ནས་འོག་མིན་དུ་སྐྱེ་བ་འཕར་བ་དང་དེ་ལྟ་བུ་ དང་པོ་ནས་གནས་གཙང་མ་འོག་མ་བཞི་གང་རུང་དུ་དང་དེ་ནས་འོག་མིན་དུ་སྐྱེ་བ་ཕྱེད་དུ་འཕར་བ་སྟེ། དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ་གཞན་སྲིད་རྩེ་མོར་འགྲོ །ཞེས་སོ། ། 1-805 འདི་ནི་ལྷག་མཐོང་དང་། ཕྱི་མ་ཞི་གནས་སྤྱོད་པའོ། །གཉིས་པ་སྲིད་རྩེར་འཕོ་བ་ནི་ལ་ལ་ཞེས་ཏེ་སྤེལ་མར་མ་བསྒོམས་པས་གནས་གཙང་མ་བོར་ནས་གནས་ཀུན་ཏུ་འཆི་འཕོ་བ་ལྟར་སྲིད་ རྩེར་སོང་སྟེ་ཐར་པའོ། །དེ་ལྔ་ལ་གནས་གཞན་ཚངས་ཆེན་བོར་བ་བཅུ་དྲུག་དང་། ཉམས་པའི་ཆོས་ཅན་ལ་སོགས་པ་རིགས་དྲུག་དང་། རང་རང་གི་སའི་འཆིང་བ་ཀུན་དང་ལྡན་པ་ནས་རྣམ་པ་ བརྒྱད་ལས་འདོད་ཆགས་དང་བྲལ་བའི་བར་ཏེ་དགུ་དང་། དབང་པོ་རྣོ་འབྲིང་རྟུལ་གསུམ་རྣམས་སྔ་མ་སྔ་མ་ལ་ཕྱི་མ་ཕྱི་མས་བསྒྲེས་པས་བར་དོར་ཐར་པ་ཉིས་སྟོང་ལྔ་བརྒྱ་དགུ་བཅུ་རྩ་ གཉིས་ཏེ་གོང་དུ་འཕོ་བ་ལ་གཉིས་སུ་ཕྱེ་བའི་ལྔའི་བར་དུའང་བར་དོར་འདའ་བ་དེ་དང་འདྲ་བས་ཀུན་སྡོམ་ན་གཟུགས་སུ་ཉེར་འགྲོ་ཕྱིར་མི་འོང་ཁྲི་ཉིས་སྟོང་དགུ་བརྒྱ་དྲུག་ཅུར་མཛོད་ འགྲེལ་དུ་བཤད་དོ། །བར་དོར་འདའ་བ་གསུམ་དུ་ཕྱེ་ན་ནི་ཁྲི་དྲུག་སྟོང་བརྒྱ་ཞེ་བཞིའོ། །གསུམ་པ་སྤེལ་མ་རྒྱུ་འབྲས་ཀྱི་རྣམ་གཞག་ནི་སྤེལ་མར་ཞེས་ཏེ། དང་པོར་བཞི་པ་སྤེལ་བར་བྱེད། ། སྐད་ཅིག་མ་ནི་བསྲེས་པས་འགྲུབ། །སྐྱེ་དང་གནས་པར་བྱ་ཕྱིར་དང་། །ཉོན་མོངས་པས་ནི་འཇིག་ཕྱིར་ཡང་། །དེ་ནི་རྣམ་པ་ལྔ་ཡི་ཕྱིར། །གནས་གཙང་སྐྱེ་བ་ལྔ་ཁོ་ནའོ། །ཞེས་ཏེ་བཞི་པ་ནི་ཀུན་པས་ལས་སུ་རུང་བ་དང་ལམ་སླ་བའི་མཆོག་ཡིན་པས་དེ་དང་པོར་རྒྱུན་དང་ལྡན་པ་སྤེལ་ཞིང་རྒྱུན་ཕྲི་ནས་ཟག་མེད་སྐད་ཅིག་གཉིས་ཀྱི་བར་དུ་ཟག་བཅས་སྐད་ཅིག་མངོན་དུ་བྱེད་པ་ན་གྲུབ་པའོ། ། 1-806 དེའང་དང་པོར་གླིང་གསུམ་དུ་དང་ཕྱིས་ཉམས་ནས་གཟུགས་ཁམས་སུ་སྤེལ་ལོ། །དབྱིག་གཉེན་ཞབས་ནི་སངས་རྒྱས་མིན་པས་སྐད་ཅིག་སྤེལ་མི་ནུས་པས་ན་རྒྱུན་ཆགས་གསུམ་ལ་ཇི་སྲིད་འདོད་པར་སྙོམས་པར་ འཇུག་པས་རྫོགས་པར་བཞེད་དོ། །དེའི་དགོས་ཆེད་ནི་ཕྱིར་མི་འོང་དབ

【現代漢語翻譯】 由於道路並非自然產生,因此顯現地修行是進入道路的開端。 第五個部分分為三個方面,首先是轉移到色究竟天(梵文:Akaniṣṭha,Akanistha,無小,最高的色界天):由於體驗了過多的滋味,因此會體驗到產生的小禪定等的滋味,從梵眾天開始,成為土地和土地景象的居所,除了唯一的主宰大梵天之外,會出生在所有其他的居所,通過交替地修行,進入到色究竟天,並在那裡獲得解脫。此外,在這裡交替地修行禪定,由於體驗了初禪的滋味,從上面的三界退轉,出生在梵眾天,由於之前的習慣,修行四禪,從而增加出生到色究竟天的機會,或者像這樣,從一開始就出生在四個凈居天(梵文:Śuddhāvāsa,Suddhavasa,清凈的住所)中的任何一個,然後增加出生到色究竟天的機會。因此,所有這些增加、部分增加和增加一半的情況,如經文所說:『死亡轉移到有頂天(梵文:Bhavāgra,Bhavagra,有之頂端)。』 這指的是勝觀(梵文:Vipaśyanā,Vipasyana,毗婆舍那,內觀)和之後的止觀(梵文:Śamatha,Samatha,奢摩他,止)。第二是轉移到有頂天:有些人因為沒有交替地修行,放棄了凈居天,像在所有居所中死亡轉移一樣,到達有頂天並獲得解脫。在這五個方面中,放棄其他居所,即十六個梵天,以及具有退轉之法等六種,以及各自土地的所有束縛,從不離貪慾的八種,到不離貪慾的九種,以及上中下三種根器,以前者疊加後者,在中陰(梵文:Antarābhava,Antarabhava,中有的狀態)中獲得解脫的有兩千五百九十二種,因此,對於分為兩部分的向上轉移的五種情況,在中陰中度過的也與此類似,總共有兩萬九千六十俱來果(梵文:Anāgāmin,Anagamin,不還者),如《俱舍論》的註釋中所說。如果將中陰中度過的分為三種,則有六萬一百四十四種。第三是交替修行的因果關係,如『交替地』所說:首先修行第四禪,剎那通過混合而成就,爲了生和住,也爲了被煩惱摧毀,因此,這是五種情況,只有五種凈居天的出生。』也就是說,第四禪是所有禪定中最容易修習和最容易成就的,因此首先交替地修習具有連續性的第四禪,減少連續性,在兩個無漏剎那之間顯現出有漏剎那,從而得以成就。 1-806 這也首先在三個洲(東勝身洲、南贍部洲、西牛貨洲)進行,後來退轉到色界。世親論師(梵文:Vasubandhu,Vasubandhu)不是佛陀,因此無法交替地修行剎那,因此他認為通過連續的三種禪定,只要想入定就可以圓滿。這樣做的必要性是爲了不還果的獲得。

【English Translation】 Since the path does not arise naturally, manifestly engaging in practice is the entrance to the path. The fifth is divided into three aspects, the first being the transference to Akanistha (the highest realm of form): Because of experiencing too many tastes, one experiences the taste of having generated minor concentrations, etc., starting from the Brahma realm, becoming a dwelling place of earth and earth-like sights, and apart from the sole master, the Great Brahma, one is born in all other places, and by alternatingly meditating, one enters Akanistha and is liberated there. Furthermore, here, by alternatingly meditating on concentration, because of experiencing the taste of the first concentration, one declines from the three higher realms, is born in the Brahma realm, and due to previous habituation, one cultivates the fourth concentration and thus increases the chance of being born in Akanistha, or like that, from the beginning, one is born in any of the four Pure Abodes (Suddhavasa), and then increases the chance of being born in Akanistha. Thus, in all these cases of increase, partial increase, and half increase, as the text says: ‘Death transfers to the Peak of Existence (Bhavagra).’ This refers to higher seeing (Vipasyana) and later to calm abiding (Samatha). The second is the transference to the Peak of Existence: Some, because they have not meditated alternately, abandon the Pure Abodes, and like death transferring in all places, they go to the Peak of Existence and are liberated. In these five, abandoning other places, i.e., the sixteen Brahma heavens, and the six kinds of those with the nature of decline, etc., and all the bonds of their respective realms, from the eight kinds of those not free from desire, up to the nine kinds of those not free from desire, and the three faculties of sharp, medium, and dull, by superimposing the latter on the former, there are two thousand five hundred and ninety-two kinds of liberation in the intermediate state (Antarabhava), thus, for the five cases of upward transference divided into two parts, passing through the intermediate state is similar to that, and in total, there are twenty-nine thousand and sixty Anagamins, as explained in the commentary on the Abhidharmakosa. If passing through the intermediate state is divided into three, there are sixty-one thousand one hundred and forty-four. The third is the causal relationship of alternating practice, as it says ‘alternately’: First, one cultivates the fourth concentration, the moment is accomplished by mixing, for the sake of birth and abiding, and also for being destroyed by afflictions, therefore, these are the five cases, only the five Pure Abodes are born. That is, the fourth concentration is the best of all concentrations because it is easy to practice and easy to accomplish, therefore, one first cultivates the fourth concentration that has continuity, reduces the continuity, and when manifesting a contaminated moment between two uncontaminated moments, it is accomplished. 1-806 This is also done first in the three continents (East Videha, Jambudvipa, West Godaniya), and later declines to the Form Realm. Vasubandhu is not a Buddha, therefore he cannot alternately cultivate moments, so he believes that by continuously engaging in the three concentrations as long as one wishes, it is perfected. The necessity of doing so is for the attainment of the Anagamin.


ང་པོ་རྣོན་པོ་གནས་གཙང་མར་སྐྱེ་བ་དང་། མཐོང་ཆོས་ལ་བདེ་བར་གནས་པའི་ཆེད་དུ་སྟེ་རྟུལ་པོ་དེ་དག་དང་། རོ་མྱང་ ལྡན་པའི་ཏིང་ངེ་འཛིན་ཐག་བསྲིངས་པས་ཡོངས་སུ་མི་ཉམས་པའི་ཆེད་དུའང་ངོ་། །དགྲ་བཅོམ་སྤེལ་བ་ལ་ནི་སྐྱེ་བའི་ཆེད་མེད་དོ། །དེ་ཆུང་ངུ་ནི་ཟག་མེད་ཟག་བཅས་དང་ཟག་མེད་ཀྱི་སེམས་ གསུམ་མངོན་དུ་བྱེད་པའོ། །ཚུལ་དེས་དྲུག་དང་དགུ་དང་བཅུ་གཉིས་དང་བཅོ་ལྔ་མངོན་དུ་བྱེད་པ་ནི་འབྲིང་དུ་སོགས་ཏེ་དེ་ལྔའི་འབྲས་བུ་ནི་རིམ་པས་མི་ཆེ་བ་སོགས་ལྔར་སྐྱེའོ། །བཙུན་པ་ དཔལ་ལེན་ན་རེ། སྒོམ་པ་ལ་དད་པ་ལྷག་པས་མི་ཆེ་བར་སྐྱེ་བ་སོགས་དབང་པོ་ལྔ་ལྷག་པའི་ཕྱིར་རོ་ཞེས་གསུངས་སོ། །འདིར། གཞན་ནི་གཟུགས་མེད་འགྲོ་རྣམ་བཞི། །ཞེས་པ་ཕྱིར་མི་འོང་ འདོད་པ་ནས་གཟུགས་མེད་དུ་སྐྱེ་བ་ལ་བར་དོ་མེད་པས་སྐྱེས་ནས་ཐར་པ་སོགས་གོང་དུ་འཕོ་བའི་བར་བཞི་དང་། གཞན་ནི་འདི་ལ་མྱ་ངན་འདའ་ཞེས་པ་འདོད་པར་ཕྱིར་མི་འོང་ཐོབ་པའི་ཚེ་ཉིད་ལ་ཐར་པ་རྣམས་གཞུང་དུ་མ་སྨོས་པ་ཁ་བསྐང་བར་བྱ་སྟེ། 1-807 ཕྱི་མ་དེའི་བྱེ་བྲག་ནི། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །ཅེས་པ་ཚེ་དང་པོ་ལ་རྒྱུན་ཞུགས་སམ་ལན་གཅིག་ཕྱིར་འོང་ཐོབ་སྟེ་ཚེ་གཉིས་པ་ཕྱིར་མི་ འོང་ཐོབ་པ་ནི་འདོད་ཁམས་ལ་སྐྱོ་བས་ཚེ་དེ་ཉིད་ལ་མྱ་ངན་ལས་འདའ་བའོ། །གཟུགས་ཁམས་སུ་ཚེ་གྱུར་པ་ནི་གལ་ཏེ་ན་ཁམས་གོང་དུའང་འཇུག་གོ །འབྲས་བུ་བཞི་པའི་ཁྱད་པར་ལ་ དྲུག་གི་དང་པོ་ནི་ཕྱི་མ་ལྔ་གཏན་མ་ཡིན་པ་སྟེ་མྱོས་པ་ནི་རྙེད་པ་དང་བཀུར་བསྟིས་གཡེན་སྤྱོ་བས་དབང་ཉམས་པས་ཏེ་དགྲ་བཅོམ་པ་ལེགས་འོངས་ལྟ་བུའོ། །གསོད་མི་གསོད་ནི་རང་ གིས་རང་གི་སྲོག་གཅོད་པ་དང་མི་གཅོད་པའོ། །མཐོང་ཆོས་ལ་བདེར་གནས་ནི་ལོ་ཀ་བའི་བསམ་གཏན་རྣམས་སོ། །འདིས་འཕགས་པའི་ལམ་ལས་ཉམས་པ་ཡོད་པར་བསྟན་ཏོ་ཞེས་ཏེ་བྱེ་བྲག་ཏུ་སྨྲ་ བ། བཞི་ནི་རིགས་ལས་ལྔ་འབྲས་ལས། །ཉམས་འགྱུར་དང་པོ་ལས་མ་ཡིན། །ཞེས་སྨྲ་བ་དང་མཐུན་ནོ། །དེའང་འབྲས་བུ་དེ་སོར་མ་ཚུད་པར་མི་འཆི་ཞིང་འབྲས་གནས་ཀྱིས་མི་བྱ་བ་ཉམས་ཀྱང་ མི་བྱེད་སྟེ། འབྲས་ལས་ཉམས་པ་འཆི་བ་མེད། །བྱ་བ་མ་ཡིན་དེ་མི་བྱེད། །ཅེས་འདོད་དོ། །མདོ་སྡེ་པ་ནི་འཕགས་པ་ཤེས་རབ་ཀྱིས་སྤངས་པ་གང་དེ་ནི་ལེགས་པར་སྤངས་པའོ་ཞེས་བཀའ་སྩལ་པས་འབྲས་བུ་ལས་མི་ཉམས་པར་སྨྲ་སྟེ། 1-808 དབྱིག་གཉེན་ཞབས་ཀྱང་འདི་ཉིད་བཞེད་དོ། །སྤྱིར། ཐོབ་དང་མ་ཐོབ་ཉེར་སྤྱད་ལས། །ཡོངས་ཉམས་རྣམ་པ་གསུམ་ཤེས་བྱ། །སྟོན་ལ་ཐ་མ་མི་གཡོ་ལ། །བར་པའང་གཞན་ལ་རྣམ་གསུམ་མོ། །ཞེས་སོ། །གཉིས་ པ་ལ་གསོད་ན་ཉམས་པ་མ་ཡིན་པ་ནི་ཚེ་དང་ལྡན་པ་གནག་ཚོགས་ཅན་སློབ་པར་གྱུར་པ་ཡང་ཡང་ཉམས་པས་ཡི་ཆད་དེ་མཚོན་གྱིས་འདེབ

【現代漢語翻譯】 爲了使愚鈍者能夠往生清凈之處,安住于現法之樂,併爲了使具有品嚐滋味的禪定能夠長久保持而不衰退。至於阿羅漢的增長,則沒有爲了往生的目的。其中,小者是指現證無漏和有漏、無漏的三種心。以這種方式,現證六、九、十二和十五種心,屬於中等,等等。這五種果位依次往生於由小到大的五處。尊者華蓮說:『由於對禪修的信心增加,所以往生於由小到大的地方,這是因為五根增上的緣故。』在此,《其他為無色界四種》是指不還果從欲界往生到無色界沒有中陰身,因此從出生就獲得解脫等,向上轉移的四種情況。而《其他在此入滅》是指在欲界獲得不還果時,就在當下獲得解脫的情況,這些經典中沒有提到的內容需要補充完整。 後者的差別是:《在欲界壽命終結的聖者,不會前往其他界》。這是指初果或一來果在第一世獲得,然後在第二世獲得不還果,因為厭離欲界,所以在當世就入滅。在色界壽命終結的情況是,如果這樣,也會進入更高的界。四種果位的差別中,六種中的第一種是指永遠不會有後五種情況,即沉溺於獲得和恭敬供養的散亂,導致能力衰退,比如阿羅漢善來。殺或不殺是指自己殺死自己或不殺死自己。安住于現法之樂是指世間禪定。這表明存在從聖道中退失的情況,分別說部說:《四種從種姓退失,五種從果位退失,最初的不會退失》。這與他們的說法一致。而且,如果果位沒有恢復,就不會死亡,也不會做果位不應該做的事情,即使退失也不會做,他們認為:《從果位退失不會死亡,不應該做的事情不會做》。經部則認為,世尊說:《凡是聖者以智慧捨棄的,就是徹底捨棄的》,因此認為不會從果位退失。 世親論師也贊同這種觀點。總的來說,《從獲得和未獲得、受用中,應該瞭解三種完全退失的方式。對於見道來說,沒有退失,對於修道來說,有三種退失的方式》。第二種情況是,如果殺生就不會退失,比如具壽黑眾,因為厭倦了反覆學習而灰心喪氣,用刀自殺。

【English Translation】 For the sake of the dull ones being born in pure places and abiding in happiness in this very life, and also for the sake of the samādhi with the taste lasting long without deteriorating. As for the increase of arhats, there is no purpose for rebirth. The small one is the manifestation of the three minds of the unpolluted and polluted, and the unpolluted. In this way, manifesting six, nine, twelve, and fifteen minds is medium, and so on. The fruits of these five are born in five places, gradually from small to large. Venerable Palden said: ‘Because of the increased faith in meditation, one is born in larger places, because of the increase of the five faculties.’ Here, ‘The others are the four formless realms’ refers to the non-returner being born from the desire realm to the formless realm without an intermediate state, so from birth, liberation is attained, etc., the four cases of moving upwards. And ‘The others attain nirvāṇa here’ refers to the case where, when the non-returner is attained in the desire realm, liberation is attained in that very moment. These contents not mentioned in the scriptures need to be supplemented. The distinction of the latter is: ‘The noble one who has exhausted his life in the desire realm does not go to other realms.’ This refers to the stream-enterer or once-returner being attained in the first life, and then the non-returner being attained in the second life, because of being disgusted with the desire realm, nirvāṇa is attained in that very life. The case of exhausting life in the form realm is that if so, one will also enter higher realms. Among the distinctions of the four fruits, the first of the six is that the latter five will never occur, that is, being intoxicated by the distraction of gain and honor, leading to the decline of power, like the arhat Welcomed. Killing or not killing refers to killing oneself or not killing oneself. Abiding in happiness in this very life refers to the meditations of the worldlings. This shows that there is a falling away from the noble path, that is, the Vaibhāṣikas say: ‘Four fall away from lineage, five from fruit, the first does not fall away.’ This is consistent with their statement. Moreover, if the fruit is not restored, one will not die, and one will not do what the fruit-dweller should not do, even if one falls away, one will not do it, they believe: ‘Falling away from the fruit does not lead to death, one does not do what one should not do.’ The Sutra school believes that the Blessed One said: ‘Whatever the noble one has abandoned with wisdom, that is completely abandoned,’ therefore they say that one does not fall away from the fruit. Vasubandhu also agrees with this view. In general, ‘From attainment and non-attainment, and from enjoyment, one should understand the three ways of complete falling away. For the path of seeing, there is no falling away, for the path of cultivation, there are three ways of falling away.’ The second case is that if one kills, one will not fall away, like the venerable Black Assembly, because he was tired of repeated learning and discouraged, he killed himself with a knife.


ས་པར་བྱེད་ལ་འཆི་བའི་དུས་ཁོ་ནར་དགྲ་ བཅོམ་ཐོབ་པ་ལྟ་བུའོ། །གསུམ་པ་ནི་མྱོས་ན་ཉམས་ཤིང་རྗེས་སུ་བསྲུངས་ན་དེ་ལྟ་མ་ཡིན་པའོ། །བཞི་པ་ནི་ལས་ཀྱི་མཐའ་ལ་དང་སྨྲ་བ་ལ་དང་རྩོད་པ་ལ་ཞུགས་པ་དང་རིང་ དུ་རྒྱུ་བའི་སྦྱོར་བ་དང་ལྡན་པ་དང་། ནད་ཡུན་རིང་པོ་ཐེབས་པ་སྟེ་རྒྱལ་པོ་སྲས་ཀྱིས་མདོ་ལས་དྲངས་པའི་ཉམས་པར་འགྱུར་བའི་རྐྱེན་ལྔ་སྟོབས་ལྡན་མེད་ན་མྱོང་ཀྱང་མི་ཉམས་ཤིང་མངོན་ པར་བརྩོན་པ་མེད་ན་དབང་པོ་དད་སོགས་ལྔ་སྦྱོང་ཞིང་ཆེ་བར་བྱེད་པའི་སྐལ་པ་མེད་པའོ། །ལྔ་པ་ནི་དབང་པོ་སྦྱོང་ཞིང་མི་གཡོ་བ་རྟོགས་པའི་སྐལ་པ་ཅན་ནོ། །དབང་པོ་འཕོའང་མི་ སློབ་པ་བསམ་གཏན་ས་དྲུག་དང་གཟུགས་མེད་དང་པོ་གསུམ་སྟེ་ས་དགུ་དང་སློབ་པ་བསམ་གཏན་དྲུག་ལ་བརྟེན་ནས་རྟུལ་པོའི་ལམ་གྱི་འབྲས་བུ་ཁྱད་པར་ཅན་དང་བཅས་པ་བཏང་ཞིང་རྣོན་པོའི་ལམ་གྱི་དེ་འཐོབ་པ་སྟེ། ། 1-809 མི་གཡོ་རྣམ་གྲོལ་བར་ཆད་མེད། །ལམ་དགུའོ་ཤིན་ཏུ་སྟེན་ཕྱིར་རོ། །མཐོང་བས་ཐོབ་ལ་རེ་རེ་འོ། །ཟག་མེད་མི་ཡི་ནང་དུ་སྤེལ། །མི་སློབ་ས་དགུ་ལ་བརྟེན་ཏེ། །སློབ་པ་དྲུག་ལ་གང་ གི་ཕྱིར། །འཕེལ་བ་འབྲས་བུ་ཁྱད་པར་ཅན། །བཏང་སྟེ་འབྲས་བུ་ཐོབ་པར་འགྱུར། །ཞེས་སོ། །དྲུག་པ་ནི་རང་བཞིན་གྱིས་དབང་པོ་རྣོ་བས་སྦྱང་མི་དགོས་པ་དང་སྦྱངས་པས་རྣོ་བ་སྟེ་ཡེ་མི་ ཉམས་པའོ། །དོན་དེ་རྣམས། དགྲ་བཅོམ་དྲུག་འདོད་དེ་རྣམས་ལས། །ལྔ་ནི་དད་པས་མོས་ལས་སྐྱེས། །དེ་རྣམས་རྣམ་གྲོལ་དུས་དང་སྦྱོར། །མི་གཡོའི་ཆོས་ཅན་མི་གཡོ་བ། །དེ་ཕྱིར་དེ་དུས་མི་སྦྱོར་གྲོལ། ། དེ་ནི་མཐོང་ཐོབ་རྒྱུ་ལས་བྱུང་། །ཁ་ཅིག་དང་པོ་ནས་དེའི་རིགས། །ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། །ཞེས་སོ། །དེ་དག་ནི་ཏིང་ངེ་འཛིན་མངོན་དུ་གྱུར་པ་ཡོ་བྱད་དང་ནད་མེད་པ་དང་ ཡུལ་གྱི་བྱེ་བྲག་ལ་ལྟོས་པས་སམ་ཉམས་སྲིད་པས་དུས་དང་སྦྱོར་བ་དང་འདོད་དགུར་ཏིང་ངེ་འཛིན་མངོན་དུ་འགྱུར་བས་སམ་ཉམས་མི་སྲིད་པས་དུས་དང་མི་སྦྱོར་བའོ། །འདིར་མཐོང་ལམ་ལ་དད་ པ་དང་ཆོས་ཀྱི་རྗེས་འབྲང་དང་སྒོམ་ལམ་ལ་དད་མོས་མཐོང་ཐོབ་དང་མི་སློབ་པའི་ལམ་ལ་དུས་དང་སྦྱོར་མི་སྦྱོར་ཏེ་དེ་རྣམས་དྲུག་འདི་ལྟར་ལམ་གསུམ་ལ་གཉིས་གཉིས་ཞེས་འདོད་ཅིང་། དད་པས་རྗེས་འབྲང་དབང་པོ་རྟུལ་བ་དང་། 1-810 ཤིན་ཏུ་རྟུལ་བ་དང་། ཆེས་ཤིན་ཏུ་རྟུལ་བ་གསུམ་དང་། །སློབ་དང་འཕགས་མིན་རིགས་དྲུག་ལྡན་ཞེས་པ་རིགས་ལྔ་དང་ལམ་སྐད་ཅིག་བཅོ་ལྔ་དང་ཆགས་བྲལ་གྱི་སྒོ་ནས་འཆིང་བ་ཀུན་ལྡན་ནས་ སྲིད་རྩེ་བོར་བའི་ས་བརྒྱད་ལས་ཆགས་བྲལ་གྱི་བར་གཞན་བདུན་ལ་དགུ་དགུ་དང་། ཅི་ཡང་མེད་པ་ལ་བཅུ་རུ་ཕྱེ་བས་བདུན་ཅུ་རྩ་གསུམ་དང་གླིང་གསུམ་དང་ལྷའི་རིས་དྲུག་ཏུ་སྐྱེས་པས་ རྟེན་གྱིས་དགུ་སྟེ། །དེ་རྣམས་རིམ

【現代漢語翻譯】 如同在臨終時才證得阿羅漢果位一樣。 第三種是如果沉溺於享樂就會退失,如果守護正念就不會退失。 第四種是參與事務的終結、言談、爭論,以及長期旅行的活動,或者長期患病。正如國王之子經中所引用的,有五種退失的因緣。如果沒有強大的力量,即使經歷也不會退失;如果沒有精進,就沒有修習和增長信等五根的機緣。 第五種是具有修習和不動搖諸根的機緣。即使諸根轉變也不退失,這是指依靠六種禪定地和前三種無色定,即九地,以及依靠六種有學禪定,捨棄粗鈍道的殊勝果位,而獲得銳利道之果位。 『不動解脫無間道,九道極應依止故,見道所得各一次,無漏於人中增長,依于無學九地故,有學六地為何故,增長殊勝之果位,捨棄果位而獲得。』 第六種是由於自性諸根敏銳,不需要修習,或者通過修習而變得敏銳,即永遠不會退失。 這些意義是:認為有六種阿羅漢,其中五種是從信心中產生的。他們與解脫、時間和合。具有不動之法性,因此不動。因此,他們不會在那個時候結合而解脫。 那是從見道獲得的因產生的。有些人從一開始就屬於那種型別,有些人是從修習中轉變而來的。 這些是由於三摩地現前,依賴於資具和無病,或者依賴於處所的差別,或者可能退失,因此與時間和合;或者由於隨心所欲地現前三摩地,或者不可能退失,因此不與時間結合。在此,見道與信心和隨法行相應,修道與信解見得相應,無學道與時間和合或不合。因此,這六種被認為是三道各有兩種。隨信行、隨法行是諸根遲鈍者、非常遲鈍者和極其遲鈍者三種。 『有學與非聖者具六種姓』,指的是五種姓,十五剎那道,以及從解脫貪慾的角度,從具有一切繫縛到有頂之間的八地中,除了從貪慾解脫之外的其餘七地各有九種,無所有處分為十種,因此有七十三種,以及生於三洲和六慾天,因此有九種所依。這些依次是:

【English Translation】 It is like attaining Arhatship only at the time of death. The third is that if one indulges in pleasure, one will decline, and if one guards one’s mindfulness, one will not decline. The fourth is engaging in the end of affairs, speech, disputes, and activities of long journeys, or suffering from prolonged illness. As quoted from the ‘King’s Son Sutra’, there are five causes of decline. If one does not have strong power, one will not decline even if one experiences them; if one does not have diligence, one will not have the opportunity to cultivate and increase the five faculties of faith, etc. The fifth is having the opportunity to cultivate and not waver in the faculties. Even if the faculties change, one does not decline. This refers to relying on the six meditative grounds and the first three formless absorptions, i.e., the nine grounds, and relying on the six trainings, abandoning the coarse path’s special fruits and obtaining the sharp path’s fruits. ‘Unwavering liberation, uninterrupted path, nine paths, extremely reliant, seeing obtained one by one, stainless increases among humans, relying on the nine grounds of non-learning, why the six of learning, increasing special fruits, abandoning and obtaining fruits.’ The sixth is that due to the nature of the faculties being sharp, there is no need to cultivate, or through cultivation, they become sharp, i.e., they never decline. These meanings are: It is thought that there are six types of Arhats, five of whom are born from faith. They are combined with liberation and time. Having the nature of immovability, therefore immovable. Therefore, they do not combine and liberate at that time. That is born from the cause obtained from the path of seeing. Some people belong to that type from the beginning, and some have transformed from cultivation. These are because of the manifestation of Samadhi, relying on requisites and being free from illness, or relying on the difference of places, or possibly declining, therefore combined with time; or because of manifesting Samadhi at will, or being impossible to decline, therefore not combined with time. Here, the path of seeing corresponds to faith and following the Dharma, the path of cultivation corresponds to faith and understanding, and the path of non-learning corresponds to being combined or not combined with time. Therefore, these six are considered to have two each for the three paths. The follower of faith and the follower of Dharma are the three types of those with dull faculties, very dull faculties, and extremely dull faculties. ‘The learner and the non-noble possess six lineages’, referring to the five lineages, the fifteen moments of the path, and from the perspective of liberation from desire, among the eight grounds from possessing all bonds to the peak of existence, the remaining seven grounds other than liberation from desire each have nine, the place of nothingness is divided into ten, therefore there are seventy-three, and being born in the three continents and the six desire realms, therefore there are nine supports. These are in order:


་གྱིས་བསྒྲེས་པས་འབུམ་བཞི་ཁྲི་བདུན་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་ལྔར་འགྱུར་ཞིང་གང་ཟག་གཞན་ལའང་ཇི་རིགས་པར་དེ་བཞིན་དུ་བརྩི་སྟེ། འགའ་ཞིག་རྒྱལ་པོ་སྲས་ ཀྱི་འགྲེལ་བཤད་དུ་འདོད་ན་བལྟའོ། །སྡེ་དྲུག་པ་ལ་གཉིས་ལས་ཁམས་གསུམ་གྱི་དགུ་སྤྱིར་བཤད་པ་ནི། གང་འདོད་པའི་ཞེས་ཏེ་རང་རང་གི་ལས་ཀྱིས་ཐ་དད་དུ་སྐྱེ་བས་ན་སོ་སོ་སྐྱེ་ བོའོ། །གྱུར་པ་ནི་དེའི་ཆོས་ཡོངས་སུ་རྫོགས་པས་སོ། །འཕགས་པའི་ཆོས་ནི་ཟག་མེད་ཀྱི་ལམ་མོ། །ཀུན་སྦྱོར་ནི་ཉོན་མོངས་ཏེ་དགུ་དང་གསུམ་དང་ལྔ་ཚན་གཉིས་བརྗོད་ཟིན་ཅིང་། དེའི་ལྷག་མ་ཡོད་ པས་མི་སློབ་པ་གཅོད་དོ། །འཕགས་པའི་ཆོས་ཐོབ་པ་ནི་སློབ་པའང་ཡིན་པས་ཀུན་སྦྱོར་གྱི་ལྷག་མ་མེད་པའོ། །བསྒྲེ་བ་ནི་གཟུགས་དང་གཟུགས་མེད་དུ་སྐྱེས་ཤིང་གྱུར་པ་ཞེས་སོགས་སྦྱར་རོ། །འདོད་གཟུགས་ཀྱི་བཞི་ཁྱད་པར་དུ་བཤད་པ་ལ་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོ་ནི་ཁམས་གསུམ་གྱི་སོ་སོ་སྐྱེ་བོས་བསྡུས་པས་དེ་ས་ལ་ཞུགས་པའི་དབང་དུ་བྱས་ཏེ་བཤད་པ། 1-811 མཐུའི་ཁྱད་པར་ཐོབ་པའི་ཕྱིར་སེམས་ཅན་སྨིན་པར་བྱ་བའི་གནས་མིན་པའི་གཟུགས་མེད་དུ་སྐྱེ་བ་སྤངས་པའི་དེའི་ཏིང་ངེ་འཛིན་དང་ལྡན་ཞེས་ཏེ་ཏིང་ངེ་འཛིན་གྱི་དབང་གིས་སྐྱེ་བའོ། །བོད་རྣམས་ ས་བརྒྱད་པ་ཡན་ཆོད་དོ་གསུང་ངོ་། །གསུམ་པ་ནི་སྨོན་ལམ་གྱི་དབང་གིས་སངས་རྒྱས་ཞེས་ཏེ་དབུ་མ་རྩ་བར། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ནི་ཟད་པ་ན། །རང་སངས་ ཀྱི་ཡེ་ཤེས་ནི། །རྟེན་པ་མེད་ལས་རབ་ཏུ་སྐྱེ། །ཞེས་གསུངས་སོ། །བཞི་པ་ནི་དེ་བཞིན་ཉིད་རྟོགས་ཤིང་གསུང་བས་སམ། སྔོན་གྱི་རྒྱལ་བ་རྣམས་གཤེགས་པ་དེ་བཞིན་དུ་གཤེགས་པས་ན་དེ་སྐད་ ཏེ། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ཅན་ནི་དགའ་ལྡན་ན་གནས་པ་ནས་བདུད་ལས་རྒྱལ་བའི་བར་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མངོན་པར་རྫོགས་པར་བྱང་ཆུབ་པ་ནས་ མྱ་ངན་ལས་འདས་པའི་བར་རྫོགས་པའི་སངས་རྒྱས་ཀྱི་མཛད་པའང་འདོད་ཁམས་སུ་སྟོན་པ་སྟེ། རྒྱུད་བླ་མར། ཐུགས་རྗེ་ཆེན་པོ་འཇིག་རྟེན་མཁྱེན། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་ སྣ་ཚོགས་ཀྱིས། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། ། 1-812 བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་བསྐོར། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཞེས་གསུངས་པ་རྣམས་སོ། །སྟོན་པ་འདིའི་རྨད་དུ་བྱུང་བའི་མཛད་པ་བཅུ་གཉིས་ནི་རྒྱས་པར་ རྒྱ་ཆེར་རོལ་པ་སོགས་སུ་བལྟའོ། །སྡེ་བདུན་པ་ལ་ལྔའི་དང་པོ་ནི་ཐེག

【現代漢語翻譯】 通過累加,總數變為四十七萬七千八百二十五。同樣地,對於其他人,也應根據情況進行計算。有些人認為這是對王子(རྒྱལ་པོ་སྲས་,Prince)的解釋,可以參考。 第六部分分為兩部分,共同闡述了三界的九種(有情)。『隨其所欲』(གང་འདོད་པའི་ཞེས་ཏེ་)是指由於各自的業力而產生不同的生命,因此是異生(སོ་སོ་སྐྱེ་བོའོ།,Prithagjana)。『轉變』(གྱུར་པ་ནི་)是指圓滿了其(異生)的法。聖者的法(འཕགས་པའི་ཆོས་ནི་)是指無漏道。『一切結』(ཀུན་སྦྱོར་ནི་)是指煩惱,已經闡述了九種、三種和兩個五種。由於還存在這些結的殘餘,因此不學者會斷除它們。獲得聖者之法(འཕགས་པའི་ཆོས་ཐོབ་པ་ནི་)也是學者,因此沒有一切結的殘餘。『累加』(བསྒྲེ་བ་ནི་)是指將『出生並轉變為色界和無色界』等內容結合起來。 對於欲界和色界的四種(有情)的特殊闡述,菩薩異生(བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོ་)被包含在三界的異生中,這是基於他們進入(菩薩)地的角度來闡述的。 爲了獲得神通的特殊能力,爲了成熟眾生,他們放棄了出生在非成熟之地的無色界,因為他們具有禪定(ཏིང་ངེ་འཛིན་དང་ལྡན་ཞེས་ཏེ་),即通過禪定的力量而出生。藏族人說,他們(指菩薩)在第八地及以上。 第三種是憑藉願力成佛(སྨོན་ལམ་གྱི་དབང་གིས་སངས་རྒྱས་ཞེས་ཏེ་)。如《中觀根本慧論》(དབུ་མ་རྩ་བར།)所說:『諸佛未出現,聲聞皆滅盡,獨覺之智慧,無依而生起。』(རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ནི་ཟད་པ་ན། །རང་སངས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་ལས་རབ་ཏུ་སྐྱེ། །) 第四種是證悟並宣說如是性(དེ་བཞིན་ཉིད་རྟོགས་ཤིང་གསུང་བས་སམ།),或者像過去的諸佛一樣逝去,所以被稱為『如是』。具有身語意不可思議之秘密者,從居住在兜率天(དགའ་ལྡན་,Tushita)到戰勝魔軍之間,是菩薩的行為;從現證菩提(མངོན་པར་རྫོགས་པར་བྱང་ཆུབ་པ་ནས་)到入涅槃(མྱ་ངན་ལས་འདས་པའི་བར་)之間,是圓滿佛陀的事業,這些都示現在欲界中。如《寶性論》(རྒྱུད་བླ་མར།)所說:『大悲者知世間,不離法身之界,以種種化身,從兜率降生,入胎與誕生,精於工藝之學,與妃嬪共歡樂,出家行苦行,趨菩提樹王,』(ཐུགས་རྗེ་ཆེན་པོ་འཇིག་རྟེན་མཁྱེན། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །) 『降伏魔軍證菩提,轉妙法輪及涅槃,如是逝去諸導師。』(བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་བསྐོར། །མྱ་ངན་འདས་པར་གཤེགས་མཛད་རྣམས། །)這些都是(佛陀的事業)。關於這位導師的十二種奇妙事業,詳見《廣大游舞經》(རྒྱ་ཆེར་རོལ་པ་)等。 第七部分分為五部分,第一部分是乘(ཐེག)……

【English Translation】 By adding them up, the total becomes 477,825. Similarly, for other individuals, calculations should be made accordingly. Some consider this to be an explanation of the Prince (རྒྱལ་པོ་སྲས་), which can be consulted. The sixth section is divided into two parts, which commonly explain the nine types (of sentient beings) in the three realms. ‘According to their desires’ (གང་འདོད་པའི་ཞེས་ཏེ་) refers to the fact that different lives arise due to their respective karmas, hence they are Prithagjanas (སོ་སོ་སྐྱེ་བོའོ།). ‘Transformation’ (གྱུར་པ་ནི་) means that they have perfected their (Prithagjana) dharma. The Dharma of the Noble Ones (འཕགས་པའི་ཆོས་ནི་) refers to the unconditioned path. ‘All fetters’ (ཀུན་སྦྱོར་ནི་) refers to afflictions, and the nine types, three types, and two sets of five types have already been explained. Since there are still remnants of these fetters, the non-learner will cut them off. Obtaining the Dharma of the Noble Ones (འཕགས་པའི་ཆོས་ཐོབ་པ་ནི་) is also a learner, so there are no remnants of all fetters. ‘Addition’ (བསྒྲེ་བ་ནི་) refers to combining things like ‘born and transformed into the Form Realm and Formless Realm’. Regarding the special explanation of the four types (of sentient beings) in the Desire Realm and Form Realm, Bodhisattva Prithagjanas (བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོ་) are included among the Prithagjanas of the three realms, which is explained from the perspective of their entry into the (Bodhisattva) grounds. In order to obtain special abilities of power, in order to ripen sentient beings, they abandon being born in the Formless Realm, which is not a place of maturation, because they possess Samadhi (ཏིང་ངེ་འཛིན་དང་ལྡན་ཞེས་ཏེ་), that is, they are born through the power of Samadhi. Tibetans say that they (referring to Bodhisattvas) are on the eighth ground and above. The third is becoming a Buddha through the power of aspiration (སྨོན་ལམ་གྱི་དབང་གིས་སངས་རྒྱས་ཞེས་ཏེ་). As it is said in the Mūlamadhyamakakārikā (དབུ་མ་རྩ་བར།): ‘When the Buddhas have not appeared, and the Shravakas have all perished, the wisdom of the Pratyekabuddhas arises independently.’ (རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ནི་ཟད་པ་ན། །རང་སངས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་ལས་རབ་ཏུ་སྐྱེ། །) The fourth is realizing and proclaiming Suchness (དེ་བཞིན་ཉིད་རྟོགས་ཤིང་གསུང་བས་སམ།), or passing away like the Buddhas of the past, so it is called ‘Such’. Those who possess the inconceivable secrets of body, speech, and mind, from residing in Tushita (དགའ་ལྡན་) to conquering the Maras, are the actions of Bodhisattvas; from manifesting perfect enlightenment (མངོན་པར་རྫོགས་པར་བྱང་ཆུབ་པ་ནས་) to entering Nirvana (མྱ་ངན་ལས་འདས་པའི་བར་), are the deeds of the perfect Buddha, which are shown in the Desire Realm. As it is said in the Uttaratantra (རྒྱུད་བླ་མར།): ‘The Great Compassionate One knows the world, without moving from the realm of the Dharmakaya, with various manifestations, descending from Tushita, entering the womb and being born, being skilled in the arts, enjoying the company of consorts, renouncing and practicing austerities, going to the Bodhi tree,’ (ཐུགས་རྗེ་ཆེན་པོ་འཇིག་རྟེན་མཁྱེན། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །) ‘Subduing the Maras and attaining perfect enlightenment, turning the wheel of Dharma and entering Nirvana, thus pass away all the teachers.’ (བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་བསྐོར། །མྱ་ངན་འདས་པར་གཤེགས་མཛད་རྣམས། །) These are all (the deeds of the Buddha). For details on the twelve wondrous deeds of this teacher, see the Lalitavistara Sūtra (རྒྱ་ཆེར་རོལ་པ་) and others. The seventh section is divided into five parts, the first part is the Vehicle (ཐེག) …


་ཆེན་གྱི་རིགས་ལ་གནས་པ་སྨོན་ལམ་ཆེན་པོ་བཏབ་པ་ནས་བཟུང་སྟེ་ཆོས་ཉིད་ལ་སྤྱིའི་ཚུལ་དུ་མོས་པས་སྤྱོད་ པའི་ས་ཚོགས་སྦྱོར་ལ་ཆོས་ངེས་པར་སེམས་པའི་བཟོད་པ་ཆུང་འབྲིང་ཆེ་བ་རྟོན་པས་དབྱེ་བར་བཤད་པ་ལྟ་བུ་དང་ལྡན་པ་སྐལ་པ་གྲངས་མེད་དང་པོས་རྫོགས་པ་སྟེ་དེ་རྩོམ་པ་ནི་ ཐེག་བསྡུས་སུ། །བཟང་དང་སྨོན་ལམ་སྟོབས་ཅན་དང་། །སེམས་བརྟན་ཁྱད་པར་འགྲོ་བ་ཡི། །བྱང་ཆུབ་སེམས་པ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པ་མཛད་ཅེས་བརྗོད། །ཅེས་པ་ལྟར། དགེ་བ་མི་མཐུན་ཕྱོགས་ཀྱིས་ ཟིལ་གྱིས་མི་ནོན་པ་བཟང་བའི་སྟོབས་ཅན་དང་སྨོན་ལམ་གྱིས་རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་པ་དང་སེམས་བརྟན་པ་མི་དགེ་བའི་གྲོགས་པོས་བཟློག་ཀྱང་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ དང་ཁྱད་པར་དུ་འགྲོ་བ་ཚེ་འདི་དང་ཕྱི་མར་དགེ་བའི་ཆོས་མི་ཉམས་ཤིང་འཕེལ་བ་ནས་སོ། །གཉིས་པ་ལ་གཉིས་ཀྱི་དང་པོ་སྤྱི་དོན་ལ་བཅུ་སྟེ། དེ་མིན་ལས་འབྱེད་པའི་མཚན་ཉིད། 1-813 རྟོགས་པ་དང་། སྤངས་པ་དང་། ཆོས་ཀྱིས་དབྱེ་བ་དང་། འཕོ་འཚམས་དང་། ཡོངས་སྦྱོང་དང་། ཡོན་ཏན་དང་། སྐྱེ་བ་ལེན་པ་དང་། རྨི་རྟག་དང་། ངེས་ཚིག་གོ །དང་པོ་ལ་ས་བཅུའི་སྤྱིའི་མཚན་ཉིད་ནི། ཐེག་པ་གསུམ་ལས་དབང་པོ་རྣོན་པོ་འཕགས་པ་སློབ་པའི་ཡེ་ཤེས་མཚུངས་ལྡན་དང་བཅས་པ་ཡོན་ཏན་གྱི་རྟེན་བྱེད་པ་སྟེ་རྒྱུད་བླ་མར། ས་བཞིན་དཀར་པོའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི་ རྣམ་པ་ཀུན་ཏུ་གཞིར་གྱུར་པ་ནི་སངས་རྒྱས་པའོ་ཞེས་དང་། དབུ་མ་འཇུག་པར། བྱང་ཆུབ་སེམས་དཔའི་སྙིང་རྗེ་ལ་སོགས་པས་ཡོངས་སུ་བཟུང་བའི་ཡེ་ཤེས་ཁོ་ན་ཆར་ཕྱེ་བ་ནི་སའི་མིང་ འཐོབ་སྟེ། ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ་ཞེས་དང་། དབུས་མཐའི་ཊཱི་ཀཱ་རུ། ཀུན་ཏུ་འགྲོ་བ་ལ་སོགས་པའི་དོན་ཁོང་དུ་ཆུད་པའི་གནས་སྐབས་རྣམས་ནི་དེ་ལས་སྐྱེས་པའི་ཡོན་ཏན་ གྱི་གཞིའི་ཚུལ་གྱིས་ས་རྣམས་སོ་ཞེས་གསུངས་སོ། །རྟོགས་པ་ལ་གཉིས་ཀྱི་ཇི་ཙམ་རྟོགས་པ་ལ་གསུམ་ལས་མི་འཐད་པ་དགག་པ་ནི། འབྲི་ཆེན་པོ་བླ་མ་དགེ་བའི་བཤེས་གཉེན་ཤེས་རབ་འབར། ཆོས་དབྱིངས་ཙམ་མངོན་སུམ་དུ་རྟོགས་པ་ལ་ཁྱད་པར་མེད་ཅིང་ཆོས་དབྱིངས་མཐོང་སྤང་གི་དྲི་མ་དང་བྲལ་བ་སོགས་ཆོས་སྐུ་རྟོགས་པ་ལ་དང་། ཀུན་ཏུ་འགྲོ་བའི་དོན་སོགས་རྗེས་ཐོབ་ཏུ་ཆོས་ཉིད་རྟོགས་པ་ལ་དང་། 1-814 རྗེས་ཐོབ་ཀྱིས་ཀུན་རྫོབ་རྟོགས་པ་ལ་ཁྱད་པར་ཡོད་ཅེས་གསུང་ངོ་། །དེའང་མི་རིགས་ཏེ་ཆོས་ཉིད་ཙམ་རྟོགས་པ་ལ་ཁྱད་པར་མེད་པ་ལྟར་ཆོས་སྐུ་ཙམ་རྟོགས་པ་ལའང་ཁྱད་པར་མེད་པར་མཚུངས་ པ་དང་ཤེས་བྱེད་ཀྱི་ལུང་མེད་པའི་ཕྱིར་རོ། །གསར་མ་བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་འཇམ་དབྱངས། སོགས་ཆོས་ཉིད་ཙམ་དང་། ཆོས་སྐུ་ཙམ་དང་། ཆོས་ཅན་ཙམ་གྱི་སྤྱི་རྟོག

【現代漢語翻譯】 從安住于大乘種姓,發起廣大願力開始,以普遍的方式信解法性,從而修習資糧道,並以對法的堅定信念,將忍位劃分爲小、中、大三種層次,具備如此功德,方能圓滿無量劫的資糧。正如《攝大乘論》所說:『賢善與願力強大,心堅及殊勝行者,菩提心者無量三,恒常修習而成辦。』 即指不被與善法相違的因素所勝伏的賢善力量,以及通過願力恒常與善知識相遇,心志堅定,即使被惡友引誘也不捨棄菩提心,並在今生來世善法不衰退且不斷增長等殊勝之處。 第二部分分為兩個方面,首先是總義,共有十個方面:一、區分作用的體性;二、證悟;三、斷除;四、以法區分;五、轉移與止息;六、完全清凈;七、功德;八、受生;九、夢兆;十、詞義。 首先,十地總的體性是:在三乘中,根器銳利的聖者,具有與學道智慧相應的功德之所依。《寶性論》中說:『如大地般,成為一切白凈法藥的普遍基礎,即是佛性。』《入中論》中說:『由菩薩的慈悲等所攝持的智慧,僅僅是雨水般降下,便獲得地的名稱,因為它是功德的所依。』《中邊分別論註疏》中說:『通達周遍行等意義的各種狀態,是由於從其產生的功德之基礎的角度而言的各地。』 關於證悟,分為兩個方面,即證悟多少。其中,對於破斥不合理之處,大譯師格西西饒偉色說道:證悟法界本身沒有差別,證悟遠離見斷所斷之垢的法身等也沒有差別,但在後得位證悟法性以及在後得位證悟世俗諦方面存在差別。 但這並不合理,因為如同證悟法性本身沒有差別一樣,證悟法身本身也沒有差別,二者是相同的,並且沒有作為理由的教證。新譯師大格西絳央等認為,證悟法性本身、證悟法身本身以及證悟法相本身的總相存在差別。

【English Translation】 From the moment of abiding in the lineage of the Great Vehicle and making great aspirations, one cultivates the path of accumulation by generally believing in the nature of reality, and with a firm conviction in the Dharma, the forbearance is divided into small, medium, and large levels. Possessing such merits, one completes the accumulation of countless eons. As stated in the Compendium of the Great Vehicle: ‘The virtuous, with powerful aspirations, the steadfast in mind, and those who excel in conduct, the Bodhisattvas, countless in number, constantly strive to accomplish.’ This refers to the power of virtue that is not overcome by factors contrary to virtue, constantly encountering virtuous friends through aspirations, having a steadfast mind, not abandoning the Bodhicitta even when tempted by bad companions, and excelling in the non-decline and continuous growth of virtuous Dharma in this and future lives. The second part is divided into two aspects. First, the general meaning, which has ten aspects: 1. The nature of distinguishing functions; 2. Realization; 3. Abandonment; 4. Distinction by Dharma; 5. Transfer and cessation; 6. Complete purification; 7. Merits; 8. Rebirth; 9. Dream signs; 10. Etymology. First, the general nature of the ten grounds is: Among the three vehicles, the sharp-witted noble ones, possessing the basis of merits corresponding to the wisdom of the path of learning. The Ratnagotravibhāga states: ‘Like the earth, it is the universal basis for all pure white Dharma medicines, which is Buddhahood.’ The Madhyamakāvatāra states: ‘The wisdom held by the compassion of Bodhisattvas, merely raining down like rain, obtains the name of ground, because it is the basis of merits.’ The Madhyāntavibhāga-ṭīkā states: ‘The various states of understanding the meaning of pervasive action, etc., are the grounds in terms of the basis of merits arising from them.’ Regarding realization, it is divided into two aspects, namely, how much is realized. Among them, regarding refuting the unreasonable, the great translator Geshe Sherab Özer said: There is no difference in realizing the Dharmadhatu itself, and there is no difference in realizing the Dharmakaya, which is free from the defilements to be abandoned by seeing, etc., but there is a difference in realizing the nature of reality in the post-attainment state and in realizing conventional truth in the post-attainment state. But this is not reasonable, because just as there is no difference in realizing the nature of reality itself, there is no difference in realizing the Dharmakaya itself, the two are the same, and there is no scriptural proof as a reason. The new translator, the great Geshe Jamyang, etc., believe that there is a difference in the general appearance of realizing the nature of reality itself, realizing the Dharmakaya itself, and realizing the characteristics of phenomena themselves.


ས་པ་ལ་ཁྱད་ མེད་ཅིང་དེ་གསུམ་གྱི། བྱེ་བྲག་རྟོགས་པ་ལ་ཁྱད་ཡོད་ཅེས་གསུངས་པའང་མི་རིགས་ཏེ། སྤྱི་ནི་རྟོག་པས་དུ་མ་ལ་གཅིག་ཏུ་བཏགས་པ་ཙམ་ཡིན་གྱི་གནས་ལུགས་ལ་མེད་པས་ཇི་ལྟ་བ་ བཞིན་ཤེས་པའི་ཡེ་ཤེས་ཀྱི་ཡུལ་དུ་འགལ་བའི་ཕྱིར་རོ། །ཡང་མཉམ་བཞག་གི་ཡེ་ཤེས་སྤྱི་འཛིན་པའི་ཕྱིར་རྟོག་པར་ཐལ་ཏེ་རྣམ་འགྲེལ་དུ། རྣམ་རྟོག་མེད་པར་སྤྱི་འཛིན་མིན། །ཞེས་གསུངས་སོ། །འཐད་ པ་བརྗོད་པ་ནི། ས་བཅུར་ཆོས་དབྱིངས་ཀྱི་ངོ་བོ་རྟོགས་པ་ལ་ཁྱད་མེད་ཅིང་སྒྲོ་འདོགས་མི་འདྲ་བ་གཅོད་པས་ཁྱད་པར་ཡོད་དེ། བརྒྱད་སྟོང་འགྲེལ་ཆེན་དུ། གང་གི་ཚེ་ཆ་ཤས་མེད་པ་ ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་བདག་ཉིད་ཐམས་ཅད་ཀྱིས་རྟོགས་ནའང་ངེས་པ་སྐྱེད་པ་ལ་ལྟོས་ནས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པ་ལ་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་མངོན་དུ་བྱེད་པའི་ཤེས་པ་ཤིན་ཏུ་གསལ་བ་སྐྱེས་པ་དེའི་ཚེ་བྱང་ཆུབ་སེམས་དཔས་མཐོང་བའི་ལམ་ཐོབ་བོ་ཞེས་པ་ལྟར་རོ། ། 1-815 དེ་ལ་དང་པོ་ལ་ཆོས་ཀུན་སྟོང་པའི་ཕྱིར་མི་སྟོང་བའི་ཆོས་མེད་དོ་ཞེས་ཀུན་ཏུ་འགྲོ་བའི་དོན་དུ་དང་། གཉིས་པ་ལ་རང་བཞིན་གྱིས་འོད་གསལ་བར་མཐོང་བའི་ཕྱིར་མཆོག་གི་དོན་དང་། གསུམ་པ་ལ་བསྟན་པའི་ཆོས་འདི་ནི་སྟེ་དེ་རྟོགས་པའི་རྒྱུ་མཐུན་པ་ཡིན་པས་མཆོག་གོ་ཞེས་དང་། བཞི་པ་ལ་དེ་རང་གཞན་གང་གིའང་ཡོངས་སུ་བཟུང་བ་མ་ཡིན་ནོ་ཞེས་བདག་གི་བ་ མེད་པའི་དོན་དུ་དང་། ལྔ་པ་ལ་དེ་དུས་གསུམ་གྱི་རྒྱལ་བ་ཀུན་ནང་གསེས་དང་བྱང་ཆུབ་སེམས་དཔའི་རྒྱུད་རྣམས་དང་བདག་གི་རྒྱུད་ལ་ཐ་དད་མེད་པར་དང་། དྲུག་པ་ལ་དེ་ལ་གློ་ བུར་དུ་འབྱུང་བས་ན་ཀུན་ནས་ཉོན་མོངས་པ་རང་བཞིན་པ་མ་ཡིན་ཞིང་རང་བཞིན་གྱིས་དག་པས་གསར་དུ་དག་པ་མིན་ནོ་ཞེས་དང་། བདུན་པ་ལ་མདོ་ལ་སོགས་པའི་མཚན་མ་ཐ་དད་ མེད་པའི་དོན་དུ་དང་། བརྒྱད་པ་ལ་དེ་རང་བཞིན་གྱི་རྣམ་པར་དག་པའི་ཕྱིར་མི་སྐྱེ་བ་ལ་བཟོད་པ་ཐོབ་པས་ཉོན་མོངས་འགྲིབ་པ་དང་རྣམ་བྱང་འཕེལ་བ་མེད་པའི་དོན་དུ་དང་ཡང་ ཉོན་ཡིད་གནས་གྱུར་པས་མཚན་མ་མི་འབྱུང་བ་ལྷུན་གྲུབ་ཐོབ་པའི་ཕྱིར་དེ་རྣམ་པར་མི་རྟོག་པ་ལ་དབང་བའི་དོན་དུ་དང་། འཛིན་པ་ལྔ་གནས་གྱུར་པས་འདོད་པ་བཞིན་ཞིང་དང་འཁོར་སྟོན་པའི་མཐུ་བརྙེས་པའི་ཕྱིར་དེ་ཞིང་དག་པ་ལ་དབང་བའི་གནས་སུ་དང་། 1-816 དགུ་པ་ལ་ཡིད་ཤེས་རྟོག་པ་གནས་གྱུར་པས་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ལ་དབང་ཐོབ་པའི་ཕྱིར་དེའི་གནས་ཀྱི་དོན་དུ་དང་། བཅུ་པ་ལ་གནས་གྱུར་དེ་ཉིད་ཀྱིས་ཇི་ལྟར་ འདོད་པར་སྤྲུལ་པ་རྣམས་ཀྱིས་སེམས་ཅན་ཀྱི་དོན་བྱེད་པའི་ལས་ལ་དབང་བ་ཐོབ་པས་དེའི་གནས་ཉིད་དུ་ཆོས་དབྱིངས་རྟོགས་ཏེ་དབུས་མཐར། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མ

【現代漢語翻譯】 如果說十地菩薩在證悟法界體性上沒有差別,只是在對三種(指總相、自相、共相)的區分理解上有差別,這也是不合理的。因為總相只是通過分別念將多個事物歸為一個概念,而事物本身的狀態並非如此,因此與如實了知的智慧相違背。此外,如果認為等持的智慧是執持總相的,那麼就會陷入其為分別唸的過失,正如《釋量論》中所說:『沒有分別念,就不能執持總相。』 合理的解釋是:十地菩薩在證悟法界體性上沒有差別,只是在斷除不同的增益方面有差別。如《八千頌大疏》中所說:『當以無分之故,一切法界自性皆能證悟時,依賴於生起定解,爲了周遍之義,證悟時,以顯現一切法無自性之智極明而生起之時,菩薩獲得見道。』 對此,第一點是,因為一切法皆空,所以沒有不空的法,這是周遍之義。第二點是,因為能見到自性光明,所以是勝義之義。第三點是,所宣說的法是證悟它的順緣,所以是殊勝之義。第四點是,它不是自己或他人的所執,所以是無我之義。第五點是,過去、現在、未來的一切佛與菩薩的相續,以及自己的相續,沒有差別。第六點是,因為是忽然生起的,所以不是俱生煩惱,而是自性清凈,因此不是新生的清凈。第七點是,在經部等中,沒有不同的相。第八點是,因為是自性清凈,所以獲得不生忍,因此沒有煩惱減少和清凈增長。此外,因為煩惱意轉依,所以不出現相,獲得任運成就,因此能自在不分別。五種執著轉依,因此獲得如意示現凈土和眷屬的能力,因此能自在凈土。第九點是,意識分別念轉依,因此獲得各別自證智的自在,因此是彼之義。第十點是,以轉依本身,隨欲化現,成辦有情之義的事業自在,因此是彼之義,證悟法界。如《中邊分別論》所說:『周遍義、勝義,順緣義之義。』

【English Translation】 It is unreasonable to say that the ten Bhumis (stages of a Bodhisattva’s path) have no difference in realizing the Dharmadhatu (the ultimate nature of reality), but only have differences in understanding the distinctions of the three (general characteristics, specific characteristics, and shared characteristics). This is because the general characteristic is merely a concept that combines multiple things into one through conceptualization, but the actual state of things is not like that. Therefore, it contradicts the wisdom that knows things as they are. Furthermore, if it is thought that the wisdom of Samadhi (meditative absorption) holds onto the general characteristic, then it would fall into the fault of being a conceptual thought, as stated in the Pramanavarttika (Commentary on Valid Cognition): ‘Without conceptual thought, one cannot hold onto the general characteristic.’ The reasonable explanation is that the ten Bhumis have no difference in realizing the Dharmadhatu, but only have differences in cutting off different superimpositions. As stated in the Great Commentary on the Eight Thousand Verses: ‘When, because of the absence of parts, all Dharmadhatu nature itself is realized, relying on generating certainty, for the sake of pervasiveness, when realizing, with the wisdom that manifests all dharmas as being without self-nature arising very clearly, the Bodhisattva attains the path of seeing.’ Regarding this, the first point is that because all dharmas are empty, there are no non-empty dharmas, which is the meaning of pervasiveness. The second point is that because one can see the self-luminous nature, it is the meaning of ultimate truth. The third point is that the dharma that is taught is a conducive condition for realizing it, so it is the meaning of excellence. The fourth point is that it is not held by oneself or others, so it is the meaning of selflessness. The fifth point is that there is no difference between the continuums of all Buddhas of the past, present, and future, and the continuums of Bodhisattvas, and one’s own continuum. The sixth point is that because it arises suddenly, it is not an inherent affliction, but is self-nature pure, so it is not newly purified. The seventh point is that there are no different signs in the Sutras and so on. The eighth point is that because it is self-nature pure, one obtains the forbearance of non-arising, so there is no decrease in afflictions and no increase in purification. Furthermore, because the affliction-mind is transformed, signs do not appear, and one attains spontaneous accomplishment, so one has power over non-conceptualization. The five grasping are transformed, so one attains the power to manifest pure lands and retinues as desired, so one has the state of power over pure lands. The ninth point is that the consciousness and conceptual thought are transformed, so one obtains the power of individual self-awareness wisdom, so it is the meaning of that state. The tenth point is that with the transformation itself, one obtains the power to perform the activities of benefiting sentient beings with emanations as desired, so it is the meaning of that state, realizing the Dharmadhatu. As stated in the Madhyantavibhaga (Distinguishing the Middle from the Extremes): ‘The meaning of pervasiveness, the meaning of ultimate truth, the meaning of conducive conditions.’


ཆོག་ ཉིད་དང་། །ཡོངས་སུ་འཛིན་པ་མེད་དོན་དང་། །རྒྱུད་རྣམས་ཐ་དད་མེད་པ་དང་། །ཉོན་མོངས་རྣམ་དག་མིན་དོན་དང་། །ཐ་དད་མེད་པའི་དོན་ཉིད་དང་། །བྲི་མེད་འཕེལ་བ་མེད་དོན་དང་། །དབང་ནི་རྣམ་ པ་བཞི་ཡི་གནས། །ཞེས་དང་། རྒྱན་དུ། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་རྣམས་ལ། །དབང་ནི་རྣམ་པ་བཞི་ཡིན་ནོ། །དབང་དེ་མི་གཡོ་ ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་དེ་རེ་རེར་འདོད་པ་ཡིན། །ཞེས་དང་། རྣམ་རྟོག་གཞན་དུ་གྱུར་ན་ནི། །དུས་རྣམས་རྟག་ཏུ་ཡེ་ཤེས་དང་། ། ལས་རྣམས་ཀུན་ལ་ཐོགས་མེད་ལ། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ཡང་ཆོས་ཉིད་ཀྱི་རྟོགས་པ་གསལ་བ་དང་ཆེས་གསལ་བ་དང་ཤིན་ཏུ་ཆེས་གསལ་བ་སོགས་ཀྱི་ཁྱད་པར་ཡོད་དེ་དབུས་མཐའི་ཊཱི་ཀ་རུ། 1-817 ས་བཅུ་པས་ཤེས་བྱའི་རྣམ་པ་ཀུན་ལག་མཐིལ་གྱི་སྐྱུ་རུ་ར་དར་ལ་སྲབ་པོས་མིག་གཡོགས་པ་ལ་སྣང་བ་ལྟར་དང་། བཅོམ་ལྡན་གྱིས་དེ་བསལ་བ་ལྟར་རྟོགས་པར་བཤད་ཅིང་། སྦྱོར་ལམ་གྱི་ ཚེ་བདེན་པ་རྟོགས་པ་དར་གྱིས་ཆོད་པ་ལྟར་མཐོང་ལམ་གྱི་ཚེ་དེ་བསལ་བ་ལྟ་བུར་གསུངས་པས་སོ། །ཆོས་ཅན་རྟོགས་པ་ལའང་བཅུ་ལ་རྒྱ་ཆེ་ཆུང་སོགས་ཡོད་དེ་ཇི་རིགས་པར་ས་བཅུ་ པའི་མདོར་བལྟའོ། །རྩོད་སྤང་ལ་དང་པོ་སྒྲོ་འདོགས་ཆོད་མི་ཆོད་ལ་རྩོད་པ་ནི་སྒྲོ་འདོགས་མི་ཆོད་ན་དེ་བདག་འཛིན་ལས་མི་འདའ་བས་བདག་མེད་མངོན་སུམ་དུ་མ་རྟོགས་པར་འགྱུར་རོ་ཞེ་ ན། དེ་ལས་མི་འདའ་བར་མ་གྲུབ་སྟེ། ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་རྣམས་ནི་ས་ཡིན་ནོ། །ཞེས་དབུས་མཐར་ གསུངས་པས་ན་ཤེས་བྱའི་སྒྲིབ་པ་ཡིན་པས་སོ། །ཡང་འཕགས་པས་ཀྱང་མཐོང་བ་ལ་སྒྲོ་འདོགས་ཀུན་མི་ཆོད་ན་སོ་སོ་སྐྱེ་བོ་དང་ཁྱད་མེད་དུ་འགྱུར་རོ་ཞེ་ན། མ་ངེས་ཏེ། བརྒྱད་སྟོང་ འགྲེལ་ཆེན་དུ། རྣམ་པ་ཇི་སྙེད་ཙམ་ཞིག་བསལ་ན་དེ་རྣམས་ཀྱི་ཤེས་པ་འཁྲུལ་བའི་རྒྱུ་མཚན་དང་བྲལ་བ་དེ་སྙེད་ཙམ་གྱིས་དེ་རྣམས་ཁྱད་པར་དུ་འཕགས་པའི་ཕྱིར་རོ་ཞེས་འབྱུང་བ་ལྟར་རོ། ། 1-818 སྒྲོ་འདོགས་རྣམ་པ་ཀུན་ཆོད་པ་ནི་རྒྱལ་བ་ཁོ་ན་སྟེ། རྨ་བྱའི་མདོངས་ནི་གཅིག་ལ་ཡང་། །ཞེས་སོགས་ལྟར་རོ། །གཉིས་པ་ལ་གསལ་མི་གསལ་རྩོད་སྤང་ནི། འཕགས་པའི་བློ་ལ་གསལ་མི་གསལ་ མི་རུང་སྟེ། གྲངས་ཅན་གྱི་གཞུང་དུ། ཧ་ཅང་ཉེ་ཕྱིར་རིང་ཕྱིར་དང་། །ཆ་ཕྲའི་ཕྱིར་དང་བསྒྲིབ་ཕྱིར་དང་། །ཟིལ་མནན་ཕྱིར་དང་འདྲེས་ཕྱིར་དང་། །དབང་པོ་ཉམས་དང་ཡིད་མེད་ཕྱིར། །ཞེས་སྨྲས་པའི་མི་ གསལ་བའི་རྒྱུ་བརྒྱད་མེད་པའི་ཕྱིར་རོ་ཞེ་ན། བདག་རྐྱེན་ཡིད་དབང་ནུས་

【現代漢語翻譯】 『汝』(藏文:ཉིད་དང་།,含義:您)和『無有能持』(藏文:ཡོངས་སུ་འཛིན་པ་མེད་དོན་དང་།,含義:完全沒有執持),以及『諸續部沒有差別』(藏文:རྒྱུད་རྣམས་ཐ་དད་མེད་པ་དང་།,含義:所有續部沒有差別),以及『煩惱完全清凈』(藏文:ཉོན་མོངས་རྣམ་དག་མིན་དོན་དང་།,含義:煩惱完全清凈),以及『沒有差別的意義』(藏文:ཐ་དད་མེད་པའི་དོན་ཉིད་དང་།,含義:沒有差別的意義),以及『沒有減少沒有增加的意義』(藏文:བྲི་མེད་འཕེལ་བ་མེད་དོན་དང་།,含義:沒有減少沒有增加的意義),以及『四種灌頂的處所』(藏文:དབང་ནི་རྣམ་པ་བཞི་ཡི་གནས།,含義:灌頂是四種狀態)。如同《莊嚴經論》中所說:『因為心和執持以及分別,所以沒有分別。對於田地和智慧以及事業,灌頂是四種。』(藏文:ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་རྣམས་ལ། །དབང་ནི་རྣམ་པ་བཞི་ཡིན་ནོ།)那個灌頂在不動等三地有四種,一個有兩種,除此之外,灌頂被認為是各自擁有的。(藏文:དབང་དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་དེ་རེ་རེར་འདོད་པ་ཡིན།)如果分別轉化為其他,那麼所有時間都是智慧,所有事業都沒有阻礙,獲得殊勝的財富。(藏文:རྣམ་རྟོག་གཞན་དུ་གྱུར་ན་ནི། །དུས་རྣམས་རྟག་ཏུ་ཡེ་ཤེས་དང་། །ལས་རྣམས་ཀུན་ལ་ཐོགས་མེད་ལ། །འབྱོར་པ་དམ་པ་ཐོབ་པར་འགྱུར།) 又,法性的證悟有明顯、更明顯、非常明顯等的差別,如《中邊分別論》的註釋中所說,十地菩薩了知一切所知事物,如同手掌中的訶梨勒果,又如用薄紗遮眼,如來去除薄紗一樣。在加行道時,證悟真如如同被絲綢隔開,在見道時,如同去除絲綢一樣。作為所知境,證悟也有十種,有大小等差別,具體可參考《十地經》。 關於辯論,首先,對於是否斷除增益和損減進行辯論。如果不斷除增益和損減,那麼就不會超出我執,因此無法現量證悟無我。但並非不能超出我執,因為《中邊分別論》中說:『法界為無明,非是煩惱性,十種障礙和,十地之違品,彼等之對治,即是彼十地。』(藏文:ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་རྣམས་ནི་ས་ཡིན་ནོ།)因此是所知障。此外,如果聖者在見道時不斷除一切增益和損減,那麼就和凡夫沒有區別。但這是不確定的,因為《八千頌釋》中說:『如果去除多少種相,那麼他們的智慧就遠離了迷惑的因,因此他們就超勝了。』斷除一切增益和損減只有佛陀才能做到,如同孔雀的羽毛一樣。 其次,關於是否清晰的辯論。聖者的智慧不能不清晰,因為數論派的論典中說:『因為非常近和非常遠,因為細微和被遮蔽,因為被壓制和混合,因為根衰弱和沒有意念。』(藏文:ཧ་ཅང་ཉེ་ཕྱིར་རིང་ཕྱིར་དང་། །ཆ་ཕྲའི་ཕྱིར་དང་བསྒྲིབ་ཕྱིར་དང་། །ཟིལ་མནན་ཕྱིར་དང་འདྲེས་ཕྱིར་དང་། །དབང་པོ་ཉམས་དང་ཡིད་མེད་ཕྱིར།)因為沒有這八種不清晰的原因。自因是意根的能力。

【English Translation】 ‘You’ (Tibetan: ཉིད་དང་།) and ‘without holding’ (Tibetan: ཡོངས་སུ་འཛིན་པ་མེད་དོན་དང་།), and ‘all tantras are without difference’ (Tibetan: རྒྱུད་རྣམས་ཐ་དད་མེད་པ་དང་།), and ‘afflictions are completely purified’ (Tibetan: ཉོན་མོངས་རྣམ་དག་མིན་དོན་དང་།), and ‘the meaning of no difference’ (Tibetan: ཐ་དད་མེད་པའི་དོན་ཉིད་དང་།), and ‘the meaning of no decrease and no increase’ (Tibetan: བྲི་མེད་འཕེལ་བ་མེད་དོན་དང་།), and ‘the place of the four empowerments’ (Tibetan: དབང་ནི་རྣམ་པ་བཞི་ཡི་གནས།). As it says in the Ornament, ‘Because of mind and holding and discrimination, there is no discrimination. For fields and wisdom and activities, empowerment is fourfold.’ (Tibetan: ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་རྣམས་ལ། །དབང་ནི་རྣམ་པ་བཞི་ཡིན་ནོ།) That empowerment is fourfold in the three grounds of immovability, etc. One has two, and other than that, empowerment is considered to be individual. (Tibetan: དབང་དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་དེ་རེ་རེར་འདོད་པ་ཡིན།) If discrimination transforms into something else, then all times are always wisdom, all activities are unimpeded, and excellent wealth is obtained. (Tibetan: རྣམ་རྟོག་གཞན་དུ་གྱུར་ན་ནི། །དུས་རྣམས་རྟག་ཏུ་ཡེ་ཤེས་དང་། །ལས་རྣམས་ཀུན་ལ་ཐོགས་མེད་ལ། །འབྱོར་པ་དམ་པ་ཐོབ་པར་འགྱུར།) Also, there are differences in the realization of the nature of reality, such as clear, clearer, and very clear. As it says in the commentary on the Madhyāntavibhāga, the Bodhisattva of the tenth ground knows all knowable things as if they were a myrobalan fruit in the palm of his hand, and as if a thin veil covered his eyes, and as if the Blessed One removed that veil. At the time of the path of accumulation, realizing the truth is like being separated by silk, and at the time of the path of seeing, it is like removing the silk. As for the knowable object, there are also ten kinds of realization, with differences in size, etc., which can be seen in the Sutra of the Ten Grounds. Regarding the debate, first, there is a debate about whether or not to cut off the imputation and subtraction. If the imputation and subtraction are not cut off, then one will not go beyond self-grasping, and therefore one will not directly realize selflessness. But it is not established that one cannot go beyond self-grasping, because the Madhyāntavibhāga says: ‘The realm of reality is ignorance, it is not of the nature of affliction, ten obscurations and, the opponents of the ten grounds, their antidotes, are those ten grounds.’ (Tibetan: ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་རྣམས་ནི་ས་ཡིན་ནོ།) Therefore, it is an obscuration of knowledge. Furthermore, if the noble ones do not cut off all imputation and subtraction at the time of seeing, then they will be no different from ordinary beings. But this is uncertain, because the Great Commentary on the Eight Thousand Verses says: ‘If one removes so many aspects, then their knowledge is free from the cause of delusion, and therefore they are superior.’ Only the Buddhas can cut off all imputation and subtraction, like the feathers of a peacock. Secondly, regarding the debate about whether or not it is clear. The wisdom of the noble ones cannot be unclear, because the Samkhya scriptures say: ‘Because it is very near and very far, because it is subtle and obscured, because it is suppressed and mixed, because the senses are weak and there is no mind.’ (Tibetan: ཧ་ཅང་ཉེ་ཕྱིར་རིང་ཕྱིར་དང་། །ཆ་ཕྲའི་ཕྱིར་དང་བསྒྲིབ་ཕྱིར་དང་། །ཟིལ་མནན་ཕྱིར་དང་འདྲེས་ཕྱིར་དང་། །དབང་པོ་ཉམས་དང་ཡིད་མེད་ཕྱིར།) Because there are not these eight causes of unclearness. The self-cause is the power of the mind-sense.


པ་ཆེ་ཆུང་སོགས་ཀྱི་ཁྱད་ཡོད་པས་ཏེ། མིག་གསལ་མི་གསལ་གྱི་མིག་ཤེལ་བཞིན་ནོ། །གཉིས་པ་ཇི་ལྟར་རྟོགས་པ་ནི། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་སུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ་། དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་ནི་ཆོས་ ཐམས་ཅད་སྒྱུ་མ་སོགས་བརྒྱད་དང་མཚུངས་པར་མཐོང་ངོ་ཞེས་བཀའ་བསྩལ་ཅིང་། དེའི་དོན་དབུ་མ་པ་ལ་མཉམ་བཞག་སྣང་མེད་དང་རྗེས་ཐོབ་སྣང་བཅས་སུ་བཞེད་ལ། རྣམ་རིག་པས་ཡོང་གྲུབ་ནམ་མཁའ་ ལྟ་བུ་དང་རྗེས་ཐོབ་ཀྱིས་གཞན་དབང་གཟུང་འཛིན་དུ་སྣང་བ་བཞིན་མི་བདེན་པར་རྟོགས་པར་འདོད་དེ། སུམ་བཅུ་པར། དེ་མ་མཐོང་བར་དེ་མི་མཐོང་། །ཞེས་འབྱུང་ཞིང་། དེ་ལྟར་རང་རིག་པའི་ཚུལ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་རྟོགས་སོ་ཞེས་དབུས་མཐའི་ཊཱི་ཀཱ་རུའོ། ། 1-819 གང་མཉམ་བཞག་ལམ་ཡིན་གྱིས་ས་མ་ཡིན་པ་དང་རྗེས་ཐོབ་དེ་ལས་བཟློག་པའོ་ཞེས་གསུངས་པ་ནི་ཤེས་བྱེད་མེད་པས་མུན་སྤྲུལ་དུ་ཟད་དོ། །གསུམ་པ་ནི་སྤངས་པ་ནི། ས་ལ་འཇུག་པར། ཡན་ལག་བཅུ་གཅིག་རྫོགས་པ་ཡིས། །རབ་དགའ་ལ་སོགས་བཅུ་གཅིག་ས། །རྨོངས་གཉིས་གནས་ངན་ལེན་གཅིག་སྟེ། །མི་མཐུན་ཕྱོགས་ནི་ཐ་དད་དོ། །ཞེས་དང་། དགོངས་འགྲེལ་གྱི་མདོར། །ས་དང་པོ་ལ་གང་ཟག་ དང་ཆོས་ལ་མངོན་པར་ཞེན་པའི་དང་། འཁོར་བ་དང་ངན་སོང་བའི་ཉོན་མོངས་པའི་འཇིགས་པས་ཤིན་ཏུ་རྨོངས་པ་དང་དེའི་གནས་ངན་ལེན་དང་། གཉིས་པ་ལ་ལྟུང་བ་ཕྲ་མོའི་འཁྲུལ་པའི་དང་ལས་ ཀྱི་འགྲོ་བ་སྣ་ཚོགས་ལ་དང་། གསུམ་པ་ལ་མཐོང་བ་ཐོབ་པར་འདོད་པའི་དང་། གཟུངས་དམ་པའི་མཆོག་ཐོབ་པ་འདོད་པས། འདོད་པའི་འདོད་ཆགས་ཀྱི་དང་ཐོས་པའི་གཟུངས་ཡོངས་སུ་རྫོགས་པ་ལ་དང་། བཞི་པ་ལ་སྙོམས་པར་འཇུག་པ་ལ་སྲེད་པའི་དང་། ཆོས་ལ་སྲེད་པའི་དང་། ལྔ་པ་ལ་འཁོར་བ་ལ་ཤིན་ཏུ་ཕྱིར་ཕྱོགས་པ་དང་གསེར་འོད་དམ་པར་འཁོར་བ་ལ་ཤིན་ཏུ་སྐྱོ་བའི་རྨོངས་ པ་དང་། མྱ་ངན་ལས་འདས་པ་མངོན་པར་འདོད་པའི་རྨོངས་པ་གཉིས་གསུངས་མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པའི་དང་། མྱ་ངན་ལས་འདས་པ་ལས་ཕྱིར་ཕྱོགས་པའི་དང་། མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པའི་དང་། ། 1-820 དྲུག་པ་ལ་འདུ་བྱེད་འབྱུང་བ་མངོན་དུ་གྱུར་པའི་དང་། མཚན་མ་མང་དུ་སྦོམ་པོ་མངོན་དུ་འབྱུང་བའི་དང་། བདུན་པ་ལ་མཚན་མ་ཕྲ་མོ་འབྱུང་བའི་དང་། གཅིག་ཏུ་མཚན་མ་མེད་པ་ཡིད་ ལ་བྱེད་པའི་དང་། བརྒྱད་པ་ལ་མཚན་མ་མེད་པ་ལ་སྒྲིབ་པའི་དང་མཚན་མ་རྣམས་ལ་མི་དབང་བའི་དང་། དགུ་པ་ལ་ཆོས་བསྟན་པ་ཚད་མེད་པ་དང་ཆོས་ཀྱི་ཚིག་དང་ཡི་གེ་ཚད་ མེད་པ་ལ་མི་མཁས་པའི་རྨོངས་པ་དང་སྤོབས་པ་ལ་མི་འདོད་པའི་རྨོངས་པ་གཉིས་གསུངས། ཞེས་དང་གོང་ནས་གོང་གི་ཤེས་

【現代漢語翻譯】 就像眼睛有清晰與否的區別,智慧也有大小的區別。 第二,如何證悟? 《入無分別陀羅尼經》中說:『以無分別智,見一切法如虛空。』此後,以得后智,見一切法如幻化等八喻。』 對此,中觀宗認為,在入定狀態是無所顯現,出定狀態則有所顯現。而唯識宗則認為,圓成實性如虛空,出定狀態則顯現為依他起的能取所取,從而證悟其非真實。 《三十頌》中說:『未見彼,則不見此。』如此,以自證智的方式,以無分別智證悟法界。這是《中邊分別論》的註釋中所說。 有人說:『入定是道,不是地;出定則相反。』這沒有依據,純屬胡說。 第三,斷除。如《十地經》中說: 『具足十一支,極喜等十一地,二愚及一劣處,不順品各異。』 《解深密經》中說:『初地,於人法現行耽著之愚,于輪迴惡趣諸苦怖畏深生迷悶,及彼處生。二地,于微細犯戒生顛倒想,于諸業異熟果生顛倒想。三地,欲證得勝見,欲證得最勝陀羅尼,貪慾之慾貪,于所聞持一切圓滿。四地,于定生愛,於法生愛。五地,極厭離於輪迴,于妙金光明經中,極厭惡輪迴之愚,及欲速證般涅槃之二愚。于現行順趣涅槃,于背棄涅槃。』 『六地,行生現行,多分粗相現行。七地,細相現行,於一向無相作意。八地,于無相有覆障,于諸相不自在。九地,于無量法說,於法句及字不善巧之愚,及於無畏不樂之二愚。』如是以上以上之智慧……

【English Translation】 Just as there are differences in the clarity of eyes, there are also differences in the magnitude of wisdom. Second, how to realize? The Entering Non-Conceptualization Dharani Sutra states: ‘With non-conceptual wisdom, one sees all dharmas as being like the center of the sky.’ Afterwards, with the wisdom attained after that, one sees all dharmas as being like eight similes such as illusion. Regarding this, the Madhyamaka school believes that in the state of meditative absorption (samahita), there is no appearance, while in the post-meditation state, there are appearances. The Yogacara school, on the other hand, believes that the perfected nature (pariniṣpanna) is like the sky, and in the post-meditation state, the dependent nature (paratantra) appears as the grasper and the grasped, thereby realizing its non-reality. The Thirty Verses states: ‘Without seeing that, one does not see this.’ Thus, through the mode of self-awareness, the realm of reality is realized with non-conceptual wisdom. This is what is said in the commentary on the Madhyāntavibhāga. Someone says: ‘Absorption is the path, not the ground; post-absorption is the opposite.’ This has no basis and is pure nonsense. Third, abandonment. As stated in the Ten Bhumi Sutra: ‘With eleven branches complete, the eleven bhumis such as Extreme Joy, two kinds of ignorance and one inferior state, the opposing factors are different.’ The Saṃdhinirmocana Sūtra states: ‘In the first bhumi, the ignorance of clinging to phenomena and persons, the extreme bewilderment due to the fear of the sufferings of samsara and the lower realms, and the place of their arising. In the second bhumi, the delusion of subtle transgressions and the various karmic retributions. In the third bhumi, the desire to attain superior vision, the desire to attain the most excellent dharani, the desire for desire, and the complete fulfillment of what is heard. In the fourth bhumi, craving for meditative absorption and craving for the Dharma. In the fifth bhumi, extreme aversion to samsara, in the Suvarṇaprabhāsa Sūtra, the ignorance of extreme aversion to samsara, and the two ignorances of desiring to quickly attain nirvana. Directing towards the manifestation of nirvana, and turning away from nirvana.’ ‘In the sixth bhumi, the manifestation of actions arising, and the manifestation of many coarse characteristics. In the seventh bhumi, the manifestation of subtle characteristics, and focusing on the one without characteristics. In the eighth bhumi, obscuration of the one without characteristics, and not being in control of the characteristics. In the ninth bhumi, the ignorance of not being skilled in the immeasurable teachings of the Dharma, the words of the Dharma, and the letters, and the two ignorances of not desiring fearlessness.’ Thus, the wisdom above and above…


རབ་དང་སྤོབས་པ་ལ་གཟུངས་ཀྱི་དབང་གི་དང་། སྤོབས་པའི་དབང་གི་ དང་། བཅུ་པ་ལ་མངོན་པར་ཤེས་པ་ཆེན་པོ་ལ་མི་དབང་བའི་དང་། གསང་བ་ཕྲ་མོ་ལ་འཇུག་པའི་ཤིན་ཏུ་རྨོངས་པ་དང་། སངས་རྒྱས་ཀྱི་ས་ཡུལ་ཤིན་ཏུ་ཕྲ་བ་ལ་ཤེས་སྒྲིབ་ཀྱི་ རྨོངས་པ་དང་། ཉོན་མོངས་པ་ཤིན་དུ་བར་མའི་གནས་ངན་ལེན་འཕེན་པའི་རྨོངས་པ་གཉིས་གསུངས་ལ་ཤེས་བྱ་ཀུན་ལ་རབ་ཏུ་ཕྲ་བའི་ཆགས་པ་དང་ཐོགས་པའི་ཤིན་ཏུ་རྨོངས་པའི་དང་། དེ་དང་ དེའི་གནས་ངན་ལེན་སྤོང་ངོ་། །ཡང་ཀུན་ཏུ་འགྲོ་བའི་དོན་སོགས་རྟོགས་པ་ལ་སྒྲིབ་པ་པའི་ཤེས་སྒྲིབ་སྤོང་སྟེ་སྔར་ལྟར་རོ། །འཇིགས་པ་ལྔ་སྤོང་བ་ནི། ས་ཐོབ་གྱུར་མ་ཐག་ཏུ་འཇིགས་པ་ལྔ་དང་བྲལ། ། 1-821 འཚོ་བ་ཆད་དང་འཆི་དང་མི་བསྔགས་ངན་འགྲོ་དང་། །འཁོར་གྱི་ནང་དུ་འཇིགས་བྲལ་དེ་ལ་བག་ཚའི་རྣམ་པ་མེད། །ཅི་ཕྱིར་ཞེ་ན་དེ་ལ་བདག་གི་གནས་མེད་དོ། །ཞེས་བཀའ་བསྩལ་ཏོ། །དུཿཁའི་ ཆུ་བོ་བཞི་སྤངས་ཏེ། རྒྱུད་བླ་མར་འཕགས་པས་ཞེས་གསུངས་པ་ལྟར་རོ། །བཞི་པ་ལ་དྲུག་ལས་དང་པོ་བསླབ་པའི་དབྱེ་བ་ནི། བསླབ་པ་གསུམ་གྱི་རྒྱུས་ཕྱེ་བ་ས་དང་པོ་དང་། ངོ་བོས་ ཕྱེ་བ་ལ་ཚུལ་ཁྲིམས་ཀྱིས་གཉིས་པ་དང་། སེམས་ཀྱིས་གསུམ་པ་དང་། ཤེས་རབ་ཀྱིས་དེ་ནས་གསུམ་སྟེ་བྱང་ཆུབ་ཀྱི་ཕྱོགས་དང་བདེན་པ་བཞི་དང་རྟེན་འབྲེལ་ཤེས་པའི་ཤེས་རབ་ཀྱིས་སོ། །བསླབ་པ་ དེ་གསུམ་གྱི་འབྲས་བུས་ཕྱེ་བ་ལྷག་མ་བཞི་སྟེ་འབད་པས་མཚན་མ་མེད་པའི་ཡེ་ཤེས་དང་ལྷུན་གྲུབ་ཏུ་མཚན་མེད་ཀྱི་ཡེ་ཤེས་དང་། སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་དང་། ཏིང་ ངེ་འཛིན་དང་གཟུངས་ཀྱི་ཡོན་ཏན་སྒྲུབ་པ་སྟེ། བྱང་ཆུབ་སེམས་དཔའི་སར། །རིགས་དང་དེ་བཞིན་མོས་པ་དང་། །རབ་ཏུ་དགའ་དང་ཚུལ་ཁྲིམས་དང་། །ལྷག་པའི་སེམས་དང་ཤེས་རབ་གསུམ། །མཚན་མ་མེད་པ་ རྣམ་གཉིས་ཏེ། །རྩོལ་དང་བཅས་དང་ལྷུན་གྱིས་གྲུབ། །སོ་སོ་ཡང་དག་རིག་པ་མཆོག །དེ་བཞིན་གཤེགས་པའི་གནས་པ་མཆོག །ཅེས་འབྱུང་ངོ་། །གཉིས་པ་ཟག་མེད་ཀྱི་ཕུང་པོས་དབྱེ་བ་ནི། མདོ་སྡེ་རྒྱན་དུ། 1-822 ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ཚུལ་ཁྲིམས་ཀྱི་ནི་ཕུང་པོ་སྦྱོར། །དེ་ཡི་འོག་ཏུ་ཏིང་འཛིན་དང་། །ཤེས་རབ་ཕུང་པོ་རྣམ་པར་དག །དེ་ལས་གཞན་པ་རྣམས་ལ་ནི། །སྒྲིབ་རྣམ་བཞི་དང་ཐོགས་ པ་ཡི། །སྒྲིབ་པ་ལས་ཀྱང་རྣམ་གྲོལ་དང་། །གྲོལ་བའི་ཡེ་ཤེས་རྣམ་པར་སྦྱོང་། །ཞེས་ཏེ། གཞན་ནི་བདུན་པ་ནས་སངས་རྒྱས་ཀྱི་ས་བར་རོ། །སྒྲིབ་པ་བཞི་ནི་འབྲས་བུ་སྔ་མར་བཤད་པ་བཞི་ ལའོ། །གྲོལ་བ་འི་ཡེ་ཤེས་དག་པ་ནི་སངས་རྒྱས་ཀྱི་ས་ལའོ་ཞེས་འཆད་དོ། །གསུམ་པ་ཕར་ཕྱིན་གྱིས་དབྱེ་བ་ནི། དབུས་མཐར། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་

【現代漢語翻譯】 關於智慧和口才,有陀羅尼的自在和口才的自在;第十地是不受大神通力的支配,能進入細微秘密的極度愚昧,以及對佛陀境界極細微處的所知障愚昧,還有引發極度中等的煩惱的惡趣愚昧。經中說有兩種愚昧,即對一切所知事物都有極細微的執著和障礙的極度愚昧,以及捨棄這些和它們的惡趣。此外,爲了證悟普遍存在的意義等,要去除障礙的所知障,如前所述。斷除五怖畏:一旦獲得初地,立即脫離五種怖畏。 『斷絕生計、死亡、不讚美、惡趣以及在眷屬中無所畏懼,因為他沒有自我的處所。』如是宣說。斷除四瀑流:如《寶性論》中『聖者』所說。第四,六種分類中的第一種是修學的分類:以三種修學的因來區分,即初地;以本體來區分,即以戒律為第二地;以心為第三地;以智慧為之後的三個地,即菩提分、四諦和了知緣起的智慧。以這三種修學的果來區分其餘四個地,即以努力獲得無相智,以任運成就無相智,以各別自證智,以及成就三摩地和陀羅尼的功德。菩薩地中:『種姓、如是意樂、極喜、戒律、增上心和智慧三者,無相有兩種,即有勤和任運成就,各別自證智殊勝,如來安住殊勝。』如是說。第二,以無漏蘊來區分:在《經莊嚴論》中: 『通達法性后,在此結合戒蘊,在其後是定蘊和智慧蘊完全清凈。對於其他地,凈化四種障礙和執著的障礙,以及從障礙中解脫和解脫的智慧。』即從第七地到佛地。四種障礙是指前面所說的四種果。解脫的智慧清凈是指佛地。第三,以波羅蜜多來區分:在《中邊分別論》中:佈施、戒律、忍辱、精進、禪定、智慧、方便、愿、力、智

【English Translation】 Regarding wisdom and eloquence, there is the mastery of dharani and the mastery of eloquence; the tenth bhumi is not dominated by great superknowledges, and there is extreme ignorance in entering subtle secrets, as well as ignorance of the obscuration of knowledge in the extremely subtle realm of the Buddhas, and ignorance of projecting extremely intermediate afflictions into bad destinies. It is said that there are two kinds of ignorance, namely, extreme ignorance of extremely subtle attachments and obstructions to all knowable things, and abandoning these and their bad destinies. Furthermore, in order to realize the meaning of universal existence, etc., one must remove the obscuration of knowledge that obstructs it, as before. Cutting off the five fears: Once the first bhumi is attained, one is immediately free from the five fears. ‘Cutting off livelihood, death, non-praise, bad destinies, and fearlessness in the retinue, because he has no place for self.’ Thus it was declared. Cutting off the four torrents: As stated in the Uttaratantra, ‘by the noble ones.’ Fourth, the first of the six divisions is the division of learning: distinguished by the cause of the three learnings, which is the first bhumi; distinguished by the essence, which is the second bhumi by discipline; the third by mind; and the three after that by wisdom, namely, the wisdom of the bodhipaksas, the four truths, and the understanding of dependent origination. The remaining four bhumis are distinguished by the fruit of these three learnings, namely, obtaining the non-conceptual wisdom through effort, accomplishing the non-conceptual wisdom spontaneously, the discriminating awareness wisdom, and accomplishing the qualities of samadhi and dharani. In the Bodhisattva bhumi: ‘Lineage, such intention, extreme joy, discipline, higher mind, and wisdom are the three. Non-conceptuality has two aspects, namely, with effort and spontaneously accomplished. Discriminating awareness wisdom is supreme, the abode of the Tathagatas is supreme.’ Thus it is said. Second, distinguished by the undefiled aggregates: In the Ornament of the Sutras: ‘Having realized the nature of reality, here one combines the aggregate of discipline, after that the aggregates of concentration and wisdom are completely purified. For the other bhumis, one purifies the four obscurations and the obscuration of attachment, as well as liberation from the obscurations and the wisdom of liberation.’ That is, from the seventh bhumi to the Buddha bhumi. The four obscurations refer to the four fruits mentioned earlier. The purification of the wisdom of liberation refers to the Buddha bhumi. Third, distinguished by the paramitas: In the Madhyantavibhaga: Giving, discipline, patience, diligence, meditation, wisdom, skillful means, aspiration, power, knowledge


ཏེ། །འདི་རྣམས་ཕ་རོལ་ཕྱིན་བཅུ་འོ། །ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་རྣམས་སུ་ཤེས་པར་བྱ། །ཞེས་འབྱུང་བས་དེ་བཅུ་ས་བཅུ་ལ་རིམ་པ་ལྟར་ ཤས་ཆེ་ཞིང་ཀུན་ན་ཀུན་སྤྱོད་དེ། རྒྱན་དུ། ཆོས་ཀྱི་དབྱིངས་ནི་མཉམ་པ་ཉིད། །རབ་ཏུ་རྟོགས་ནས་དེ་ཡི་ཚེ། །རྟག་ཏུ་སེམས་ཅན་ཐམས་ཅད་ལ། །བདག་དང་མཚུངས་པའི་སེམས་ཐོབ་སྟེ། །ཞེས་པ་ ལྟར་བདག་གཞན་མཉམ་པར་རྟོགས་པས་རང་དོན་བཞིན་དུ་གཞན་དོན་ལ་འཇུག་པས་དང་། མཆོག་གི་དོན་ལ་སྨོན་པས་རང་ཉིད་སྣོད་དུ་བྱེད་པ་དང་། ཐོས་པས་མི་ངོམས་པས་དེའི་ཆེད་དུའོ། །བརྒྱལ་བཟོད་པ་དང་ངག་དང་ཡིད་ཀྱི་སྤྱོད་པ་ལས་འདས་པའི་རྒྱུན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱིས་གནས་པ་དང་། 1-823 དོན་དམ་བདེན་པའི་རྣམ་པ་སྒོམ་པ་མང་བ་དང་། ཉོན་མོངས་དང་རྣམ་བྱང་མེད་པའི་དོན་དུ་རྟེན་འབྱུང་ཟབ་མོ་རྟོགས་པ་དང་། མཚན་མ་ཀུན་མཚན་མེད་དུ་རྟོགས་ཤིང་མཚན་མར་བྱས་པའི་ཐ་ སྙད་ཀྱང་མི་འགོག་པ་དང་། དབང་གཉིས་ཐོབ་པས་དགེ་བ་ལ་བར་ཆད་མེད་པར་སྦྱོར་བས་དང་། ཤེས་རབ་ཀྱིས་སྟོབས་ཁྱད་པར་ཅན་དང་ལྡན་པ་དང་། ཆོས་ལ་ལོངས་སྤྱོད་པ་དང་སེམས་ཅན་སྨིན་ པར་མཛད་པའི་ཁྱད་པར་ལྡན་པས་སོ། །ཕར་ཕྱིན་ཕྱི་མ་བཞི་ནི་དྲུག་པར་འདུས་ཏེ་དེས་བྱང་ཆུང་ཆེན་པོར་བསྔོས་པས་སྦྱིན་སོགས་མི་ཟད་པར་བྱེད་པས་དང་མཐུན་པའི་སྐྱེ་བ་འཛིན་པས་ཚེ་ རབས་ཀུན་ཏུ་རྒྱལ་བ་མཉེས་པར་བྱེད་ཅིང་སྦྱིན་སོགས་ལ་འཇུག་པས་དང་། སོ་སོར་རྟོག་པ་དང་སྒོམ་པའི་སྟོབས་ཀྱིས་སྤང་བྱ་ཟིལ་གྱིས་གནོན་པའི་ཕྱིར་སྦྱིན་སོགས་ལ་ངེས་པར་འཇུག་པ་དང་། ཆོས་ ལ་སྒྲ་ཇི་བཞིན་དུ་རྨོངས་པ་དང་བྲལ་བས་ཆོས་ལ་ལོངས་སྤྱོད་པ་མྱོང་ཞིང་སེམས་ཅན་སྨིན་པར་བྱེད་པའི་ཕྱིར་ཏེ། དེ་ཉིད་དུ། མི་ཟད་པ་དང་རྟག་འཇུག་དང་། །ངེས་དང་ལོངས་སྤྱོད་སྨིན་ པར་བྱེད། །ཅེས་པས་དེ་བཞི་ནི་བྱེད་པས་བཤད་དོ། །བཞི་པ་གཟུངས་ཀྱིས་དབྱེ་བ་ནི། བཅུ་ལ་རིམ་པ་ལྟར་ཁྱད་པར་གྱིས་བྱིན་གྱིས་བརླབས་པ་དང་དྲི་མ་མེད་པ་དང་། ལེགས་པར་རབ་ཏུ་གནས་པ་དང་། 1-824 ཐུབ་པར་དཀའ་བ་དང་། སེམས་ཀྱི་རྒྱན་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྲོན་མ་དང་། ཁྱད་པར་འགྲོ་བ་དང་། རྣམ་པར་མི་རྟོག་པ་དང་། སྒོ་མཐའ་ཡས་པ་དང་མི་ཟད་པའི་ཟ་མ་ཏོག་གི་ གཟུངས་ཐོབ་སྟེ་གཟུངས་འདི་རྣམས་ཀྱི་ངོ་བོ་ནི་གསེར་འོད་དམ་པའི་མདོར་བལྟའོ། །ལྔ་པ་ཏིང་ངེ་འཛིན་གྱིས་དབྱེ་བ་ནི། དེ་ཉིད་དུ། རིན་ཆེན་ཡེ་ཤེས་ཡང་དག་འཕགས་ཀྱིས་དང་གནས་མེད་པ་ དང་རབ་ཏུ་མི་གཡོ་བ་དང་། ཕྱིར་མི་ལྡོག་པ་དང་། རིན་པོ་ཆེའི་མེ་ཏོག་དང་། ཉི་མའི་འོད་ཀྱི་གཟི་བརྗིད་དང་། དོན་ཐམས་ཅད་གྲུབ་པ་དང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་ པ་དང་། ཡེ་ཤེས་སྒྲོན་མ་དང་། དཔའ་བར་འགྲོ་བ་ཞེས་

【現代漢語翻譯】 這些是十度(梵文:Paramita,漢語:到彼岸)。有差別和無差別在於,十地(梵文:Bhumi,漢語:土地,階段)中可以瞭解。如經中所說,這十度在十地中依次 更為殊勝,並且在一切時處都實踐。如《寶鬘論》中所說:『法界(梵文:Dharmadhatu)即是平等性,一旦完全證悟,便能恒常對一切眾生,生起與自己相同的慈愛之心。』 如同理解自他平等一樣,爲了利益他人而精進,並且渴望獲得最勝的利益,從而使自己成為法器,並且永不滿足於聽聞佛法,爲了這些原因而努力。忍受痛苦,並且安住于超越語言和思想行為的菩提道, 經常修習勝義諦(梵文:Paramartha-satya)的行相,爲了斷除煩惱和清凈,而證悟甚深的緣起(梵文:Pratityasamutpada,漢語:此有故彼有)之理,並且了悟一切相皆是無相,即使是假立的相也不遮止, 由於獲得二種自在(指對善行的意樂和行為的自在),因此無礙地行持善法,並且以智慧(梵文:Prajna)具足殊勝的力量,以及受用佛法和成熟眾生的殊勝功德。後面的四度包含在第六度(智慧度)中,因此以智慧將小菩提回向給大菩提,從而使佈施等功德永不窮盡,並且受持相應的轉生, 生生世世都能令諸佛歡喜,並且精進于佈施等善行,並且以個別觀察和修習的力量,壓伏所應斷除之法,因此必定精進于佈施等善行,並且遠離對佛法字面意義的愚昧,因此能享受佛法和成熟眾生。正如經中所說:『不盡、恒常精進,必定享受和成熟。』 因此,這四度是通過作用來解釋的。第四,以陀羅尼(梵文:Dharani,漢語:總持)來區分:在十地中,依次以殊勝的陀羅尼加持,獲得無垢、 善妙安住、難以征服、心的莊嚴、智慧的壇城燈、殊勝的行持、無分別、無量門和取之不盡的寶藏陀羅尼。這些陀羅尼的體性可以在《金光明經》中查閱。第五,以三摩地(梵文:Samadhi,漢語:等持)來區分:如經中所說:珍寶智慧真實殊勝,以及無處所住、極不動搖、不退轉、珍寶花、 日光威光、一切義成、現在佛現前安住、智慧燈和勇猛行。

【English Translation】 These are the ten perfections (Paramitas). The difference between having distinctions and not having distinctions is understood in the ten Bhumis (grounds or stages). As it is said in the scriptures, these ten perfections become progressively more excellent in the ten Bhumis, and are practiced in all ways at all times. As stated in the Ratnavali (Garland of Jewels): ‘The Dharmadhatu (realm of phenomena) is equality itself; once fully realized, one constantly gains a mind equal to oneself towards all sentient beings.’ Just as one understands the equality of self and others, one engages in benefiting others as one does for oneself, and aspires to attain the supreme benefit, thereby making oneself a vessel, and never being satisfied with hearing the Dharma, striving for these reasons. Enduring suffering and abiding in the path of enlightenment that transcends speech and mental activity, frequently meditating on the aspects of ultimate truth (Paramartha-satya), realizing the profound dependent origination (Pratityasamutpada) for the sake of eliminating afflictions and purification, and understanding all characteristics as without characteristics, without even negating the designations made as characteristics, by obtaining the two powers (freedom of intention and action in virtuous deeds), one engages in virtuous deeds without obstruction, and possesses excellent strength through wisdom (Prajna), as well as the excellent qualities of enjoying the Dharma and maturing sentient beings. The latter four perfections are included in the sixth (perfection of wisdom), thus dedicating the small Bodhi to the great Bodhi through wisdom, thereby making generosity and other virtues inexhaustible, and upholding corresponding rebirths, pleasing the Buddhas in all lifetimes and engaging in generosity and other virtues, and through the power of individual analysis and meditation, suppressing what should be abandoned, therefore one necessarily engages in generosity and other virtues, and being free from ignorance of the literal meaning of the Dharma, one experiences the enjoyment of the Dharma and matures sentient beings. As it is said in the scriptures: ‘Inexhaustible, constant engagement, definite enjoyment, and maturation.’ Therefore, these four are explained through their actions. Fourth, the distinction by Dharani (mantra): In the ten Bhumis, one is blessed with excellent Dharanis in sequence, obtaining the immaculate, well-established, invincible, adornment of the mind, lamp of the mandala of wisdom, excellent conduct, non-discrimination, limitless doors, and inexhaustible treasure trove Dharanis. The nature of these Dharanis can be found in the Sutra of Golden Light. Fifth, the distinction by Samadhi (meditative absorption): As it is said in the scriptures: precious wisdom, truly excellent, as well as dwelling nowhere, utterly immovable, non-returning, precious flower, splendor of sunlight, accomplishing all meanings, the present Buddha manifestly abiding, lamp of wisdom, and courageous conduct.


བྱ་བའི་ཏིང་ངེ་འཛིན་རྣམས་ཀྱིས་རིམ་པ་ལྟར་ས་བཅུ་ཐོབ་པར་བཀའ་བསྩལ་ཏོ། །དྲུག་པ་གྲུབ་པས་བཤད་པ་ནི། མོས་པས་སྤྱོད་པའི་ ས་ལ་མ་གྲུབ་པ་དང་ལྷག་མ་གྲུབ་པ་དང་དེ་ཉིད་ལའང་བདུན་མ་གྲུབ་པ་དང་བརྒྱད་པ་སོགས་གྲུབ་པ་སྟེ་རྒྱན་དུ། ས་རྣམས་ཐམས་ཅད་མ་གྲུབ་དང་། །གྲུབ་པ་དག་ཏུ་ཤེས་པར་ བྱ། །གྲུབ་པ་དག་ཀྱང་མ་གྲུབ་དང་། །གྲུབ་པ་དག་ཏུ་ཡང་འདོད་དོ། །ཞེས་འབྱུང་ངོ་། །ལྔ་པ་འཕོ་ཚུལ་ནི་དགོངས་འགྲེལ་ཀྱི་མདོར། །སྐྱོན་མེད་པ་ལ་ཞུགས་ནས་ལྟུང་བའི་འཁྲུལ་པ་ཆ་ཕྲ་མོ་ལ་ཤེས་བཞིན་དུ་སྤྱོད་པར་མི་ནུས་པ་དེ་སྲིད་དུ་དང་པོའོ། ། 1-825 གང་གི་ཚེ་ནུས་པ་དེའི་ཚེ་ཡན་ལག་དེ་ཡོངས་སུ་རྫོགས་པས་གཉིས་པ་སྟེ་ཕྱི་མ་རྣམས་ལ་སྦྱར་རོ། །དེ་ནས་ཇི་སྲིད་དུ་ལོ་ཀ་བའི་ཏིང་ངེ་འཛིན་ཀུན་ལ་སྙོམས་པར་འཇུག་པ་ དང་ཐོས་པའི་དོན་ཀུན་འཛིན་པར་མི་ནུས་པ་དེ་སྲིད་དུ་གཉིས་པའོ། །དེ་ནུས་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐོབ་ཟིན་རྣམས་ཀྱིས་ལན་མང་དུ་གནས་པར་བྱེད་མི་ནུས་ཤིང་སྙོམས་འཇུག་ལ་ སྲེད་པ་དང་ཆོས་ལ་སྲེད་པ་ལ་བཏང་སྙོམས་སུ་འཇུག་མི་ནུས་པ་དེ་སྲིད་དུ་གསུམ་པའོ། །དེ་ནུས་ནས་བདེན་པ་བཞི་སྒོམ་པ་ན་འཁོར་བ་ལ་མི་ཕྱོགས་པ་དང་མྱ་ངན་ལས་འདས་ པ་ལ་ཕྱོགས་པའི་ཡིད་བྱེད་བཟློག་སྟེ་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྒོམ་མི་ནུས་པ་དེ་སྲིད་དུ་བཞི་པའོ། །དེ་ནུས་ནས་འདུ་བྱེད་ཀྱི་འཇུག་པ་ལ་སྐྱོ་བ་མང་བས་ མཚན་མ་མེད་པ་ལ་མང་དུ་གནས་མི་ནུས་པ་སྲིད་དུ་ལྔ་པའོ། །དེ་ནུས་ནས་རྒྱུན་མི་འཆད་པར་མཚན་མ་མེད་པའི་ཡིད་བྱེད་ཀྱིས་མང་དུ་གནས་པར་བྱེད་མི་ནུས་པ་སྲིད་དུ་དྲུག་ པའོ། །དེ་ནུས་ནས་ལྷུན་གྲུབ་ཀྱིས་གྲུབ་པར་མཚན་མ་མེད་པ་ལ་གནས་མི་ནུས་པ་སྲིད་དུ་བདུན་པའོ། །དེ་ནུས་ནས་སོ་སོ་ཡང་དག་པར་རིག་པ་བཞིས་རྣམ་པ་ཀུན་ཏུ་ཆོས་སྟོན་པ་ལ་དབང་མ་ཐོབ་པ་དེ་སྲིད་དུ་བརྒྱད་པའོ། ། 1-826 དེ་ཐོབ་ནས་སངས་རྒྱས་ཀྱི་ཞིང་དང་འཁོར་དང་སྤྲུལ་པ་སོགས་སྟོན་པ་དང་ཆོས་ལ་རྫོགས་པར་ལོངས་སྤྱོད་པ་དང་སེམས་སྨིན་པར་བྱེད་མི་ནུས་པའི་བར་དུ་དགུ་པའོ། །དེ་ནུས་ནས་ཤེས་བྱ་ ཀུན་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མ་ཐོབ་བར་དུ་བཅུ་པ་སྟེ་ཐོབ་པ་ན་སངས་རྒྱ་ཀྱི་སར་བཀའ་བསྩལ་ཏོ། །དེས་ན་ས་བཅུ་པ་ལ་སངས་རྒྱས་ཀྱི་སར་ཡང་བཏགས་ཏེ་གསུངས་ ཤིང་དེ་དང་ཀུན་ཏུ་འོད་ཀྱི་ཁྱད་པར་ལ་དགོངས་ཏེ་རྒྱུད་བླ་མར། བྱང་ཆུབ་སེམས་དཔའ་རྟོག་པ་འདི། །ཐོབ་པ་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲོལ་བ་ལ། །ལོ་ཀ་རྣམས་ན་ མཉམ་པ་ཉིད། །འོན་ཀྱང་ས་གཞི་རྡུལ་ཕྲན་དང་། །རྒྱ་མཚོ་བ་ལང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་དང་། །བྱང་ཆུབ་སེམས་པའི་ཁྱད་དེ་འོ། །ཞེས་འབྱུང་ངོ་། །ཡུ

【現代漢語翻譯】 通過行為的等持(Samadhi)次第獲得十地(Bhumi),佛陀如此教導。第六,關於成就的解釋:在勝解行地(Adhimukticaryābhūmi),未成就和剩餘的成就,以及在同一地上,第七未成就和第八等成就,如《寶鬘論》中所說:『所有地都應知為未成就和已成就。已成就也可能被認為是未成就和已成就。』 第五,關於轉變的方式,在《解深密經》(Saṃdhinirmocana Sūtra)中說:『進入無過失狀態后,對於細微的墮落錯誤,如果不能有意識地避免,這就是第一階段。』當能夠避免時,該支分就圓滿了,這是第二階段,適用於後續階段。然後,只要不能平等地進入所有世間禪定(lokasamāpatti),並且不能記住所有聽聞的意義,這就是第二階段。能夠做到之後,對於已經獲得菩提分法(bodhipākṣikadharma)的人,如果不能多次安住,並且不能對禪定和法生起舍離心,這就是第三階段。能夠做到之後,在修習四聖諦(catvāri āryasatyāni)時,如果不能阻止心轉向輪迴(saṃsāra)和涅槃(nirvāṇa),並且不能修習以方便攝持的菩提分法,這就是第四階段。能夠做到之後,由於對行(saṃskāra)的厭倦增多,如果不能安住于無相(animitta),這就是第五階段。能夠做到之後,如果不能持續不斷地以無相作意(animittamanasikāra)安住,這就是第六階段。能夠做到之後,如果不能安住于任運成就的無相,這就是第七階段。能夠做到之後,如果不能以四種無礙解(catasra prati-saṃvidā)自在地說法,這就是第八階段。 獲得之後,在不能示現佛土(buddhakṣetra)、眷屬、化身等,不能圓滿享受法,不能成熟有情之前,這是第九階段。能夠做到之後,在未獲得對一切所知(jñeya)無執無礙的智慧(jñāna)之前,這是第十階段,獲得時,佛陀教導說證得佛位。因此,第十地也被稱為佛位,考慮到它與普光(Samantaprabha)的區別,《寶性論》(Ratnagotravibhāga)中說:『菩薩的這種覺悟,獲得時與如來(Tathāgata)們,以及真實度化有情方面,在世間是平等的。然而,就像大地微塵與,大海牛蹄跡的差別,佛陀與菩薩的差別也是如此。』

【English Translation】 Through the Samadhis of action, the attainment of the ten Bhumis is taught in order. Sixth, the explanation of accomplishment: In the Adhimukticaryābhūmi (Stage of Practice with Aspiration), non-accomplishment and remaining accomplishment, and even in that same stage, the seventh non-accomplishment and the eighth, etc., accomplishment, as stated in the Ornament: ‘All the Bhumis should be known as non-accomplished and accomplished. Even the accomplished may be considered non-accomplished and accomplished.’ Fifth, regarding the manner of transition, in the Saṃdhinirmocana Sūtra (Explication of the Thought Sutra): ‘Having entered a state of faultlessness, if one cannot consciously avoid subtle errors of falling, that is the first stage.’ When one is able to avoid them, that branch is perfected, which is the second stage, and this applies to subsequent stages. Then, as long as one cannot equally enter into all worldly Samadhis (lokasamāpatti) and cannot retain all the meanings of what has been heard, that is the second stage. After being able to do that, for those who have already attained the bodhipākṣikadharma (factors of enlightenment), if they cannot abide in them repeatedly and cannot develop detachment from Samadhi and attachment to the Dharma, that is the third stage. After being able to do that, when meditating on the Four Noble Truths (catvāri āryasatyāni), if one cannot prevent the mind from turning towards samsara (cyclic existence) and nirvana (liberation), and cannot meditate on the bodhipākṣikadharma supported by skillful means, that is the fourth stage. After being able to do that, due to the increasing weariness of conditioned existence (saṃskāra), if one cannot abide in the signless (animitta) state, that is the fifth stage. After being able to do that, if one cannot continuously abide in the signless through animittamanasikāra (non-apprehension of signs), that is the sixth stage. After being able to do that, if one cannot abide in the spontaneously accomplished signless state, that is the seventh stage. After being able to do that, if one has not gained mastery in teaching the Dharma in all aspects through the fourfold perfect knowledge (catasra prati-saṃvidā), that is the eighth stage. After gaining that, until one cannot manifest Buddha-fields (buddhakṣetra), retinues, emanations, etc., cannot fully enjoy the Dharma, and cannot ripen sentient beings, that is the ninth stage. After being able to do that, until one has not attained the jñāna (wisdom) that is unattached and unobstructed towards all that is knowable (jñeya), that is the tenth stage; upon attainment, the Buddha taught that one attains Buddhahood. Therefore, the tenth Bhumi is also referred to as the Buddha-stage, and considering its distinction from Samantaprabha (Universal Light), the Ratnagotravibhāga (Uttaratantra Shastra) states: ‘This realization of a Bodhisattva, when attained, is equal to the Tathagatas (Buddhas), and in terms of truly liberating sentient beings, is equal in the world. However, just as the difference between a mote of dust of the earth and the ocean in an ox’s hoof-print, so is the difference between a Buddha and a Bodhisattva.’


མ་དང་དེའི་རྒྱན་ལྟར་ན་ རང་རང་གི་ཡོངས་སྦྱོང་རྣམས་མ་རྫོགས་པ་དེ་སྲིད་དུ་ས་དེ་དང་དེ་ཡིན་ཅིང་རྫོགས་ནས་ས་གོང་མར་འཕོ་བའོ་ཞེས་བརྒྱད་སྟོང་འགྲེལ་ཆེན་དུ་བཤད་དོ། །དྲུག་པ་ཡོངས་སྦྱོང་ནི་ཡོངས་སུ་ སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་ཐོབ་འགྱུར་ཏེ། །བསམ་དང་ཕན་པའི་དངོས་ཉིད་དང་། །ཞེས་སོགས་ཏེ་ཡུམ་རྒྱས་འབྲིང་དང་དེའི་རྒྱན་དུ་བལྟའོ། །བདུན་པ་ཡོན་ཏན་ནི། སྙོམས་འཇུག་ཐུབ་མཐོང་བྱིན་བརླབས་ཤེས། ། 1-827 གཡོ་འགྲོ་སྣང་སྨིན་སྐལ་པར་གནས། །སྔོན་ཕྱི་ཆོས་སྒོ་ལུས་བརྒྱ་སྟོན། །ལུས་རེར་རྒྱལ་སྲས་བརྒྱ་རེས་བསྐོར། །སྐད་ཅིག་གཅིག་ལ་ཏིང་ངེ་འཛིན་བརྒྱ་ལ་འཇུག་པ་སོགས་ས་དང་པོ་ལའོ། །གཉིས་པ་ལ་ སངས་རྒྱས་སྟོང་མཐོང་བ་དང་དེ་རྣམས་ཀྱི་བྱིན་བརླབས་ཀྱི་འཇུག་པ་ཤེས་པ་སོགས་སོ། །གསུམ་པ་ལ་ལོ་ཀའི་ཁམས་འབུམ་གཡོ་བ་སོགས་སོ། །བཞི་པ་ལ་ཞིང་ཐེར་འབུམ་སྣང་བར་བྱེད་པ་སོགས་ སོ། །ལྔ་པ་ལ་སེམས་ཅན་ཁྲག་ཁྲིག་སྨིན་པར་བྱེད་པ་སོགས་སོ། །སོགས་ཀྱིས་ནི་གོང་འོག་གཉིས་ཀ་སྡུད་དོ། །དྲུག་པ་ལ་བཅུ་གཉིས་ཕྲག་དེ་རྣམས་བྱེ་བ་འབུམ་དང་། བདུན་པ་ལ་བྱེ་བ་ ཕྲག་ཁྲིག་འབུམ་དང་། བརྒྱད་པ་ལ་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་དང་། དགུ་པ་ལ་སྟོང་གསུམ་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་རྙེད་དང་། བཅུ་པ་ལ་ཕྱོགས་བཅུའི་སྟོང་གསུམ་ གྲངས་མེད་པ་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་ཡོན་ཏན་བཅུ་གཉིས་ཕྲག་འཐོབ་པོ། །གཞན་ཡང་ས་དང་པོ་ལ་སྨོན་ལམ་ཆེན་པོ་བཅུ་སྒྲུབ་པ་སོགས་དང་བཅུ་པ་ལ་ དབང་བསྐུར་བ་ཐོབ་པ་དང་། རང་གི་ལུས་ཀྱི་རྡུལ་ཕྲ་རབ་གཅིག་ལ་ཞིང་ཀུན་གྱི་རྒྱལ་བ་དང་རྒྱལ་སྲས་ཀྱི་སྤྱོད་པ་དང་རྣམ་འཕྲུལ་དང་སེམས་ཅན་ཀྱི་ཁམས་འཇིག་འཆགས་སོགས་སྟོན་པ་སོགས་ཡོན་ཏན་མཐའ་ཡས་པ་རྣམས་ནི་དེ་ཉིད་ཀྱི་མདོར་བལྟའོ། ། 1-828 བརྒྱད་པ་སྐྱེ་བ་ལེན་པ་ནི་རིམ་པ་ལྟར་འཛམ་བུ་གླིང་གི་རྒྱལ་པོ་དང་། གླིང་བཞིའི་རྒྱལ་པོ་དང་། བརྒྱ་བྱིན་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་བདག་ པོ་རྣམས་དང་། སྟོང་སྤྱི་ཕུད་ལ་དབང་བའི་ཚངས་པ་དང་། སྟོང་གསུམ་གྱི་བདག་པོ་ཚངས་པ་ཆེན་པོ་དང་། གནས་གཙང་མའི་ལྷའི་རྒྱལ་པོར་འགྱུར་ཏེ་དེ་ནི་རྣམ་སྨིན་རང་ལུགས་?སུ་འབྱུང་བའོ། །སེམས་ ཅན་གྱི་དོན་དུ་ནི་གཞན་དུའང་སྐུ་སྐྱེ་སྟེ་རྒྱན་དུ། བློ་ལྡན་རྣམས་ཀྱི་ལས་དང་ནི། །གཞན་ཡང་སྨོན་ལམ་རྣམས་དང་ནི། །ཏིང་ངེ་འཛིན་དང་དབང་འབྱོར་བའི། །དབང་གིས་སྐྱེ་བར་འདོད་པ་ཡིན། ། ཞེས་འབྱུང་ལ་རིམ་པ་ལྟར་མོས་པས་སྤྱོད་པ་པ་དགེ་བས་འདོད་པའི་འགྲོ་བར་སྐྱེ་བ་དང་། ས་ལ་ཞུགས་པ་རྣམས་སེམས་ཅན་ཀྱི་དོན་དུ་དུད་འ

【現代漢語翻譯】 如同母親和她的裝飾品一樣,在各自的圓滿修持沒有完成之前,就安住于那個階段,一旦圓滿,就提升到更高的階段,正如《八千頌大疏》中所說。第六個圓滿修持是通過十種圓滿的修持來實現的:『通過完全的修持十種,就能獲得第一個階段,即思考和利益的真實本質。』等等,可以參考《廣大母經》、《中等母經》及其裝飾品。 第七個是功德:包括證得等持、見到佛陀、獲得加持、了知動搖、利益顯現、成熟的因緣。安住於過去、未來、佛法之門,示現百身,每一身都由百位菩薩圍繞。一剎那間進入百種等持等等,這些是初地菩薩的功德。二地菩薩能見到千佛,並了知他們加持的進入等等。三地菩薩能搖動百萬世界等等。四地菩薩能顯現億萬佛土等等。五地菩薩能使無數眾產生熟等等。『等等』包括了上下兩種情況。 六地菩薩能獲得十二種行,每一行都有百億的功德。七地菩薩能獲得百億兆的功德。八地菩薩能獲得相當於三千大千世界中微塵數量十倍的功德。九地菩薩能獲得相當於無數三千大千世界中微塵數量十倍的功德。十地菩薩能獲得十方無數世界中百億兆微塵數量十倍的十二種功德行。此外,初地菩薩能成就十大愿等等,十地菩薩能獲得灌頂,並且自身每一個微塵都能示現一切佛土中諸佛菩薩的行為、化現以及眾生的輪迴等等,無量功德都可以在相關經典中找到。 第八個是受生:依次是贍部洲的國王、四大洲的國王、帝釋天、夜摩天、兜率天、化樂天、他化自在天的統治者,以及大梵天(梵文:Brahmā,梵文天城體:ब्रह्मा,梵文羅馬擬音:Brahmā,漢語字面意思:梵天),他是千世界之主;大梵天(梵文:Mahābrahmā,梵文天城體:महाब्रह्मा,梵文羅馬擬音:Mahābrahmā,漢語字面意思:大梵天),他是三千大千世界之主;以及凈居天的天王,這些都是異熟果的自性顯現。爲了利益眾生,也會示現其他的化身,如《寶鬘論》所說:『具慧者因業及,其他願力與等持,以及自在之力量,隨欲受生皆可得。』 如次第所示,隨信行者因善業而隨愿往生,入地者為利益眾生,也會轉生為旁生。

【English Translation】 Like a mother and her ornaments, until the complete practice of each is not fulfilled, one remains in that stage, and once fulfilled, one moves to the higher stage, as stated in the Great Commentary on the Eight Thousand Verses. The sixth complete practice is achieved through the ten complete practices: ‘Through the complete practice of ten, one will attain the first stage, which is the true essence of thought and benefit.’ etc., refer to the Extensive Mother Sutra, the Medium Mother Sutra, and their ornaments. The seventh is qualities: including attaining samadhi, seeing the Buddha, receiving blessings, knowing movement, benefiting manifestation, and the circumstances of maturation. Abiding in the past, future, and the gate of Dharma, manifesting a hundred bodies, each body surrounded by a hundred Bodhisattvas. Entering a hundred samadhis in a single moment, etc., these are the qualities of the first Bhumi. The second Bhumi can see a thousand Buddhas and know the entry of their blessings, etc. The third Bhumi can shake a million worlds, etc. The fourth Bhumi can manifest billions of Buddha-fields, etc. The fifth Bhumi can ripen countless sentient beings, etc. ‘Etc.’ includes both the upper and lower situations. The sixth Bhumi can obtain twelve practices, each with hundreds of millions of merits. The seventh Bhumi can obtain hundreds of millions of trillions of merits. The eighth Bhumi can obtain merits equivalent to ten times the number of dust particles in three thousand great thousand worlds. The ninth Bhumi can obtain merits equivalent to ten times the number of dust particles in countless three thousand great thousand worlds. The tenth Bhumi can obtain twelve practices of merits equivalent to ten times the number of dust particles in hundreds of millions of trillions of countless three thousand great thousand worlds in the ten directions. Furthermore, the first Bhumi can accomplish the ten great aspirations, etc., and the tenth Bhumi can receive empowerment, and each dust particle of one’s own body can manifest the conduct, emanations, and the cycle of sentient beings of the Buddhas and Bodhisattvas in all Buddha-fields, etc. Limitless qualities can be found in the respective sutras. The eighth is taking birth: sequentially, the king of Jambudvipa, the king of the four continents, Indra, Yama, Tushita, Nirmanarati, the ruler of Paranirmita-vasavartin, and Brahma (藏文:ཚངས་པ་,梵文天城體:ब्रह्मा,梵文羅馬擬音:Brahmā,漢語字面意思:梵天), who has power over a thousand worlds; Mahabrahma (藏文:ཚངས་པ་ཆེན་པོ་,梵文天城體:महाब्रह्मा,梵文羅馬擬音:Mahābrahmā,漢語字面意思:大梵天), the lord of the three thousand worlds; and the king of the gods of the Pure Abodes, these are the self-nature manifestations of Vipaka. For the benefit of sentient beings, other embodiments are also manifested, as stated in the Garland of Jewels: ‘The wise, through karma and other aspirations, and through the power of samadhi and mastery, can desire to take birth as they wish.’ As shown in sequence, those who follow faith are reborn in the desired realms through virtuous deeds, and those who have entered the Bhumis, for the benefit of sentient beings, will also be reborn as animals.


གྲོ་སོགས་སུ་སྐྱེ་བ་དང་། བསམ་གཏན་བཟློག་ སྟེ་འདོད་ཁམས་སུ་སྐྱེ་བ་དང་། སྤྲུལ་པས་དགའ་ལྡན་སོགས་སུ་སྐྱེ་བ་སོགས་ཀུན་ཏུ་སྟོན་པའོ། །དགུ་པ་རྨི་རྟགས་ནི་དང་པོ་ལ་སྟོང་གསུམ་གཏེར་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་གིས་གང་བ་ མཐོང་བ་སོགས་བློ་གྲོས་མི་ཟད་པས་ཞུས་པ་ཆུང་ངུ་དང་གསེར་འོད་དམ་པར་བཀའ་བསྩལ་ཅིང་། གཞན་མང་པོ་རྨི་ལམ་བསྟན་པར་ཏེ། འདོད་ན་དེ་རྣམས་སུ་བལྟའོ། །གལ་ཏེ་དྲོད་ནས་གཉིད་སོགས་སྒྲིབ་པ་ལྔ་ཟད་པས་ན་ས་ཐོབ་པ་ལ་རྨི་ལམ་གྱི་རྟགས་མི་རུང་ངོ་ཞེ་ན། 1-829 སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་གཉིད་ལ་ནི་རང་དབང་མེད་པ་ཉོན་མོངས་པ་ཅན་གྱི་གཉིད་དང་། བྱིན་གྱིས་བརླབས་པ་ལུས་རྒྱས་པར་བྱེད་པའི་གཉིད་གཉིས་ལས། དང་པོ་སྤངས་ཀྱང་གཉིས་པ་ཡོད་ ཅིང་གཞན་ནི་གློ་བུར་བའི་ཤེས་པའི་སྣང་བ་རྨི་ལམ་ལྟ་བུ་བྱུང་བ་ལ་རྨི་ལམ་གྱི་སྒྲས་བཏགས་པ་སྟེ། ས་དེ་རྣམས་སུ་ཆོས་ཀུན་རྨི་ལམ་ལྟ་བུར་རྟོགས་པའི་ཕྱིར་རོ་ཞེས་གསུང་ ངོ་། །གང་གིས་གནས་སྐབས་མ་ཡིན་པར་མཚན་མ་འདི་རྣམས་མཐོང་ན་བདུད་ཀྱིས་བྱིན་གྱིས་བརླབས་པའམ་སྔགས་ཀྱི་མཐུའོ་ཞེས་བཤད་དོ། །བཅུ་པ་ངེས་ཚིག་ནི་འབྱུང་པོ་དཔག་ཏུ་མེད་པ་འཇིགས་པ་མེད་ པར་བྱ་བའི་ཆེད་དུ་ཕྱི་ཕྱིར་ཞིང་གོང་དུ་འགྲོ་བ་དང་ལྡན་པའི་ཕྱིར་ས་ཏེ་རྒྱན་དུ། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་རྣམས་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ ཕྱིར། །དེ་རྣམས་ཉིད་ནི་སར་འདོད་དོ། །ཞེས་གསུངས་པ་བྷུ་མི་ཞེས་པ་ལ་ཡི་གེ་བསྣན་པའི་ངེས་ཚིག་གིས་བཤད་པའོ། ། གཞུང་དོན་ལ་ལྷག་པའི་བསམ་པ་ནི་ཐེག་བསྡུས་སུ། །བྱང་ཆུབ་སེམས་དཔའ་ རྣམ་དག་གི །དཀར་པོའི་ཆོས་རྣམས་ཀུན་རྫོགས་དང་། །བཟོད་རྣོན་ཐོབ་དང་རང་གི་ཐེག །ཟབ་ཅིང་རྒྱ་ཆེ་བསྟན་པ་ལ། །རྟོག་པ་ཙམ་དུ་རྟོགས་པའི་ཕྱིར། །མི་རྟོག་ཡེ་ཤེས་རྟོགས་པའི་ཕྱིར། །འདོད་པ་དང་ནི་མོས་པ་དག ། 1-830 དག་པ་བསམ་པ་དག་པ་ཉིད། །ཅེས་ལྟར་ཏེ། ཚོགས་བཟོད་དམིགས་པ་ཡིད་བྱེད་གཉེན་པོ་དངོས་པོ་རྣམས་ཀྱིས་གསུངས་སོ། །གསུམ་པ་ལ་མཚན་མ་དང་བཅས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ ཤིན་ཏུ་གོམས་པ་མ་ཡིན་པས་ན་མི་འདོད་བཞིན་དུ་མཚན་མ་དང་འདྲེ་ཞིང་གཟུང་འཛིན་མངོན་གྱུར་དུ་འབྱུང་བའི་ཕྱིར་རོ། །རབ་ཏུ་དགའ་བ་ནི། བྱང་ཆུབ་ལ་ནི་ཉེ་བས་དང་། །སེམས་ཅན་ དོན་སྒྲུབ་མཐོང་བ་ལས། །རབ་ཏུ་དགའ་བ་སྐྱེ་འགྱུར་བ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཅེས་སོ། །དྲི་མ་མེད་པ་ནི། འཆལ་ཚུལ་རྩོམ་པའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བརྗོད། ། ཅེས་དང་། ཐེག་པ་གཞན་ཡིད་ལ་བྱེད་པའི་དྲི་མ་ལས་འདས་པའི་ཡང་ཕྱིར་རོ། །འོད་བྱེད་པ་ནི། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོ

【現代漢語翻譯】 示現於兜率天等處受生,或禪定退失而生於欲界,或以化身生於兜率天等處,此為普遍示現。 第九,夢兆:最初夢見三千大千世界充滿無數百千萬億的寶藏,以此象徵以無盡的智慧在《小請問經》和《金光明經》等經典中宣說。此外,還示現了許多夢境,想了解可以查閱相關經典。如果有人認為,從暖位到頂位,五蓋已盡,已經證得聖位,不應該再有夢兆, 寂護論師認為,睡眠分為兩種:一種是無自主的、具有煩惱的睡眠;另一種是加持的、能使身體增長的睡眠。前者已被捨棄,但後者仍然存在。此外,還有一種是突發的意識顯現,如夢境一般,被稱作夢。因為在這些聖位上,一切法都如夢境般被證悟。 如果有人在非證悟狀態下見到這些征相,那可能是被魔加持或咒力的作用。第十,詞義解釋:爲了使無量眾生無所畏懼,不斷地向上提升,故名為地(梵文:Bhumi)。 『為使無量眾,無畏懼故,彼等無量眾,後後向上升,具足故彼等,即是名為地。』 這是以在梵文「Bhumi」上加字的方式進行詞義解釋。 關於經義,殊勝意樂在《攝大乘論》中說:『菩薩清凈者,圓滿一切白凈法,獲得忍與利根,以及自宗深廣之教法,僅以分別而證悟,為證無分別智故, desire and devotion, pure is pure intention itself.』 如是,以資糧道、加行道之所緣、作意、對治、所依而宣說。 第三地,具相:由於無分別智尚未完全純熟,因此在不自主的情況下,仍與相混合,能取和所取顯現。 極喜地:『以近菩提故,見成辦有情義利故,生起極喜,故名極喜地。』 離垢地:『離毀犯戒律之垢故,名離垢地。』 此外,也因為超越了執著于其他乘的垢染。發光地:『以作大法光明故,名為發光地。』

【English Translation】 Manifesting birth in places like Tushita Heaven, or falling from meditative states and being born in the desire realm, or manifesting in places like Tushita through emanations—this is a universal display. Ninth, dream signs: Initially, seeing the three thousand great thousand worlds filled with countless billions of treasures signifies that inexhaustible wisdom is used to teach in scriptures like the ‘Small Request Sutra’ and the ‘Golden Light Sutra.’ Furthermore, many dreams are shown; if you wish to know more, refer to those texts. If someone argues that from the stage of warmth to the peak, the five obscurations are exhausted, and one has attained a holy position, so there should be no dream signs, Master Dharmamitra (Shantarakshita) states that sleep is of two kinds: one is uncontrolled sleep filled with afflictions, and the other is blessed sleep that nourishes the body. The former is abandoned, but the latter remains. Additionally, there is a sudden appearance of consciousness, like a dream, which is called a dream. Because in those holy positions, all phenomena are realized as dreamlike. If someone sees these signs without being in a state of realization, it may be due to being blessed by a demon or the power of mantras. Tenth, etymological explanation: To make countless beings fearless, and to continuously ascend higher, it is called ‘earth’ (Bhumi in Sanskrit). ‘To make countless beings fearless, those countless beings, continuously ascend higher, possessing this, they are called earth.’ This is an etymological explanation by adding letters to the Sanskrit word ‘Bhumi’. Regarding the meaning of the scriptures, the superior intention is stated in the ‘Compendium of Mahayana’: ‘A pure Bodhisattva, perfects all white dharmas, obtains patience and sharp faculties, and the profound and vast teachings of his own tradition, realizing only through discrimination, to realize non-discriminating wisdom, desire and devotion, pure is pure intention itself.’ Thus, it is explained through the object of focus, attention, antidote, and basis of the paths of accumulation and preparation. The third ground, with characteristics: Because non-discriminating wisdom is not yet fully accustomed, it involuntarily mixes with characteristics, and the apprehended and apprehender manifest. The Joyful Ground: ‘Because it is close to enlightenment, and because one sees the accomplishment of the welfare of sentient beings, great joy arises, therefore it is called the Joyful Ground.’ The Stainless Ground: ‘Because it is free from the stain of violating precepts, it is called the Stainless Ground.’ Moreover, it is also because it transcends the defilement of clinging to other vehicles. The Luminous Ground: ‘Because it creates great light of Dharma, it is called the Luminous Ground.’


ད་བྱེད་པ། །ཞེས་ཏེ་ཏིང་ངེ་འཛིན་ གྱི་སྟོབས་གྱིས་ཆོས་ཚད་མེད་པ་ཚོལ་ཞིང་གཞན་ལ་སྟོན་པའི་ཕྱིར་རོ། །འོད་འཕྲོ་བ་ཅན་ནི། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ ནི། །གཉིས་པོ་སྲེག་བྱེད་འོད་འཕྲོ་ཅན། །ཞེས་ཏེ་ཤེས་རབ་དེས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྲེག་པའི་ཕྱིར་རོ། །སྦྱང་དཀའ་བ་ནི། སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་སྲུང་བའི་ཕྱིར། ། 1-831 བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱ་འོ། །སེམས་ཅན་སྨིན་པར་བྱེད་པ་ལ་བརྩོན་ཡང་དེའི་ལོག་སྒྲུབ་ཀྱིས་ཀུན་ནས་ཉོན་མོངས་པས་དེ་གཞན་གྱིས་བྱ་དཀའ་བའི་ཕྱིར་རོ། ། ཡང་ན་སུ་དུར་ཛ་ཡ་ཞེས་པ་ཞིང་ཁམས་ཀུན་ན་གནས་པའི་བདུད་རྣམས་ཀྱིས་ཀྱང་འདི་ཐུབ་པར་མི་ནུས་པས་ན་ཤིན་ཏུ་ཐུབ་པར་དཀའ་བ་སྟེ། རིན་ཆེན་ཕྲེང་བའི་ལེའུ་བཞི་པར། ལྔ་ པ་ཤིན་ཏུ་རྒྱལ་དཀའ་བདུད། །ཀུན་གྱིས་ཤིན་ཏུ་ཐུབ་དཀའི་ཕྱིར། །ཞེས་འབྱུང་ངོ་། །མངོན་དུ་གྱུར་པ་ནི། ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་ པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བརྗོད། །ཞེས་ཏེ་སྲིད་ཞི་ལ་མི་གནས་པས་དེ་དག་མངོན་དུ་གྱུར་པའོ། །མཚན་མ་མེད་པར་སྤྱོད་པ་ནི། བསྒྲིམས་ན་ཇི་སྲིད་འདོད་པར་མཚན་མ་མངོན་གྱུར་ མི་འབྱུང་བས་སོ། །རིང་དུ་སོང་བ་ནི། བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །གཅིག་ཏུ་ཕྱིར་མི་ལྡོག་པས་མི་གཡོ་བ་དང་འབྲེལ་བའི་ཕྱིར་ཏེ་གྲངས་མེད་གཉིས་ པས་རྫོགས་པའོ། །མངོན་པར་འདུ་བྱ་བ་མེད་པ་ནི། ལྷུན་གྲུབ་ཏུ་མི་རྟོག་པའི་ཡེ་ཤེས་འབྱུང་བས་སོ། །མི་གཡོ་བ་ནི་འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཡི་སར་འདོད་དོ། ། 1-832 ཞེས་ཏེ་གཉིས་ནི་མཚན་མ་ཅན་ལ་རྩོལ་བའི་དང་། མཚན་མ་མེད་ལ་རྩོལ་བའི་འོ། །ལེགས་པའི་བློ་གྲོས་ནི། སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་སོ། །ཆོས་ ཀྱི་སྤྲིན་ནི། སྤྲིན་བཞིན་གཉིས་ཀྱིས་ནམ་མཁའ་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་ཏིང་ངེ་འཛིན་དང་གཟུངས་ཀྱི་སྤྲིན་གྱིས་ཐོས་པའི་ཆོས་རྟེན་ལ་ཡོད་པ་མཁའ་ལྟ་བུ་ལ་ཁྱབ་པའི་ཕྱིར་ ཏེ་གྲངས་མེད་གསུམ་པས་རྫོགས་པའོ། །བཞི་པ་རྒྱུན་ཞུགས་གཉིས་དཔྱད་པ་ལ་གསུངས་པ་ནི་མདོ་དང་སྔར་རོ། །དེ་ལ་དང་པོ་བཤད་ཟིན་དྲན་པ་ལ་སྦྱར་བ་ནི་རིམ་གྱིས་ངེས་པར་འབྱུང་བ་ ནི་འབྲས་བུ་བཞི་རིམ་གྱིས་བགྲོད་པ་སྔར་བསྟན་པ་ཉིད་དོ། །ཅིག་ཅར་བའི་ལམ་དང་འབྲས་བུའི་ཚུལ་ནི་མཐོང་ལམ་བསྐྱེད་ནས་བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་ཏེ་ལོ་ཀ་ལས་འདས་པའི་ ས

【現代漢語翻譯】 現在開始(這樣做)。因為以禪定的力量去尋找無量的法,並向他人展示。『光芒四射』:例如,菩提分法就像燃燒一切的光芒。因為具有這種光芒,所以這個地被稱為『二者燃燒的光芒四射』。因為智慧能焚燒煩惱和所知障。『難以調伏』:爲了使眾生完全成熟,並且守護自己的心。有智慧的人難以調伏,因此稱為『難以調伏』。雖然努力使眾產生熟,但由於他們的邪見,總是被煩惱所染污,因此他人難以做到。 或者,名為蘇度扎亞(Sudurjaya)的魔,遍佈所有佛土,也無法征服此地,因此極其難以征服。如《寶鬘論》第四品所說:『第五地極難勝魔,一切眾生極難伏。』『現前』:依靠般若波羅蜜多,輪迴和涅槃,二者在此現前,因此稱為『現前地』。因為不住于有寂,所以它們是現前的。『無相行』:如果努力,只要願意,就不會出現相。『遠行』:因為與唯一道相連,所以被認為是遠行地。因為一去不復返,所以與不動地相連,即第二無數劫圓滿。『無功用行』:因為自然生起無分別智。『不動地』:因為不為二種概念所動搖,所以被稱為不動地。二種概念是指努力于有相和努力于無相。『善慧地』:個別完全證悟的智慧是好的,這個地就是善慧地。『法雲地』:像云一樣,以二者遍佈虛空法界,所以是法雲地。以禪定和陀羅尼的云,遍佈如虛空般存在的所聞之法,即第三無數劫圓滿。關於第四地須陀洹(Srotapanna,入流果)的兩種考察,經和之前已經說過。首先,已經解釋過的與憶念相結合,即次第決定生起,是說四果次第行道,這在之前已經展示過。關於頓悟道和果的次第,生起見道后,依靠初禪的近分定,超越世間

【English Translation】 Now begin (to do so). Because with the power of Samadhi, one seeks immeasurable Dharma and shows it to others. ‘Radiant’: For example, the Bodhipaksa-dharmas (thirty-seven factors of enlightenment) are like a light that burns everything. Because it possesses this light, this ground is called ‘The Radiant that burns both’. Because wisdom can burn away afflictions and cognitive obscurations. ‘Difficult to Subdue’: In order to fully ripen sentient beings, and to protect one’s own mind. It is difficult for the wise to subdue, therefore it is called ‘Difficult to Subdue’. Although one strives to ripen sentient beings, due to their wrong views, they are always defiled by afflictions, therefore it is difficult for others to do. Or, the Mara named Sudurjaya, who dwells in all Buddha-fields, is also unable to conquer this ground, therefore it is extremely difficult to conquer. As it says in the fourth chapter of the Ratnavali (Precious Garland): ‘The fifth ground is extremely difficult to conquer Mara, it is extremely difficult for all beings to subdue.’ ‘Manifest’: Relying on Prajnaparamita (Perfection of Wisdom), Samsara and Nirvana, both manifest here, therefore it is called the ‘Manifest Ground’. Because it does not abide in existence or peace, they are manifest. ‘Practice without characteristics’: If one strives, as long as one wishes, characteristics will not appear. ‘Gone Afar’: Because it is connected to the one and only path, it is considered the Gone Afar Ground. Because it does not turn back once gone, it is connected to the Immovable Ground, that is, the completion of the second countless eon. ‘Without Effort’: Because non-conceptual wisdom arises spontaneously. ‘Immovable Ground’: Because it is not shaken by two concepts, it is called the Immovable Ground. The two concepts refer to striving with characteristics and striving without characteristics. ‘Ground of Good Intelligence’: Individual fully enlightened wisdom is good, this ground is the Ground of Good Intelligence. ‘Cloud of Dharma’: Like a cloud, with two things pervading the Dharma realm of space, therefore it is the Cloud of Dharma. With the clouds of Samadhi and Dharani, it pervades the Dharma that has been heard, which exists like space, that is, the completion of the third countless eon. Regarding the two examinations of the fourth ground Srotapanna (Stream-enterer), the Sutras and previous texts have spoken. First, what has already been explained is combined with mindfulness, that is, the gradual definite arising, is to say that the four fruits are attained in succession, which has been shown before. Regarding the way of sudden enlightenment and the order of the fruits, after generating the Path of Seeing, relying on the preparatory stage of the first Dhyana (meditative absorption), transcending the world.


ྒོམ་ལམ་གྱིས་འདོད་པ་ནས་སྲིད་རྩེའི་བར་གྱི་ཉོན་མོངས་པ་རྣམས་ཆེན་པོའི་ཆེན་པོ་དགུ་དུས་གཅིག་སྤོང་བ་སོགས་རྣམ་པས་ཅིག་ཅར་སྤོང་གི ལོ་ཀ་བ་དང་རིམ་གྱིས་པ་ལྟར་སའི་རྣམ་ པའི་དབྱེ་བས་སོ་སོར་སྤོང་བ་མ་ཡིན་པ་སྟེ། སོར་མོའི་རྩེ་མོའི་མདོར། །གཟུགས་སོགས་ལྔ་འདས་པ་སོགས་བཅུ་གཅིག་པོ་ཀུན་གཅིག་ཏུ་བསྡུས་ཏེ་ཆ་གཅིག་ཏུ་བྱེད་དོ། །གཅིག་ཏུ་ཟླུམ། གཅིག་ཏུ་སྡོམ། 1-833 ཕུང་པོ་གཅིག་ཏུ་བྱེད་དོ། །དེ་ལྟར་བྱས་ནས་འདི་ལྟར་སློབ་སྟེ་འདི་ཀུན་མི་རྟག་པ། འདི་ཀུན་དུཿཁ་བ་ཞེས་སོགས་གསུངས་སོ། །འདི་མཐོང་སྤང་ཀུན་སྤངས་པ་ན་འབྲས་བུ་དང་པོ་དང་སྒོམ་ སྤང་ཀུན་སྤངས་པ་ན་དགྲ་བཅོམ་དུ་བཞག་གི བར་པ་གཉིས་ནི་མིན་ཏེ། དེ་དག་གི་སྤང་པའི་རིམ་སྔར་བཤད་པ་ལྟ་བུ་འདི་ལ་མི་རུང་བས་སོ། །འདིའི་དབང་དུ་བྱས་ཏེ་རྣམ་པར་ འབྱེད་པའི་མདོར་རྒྱུན་ཞུགས་ཀྱི་འོག་ཏུ་དགྲ་བཅོམ་བཞག་གོ །དེ་ཕལ་ཆེར་མཐོང་བའི་ཆོས་ལ་རྒྱུན་ཞུགས་ཐོབ་པའི་ཚེ་དེ་ལ་ཀུན་ཤེས་པ་དགྲ་བཅོམ་ཐོབ་པར་བྱེད་དོ། །མི་བྱེད་ནའང་མྱུར་དུ་ མྱ་ངན་ལས་འདའ་བའི་ཆེད་དུ་སྨོན་ལམ་གྱི་དབང་གིས་དང་། འདོད་པའི་ཉོན་མོངས་ཀུན་མ་སྤངས་པས་འདོད་ཁམས་སུ་སྐྱེ་སྟེ་སངས་རྒྱས་འབྱུང་ན་དེའི་ཉན་ཐོས་དང་དེ་མེད་ན་རང་རྒྱལ་བར་ ཡང་འགྱུར་རོ། །མངོན་རྟོགས་ལ་གསུམ་སྟེ། དབྱེ་བ་དང་། སོ་སོའི་ངོ་བོ་དང་། ཐེག་པ་ཆེ་ཆུང་གི་མངོན་རྟོགས་ཀྱི་ཁྱད་པར་རོ། །དང་པོའི་དབྱེ་གཞི་ལ་གཉིས་ལས་ངོ་བོ་ནི། བསྡུ་བར། བདེན་ པ་རྣམས་ལ་ངེས་པའི་ཤེས་རབ་རྗེས་འབྲང་དང་བཅས་པའི་མཚན་ཉིད་ཅན་དུ་གསུངས་ཤིང་བདག་ཉིད་ཀྱིས་ཡང་དག་པར་ཁོང་དུ་ཆུད་པའོ་ཞེའོ། ། ངེས་ཚིག་ནི། མངོན་སུམ་དུ་རྟོགས་པས་དང་མངོན་སུམ་ལ་ཕྱོགས་པར་རྟོགས་པས་སོ། ། 1-834 གྲངས་ཀྱི་དབྱེ་བ་ནི་བཅུའོ། །གསལ་བའི་དབྱེ་བ་ཆོས་མངོན་རྟོགས་སོགས་ཏེ་དང་པོ་བདུན་ངོ་བོས་དབྱེ་བ་དང་། ཕྱི་མ་གསུམ་རྣམ་པའི་དབྱེ་བའོ། །གཉིས་པ་ལ་ཆོས་མངོན་རྟོགས་ནི་གཞན་གྱི་སྒྲའི་ དབང་དུ་བྱས་ཏེ་ཆོས་མདོ་ལ་སོགས་པ་ལ་ཚོགས་ཙམ་གྱིས་བསྡུས་པའི་མོས་དད་ཆེན་པོ་ཐོབ་པ་སྟེ། དེ་ཐོབ་པས་བདེན་པ་རྣམས་ཆོས་མངོན་པར་རྟོགས་པས་རྟོགས་ཞེས་བརྗོད་པས་སོ། །དོན་མངོན་ རྟོགས་ནི་སྦྱོར་ལམ་དུ་དམིགས་པ་སྡེ་སྣོད་ཀྱི་ཆོས་ཁོ་ན་ལ་ཚུལ་བཞིན་ཡིད་ལ་བྱེད་པའི་དབང་དུ་བྱས་ཏེ་བདེན་པ་ལ་ཆོས་མི་རྟག་སོགས་སུ་ངེས་པར་སེམས་ཤིང་དཔྱོད་པའི་བཟོད་པ་ ཚོགས་ལམ་ལ་ལྟོས་པའི་ཆེན་པོ་ཐོབ་པ་སྟེ། དེ་ཡང་ཆེན་པོའི་ཆུང་ངུ་ནི་དྲོད་དོ། འབྲིང་ནི་རྩེ་མོ་དང་བཟོད་པའོ། །ཆེན་པོ་ནི་ཆོས་མཆོག་གོ །ཆོས་ཀྱི་དེ་ཁོ་ན་ཉིད་བདེན་བཞི་ མངོན་རྟོགས་ནི་མཐོང་ལམ་སྟེ། དེ་ལ་ནི་བདེན་པ་འདི་དང་འདི་ལྟ་བུའོ་ཞེས་

【現代漢語翻譯】 通過禪定之路,能同時捨棄從欲界到有頂天之間的所有煩惱,以大之又大的九品同時捨棄,而不是像世間道和漸次道那樣,根據地的不同而分別捨棄。如指尖之要義中說:『色等五蘊及過去等十一法,全部合為一體,成為一個部分。』合為一體,聚為一體,總為一體,成為一個蘊。這樣做了之後,如此教導說:『這一切都是無常的,這一切都是痛苦的』等等。捨棄了所有見道所斷之法,便安立為初果;捨棄了所有修道所斷之法,便安立為阿羅漢。中間二果不是這樣,因為它們捨棄的次第與之前所說的不符。就此而言,《分別經》中將阿羅漢置於入流果之下。大多數情況下,在獲得見法入流果時,便能獲得一切智阿羅漢果。即使不能,也會因願力的緣故,爲了迅速涅槃,或者因為沒有捨棄欲界的煩惱而生於欲界,如果佛陀出世,則成為佛陀的聲聞弟子;如果沒有佛陀出世,則成為獨覺。 證悟有三種:分類、各自的體性和大乘小乘證悟的差別。第一種分類的依據有兩種,體性方面,《攝類學》中說:『是對真理具有定解的智慧,具有隨行者的特徵,並且自己完全領悟。』定義是:直接證悟或趨向于直接證悟。數量的分類是十種。顯現的分類是法現觀等,前七種是體性的分類,后三種是相的分類。第二種,法現觀是依靠他人的言語,對佛法經文等產生極大的信心,從而證悟。因為通過證悟法而證悟真理,所以稱為證悟。義現觀是在加行道中,專注于蘊、處、界之法,如理作意,對真理產生無常等定解,並進行思維抉擇的忍位,是相對於資糧道而言的巨大證悟。其中,大之小是暖位,中等是頂位和忍位,大的是世第一法。證悟法之真如,即四諦,是見道,對於此,會認為真理就是如此這般。

【English Translation】 Through the path of meditation, one can simultaneously abandon all afflictions from the desire realm to the peak of existence, abandoning the ninefold great of the great all at once, rather than abandoning them separately according to the different grounds, as in the worldly path and the gradual path. As it says in the ‘Essence of Fingertips’: ‘The five aggregates of form, etc., and the eleven dharmas of the past, etc., are all combined into one, becoming one part.’ Combined into one, gathered into one, totaled into one, becoming one aggregate. Having done this, teach thus: ‘All this is impermanent, all this is suffering,’ and so on. Having abandoned all that is to be abandoned by the path of seeing, one is established as the first fruit; having abandoned all that is to be abandoned by the path of meditation, one is established as an Arhat. The two intermediate fruits are not like this, because their order of abandonment does not match what was said before. In this regard, the ‘Differentiation Sutra’ places the Arhat below the Stream-enterer. In most cases, when one attains the Stream-enterer fruit of seeing the Dharma, one can attain the omniscient Arhat fruit. Even if one cannot, one will, due to the power of aspiration, be reborn in the desire realm in order to quickly attain Nirvana, or because one has not abandoned the afflictions of the desire realm. If a Buddha appears, one will become a Shravaka disciple of the Buddha; if no Buddha appears, one will become a Pratyekabuddha. There are three types of realization: classification, the nature of each, and the difference between the realization of the Mahayana and Hinayana. The basis for the first classification is twofold. Regarding the nature, the ‘Compendium of Categories’ says: ‘It is the wisdom that has definite understanding of the truth, has the characteristic of having followers, and is completely understood by oneself.’ The definition is: directly realizing or tending towards directly realizing. The classification by number is ten. The classification of manifestation is Dharma Abhisamaya, etc. The first seven are classifications of nature, and the last three are classifications of aspect. Secondly, Dharma Abhisamaya is the realization that arises from having great faith in the Dharma scriptures, etc., relying on the words of others. Because one realizes the truth by realizing the Dharma, it is called realization. Artha Abhisamaya is the patience of contemplating and analyzing the truths with definite understanding of impermanence, etc., in the application path, focusing on the dharmas of the aggregates, elements, and sources, with proper attention, which is a great realization relative to the path of accumulation. Among them, the small of the great is the heat stage, the medium is the peak stage and the patience stage, and the great is the highest worldly Dharma. Realizing the suchness of the Dharma, which is the Four Noble Truths, is the path of seeing. For this, one will think that the truth is just like this.


རྣམ་བཞག་བྱེད་པ་རྗེས་ཐོབ་ཀུན་རྫོབ་ཤེས་པ་ལོ་ཀ་ལས་འདས་པའི་ཡེ་ཤེས་ཀྱིས་ས་བོན་བཏབ་པས་ཐོབ་ པར་བྱེད་དེ་སྐད་ཅིག་བཅུ་དྲུག་རྒྱུན་མི་འཆད་དུ་འབྱུང་བས་ལོ་ཀ་བའི་སེམས་ཀྱི་སྐབས་མེད་པའི་ཕྱིར་མངོན་དུ་ནི་མི་བྱེད་ཀྱི་ཀུན་རྫོབ་ཤེས་པ་དེ་རྣམས་སྒོམ་ལམ་ལ་མངོན་དུ་བྱེད་དོ། ། 1-835 མཐོང་ལམ་གྱི་རྗེས་ལ་མངོན་རྟོགས་ནི་མཐོང་ལམ་ལས་སྟེང་དུ་སྒོམ་ལམ་ལོ་ཀ་བའམ་དེ་ལས་འདས་པ་ཐམས་ཅད་དོ། །དཀོན་མཆོག་གསུམ་ལ་ཤེས་ནས་དད་པ་ནི་ཨེ་མ་བཅོམ་ལྡན་ནི་ཡང་ དག་པར་རྫོགས་པའི་སངས་རྒྱས་སོ། །དེའི་ཆོས་འདུལ་བ་ནི་ལེགས་པར་གསུངས་པའོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པའོ་ཞེས་ཟག་མེད་ཀྱི་ཤེས་པས་རྟོགས་ནས་ཡིད་ཆེས་པའོ། །ཟག་མེད་ ཀྱི་ཚུལ་ཁྲིམས་ཀྱང་འདིར་བསྡུས་ནས་དབྱེ་བ་བཞི་དང་རྫས་གཉིས་སུའང་འཆད་དེ། བདེན་གསུམ་མཐོང་ན་ཚུལ་ཁྲིམས་དང་། །ཆོས་ལ་ཤེས་ནས་དད་པ་ཐོབ། །ལམ་མངོན་རྟོགས་ན་སངས་རྒྱས་དང་། །དེ་ཡི་དགེ་ འདུན་དག་ལའང་། །ཞེས་དང་། སྐབས་འདིར། ཆོས་བདེན་གསུམ་དང་རང་སངས་རྒྱས། །བྱང་ཆུབ་སེམས་དཔའི་ལམ་ཡིན་ནོ། །རྫས་སུ་གཉིས་ཏེ་དད་པ་དང་། །ཚུལ་ཁྲིམས་དྲི་མ་མེད་པ་རྣམས། །ཞེས་སོ། །མི་དགེ་མི་ བྱེད་པའི་སྡོམ་པ་འཕགས་པ་དགེ་བའི་ཚུལ་ཁྲིམས་ཐོབ་པ་ལས་འཕགས་པ་སློབ་པ་ཞེས་ཏེ་དམྱལ་བ་སོགས་ཉིད་བསྡུས་ནས་རྣམ་གྲངས་གཞན་གྱིས་བརྗོད་པ་ཞེས་པ་བཤད་ཟིན་ཏོ། །ཟད་པའི་རྒྱུ་ནི་ ཉེས་སྤྱོད་ཀུན་ནས་སློང་བའི་ཉོན་མོངས་ཆད་པའི་ཕྱིར་བདག་ཀྱང་ངན་སོང་སྐྱེད་པའི་ལས་ཞེས་སོ། །མངོན་རྟོགས་འདི་གཉིས་ནི་དེ་ཁོ་ན་ཉིད་མངོན་པར་རྟོགས་པ་ཉིད་ན་འཐོབ་སྟེ་ཤེས་ནས་ཞེས་དང་སློབ་པ་ཞེས་པའི་གསུངས་ལས་སོ། ། 1-836 སྒོམ་ལམ་གྱི་རྗེས་ལ་གསུངས་པས་དེ་ལ་མངོན་དུ་བྱེད་དོ་ཞེའོ། །མཐར་ཐུག་པའི་མངོན་རྟོགས་ནི་གནས་ངན་ལེན་ཀུན་སྦྱངས་པ་སོགས་ཏེ་བསྟན་ཟིན་ཏོ། །ཆོས་སོགས་མངོན་རྟོགས་བདུན་པོ་དེ་རྣམས་ཉིད་ བསྡུས་ཏེ་གཞན་གྱི་སྒྲ་ལ་བརྟེན་ནས་འཐོབ་པས་ཞེས་སོ། །བདུན་པོ་དེ་རྣམས་ཕལ་ཆེར་དང་ཇི་རིགས་པར་སློབ་དཔོན་གྱི་སྒྲ་ལ་མ་བརྟེན་པ་ཞེས་སོ། །ཡང་ན་ཀུན་ཚང་བ་མི་རྟེན་པའོ། ། དེས་ན་མངོན་རྟོགས་བདུན་ནི་ཐེག་ཆུང་བའི་དབང་དུ་བྱས་ཤིང་དེ་རྣམས་ལ་ཉན་ཐོས་དང་རང་རྒྱལ་གདུལ་བའི་ཐབས་ལ་མཁས་པའི་ཆེད་དུ་ཡང་དག་པར་འགྲུབ་པའི་བཟོད་པ་ནི་ཇི་ལྟར་དེ་ བདུན་འགྲུབ་པ་དེ་ལྟར་ཡོངས་སུ་ཤེས་པ་སྟེ། རྣམ་འགྲེལ་དུ། བརྩེ་ལྡན་དུཿཁ་གཞོམ་དོན་དུ། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན། ། ཞེས་སོ། །དེ་བདུན་མངོན་དུ་མ་བྱེད་པ་ནི་སེམས་ཅན་ལ་ལྟ་བས་ཐེག་པ་ཆུང་ངུས་ངེས་པར་མི་འབྱུང་བའི་ཕྱིར་རོ།

【現代漢語翻譯】 獲得造作,后得世俗智,由超世間之智慧播下種子而獲得,以十六剎那不間斷生起,因為沒有世間心之境,所以不現前,但將那些世俗智在修道上現前。 見道之後現觀,是從見道之上的修道,無論是世間的還是超世間的。於三寶知曉而生起信心,即『唉瑪,薄伽梵(藏文:བཅོམ་ལྡན་,梵文天城體:भगवन्,梵文羅馬擬音:bhagavan,漢語字面意思:薄伽梵),是真實圓滿之佛陀。』,『其教法調伏是善說。』,『其聲聞僧伽是善入。』,以無漏之智慧證悟而生起信賴。無漏之戒律也在此處總攝,並分為四種差別和兩種實體來解釋:『若見三真諦,則得戒律,於法知曉而得信心,若現觀道,則于佛陀,及其僧伽亦然。』,以及,『此處,法之三真諦和獨覺,是菩提薩埵之道。實體上有二,即信心和無垢之戒律。』。不作惡業之律儀,從獲得聖者之善戒律,稱為聖者學道,即總攝地獄等,以其他名稱來表達,已經講述完畢。滅盡之因是,因為斷除了引發一切惡行的煩惱,所以『我亦是生惡趣之業』。這兩種現觀唯有在現證真如時才能獲得,從『知曉』和『學道』之語中可知。 修道之後所說,即于彼現前。究竟之現觀,即清凈一切惡趣等,已經講述完畢。總攝彼等七種法等現觀,從依賴於其他聲音而獲得可知。彼等七種,大多數和如理如實地不依賴於阿阇梨之聲音。或者全部不依賴。因此,七現觀是就小乘而言,爲了使彼等成為聲聞和獨覺調伏之方便,而真實成就之忍,即如彼七種成就般完全知曉。在《釋量論》中說:『慈悲為懷,為摧毀痛苦,于諸方便而現前勤勉,方便生起,彼因隱蔽故,說彼是困難的。』。不現前彼等七種,是因為觀察有情,以小乘必定不生起之故。

【English Translation】 The attainment of conceptualization, the subsequent worldly wisdom, is obtained by planting seeds with the wisdom that transcends the world, arising uninterruptedly in sixteen moments. Because there is no state of worldly mind, it does not manifest directly, but those worldly wisdoms are manifested on the path of cultivation. The direct realization after the path of seeing is the path of cultivation above the path of seeing, whether worldly or transcendental. Having known the Three Jewels, faith arises, that is, ‘Ema, Bhagavan (藏文:བཅོམ་ལྡན་,梵文天城體:भगवन्,梵文羅馬擬音:bhagavan,漢語字面意思:薄伽梵), is the perfectly complete Buddha.’ ‘His Dharma-Vinaya is well-spoken.’ ‘His Sangha of Hearers is well-entered,’ believing after realizing with undefiled wisdom. Undefiled morality is also included here, and it is explained in four distinctions and two entities: ‘If one sees the three truths, one obtains morality, knowing the Dharma and obtaining faith, if one directly realizes the path, then to the Buddha, and also to his Sangha.’ And, ‘Here, the three truths of Dharma and the Pratyekabuddha, are the path of the Bodhisattva. There are two entities, namely faith and undefiled morality.’ The vows of not committing unwholesome deeds, from obtaining the noble virtuous morality, are called the noble path of learning, that is, summarizing hells, etc., expressing it with other names, has been explained. The cause of exhaustion is because the afflictions that arise from all misconduct have been eliminated, so ‘I am also the karma that generates evil destinies.’ These two direct realizations can only be obtained when directly realizing Suchness, as can be seen from the words ‘knowing’ and ‘learning’. It is said after the path of cultivation, that is, it is manifested there. The ultimate direct realization, that is, purifying all evil destinies, etc., has been explained. Summarizing those seven direct realizations of Dharma, etc., it can be known from relying on other sounds to obtain them. Those seven, mostly and appropriately, do not rely on the voice of the Acharya. Or all do not rely. Therefore, the seven direct realizations are in terms of the Lesser Vehicle, and in order to make them a means of taming Hearers and Solitary Realizers, the patience of truly accomplishing is to fully know how those seven are accomplished. In the Commentary on Valid Cognition, it says: ‘Being compassionate, for the sake of destroying suffering, he diligently applies various methods. The arising of methods, its cause is hidden, so it is difficult to explain it.’ Not manifesting those seven is because, observing sentient beings, it is certain that it will not arise from the Lesser Vehicle.


།དེ་ལྟར་ཤེས་པར་བྱ་བའི་མངོན་རྟོགས་བསྟན་ནས་མངོན་དུ་བྱེད་པའི་ མངོན་རྟོགས་སྟོན་པ་ཡང་ཞེས་ཏེ་སྐྱོན་ཟག་པ་མེད་པ་ལ་ཞུགས་པ་ནི་ཐོག་མ་ཉིད་དུ་འཕགས་པའི་ས་ལ་འཇུག་པའོ། །རབ་དགའ་ཙམ་སྨོས་པ་ནི་ཐེག་བསྡུས་རྩ་འགྲེལ་དུ་འབྱུང་བ་ལྟར་ས་དང་པོར་ཆོས་དབྱིངས་རྟོགས་པ་ན་དེ་དང་རིགས་འདྲ་བས་ན་ས་ཀུན་རྟོགས་པ་སྟེ། 1-837 ཇི་ལྟར་སྨྱུག་ཚིགས་དང་པོ་ལ། །བཀས་པའི་ཚུལ་ལྟར་ཐམས་ཅད་ཀྱང་། །དེ་ལྟར་མྱུར་དུ་གས་པར་འགྱུར། །དེ་བཞིན་ཡེ་ཤེས་གཅིག་ནས་གཅིག །ཅེས་བཤད་སྦྱར་དུ་དྲངས་སོ། །གསུམ་པ་ལ་གཉིས་ལས་ཁྱད་ པར་སྤྱིར་བསྟན་པ་ལ་དམིགས་པའི་ཁྱད་པར་ནི། དེས་ཉན་ཐོས་ཀྱི་སྡེ་སྣོད་ཙམ་ལ་དམིགས་ལ་འདིས་ཤིན་ཏུ་རྒྱས་པ་ལ་དམིགས་པས་སོ། །ཉེ་བར་རྟོན་པའི་ནི་སྲིད་པ་ཙམ་ལས་ཚོགས་མི་ གསོག་པ་དང་གྲངས་མེད་གསུམ་དུ་གསོག་པས་སོ། །རྟོགས་པའི་ནི་བྱང་སར་གསུངས་པ་ལྟར་བདག་མེད་པའི་ཕུང་པོ་ཙམ་དུ་དམིགས་པས་ཆོས་གཟུང་འཛིན་མེད་པར་མི་ཤེས་པ་དང་བདག་མེད་གཉིས་ཀ་ ཤེས་པས་སོ། །ཁས་ལེན་པའི་ནི་རང་དོན་ཙམ་བྱེད་པར་འདོད་པ་དང་རང་གཞན་མཉམ་པར་ཁས་ལེན་པས་སོ། །ངེས་པར་འབྱུང་བའི་ནི་དེ་ས་བདུན་གྱིས་དང་། འདི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ ཤེས། རྣམ་རྟོག་མེད་པའི་ངེས་འབྱུང་ནི། །ས་བཅུ་རྣམས་སུ་ཤེས་བྱ་སྟེ། །ཐོབ་པ་དང་ནི་གྲུབ་ཕྱིར་རོ། །ཞེས་ཐེག་བསྡུས་སུ་འབྱུང་བ་ལྟར་རོ། །ཡོངས་སུ་འཛིན་པའི་ནི་ཞི་བར་ལྟུང་བ་དང་ མི་གནས་པའི་མྱང་འདས་འཛིན་པས་ཏེ་རྒྱུད་བླར། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་དེ། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་རྩེ་བྱང་ཆུབ་ཐབས་སྟེན་པ། །འཕགས་པ་འཁོར་བའང་མྱ་ངན་འདས་མི་འགྱུར། ། 1-838 ཞེས་འབྱུང་ངོ་། །གནས་དང་འཁོར་གྱི་ནི་དེས་མི་བྱེད་པའི་འདིས་སངས་རྒྱས་ཀྱི་ཞིང་སྦྱོང་བ་དང་གདུལ་བྱའི་སྐྱེ་བོ་སྡུད་པས་སོ། །བཙུན་པར་སྐྱེ་བའི་ནི་ཡབ་སངས་རྒྱས་ཀྱི་གདུང་འཚོབ་མི་ནུས་ པ་དང་བུ་ཐུ་བོ་ལྟར་ནུས་པའི་ཕྱིར་རོ། །སྐྱེ་བ་ནི་ལོངས་སྤྱོད་རྫོགས་པའི་འཁོར་གྱི་དཀྱིལ་འཁོར་དུ་སྐྱེ་བས་སོ། །འབྲས་བུའི་ཁྱད་པར་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཀྱི། སྤྱི་དོན་ལ་ བཞི་ལས་སངས་རྒྱས་ཀྱི་རྒྱུ་ནི། རྒྱན་དུ། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀའི་སྟེ། །ལྔ་ཅར་ཡང་ནི་ཡེ་ཤེས་ཚོགས། །ཞེས་པའི་ཚོགས་ གཉིས་སྐལ་པ་གྲངས་མེད་གསུམ་གྱིས་རྫོགས་པར་བྱེད་པའོ། །དེའང་དུས་རྟོག་པ་ཙམ་དུ་ཟད་པ་དང་བརྩོན་འགྲུས་སྦྱངས་པས་ཡུན་རིང་བར་མི་བསམ་སྟེ་དུས་གསུམ་བརྟགས་པར། རྨི་ལམ་ན་ནི་ལོ་གཅིག་ ཀུན། །ཡུད་ཙམ་གྱིས་ཀྱང་དམིགས་པ་སྟེ། །དེས་ན་དཔག་མེད་དུས་རྣམས་ཀྱང་། །སྐད་

【現代漢語翻譯】 如是宣說了知曉之現觀后,又宣說現證之現觀,即進入無垢之境,最初便是進入聖者之位。僅提及極喜地,如《攝大乘論》及其釋文中記載,初地證悟法界時,因與此相似,故證悟一切地。 如竹節初破,一切皆隨之破裂一般,迅速破裂。如是,智慧亦由一而生一。』此乃引用之說。第三點,二者之差別,總的來說,所緣之差別在於,前者僅緣聲聞之藏,而後者則緣極廣之境。所依之差別在於,前者僅依有,不積資糧,而後者則於三無數劫中積資糧。證悟之差別在於,如《瑜伽師地論》中所說,前者僅緣無我之蘊,不知無執著之法,而後者則知二無我。承諾之差別在於,前者僅欲成辦自利,而後者則承諾自他平等。出離之差別在於,前者以七地,而後者則以菩薩之 智。無分別之出離,當於十地中知曉,為獲得與成就之故。』如《攝大乘論》中所說。攝持之差別在於,前者墮于寂滅,而後者則攝持不住涅槃,如《寶性論》云:『以慧斷除一切我貪后,為眾生貪故,具悲不獲寂。如是智頂依菩提方便,聖者輪迴亦不入滅。』 安住與眷屬之差別在於,前者不作,而後者則凈佛剎,攝受所化之眾。出生為尊貴之差別在於,前者不能繼承父佛之種姓,而後者則如子能繼承。出生在於,于圓滿受用之眷屬壇城中出生。果之差別,分別宣說有二。總義有四,佛之因在於,《莊嚴經論》云:『佈施與戒律,是福德之資糧,智慧是智慧之資糧,其餘三者是二者之資糧,五者皆是智慧之資糧。』即以二資糧於三無數劫中圓滿。彼亦僅於時間上作意,不以勤奮修習而覺時間長久,故於三時觀察:『夢中一年頃,剎那亦可緣,故無數時亦,如彈指頃爾。』

【English Translation】 Having thus explained the manifestation of realization to be known, it also explains the manifestation of realization to be manifested, that is, entering the stainless state is the entry into the stage of the noble ones at the very beginning. Mentioning only the Extremely Joyful Ground, as it appears in the root text and commentary of the Compendium of Determinations, when the Dharma Realm is realized on the first ground, since it is similar to it, all grounds are realized. 『Just as the first break in a bamboo node, everything also breaks in that way, quickly breaking. Likewise, wisdom arises one from another.』 This is a quoted statement. The third point, the difference between the two, generally speaking, the difference in focus is that the former only focuses on the Hearer Vehicle, while the latter focuses on the extremely vast. The difference in reliance is that the former only relies on existence, not accumulating merit, while the latter accumulates merit for three countless eons. The difference in realization is that, as stated in the Yogācārabhūmi-śāstra, the former only focuses on the aggregates of selflessness, not knowing the dharma without grasping, while the latter knows both selflessnesses. The difference in commitment is that the former only wants to accomplish their own benefit, while the latter commits to equality between self and others. The difference in emergence is that the former is through seven grounds, while the latter is through the knowledge of Bodhisattvas. 『The emergence without conceptualization is to be known in the ten grounds, for the sake of attainment and accomplishment.』 As it appears in the Compendium of Determinations. The difference in complete holding is that the former falls into peace, while the latter holds non-abiding nirvana, as the Uttaratantra says: 『Having cut off all self-attachment with wisdom, because of attachment to sentient beings, the compassionate one does not attain peace. Thus, the peak of intelligence relies on the means of enlightenment, the noble one neither transmigrates in cyclic existence nor enters into sorrow.』 The difference in abode and retinue is that the former does not act, while the latter purifies the Buddha-field and gathers beings to be tamed. The difference in being born as noble is that the former cannot inherit the lineage of the father Buddha, while the latter can, like a true son. Birth is in the mandala of the retinue of perfect enjoyment. The difference in fruit is explained separately in two parts. The general meaning has four parts, the cause of the Buddha is, as the Ornament of Realization says: 『Giving and ethics are the accumulation of merit, wisdom is the accumulation of wisdom, the other three are the accumulation of both, all five are the accumulation of wisdom.』 That is, perfecting the two accumulations in three countless eons. That also only focuses on time, not thinking of the length of time by diligently practicing, therefore observing in the three times: 『In a dream, a year, can also be focused on in an instant, therefore countless times, are like a snap of the fingers.』


ཅིག་ཉིད་དུ་འདུ་བར་འགྱུར། །ཞེས་དང་། བསྟོད་པར་རབ་ཏུ་བརྩོན་པ་ཁྱོད་ལ་དཔག་ཏུ་མེད་པའི་དུས་ཀྱང་ཐུང་ངུར་ འདས་ཞེས་བཤད་སྦྱར་དུ་དྲངས་སོ། །སངས་རྒྱ་ཚུལ་ནི་འོག་མིན་ཆེན་པོར་ལོངས་སྐུའི་རྟེན་ལ་ཆོས་སྐུ་མངོན་དུ་མཛད་ཅིང་སྤྲུལ་སྐུ་གླིང་བཞི་པ་ཐེར་འབུམ་དུ་ཅིག་ཅར་བྱང་ཆུབ་པའི་ཚུལ་བསྟན་ཏེ་ལང་ཀར་གཤེགས་པར། 1-839 གཙང་མའི་གནས་རྣམས་སྤངས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་རྫོགས་སངས་དེར་སངས་རྒྱས། །སྤྲུལ་པ་འདིར་ནི་མངོན་སངས་རྒྱས། །ཞེས་དང་། སྐྱབས་གསུམ་བདུན་ཅུ་པར། འོག་མིན་གཞལ་ཡས་ཁང་ དུ་ནི། །དེ་ཉིད་མངོན་སུམ་བྱ་བར་བཞེད། །སྤྲུལ་པའི་སྐུ་རྣམས་བྱང་ཆུབ་པ། །ས་ཡི་སྟེང་དུ་སྟོན་པར་བྱེད། །ཅེས་སོ། །དེ་ཡང་རྣལ་འབྱོར་རྒྱུད་ཀྱི་སློབ་དཔོན་ལ་ལ་དཀའ་བ་སྤྱོད་པའི་དུས་ ཉིད་ན་སྤྲུལ་པའི་ལུས་དེར་བཞག་སྟེ་ཏིང་ངེ་འཛིན་གྱི་ལུས་ཀྱིས་འོག་མིན་དུ་བྱོན་ནས་སངས་རྒྱས་པར་བཞེད་དོ། །དེ་མིན་ལས་འབྱེད་པའི་མཚན་ཉིད་ནི་སྤང་བྱ་ཀུན་སྤངས་ཤིང་ཡོན་ཏན་རྣམ་ པ་ཀུན་ཡོངས་སུ་རྫོགས་པའོ། །བཞི་པ་དངོས་པོ་ལ་སྐུ་གསུམ་གྱི་ངོ་བོ་དང་དེའི་འཇོག་ཚུལ་གཞན་བསྟན་པ་གཉིས་ཀྱི་དང་པོ་ལའང་གསུམ་ལས་རང་བཞིན་པའི་སྐུ་ལ་གཉིས་ཏེ། ངོས་གཟུང་བ་ དང་། ཡེ་ཤེས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་ཆོས་ཉིད་རྣམ་པར་དག་པ་དང་དྲི་མ་མེད་ཅིང་ཐོགས་པ་མེད་པའི་ཡེ་ཤེས་ཏེ་ཡུམ་གྱི་རྒྱན་དུ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ། ཟག་པ་མེད་པའི་ཆོས་གང་རྣམས། །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་རྣམས་རང་བཞིན་མཚན་ཉིད་ཅན། །ཞེས་དང་། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་པ་ནས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། ། 1-840 ཞེས་ཀྱི་བར་དང་། མདོ་སྡེ་རྒྱན་དུ། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དེ། །དངོས་པོ་ཤེས་པ་དེ་ལ་དམིགས། །དབང་ཟད་མི་ཤེས་མཚན་ཉིད་དོ། །ཞེས་དང་། །སློབ་དཔོན་ ཙན་ཏྲ་གོ་མི་ཡིས་ཀྱང་། དེ་བཞིན་ཉིད་ནི་ཆོས་སྐུའོ། །རྣམ་རྟོག་རྣམས་ཀྱི་སྤྱོད་ཡུལ་མིན། །རྣམ་པ་ཐམས་ཅད་རྣམ་དག་ཕྱིར། །རྫོགས་པའི་བྱང་ཆུབ་ཁོ་ནའི་ཡུལ། །ཞེས་དང་། བདུན་བཅུ་པར། ཆོས་རྣམས་ རང་བཞིན་ཁོ་ན་ལ། །གནས་པའི་བློ་ལ་སངས་རྒྱས་བརྗོད། །ཅེས་གསུངས་སོ། །གཉིས་པ་ལ་བཞི་ལས་དང་པོ་སོ་སོའི་ངོ་བོ་ལ་བཞིའི་དང་པོ་ནི། ཤེས་བྱ་ཀུན་ཡུལ་དང་དུས་དང་རང་བཞིན་ དང་གནས་སྐབས་སོ་སོ་བ་མེ་ལོང་ལ་གཟུགས་ལྟར་གསལ་བར་སྣང་བ་གང་དང་ལྡན་པས་ཀུན་མཁྱེན་ཏུ་བརྗོད་པ་སྟེ། རྒྱན་དུ། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་ཤེས་བྱ་དེ་ལ་མངོན་ཕྱོགས་མིན། དེ་རྣམ་པ་མེད་པའམ་མི་རྟོག་པས་སོ། །

【現代漢語翻譯】 『成為一體。』並且,讚歎您極其勤奮,無數的時間也短暫地流逝了,如是引用了解釋。成佛的方式是在最勝凈土(梵文:Akaniṣṭha,漢語:色究竟天)以報身的所依顯現法身,並在四大洲的十億化身同時示現成佛之相,如《楞伽經》所說: 『捨棄清凈之處,最勝凈土令人愉悅,在那裡證得圓滿正覺,化身則在此顯現成佛。』以及《七十頌》中說:『在最勝凈土的宮殿中,如實地顯現。化身成佛,在地上示現。』 此外,瑜伽續部的某些論師認為,在苦行之時,將化身留在那裡,以禪定的身體前往最勝凈土成佛。另一種區分的方式是,捨棄一切應捨棄的,圓滿一切功德。第四,關於事物的三身之體性和其他安立方式,首先分為兩種,自性身份為兩種:認識和智慧的詳細解釋。第一種是法性完全清凈,無垢無礙的智慧,如《現觀莊嚴論》中說:『佛陀的自性身,是無漏的諸法,獲得一切完全清凈,這些是自性的特徵。』以及,從『菩提分法相應無量』到『被稱為法身』之間,以及《經莊嚴論》中說:『諸法的真如,是二障清凈的特徵,事物認識以其為對境,權勢窮盡不知是其特徵。』 並且,導師旃扎·果彌(梵文:Candragomin,漢語:月稱)也說:『真如是法身,不是分別唸的行境,因為一切相完全清凈,只是圓滿菩提的對境。』以及,《七十頌》中說:『對於諸法自性安住的智慧,稱為佛。』 第二,分為四種,首先是各自的體性,分為四種,第一種是:對於一切所知,以其境、時、自性、狀態各異,如鏡中顯現影像般清晰顯現,與之相應者,被稱為一切智者。如《現觀莊嚴論》中說:『我沒有鏡子般的智慧,完全不間斷地恒常具有,對於一切所知不愚昧,恒常對於所知不顯現。』這是因為無相或無分別。

【English Translation】 ‘They will become one.’ Furthermore, it is said that praising you is extremely diligent, and countless times have passed quickly, as explained by the quotation. The way to attain Buddhahood is to manifest the Dharmakāya (法身, Dharma-body) in the Akaniṣṭha (最勝凈土, Highest Pure Land) realm with the support of the Sambhogakāya (報身, Enjoyment Body), and to simultaneously show the aspect of attaining enlightenment in a billion Nirmanakayas (化身, Emanation Body) in the four continents, as stated in the Laṅkāvatāra Sūtra: ‘Having abandoned the pure places, the Akaniṣṭha realm is delightful, there one attains perfect enlightenment, while the Nirmanakaya manifests enlightenment here.’ And in the Seventy Verses, it says: ‘In the palace of Akaniṣṭha, it is truly manifested. The Nirmanakayas attain enlightenment, showing it on the earth.’ Moreover, some teachers of the Yoga Tantra tradition believe that during the time of ascetic practice, the Nirmanakaya is left there, and one goes to Akaniṣṭha with the body of Samadhi (禪定, meditative concentration) to attain Buddhahood. Another way to distinguish it is to abandon all that should be abandoned and perfect all qualities. Fourth, regarding the nature of the Trikaya (三身, Three Bodies) of things and other ways of establishing them, first, there are two types: the Svabhavikakaya (自性身, Essence Body) is divided into two types: recognition and detailed explanations of wisdom. The first is the wisdom of Dharmata (法性, the nature of reality) that is completely pure, without defilements, and unobstructed, as stated in the Ornament of the Mother Sutra: ‘The Svabhavikakaya of the Buddha is the undefiled Dharmas (法, phenomena), having attained all completely pure aspects, these are the characteristics of Svabhava (自性, own-being).’ And from ‘the Bodhipakṣa-samyukta-apramāṇa (菩提分法相應無量, immeasurable associated with the aspects of enlightenment)’ to ‘is called the Dharmakaya (法身, Dharma Body),’ and in the Ornament of the Sutras, it says: ‘The Tathata (真如, suchness) of all Dharmas is the characteristic of the purification of the two obscurations, the knowledge of things takes it as its object, the exhaustion of power is its characteristic of not knowing.’ Furthermore, the teacher Candragomin (旃扎·果彌, 月稱) also said: ‘Tathata is the Dharmakaya, it is not the object of conceptual thoughts, because all aspects are completely pure, it is only the object of perfect enlightenment.’ And in the Seventy Verses, it says: ‘For the wisdom that abides in the Svabhava of all Dharmas, it is called Buddha.’ Second, it is divided into four types, first is the nature of each, divided into four types, the first is: for all knowable things, with their different objects, times, natures, and states, appearing clearly like images appearing in a mirror, one who corresponds to this is called the Omniscient. As stated in the Ornament of Realization: ‘I do not have mirror-like wisdom, it is constantly present without interruption, not ignorant of all knowable things, constantly not appearing to the knowable things.’ This is because it is without characteristics or without distinctions.


ཞེས་སོ། །གཉིས་པ་ནི་ས་དང་པོར་བདག་གཞན་མཉམ་པ་ཉིད་དུ་ རྟོགས་པ་དེ་རབ་ཏུ་སོན་པ་མི་གནས་པའི་མྱང་འདས་ལ་ཞུགས་པ་སྟེ། སྒོམ་པ་དག་པས་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། །མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། ། 1-841 དུས་རྣམས་ཀུན་ཏུ་བྱམས་པ་དང་། །ཐུགས་རྗེ་ཆེན་པོ་རྣམས་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་སོ། །གསུམ་པ་ནི་ཤེས་བྱའི་རྣམ་པ་ཀུན་ལ་ཐོགས་ མེད་དུ་འཇུག་པ་སོགས་ཏེ། སོ་སོར་རྟོགས་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ ནི། །འབྱོར་པ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་སོ། །འདི་ནི་ཡིད་ཤེས་གནས་གྱུར་པ་སྟེ། བཙུན་པ་ཟླ་བས། སོ་སོར་རྟོག་པའི་ ཡེ་ཤེས་ནི། ཡིད་ཀྱི་རྣམ་ཤེས་ཉིད་དེ་འོ། །ཞེས་སོ། །བཞི་པ་ནི་འགྲོ་བའི་དོན་སྒྲུབ་པར་མཛད་པ་སྟེ། བྱ་བ་སྒྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང་། །དཔག་མེད་བསམ་ ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་སྒྲུབ་པ་འོ། །ཞེས་སོ། །འདི་ནི་སྒོ་ལྔའི་རྣམ་ཤེས་གནས་གྱུར་པ་སྟེ། །དབང་པོ་ལྔ་ཡི་རྣམ་ཤེས་གང་། །དེ་ནི་དོན་ཀུན་ཡོངས་རྫོགས་ཕྱིར། །སེམས་ཅན་ཀུན་ གྱི་དོན་དུ་ནི། །བྱ་བ་སྒྲུབ་པ་ཙམ་ཉིད་ཐོབ། །ཞེས་སོ། །གཉིས་པ་འཇུག་ཚུལ་ནི་ཡེ་ཤེས་འདི་རྣམས་མཉམ་བཞག་ཁོ་ན་ཡིན་གྱི་རྗེས་ཐོབ་མེད་ཏེ་ཐུབ་པའི་མ་འདྲེས་པ་གསུམ་པ་ལ་དབང་འབྱོར་བའི་ཕྱིར་དང་། 1-842 འདུལ་བ་ལུང་དུ། གླང་ཆེན་བཞེངས་ཀྱང་མཉམ་པར་བཞག །གླང་ཆེན་བཞུགས་ཀྱང་མཉམ་པར་བཞག །རྟག་ཏུ་མཉམ་པར་བཞག་པ་ཡིན། །ཞེས་གསུངས་པས་སོ། །གང་ཡང་བཅོམ་ལྡན་ནང་དུ་ཡང་དག་འཇོག་ལས་བཞེངས་ ཞེས་འབྱུང་བ་ནི་གདུལ་བྱའི་སྣང་བ་ལ་ལྟོས་པའོ། །གཞན་ནི་རྒྱུད་བླ་མར། ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས། །གསལ་དང་འཕྲོ་དང་དག་ཕྱིར་དང་། །ཐ་དད་མེད་ཕྱིར་འོད་དང་ཟེར། །ཉི་མའི་དཀྱིལ་ འཁོར་རྣམ་དང་མཚུངས། །ཞེས་པ་དེར་མཉམ་བཞག་རྗེས་ཐོབ་ཕྱེ་ནས་བཤད་པའི་ཕྱིར་རྗེས་ཐོབ་ཡོད་ཅེས་འདོད་དེ་གཞུང་དེའང་གང་ཟག་གི་བསམ་པ་ལ་དགོངས་པར་མངོན་ནོ། །གང་ཡང་བརྒྱད་སྟོང་འགྲེལ་པ་ ལེའུ་བཅུ་གཉིས་པར། རྒྱལ་བ་ལ་རྗེས་ཐོབ་ཏུ་རྟོག་པ་ཡོད་པར་བཤད་པ་འདི་དང་དེའི་ལེའུ་བཞི་པར། རྣམ་རྟོག་མ་རིག་པའི་ངོ་བོར་བཤད་པ་ནི་འགལ་མི་འགལ་བརྟག་དབུ་མ་དེ་ཁོ་ ན་ཉིད་ལ་འཇུག་པར། སེམས་ཅན་རྣམས་ཀྱི་དོན་མཛད་ཐབས། །རྣམ་རྟོག་ཡེ་ཤེས་མངའ་བས་ན། །དེ་ཡི་ཀུན་མཁྱེན་རྩོམ་པ་ཉིད། །དེ་དོན་ཡིན་ཕྱིར་ཉེས་པ་མེད། །ཅེས་འབྱུང་བ་དེ་

【現代漢語翻譯】 如是。第二是初地時,證悟自他平等,此覺悟達到極致,便進入無住涅槃。如是說:‘以清凈禪定,希求眾生之平等性智。進入無住寂靜,即是平等性智。’ 『於一切時中,具足慈愛與大悲。如眾生所愿,必定示現佛身。』如是。第三是於一切所知事物無礙通達等。如是說:‘妙觀察智,於一切所知事物恒常無礙。如三摩地與總持之寶藏。’ 『于諸輪之壇城中,示現一切圓滿。斷除一切疑惑,普降大法雨。』如是。此乃意識轉依。尊者月稱說:‘妙觀察智,即是意識之自性。’ 如是。第四是成辦利益眾生之事。如是說:‘成所作智,於一切界中,以無量無數之化身,成辦一切眾生之利益。’ 如是。此乃五根識轉依。‘五根之識,為圓滿一切義利故,唯得成辦一切眾生之利益。’ 如是。第二,入定之方式是,此等智慧唯是入定,而無出定,因已獲得能仁之第三不共功德。于《律藏》中雲:‘象站立亦入定,像坐下亦入定,恒常皆入定。’ 如是說。若有經文說,世尊從入定中起立,乃是隨順所化眾生之顯現。另於《寶性論》中說:‘智慧、智、解脫,以其明、照、凈,及無差別故,如光、芒、日輪。’ 此處區分了入定與出定而宣說,故認為有出定。然此論典亦是隨順補特伽羅之意樂。若於《八千頌般若釋》第十二章中說,勝者有出定之分別念,此與該論第四章中說,分別念是無明之體性,是否相違?于入中論中雲:‘為利有情之方便,以分別智而擁有,彼之遍知事業,為此義故無過失。‘如是說。

【English Translation】 Thus it is. Secondly, at the first bhumi (stage of enlightenment), realizing the equality of self and others, this realization reaches its peak, and one enters non-abiding nirvana. As it is said: ‘With pure meditation, one desires the wisdom of equality for sentient beings. Entering non-abiding peace is considered the wisdom of equality.’ ‘At all times, endowed with loving-kindness and great compassion. According to the wishes of sentient beings, one will surely manifest the body of a Buddha.’ Thus it is. Thirdly, it is about unimpeded access to all aspects of knowable things, etc. As it is said: ‘Discriminating awareness wisdom is always unimpeded in all knowable things. It is like a treasure of samadhi and dharani.’ ‘In the mandalas of the circles, one demonstrates all accomplishments. Cutting off all doubts, one pours down a great rain of Dharma.’ Thus it is. This is the transformation of consciousness. The venerable Chandrakirti said: ‘Discriminating awareness wisdom is the very nature of consciousness.’ Thus it is. Fourthly, it is about accomplishing the benefit of beings. As it is said: ‘Accomplishing activity wisdom, in all realms, with immeasurable and countless emanations, one accomplishes the benefit of all sentient beings.’ Thus it is. This is the transformation of the five sense consciousnesses. ‘The consciousnesses of the five senses, in order to perfect all meanings, attain only the accomplishment of the benefit of all sentient beings.’ Thus it is. Secondly, the way of entering samadhi is that these wisdoms are only in samadhi and there is no post-samadhi, because one has attained the third unshared quality of the Thubpa (Buddha). In the Vinaya Sutra, it is said: ‘Even when an elephant stands, it is in samadhi; even when an elephant sits, it is in samadhi; it is always in samadhi.’ Thus it is said. If there are texts that say the Bhagavan (Blessed One) arises from samadhi, it depends on the appearance to those who are to be tamed. Furthermore, in the Uttaratantra (Sublime Continuum), it says: ‘Wisdom, jnana (knowledge), and liberation, because of their clarity, radiance, and purity, and because they are non-different, are like light, rays, and the orb of the sun.’ There, samadhi and post-samadhi are distinguished and explained, so it is believed that there is post-samadhi. However, that text also appears to be in accordance with the intention of the individual. If in the commentary on the Ashtasahasrika Prajnaparamita Sutra (Perfection of Wisdom in Eight Thousand Lines), in the twelfth chapter, it is said that the Victorious One has conceptual thought in post-samadhi, and in the fourth chapter of that text, it is said that conceptual thought is the nature of ignorance, are these contradictory or not? In the Madhyamakavatara (Entering the Middle Way), it says: ‘The means of benefiting sentient beings, possessing discriminating wisdom, his omniscient activity, is for that purpose, so there is no fault.’ Thus it is said.


ནི་དཔྱད་དགོས་ ཏེ་ས་བརྒྱད་པ་ནས་ཀྱང་མི་རྟོག་པ་ལ་དབང་ཐོབ་པའི་ཕྱིར་རོ། །གང་ཕྱིར་ཕྱི་རོལ་དོན་གྲུབ་ཏུ། །རིང་དང་ཕྲ་སོགས་ཤེས་པ་ལས། །རྣལ་འབྱོར་ཅན་ཞེས་བྱེ་བྲག་དབྱེའི། །ཐམས་ཅད་མཁྱེན་མིན་ཐལ་འགྱུར་ཕྱིར། ། 1-843 གཉིས་ཀྱི་རྣམ་པ་ལས་གྲོལ་མིན། །ཞེས་གཟུང་འཛིན་དེ་ན་ཡོད་པར་བཤད་པ་ནི་བྱེ་བྲག་སྨྲ་བ་ཆོས་ཀྱི་བདག་མེད་མ་རིག་པའི་ལུགས་སོ། །གསུམ་པ་ཤེས་བྱ་མཁྱེན་ཚུལ་ནི་ཉན་ཐོས་སྡེ་ པ་དག རྒྱུན་གྱིས་སྤྱོད་པའི་ཕྱིར་ན་དཔེར། །མེ་ཡིས་ཐམས་ཅད་སྲེག་འདོད་ལྟར། །དེ་བཞིན་ཐམས་ཅད་མཁྱེན་འདོད་བྱའི། །ཅིག་ཅར་ཐམས་ཅད་མཁྱེན་ཕྱིར་མིན། །ཞེས་མཛོད་འགྲེལ་དགུ་པར་འབྱུང་བ་ལྟར་རིམ་གྱིས་ ཀུན་མཁྱེན་པར་འདོད་པ་དང་། ཡང་རྒྱལ་བས་ཀྱང་ཤེས་བྱ་ཚད་མེད་མཁྱེན་གྱི་ཀུན་མི་མཁྱེན་པར་སྨྲ་བ་ནི་མི་འཐད་དེ་མ་འདྲེས་པ་སྟོན་པའི་མདོར་དུས་གསུམ་ལ་མ་ཆགས་མ་ཐོགས་པའི་ ཡེ་ཤེས་གཟིགས་པ་ལ་འཇུག་ཅེས་བཀའ་སྩལ་པ་དང་འགལ་བས་དང་། །ཅིག་ཅར་དང་ཀུན་མི་མཁྱེན་པ་རྒྱུ་མེད་དང་རྒྱུ་གཞན་མི་རུང་བས་ན་སྒྲིབ་པའི་རྒྱུ་ཅན་ཡིན་པས་སྒྲིབ་པ་དང་བཅས་ པའི་ཕྱིར་སྤངས་རྟོགས་མ་རྫོགས་པར་འགྱུར་རོ། །འདི་དགག་པ་རྒྱ་ཆེར་བརྒྱད་སྟོང་འགྲེལ་པའི་ཤེས་བྱ་མཐའ་མེད་མཁྱེན་པར་ལྟའོ། །གང་ཡང་དབུ་མ་ཐལ་འགྱུར་བ་ཤེས་པ་ལ་སྣང་བས་ཁྱབ་ཅིང་སྣང་ བ་འཁྲུལ་བ་ཡིན་ལ་སངས་རྒྱས་པ་ན་འཁྲུལ་པ་ཟད་པའི་ཕྱིར་རང་རྒྱུད་ཀྱི་ཡེ་ཤེས་མེད་ཀྱི་ཡེ་ཤེས་ཀུན་གཞན་སྣང་ལ་ལྟོས་ཏེ་བཞག་པའོ་ཞེས་གསུངས་པའི་འཐད་མི་འཐད་ཀྱི་དཔྱད་པ་ནི་འདིར་སྐབས་མ་ཡིན་པས་བཞག་གོ ། 1-844 ཡང་ཡེ་ཤེས་དེས་ཁྱད་པར་ཀུན་དང་ལྡན་པའི་ད་ལྟར་བ་དངོས་སུ་མཁྱེན་པས་ཤུགས་ལ་འདས་མ་འོངས་མཁྱེན་པར་བརྒྱད་སྟོང་འགྲེལ་པར་གསུངས་པའང་ཡུལ་འདིའི་ཤེས་བྱ་དངོས་སུ་མཁྱེན་པས་ཤུགས་ལ་ ཡུལ་གྱི་བསྐལ་བ་རྣམས་མཁྱེན་པར་མཚུངས་པས་ཤིན་ཏུ་རྟོགས་དཀའོ། །དེས་ན་སྟོན་པའི་ཡེ་ཤེས་མཐའ་ཡས་པས་ཕྱོགས་དུས་ཀྱི་ཤེས་བྱ་ཀུན་ཅིག་ཅར་མཁྱེན་ཏེ་མདོ་སྡེ་རྒྱན་དུ། སངས་རྒྱས་རྣམས་ནི་ མངོན་སུམ་སྤྱན། །དུས་ལའང་ཡེ་ཤེས་བསྒྲིབས་པ་མེད། །ཅེས་དང་། བདེན་གཉིས་སུ། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པས་སོ། །དེ་ལ་རྩོད་པ་སྤང་བ་ནི་ འདས་མ་འོངས་ད་ལྟར་བའི་དངོས་པོར་མེད་པས་དེ་དངོས་སུ་མཁྱེན་ན་དངོས་མེད་དངོས་སུ་ཤེས་པའི་ཕྱིར་འཁྲུལ་པར་ཐལ་ལོ་ཅེ་ན། ལན་ལ་གཉིས་ཀྱི་མ་གྲུབ་པ་ཡིན་ནོ། །ཡུལ་གྱིས་ཆོད་ པའང་ཡུལ་དེ་ན་མེད་པས་དངོས་མེད་ཡིན་ཞེས་མཚུངས་ལ་དེ་ཉིད་ཀྱི་ཡུལ་ན་ཡོད་དོ་ཅེ་ན། དེ་དག་ཀྱང་བྱུང་བ་དང་འབྱུང་འགྱུར་དུ་ཡོད་དོ། །དོན་བྱའང་དེའི་ཡུལ་ཉེ་བ་ན་ཡིན་ པ་ལྟར་དེ་དག་གིའ

【現代漢語翻譯】 需要考察。 因為從第八地開始,就能獲得對無分別的控制。因為在外境事物成立時,從長和細等認知中,區分出『瑜伽士』的差別,所以會產生『並非一切智者』的推論。 1-843 『未從二相中解脫』,這樣說執取和能取存在於彼處,是分別說部未通達法無我的觀點。第三,了知所知的方式是聲聞部 派認為:『因為總是想行持,譬如,火想要燒盡一切一樣,同樣,應當想要了知一切,但並非同時了知一切。』如《俱舍論釋》第九品所說,他們認為次第了知一切。還有人說,即使勝者也不能完全了知無量所知,這是不合理的,因為與《不混雜經》中『對三世無執著、無障礙的智慧進行觀察』的教言相違背。並且,不能同時和完全了知一切,是因為沒有原因或原因不成立,因此是有障礙的原因,因為有障礙,所以會導致斷證不圓滿。關於對此的駁斥,請參考《八千頌般若釋》中關於『所知無邊,需了知』的觀點。還有,應成派認為,顯現即是意識,顯現即是錯亂,成佛時錯亂止息,因此自續的智慧不存在,一切智慧都依賴於他顯現而安立。關於這種觀點的合理與否的考察,在此不做討論。 1-844 此外,《八千頌般若釋》中說,智慧直接了知具有一切差別的當下,從而間接了知過去和未來,這與直接了知此處的所知,從而間接了知此處的劫相同,因此非常難以理解。因此,佛陀的智慧是無邊的,能同時了知所有方位的所知,如《經莊嚴論》所說:『諸佛是現量眼,對時間也沒有智慧的遮蔽。』以及《二諦論》中:『以一剎那的智慧,能周遍一切所知的壇城。』因此。 對於此的辯駁是:過去、未來、現在的事物不存在,如果直接了知它們,那麼就會出現直接了知不存在的事物,因此是錯亂的推論。回答是,這兩種觀點都不成立。因為處所隔絕的事物也不存在於該處,所以同樣可以稱為不存在的事物,如果說它們存在於該處,那麼它們也存在於已發生和將要發生的狀態中。如同要做的事情也在其處所附近一樣,它們也……

【English Translation】 It needs to be examined. Because from the eighth bhumi onwards, one gains control over non-conceptualization. Because when external objects are established, from the knowledge of long and subtle etc., the distinction of ‘Yogi’ is differentiated, therefore it would lead to the conclusion that ‘not omniscient’. 1-843 ‘Not liberated from the aspects of two’, stating that grasping and grasper exist there, is the view of the Vaibhashika school, which does not understand the selflessness of phenomena. Third, the way of knowing the knowable is the Sravaka school believes: ‘Because one always wants to practice, just as fire wants to burn everything, similarly, one should want to know everything, but not know everything at once.’ As stated in the ninth chapter of the Abhidharmakosha commentary, they believe in gradually knowing everything. Some also say that even the Victorious One cannot fully know the immeasurable knowable, which is unreasonable, because it contradicts the teaching in the ‘Non-Mixing Sutra’ that ‘observes the wisdom that is unattached and unobstructed to the three times.’ Furthermore, not being able to know everything simultaneously and completely is because there is no cause or the cause is not established, therefore it is the cause of obscuration, and because of obscuration, it will lead to incomplete abandonment and realization. For a refutation of this, please refer to the ‘Eight Thousand Verse Perfection of Wisdom Commentary’ regarding the view that ‘the knowable is endless, it needs to be known.’ Also, the Prasangika Madhyamaka school believes that appearance is pervasive with consciousness, and appearance is delusion, and when one becomes a Buddha, delusion ceases, therefore the self-sustaining wisdom does not exist, and all wisdom depends on the appearance of others to be established. The examination of the reasonableness of this view is not discussed here. 1-844 Furthermore, the ‘Eight Thousand Verse Perfection of Wisdom Commentary’ states that wisdom directly knows the present with all its distinctions, thereby indirectly knowing the past and future, which is similar to directly knowing the knowable of this place, thereby indirectly knowing the kalpas of this place, therefore it is very difficult to understand. Therefore, the Buddha’s wisdom is infinite, and can simultaneously know all the knowable of all directions, as stated in the ‘Ornament of the Sutras’: ‘The Buddhas are direct perceivers, and there is no obscuration of wisdom even for time.’ And in the ‘Two Truths’: ‘With one moment of wisdom, one can pervade the entire mandala of the knowable.’ Therefore. The rebuttal to this is: past, future, and present things do not exist, and if one directly knows them, then it would lead to directly knowing non-existent things, therefore it is a fallacious inference. The answer is that neither of these views is established. Because things that are separated by location do not exist in that place, they can also be called non-existent things, and if one says that they exist in that place, then they also exist in the state of having happened and about to happen. Just as the things to be done are also near their place, they also…


ང་དུས་ཉེ་བ་ནའོ། །མ་ངེས་པའི་ལན་ནི་ཡང་དངོས་མེད་མཁྱེན་པ་ཡང་འཁྲུལ་པར་འགྱུར་ཞིང་འདི་ནི་དེ་མ་ཡིན་ལ་དེར་འཛིན་པ་མ་ཡིན་པས་ན་ག་ལ་འཁྲུལ། 1-845 དེས་འདས་མ་འོངས་སོགས་མཁྱེན་པ་སོགས་ནི་དད་པ་ལ་སྟོབས་སྐྱེད་པའི་མདོར་གཙུག་གཏོར་དང་མཛོད་སྤུས་ཀྱང་གཟིགས་པར་བཀའ་བསྩལ་པ་ལྟར་བསམ་གྱིས་མི་ཁྱབ་པ་སྟེ། རྣམ་འགྲེལ་དུ། །གཟུང་བའི་མཚན་ ཉིད་དཔྱོད་པ་འདི། །མ་དག་བློ་ཅན་ལ་ཡིན་གྱི། །རྣལ་འབྱོར་པས་རྟོགས་བསམ་མི་ཁྱབ། །ཅེས་དང་། རྒྱུད་གཞན་གྲུབ་པར། གནས་གྱུར་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པར་གསུངས་པས་སོ། །ཡེ་ཤེས་རྣམས་ དང་དེ་ལ་དོགས་སེལ་རྒྱ་ཆེར་ཐུབ་པའི་དགོངས་རྒྱན་དུ་བལྟའོ། ། གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི། མཚན་ནི་སུམ་བཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་བཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་ སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་ཡུམ་གྱི་རྒྱན་དུ་འབྱུང་བ་ལྟར་རང་ཉིད་སར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཐེག་ཆེན་གྱི་ཆོས་ཐུན་མོང་མ་ཡིན་པའི་ལོངས་ སྤྱོད་སྐུ་ཉམས་སུ་བསྟར་བ་དང་གཞན་དོན་ཕུན་ཚོགས་སྤྲུལ་སྐུའི་རྟེན་ནོ། །སྤྲུལ་སྐུ་ནི་ཐུབ་པའི་སྤྲུལ་པའི་བྱེ་བྲག་དཔག་ཏུ་མེད་པ་པི་ཝང་ལེན་པ་སོགས་བཟོ་དང་སངས་རྒྱས་ནས་ཀྱང་མ་ ཐལ་དུ་སྐྱེ་བ་སྟོན་པ་དང་ཤཱཀྱ་སེང་གེས་མཛད་པ་བཅུ་གཉིས་སྟོན་པ་སོགས་བྱང་ཆུབ་སེམས་དཔའ་མོས་སྤྱོད་པ་དང་ཉན་ཐོས་སོགས་འགྲོ་བའི་དོན་མཛད་པ་སྟེ། རྒྱན་གཉིས་སུ། གང་གིས་སྲིད་པ་ཇི་སྲིད་པར། ། 1-846 འགྲོ་ལ་ཕན་པ་སྣ་ཚོགས་རྣམས། །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་དང་། སངས་རྒྱས་སྤྲུལ་པ་དཔག་མེད་པ། །སྤྲུལ་པའི་སྐུར་ནི་འདོད་པ་སྟེ། །དོན་གཉིས་རང་ བཞིན་གྱིས་ཕུན་སུམ་ཚོགས་པ་ལོངས་སྐུ་སྤྲུལ་སྐུ་ནི། །རྣམ་པ་ཐམས་ཅད་གཉིས་ལ་གནས། རིམ་པ་ལྟར་རང་བཞིན་པའི་སྐུ་དང་ལོངས་སྐུ། །བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་ སྟོན་པས། །ཞེས་སོ། །སྐུ་དེ་གཉིས་ལ་མུ་བཞི་ལས་ལོངས་སྐུ་ཡིན་ལ་སྤྲུལ་སྐུ་མིན་པ་ནི་འོག་མིན་ན་ངེས་པ་ལྔ་ལྡན་དུ་བཞུགས་པའོ། །བཟློག་པ་ནི་རྒྱལ་པོ་ཀཔ་ཕི་ཎ་གདུལ་བའི་ དོན་དུ་འཁོར་ལོས་སྒྱུར་བར་སྤྲུལ་པ་དང་བྲམ་ཟེའི་ཁྱེའུ་རྒྱུ་འདུལ་བ་ལ་ཚངས་པར་སྤྲུལ་པ་སོགས་སོ། །གཉིས་ཡིན་ནི་ཤཱཀྱ་ཐུབ་པ་ལྟ་བུ་ཡིན་པར་གསེར་འོད་དམ་པར་གསུངས་སོ། །གཉིས་མིན་ ནི་བྱིས་པ་སོགས་སོ། །གཉིས་པ་དེའི་འཇོག་ཚུལ་གཞན་བཤད་པ་ལ་འདིར་ནི་ངོ་བོ་ཉིད་ཀྱི་སྐུ་དང་ཆོས་སྐུ་རྣམ་གྲངས་སུ་བྱས་ཏེ་རྒྱན་གཉིས་དང་འཕགས་པ་རྣམ་གྲོལ་སྡེའི་རྗེས་སུ་འབྲངས་ ཤིང་། གང་ཡང་བཟང་པོ་ཞབས་ཀྱིས་དེ་བཞིན་ཉིད་དག་

【現代漢語翻譯】 當我的時代臨近時!不確定的回答也可能使無實有智(指佛的智慧)變得錯誤,因為這不是那,卻執著于那,怎麼會出錯呢? 1-845 因此,了知過去未來等,是爲了在信仰上增長力量。《寶頂經》中也曾開示,(佛)能見到頂髻和白毫相,這是不可思議的。在《釋量論》中說:『觀察所取之相的這種行為,是針對不清凈心的人,瑜伽士所證悟的是不可思議的。』此外,在《續部》中說,轉依之智慧是不可思議的。關於這些智慧以及如何廣泛消除對其的疑惑,可以參考《功德莊嚴經》。 第二,受用圓滿身(Sambhogakāya):『三十二相(lakṣaṇa)和八十隨好(anuvyañjana)的自性,爲了大乘的受用,佛陀示現受用圓滿身。』如《現觀莊嚴論》中所說,與自己處於地的菩薩們一起,體驗大乘不共的受用,並且是圓滿利他化身(Nirmāṇakāya)的所依。化身是佛陀化現的無量差別,如彈琵琶等工巧,以及示現從成佛到涅槃,示現釋迦獅子的十二行誼等,是菩薩所行之事,以及聲聞等利益眾生之事。在《莊嚴經論》中說:『無論存在多久,都能利益眾生的各種身,都是佛陀不間斷的化身。』又說:『佛陀的化身是不可思議的,化身被認為是化現之身。』 1-846 爲了兩種目的,自性圓滿的報身和化身,存在於兩種狀態中。按照次第,自性身和報身,工巧和誕生以及大菩提,涅槃常示現。』因此,對於這兩個身,存在四句:是報身而非化身,是指在色究竟天(Akaniṣṭha)具有五種決定的狀態。反之,爲了調伏迦毗羅衛國的國王而化現為轉輪王,以及爲了調伏婆羅門的兒子而化現為梵天等。兩者都是,如釋迦牟尼佛,在《金光明經》中曾提到。兩者都不是,如孩童等。 第二,關於其安立方式的其他解釋,這裡將法身(Dharmakāya)和自性身(Svābhāvikakāya)作為同義詞,遵循《莊嚴經論》和聖解脫部(Ārya-vimokṣa-saṃgha)的觀點。無論如何,善足(Samantabhadra)以如是的方式清凈。

【English Translation】 When my time is near! An uncertain answer may also cause the non-substantial wisdom (referring to the Buddha’s wisdom) to become erroneous, because this is not that, yet it clings to that, how can it be wrong? 1-845 Therefore, knowing the past, future, etc., is to increase strength in faith. It was also taught in the ‘Crown Jewel Sutra’ that (the Buddha) can see the uṣṇīṣa and the ūrṇā, which is inconceivable. In the ‘Pramāṇavārttika’, it says: ‘This act of observing the characteristics of what is taken is for those with impure minds; what the yogi realizes is inconceivable.’ In addition, it is said in the ‘Tantra’ that the wisdom of transformation is inconceivable. For these wisdoms and how to extensively eliminate doubts about them, refer to the ‘Ornament of Realization’. Second, the Sambhogakāya: ‘The nature of the thirty-two marks (lakṣaṇa) and eighty minor marks (anuvyañjana), for the enjoyment of the Mahāyāna, the Buddha manifests the Sambhogakāya.’ As stated in the ‘Abhisamayalankara’, together with the Bodhisattvas who are in their own bhūmi, they experience the uncommon enjoyment of the Mahāyāna, and it is the basis of the perfect benefit of others, the Nirmāṇakāya. The Nirmāṇakāya is the immeasurable difference of the Buddha’s manifestation, such as playing the lute and other crafts, and showing from enlightenment to nirvana, showing the twelve deeds of Shakya Simha, etc., are the deeds of the Bodhisattvas, and the deeds of the Shravakas, etc., to benefit sentient beings. In the ‘Ornament of the Sutras’, it says: ‘No matter how long it exists, the various bodies that can benefit sentient beings are the continuous Nirmāṇakāya of the Buddha.’ It also says: ‘The Buddha’s Nirmāṇakāya is inconceivable, and the Nirmāṇakāya is considered to be the manifested body.’ 1-846 For two purposes, the Svābhāvikakāya and the Nirmāṇakāya, which are perfect in nature, exist in two states. In order, the Svābhāvikakāya and the Sambhogakāya, crafts and birth, and great Bodhi, Nirvana are always shown.’ Therefore, for these two bodies, there are four sentences: being a Sambhogakāya but not a Nirmāṇakāya refers to the state of having five certainties in Akaniṣṭha. Conversely, to subdue the king of Kapilavastu, he manifested as a Chakravartin, and to subdue the son of the Brahmin, he manifested as Brahma, etc. Both are, like Shakyamuni Buddha, as mentioned in the ‘Golden Light Sutra’. Neither is, like children, etc. Second, regarding other explanations of its establishment, here the Dharmakāya and the Svābhāvikakāya are used as synonyms, following the views of the ‘Ornament of the Sutras’ and the Ārya-vimokṣa-saṃgha. In any case, Samantabhadra purifies in such a way.


པ་ངོ་བོ་ཉིད་ཀྱི་སྐུ་དང་ཡེ་ཤེས་ཆོས་སྐུ་དང་གཞན་གཉིས་གཟུགས་སྐུར་འཆད་པ་དང་། ཐེག་བསྡུས་སུ་སྐུ་གསུམ་ཡེ་ཤེས་སུ་ལྟ་བར་གསུངས་པ་ལ་དོན་གསང་དུ་ཆོས་ཉིད་ཆོས་སྐུ་དང་། 1-847 ཡེ་ཤེས་ཀུན་དང་བྱང་ཆུབ་སེམས་དཔའ་སར་ཆུད་པ་རྣམས་ལ་མཚན་དཔེར་སྣང་བ་ལོངས་སྐུ་དང་། ཡེ་ཤེས་ཀྱི་དབང་ལས་རྒྱལ་སྲས་མོས་པས་སྤྱོད་པ་སོགས་ལ་མཚན་དཔེ་ཅན་སོགས་སུ་སྣང་བ་ སྤྲུལ་སྐུ་སྟེ་སྔ་ཕྱི་དག་ཡེ་ཤེས་ཀྱི་རྒྱུ་དང་འབྲས་བུ་ཡིན་པས་དེའི་ཁྱད་པར་དུ་འཆད་པ་དང་། བཤད་སྦྱར་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་སྐུ་དང་། ཕྱི་རོལ་དག་པའི་ཡེ་ ཤེས་རྒྱལ་སྲས་སར་ཆུད་པ་དང་ལྷན་ཅིག་ཆོས་ཀྱི་ལོངས་སྤྱོད་སོ་སོར་མྱོང་བ་དང་། དེའི་རྗེས་ཐོབ་ཀྱི་ཡེ་ཤེས་ཀྱི་ཁྱད་པར་གྱིས་རྒྱལ་སྲས་ལས་དང་པོ་པ་སོགས་ཀྱི་དོན་མཛད་པ་དག་ སྐུ་གཉིས་སུ་འཆད་པ་དང་། སངས་རྒྱས་ཡེ་ཤེས་ཞབས་ཀྱི་སྡུད་འགྲེལ་དུ། ཡེ་ཤེས་དང་པོ་ཆོས་སྐུ་དང་། བར་པ་གཉིས་ལོངས་སྐུ་དང་། ཕྱི་མ་སྤྲུལ་སྐུར་བཤད་པ་དང་། ལ་ལ་རྒྱན་དུ་ལོངས་ སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་དེའོ། །ཞེས་པས་མེ་ལོང་ཡེ་ཤེས་ཀྱང་ལོངས་སྐུའོ་ཞེས་དང་གཞན་ནི་དེ་ལོངས་སྐུའི་རྒྱུ་ཡིན་པས་དེ་སྐད་གསུངས་པའོ་ཞེས་སྨྲ་བ་དང་། ཁ་ཅིག་ཙན་དྲ་གོ་མིས་ཁ་ཅིག་ཡིད་ཀྱི་ཁོ་ན་ལ། ཁ་ཅིག སྤྲུལ་པ་ཡི་ནི་སྐུ་རུ་རྟོགས། དབང་པོ་ལྔའི་རྣམ་ཤེས་གང་། །དེ་ཡི་ལོངས་སྤྱོད་རྫོགས་སྐུར་རོ། །ཞེས་བཤད་པ་ལྟར། སོ་སོར་རྟོག་པ་ཉིད་སྤྲུལ་སྐུ་སྟེ་བྱ་བ་སྒྲུབ་པ་ལོངས་སྐུའོ་ཞེས་གསུངས་ཏེ་རང་རང་གི་མོས་པས་བཞག་པ་ན་འགལ་བ་མེད་པར་མངོན། ། 1-848 གཞུང་དོན་ལ་གནས་གྱུར་ནི་སྒྲིབ་པ་གཉིས་ཀ་རྣམ་པ་ཀུན་ཏུ་སྤངས་པས་ཡོན་ཏན་བླ་མེད་ཀུན་གྱི་གནས་སུ་གྱུར་པའོ། །དེའི་དབྱེ་བ་མདོ་སྡེ་རྒྱན་དུ། དབང་པོ་ལྔ་རྣམས་གཞན་གྱུར་ན། ། དོན་ཀུན་འཇུག་དང་ཐམས་ཅད་ལ། །ཡོན་ཏན་རྒྱ་ཕྲག་བཅུ་གཉིས་འབྱུང་། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞེས་སོགས་དུ་མ་དང་། ཐེག་བསྡུས་སུ་ཕུང་པོ་ལྔ་གནས་གྱུར་པས་རིམ་པ་ལྟར་ཞིང་དང་ སྐུ་དང་མཚན་དཔེ་དང་དབྱངས་མཐའ་ཡས་པ་ལ་དབང་འབྱོར་བ་དང་ཁ་ན་མ་ཐོ་བ་མེད་ཅིང་ཚད་མེད་ལ་ཆེ་བའི་བདེ་བར་གནས་པ་ལ་དང་། མིང་ཚིག་ཡི་གེའི་ཚོགས་ཀུན་གྱིས་བསྟན་ པ་ལ་དང་། སྤྲུལ་པ་དང་སྒྱུར་བ་དང་འཁོར་བསྡུ་བ་དང་དཀར་པོའི་བསྡུ་བ་ལ་དང་། ཡེ་ཤེས་བཞི་ལ་དབང་འབྱོར་བ་བརྙེས་པར་གསུངས་སོ། །ཡོན་ཏན་ཕུན་སུམ་ཚོགས་པ་ནི་སྟོབས་བཅུ་སོགས་ འཆད་པའོ། །རྣམ་པ་ལྔ་ནི་འགྲེལ་པར། རྣམ་པར་དག་དང་ཡོངས་དག་དང་། །ལུས་དང་ལོངས་སྤྱོད་རྫོགས་པ་དང་། །ལས་ཀྱིས་སངས་རྒྱས་ཆོས་རྣམས་ཀྱི། །ཁྱད་པར་ཡོངས་སུ་བསྟན་པ་ཡིན། །ཞེས་ཏེ། ཉོན་མོང

【現代漢語翻譯】 將自性身(ངོ་བོ་ཉིད་ཀྱི་སྐུ་,Svabhavikakaya,自性身,本體之身)、智慧法身(ཡེ་ཤེས་ཆོས་སྐུ་,Jñanakayadharma,智慧法身,智慧之法身)以及其他二者解釋為色身(གཟུགས་སྐུར་,Rupakaya,色身,形色之身)。《攝大乘論》(ཐེག་བསྡུས་)中說三身應視為智慧,其中秘密的含義是,法性法身(ཆོས་ཉིད་ཆོས་སྐུ་,Dharmatadharmakaya,法性法身,法性之法身), 對於智慧一切和已證菩薩地(བྱང་ཆུབ་སེམས་དཔའ་སར་ཆུད་པ་)的眾生,顯現相好莊嚴的是報身(ལོངས་སྐུ་,Sambhogakaya,報身,受用身),由於智慧的力量,爲了滿足王子(རྒྱལ་སྲས་)的願望而示現種種行為等,具有相好莊嚴的是 化身(སྤྲུལ་སྐུ་,Nirmanakaya,化身,應化之身)。因此,無論是前還是后,都是智慧的因和果,所以才對它們的差別進行解釋。在《釋論》(བཤད་སྦྱར་)中說,無分別智是法身,外在清凈的 智慧與已證菩薩地的王子們一同享受各自的法樂,並且以隨後的后得智的差別,為初學王子等眾生利益,這些被解釋為二身。在《佛智慧足論》(སངས་རྒྱས་ཡེ་ཤེས་ཞབས་ཀྱི་སྡུད་འགྲེལ་)中說,最初的智慧是法身,中間的兩個是報身,最後的是化身。有些人說,在《寶性論》(རྒྱན་)中說:『爲了智慧的影像顯現,圓滿受用之佛陀,』因此,鏡智(མེ་ལོང་ཡེ་ཤེས་)也是報身。另一些人說,因為它是報身的因,所以這樣說。 有些人認為旃扎果彌(ཙན་དྲ་གོ་མི་)說,有些人認為只是意識,有些人認為化身是應化之身,如所說:『五根的識,是其圓滿報身。』因此,個別的辨別就是化身,成辦事業就是報身。各自由於自己的意樂而安立,所以沒有矛盾。 就經文的意義而言,轉依(གནས་གྱུར་)是指完全斷除兩種障礙(སྒྲིབ་པ་གཉིས་),成為一切無上功德的處所。關於它的分類,《莊嚴經論》(མདོ་སྡེ་རྒྱན་)中說:『五根轉變時,能入一切義,於一切事物,生十二百功德,獲得殊勝成就。』等等很多。《攝大乘論》中說,五蘊轉依后,依次對剎土、 身、相好、無盡音聲獲得自在,安住于無過失、無量、廣大的安樂之中,並且對名、詞、字母的集合所詮釋的內容,以及化現、轉變、攝受眷屬、白法的攝受,以及對四智獲得自在。功德圓滿是指宣說十力等。五種相是指在《解釋》(འགྲེལ་པ་)中說:『極凈與全凈,身及圓滿受用,事業佛法之,差別即是顯示。』也就是煩惱

【English Translation】 The explanation is that the Svabhavikakaya (ངོ་བོ་ཉིད་ཀྱི་སྐུ་, 自性身, the Body of Essence), the Jñanakayadharma (ཡེ་ཤེས་ཆོས་སྐུ་, 智慧法身, the Wisdom Body of Dharma), and the other two are explained as Rupakaya (གཟུགས་སྐུ་, 色身, the Form Body). In the Compendium of Mahayana (ཐེག་བསྡུས་), it is said that the three bodies should be regarded as wisdom, in which the secret meaning is that the Dharmatadharmakaya (ཆོས་ཉིད་ཆོས་སྐུ་, 法性法身, the Dharma Nature Dharma Body), For beings who have attained all wisdom and the Bodhisattva grounds (བྱང་ཆུབ་སེམས་དཔའ་སར་ཆུད་པ་), the Sambhogakaya (ལོངས་སྐུ་, 報身, the Enjoyment Body) appears with marks and signs. Due to the power of wisdom, to fulfill the wishes of the princes (རྒྱལ་སྲས་), the Nirmanakaya (སྤྲུལ་སྐུ་, 化身, the Emanation Body) appears with marks and signs, etc. Therefore, whether before or after, it is the cause and result of wisdom, so the differences are explained. In the Commentary (བཤད་སྦྱར་), it is said that non-conceptual wisdom is the Dharmakaya, and the external pure wisdom together with the princes who have attained the Bodhisattva grounds enjoy their respective Dharma pleasures, and with the difference of the subsequent post-meditation wisdom, they benefit the first-time princes and other beings, which are explained as two bodies. In the Collection of Buddha Wisdom Footnotes (སངས་རྒྱས་ཡེ་ཤེས་ཞབས་ཀྱི་སྡུད་འགྲེལ་), it is said that the first wisdom is the Dharmakaya, the middle two are the Sambhogakaya, and the last is the Nirmanakaya. Some say that in the Ornament of Clear Realization (རྒྱན་): ‘For the appearance of the image of wisdom, the Buddha of perfect enjoyment,’ therefore, mirror-like wisdom (མེ་ལོང་ཡེ་ཤེས་) is also the Sambhogakaya. Others say that because it is the cause of the Sambhogakaya, it is said so. Some think that Chandragomin (ཙན་དྲ་གོ་མི་) said, some think it is just consciousness, and some think that the Nirmanakaya is the emanation body, as it is said: ‘The consciousness of the five senses is its perfect enjoyment body.’ Therefore, individual discernment is the Nirmanakaya, and accomplishing activities is the Sambhogakaya. Each is established according to their own inclinations, so there is no contradiction. In terms of the meaning of the scripture, Paravrtti (གནས་གྱུར་, 轉依, transformation of the basis) means completely abandoning the two obscurations (སྒྲིབ་པ་གཉིས་) and becoming the place of all unsurpassed qualities. Regarding its classification, the Ornament of the Sutras (མདོ་སྡེ་རྒྱན་) says: ‘When the five senses are transformed, one can enter all meanings, and in all things, twelve hundred qualities arise, and one obtains excellent achievements.’ And so on. The Compendium of Mahayana says that after the transformation of the five aggregates, one obtains freedom over the realms, body, marks and signs, and endless sounds in sequence, and abides in faultless, immeasurable, and vast bliss, and is shown by the collection of names, words, and letters, and obtains freedom over emanation, transformation, gathering retinues, and gathering white dharmas, and over the four wisdoms. The perfection of qualities refers to explaining the ten powers, etc. The five aspects refer to what is said in the Explanation (འགྲེལ་པ་): ‘Extreme purity and complete purity, body and perfect enjoyment, activities of the Buddhadharma, the differences are shown.’ That is, afflictions


ས་ བག་ཆགས་དང་བཅས་པ་ཟད་པས་དང་སངས་རྒྱས་ཀྱི་ཞིང་སྦྱོང་བས་དང་། ཆོས་ཀྱི་སྐུ་སྒྲུབ་པས་དང་། ཐེག་ཆེན་གྱི་ཆོས་སྣ་ཚོགས་ལ་ལོངས་སྤྱོད་པས་དང་། ཇི་ལྟར་རིགས་པར་སྤྲུལ་པ་རྣམས་ཀྱིས་ཞིང་མཐའ་ཡས་མུ་མེད་པར་རྒྱལ་བའི་མཛད་པ་སྒྲུབ་པས་སོ། ། 1-849 སྐུ་གསུམ་ནི་བཤད་ཟིན་ཏོ། །མྱ་ངན་ལས་འདས་པའི་ནི་ཕུང་པོ་ལྷག་མེད་ཀྱི་མྱང་འདས་སུའང་འགྲོ་བ་ལ་ཕན་པའི་ཡོན་ཏན་རྒྱུན་མི་འཆད་པས་ཏེ། །འདིའི་ལྷག་བཅས་ལྷག་མེད་ནི་སློབ་དཔོན་ ཀླུའི་བཤེས་གཉེན་གྱིས་སྐུ་གསུམ་གྲུབ་པར། ཕུང་པོར་བཅས་པའི་མྱ་ངན་དང་། ཐུབ་སྐུ་གཉིས་ལ་བཞག་པ་ཡིན། །ཕུང་པོ་ཀུན་དང་བྲལ་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཕུང་པོ་མེད། །ཅེས་བཤད་པའོ། །རྟེན་ རོ་གཅིག་པས་འདྲེས་ཤིང་རང་གི་ངོ་བོ་རོ་གཅིག་པས་ཉེ་བར་འདྲེས་པའི་ཅེས་པ་ནི་ཆོས་དབྱིངས་རྣམ་དག་དང་དེ་ལ་བརྟེན་པའི་རྣམ་པ་ཀུན་མཁྱེན་ལ་རྒྱལ་བ་ཀུན་སོ་སོར་མཐུ་དང་ ལྡན་པས་སོ། །སྒྲིབ་པ་དག་པའི་ནི་གཉིས་ཀ་རྣམ་པ་ཀུན་ཟད་པའི་ཕྱིར་རོ། །འདྲེས་ཞེས་པ་ནི་ཐེག་བསྡུས་སུ། །ཀུན་ཀྱང་འདྲེས་པའི་ཕྲིན་ལས་ཅན། །རྒྱ་མཚོར་ཆུ་འདྲ་ཞེས་ཏེ་སེམས་ཅན་རེ་ རེ་གདུལ་བའི་ངོར་ཡང་སངས་རྒྱས་ཀུན་བདག་རྐྱེན་མཛད་པས་སོ། །མངོན་པར་ཞེས་པ་དང་པོ་ཐ་མ་དག་སྨོས་པས་མཛད་པ་ཀུན་སྟོན་པ་ནི། དེ་ཉིད་དུ། ལ་ལར་རྫོགས་པའི་བྱང་ཆུབ་སྟོན། ། ལ་ལར་མེ་བཞིན་མྱ་ངན་འདའ། །ནམ་ཡང་མེད་པ་མ་ཡིན་ཏེ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །ཞེས་འབྱུང་བ་ལྟར་རོ། །སྐྱོབ་པ་ལྔ་ནི་མདོ་སྡེ་རྒྱན་དུ། ཉེ་བར་འཚེ་བ་ཐམས་ཅད་དང་། ། 1-850 ཐབས་མ་ཡིན་དང་ངན་སོང་དང་། །འཇིག་ཚོགས་ཐེག་པ་དམན་པ་ལས། །དེ་ཕྱིར་སྐྱབས་ཀྱི་དམ་པ་འོ། །ཞེས་ཏེ་ཐུབ་པའི་མཐུས་ལོང་བས་མིག་ཐོབ་པ་སོགས་དང་། ལོ་ཀ་བའི་ཡང་དག་པའི་ལྟ་ བ་ལ་བཀོད་པས་ལྟ་ངན་ཀུན་དང་བྲལ་བར་མཛད་པས་དང་། མཐོང་ལམ་ལ་བཀོད་པས་ངན་འགྲོ་ལས་ཤིན་ཏུ་བཟློག་པས་དང་། དགྲ་བཅོམ་པ་ཉིད་ལ་བཀོད་པས་ཁམས་གསུམ་ལས་ཐར་པར་མཛད་པས་ དང་། རྒྱལ་སྲས་རྣམས་ཐེག་པ་དམན་པ་དག་ལས་འདུན་པ་བཟློག་པར་མཛད་པས་སོ། །འདི་ལྔ་ཐེག་བསྡུས་སུ་སངས་རྒྱས་ཀྱི་ཕྲིན་ལས་སུ་གསུངས་ཤིང་། ཡུམ་དང་དེའི་རྒྱན་དུ། འགྲོ་རྣམས་ཞི་བའི་འཕྲིན་ ལས་དང་། ཞེས་སོགས་ཉེར་བདུན་གསུངས་པའང་འདི་ལྔར་འདུས་སོ། །དེ་དག་གི་ཡོན་ཏན་ལ་དྲུག་སྟེ། མངོན་རྟོགས་གང་གིས་བསྡུས་པ་དང་། ངོ་བོའི་དབྱེ་བ་དང་། སོ་སོའི་ངོ་བོ་དང་། སྒྲུབ་ཚུལ་དང་། སྤྱིའི་རྣམ་དགོས་པའི་སྒོ་ནས་ཤེས་པ་གཉིས་སུ་དབྱེ་བ་ཟེར། པའི་དབྱེ་བ་དང་། སོ་སོའི་བྱེད་ལས་སོ། །དང་པོ་ཚད་མེད་ཅེས་ཏེ། ཇི་སྐད་བཤད་པའི་མངོན་རྟོགས་རྣམས་ལས་ཐ་དད་པའི་འཕགས་ པའི་ཆོས་འགའ་ཡང་མེད་པས་དེ་ཅི་ཞིག་གིས་བསྡུས་

【現代漢語翻譯】 通過滅盡習氣,清凈佛土,成就法身,受用各種大乘佛法,以及根據不同根器所顯現的化身,在無邊無際的剎土中成辦諸佛的事業。 已經講完了三身(Trikaya)。涅槃(Nirvana)是指在無餘涅槃(Parinirvana)中,爲了利益眾生,功德持續不斷。關於有餘涅槃和無餘涅槃,論師龍樹(Nagarjuna)的親教師將二者安立於成就三身時,即有蘊之涅槃和佛陀之身。因為遠離一切蘊,法身(Dharmakaya)沒有蘊。如是宣說。依靠同一本體而混合,以自性同一本體而緊密混合,是指法界(Dharmadhatu)清凈以及依於此的遍知,諸佛各自具有神力。清凈遮障是指二者一切相都已滅盡的緣故。混合是指在《攝大乘論》(Mahayana-samgraha)中說:『一切皆有混合之事業,如水中之海』,即爲了調伏每一個眾生,諸佛都作為助緣。『顯現』是指通過首先和最後來顯示一切事業,如同其中所說:『于某些示現圓滿菩提,于某些如火般入滅。並非何時都不存在,如來是常恒之身。』如是出現。五種救護在《經莊嚴論》(Sutra-alamkara)中說:『遠離一切損害,非方便與惡趣,以及壞聚下劣乘,因此是殊勝之救護。』即通過佛陀的神力,使盲人獲得眼睛等,以及安立於世間的正確見解,從而遠離一切邪見,以及安立於見道,從而徹底從惡趣中解脫,以及安立於阿羅漢果位,從而從三界中解脫,以及使諸佛子從下劣乘中迴轉意願。這五種在《攝大乘論》中被說是佛陀的事業,在《現觀莊嚴論》(Abhisamayalankara)及其註釋中說:『眾生寂靜之事業』等等,所說的二十七種都包含在這五種之中。這些功德有六種:以何種現觀所攝,本體的差別,各自的本體,成辦的方式,共同的必要以及從知二種分類的角度來說。本體的差別,以及各自的作用。第一,無量,即如前所說的現觀中,沒有任何與此不同的聖者之法,那麼它被什麼所包含呢?

【English Translation】 Through the exhaustion of habitual tendencies, the purification of Buddha-fields, the accomplishment of the Dharmakaya (body of truth), the enjoyment of various Mahayana (Great Vehicle) teachings, and the accomplishment of the deeds of the Victorious Ones in limitless and boundless realms through emanations that appear according to what is appropriate. The three bodies (Trikaya) have been explained. Nirvana (Nirvana) refers to the continuous stream of benefits for beings even in Parinirvana (Nirvana without remainder), where the aggregates are completely extinguished. Regarding Nirvana with remainder and without remainder, the teacher Nagarjuna (Nagarjuna)‘s spiritual friend posited them in the accomplishment of the three bodies, namely, Nirvana with aggregates and the body of the Buddha. Because of being separated from all aggregates, the Dharmakaya (body of truth) has no aggregates. Thus it is taught. Mixing through the same essence, closely mixing through the same essence of self-nature, refers to the pure Dharmadhatu (realm of truth) and the omniscient knowledge that relies on it, with each of the Victorious Ones possessing power. Purifying obscurations refers to the fact that both have exhausted all aspects. Mixing is mentioned in the Mahayana-samgraha (Compendium of the Great Vehicle): ‘All have deeds of mixing, like water in the ocean,’ meaning that for the sake of taming each sentient being, all Buddhas act as contributing factors. ‘Manifesting’ refers to showing all deeds by mentioning the first and the last, as it says there: ‘In some, they show complete enlightenment; in some, they pass into Nirvana like fire. It is never non-existent; the Thus-Gone One is an eternal body.’ Thus it appears. The five protections are mentioned in the Sutra-alamkara (Ornament of the Sutras): ‘From all harm, non-means, and bad migrations, as well as perishable collections and inferior vehicles, therefore, it is the supreme protection.’ That is, through the power of the Buddha, the blind gain eyes, etc., and by establishing correct views in the world, they are made to be free from all wrong views, and by establishing them on the path of seeing, they are thoroughly turned away from bad migrations, and by establishing them in the state of Arhat, they are liberated from the three realms, and by turning the aspirations of the Buddha-sons away from inferior vehicles. These five are said to be the deeds of the Buddha in the Mahayana-samgraha, and in the Abhisamayalankara (Ornament of Clear Realization) and its commentary, it says: ‘The peaceful deeds of beings,’ etc., and the twenty-seven mentioned are all included in these five. These qualities have six aspects: by what Abhisamaya (clear realization) they are encompassed, the difference in essence, their individual essences, the manner of accomplishment, the common necessity, and from the perspective of knowing the two divisions. The difference in essence, and their respective functions. First, immeasurable, that is, among the Abhisamayas (clear realizations) mentioned before, there are no other distinct noble dharmas (teachings), so by what is it encompassed?


ཞེ་ན། རྗེས་དང་མཐར་ཐུག་པ་གཉིས་ཀྱིས་བསྡུས་པ་ནི་ཕལ་ཆེ་བའི་དབང་དུ་བྱས་ཤིང་ཉན་རང་དང་ཐུན་མོང་པ་ལ་དགོངས་པའོ། །གཞན་དུ་ན་མངོན་ཤེས་ལྔ་སོགས་བྱིས་པ་ལའང་འབྱུང་བ་དང་ཡོངས་དག་སོགས་དགྲ་བཅོམ་ལའང་གཏན་མེད་པ་དང་ཅི་ལྟར་མི་འགལ། 1-851 གཉིས་པ་ནི་ཡོན་ཏན་ཁྱད་པར་བ་དེ་རྣམས་ཀྱང་སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕན་འདོད་དང་སྒྲིབ་པ་ལས་རྣམ་ཐར་དང་དམིགས་པ་ཟིལ་གྱིས་ཞེས་ཏེ་ཚད་མེད་དང་མངོན་ཤེས་དང་ པོ་ལྔ་དང་འགོག་པ་བོར་བའི་རྣམ་ཐར་ཟིལ་གནོན་ཟད་པར་རྣམས་བྱིས་པ་དང་ཡང་ཐུན་མོང་བ་སྟེ། རྣམ་འགྲེལ་དུ། །མི་སྡུག་ཟད་པར་ས་ལ་སོགས། །ཡང་དག་མིན་ལའང་ཞེས་གསུངས་པས་སོ། ། མངོན་ཤེས་ཡན་ཆད་ཉན་རང་དང་ཡང་ཐུན་མོང་བའོ། །མཚན་དཔེ་དང་ཡོངས་དག་དང་སྔར་བཤད་པའི་དབང་བཅུ་བྱང་ཆུབ་སེམས་པ་ཆེན་པོ་རྣམས་དང་ཐུན་མོང་བའོ། །སྟོབས་སོགས་དགུ་ཐུབ་པ་ཁོ་ནའི་ མ་འདྲེས་པའོ། །གསུམ་པ་ལ་སྡེ་ཚན་བཅུ་དགུ་སྟེ་འདི་རྣམས་ནི་ཇི་རིགས་པར་གནས་དང་། དམིགས་པ་དང་། རྣམ་པ་དང་། རང་བཞིན་དང་། གྲོགས་ཏེ་ལྔས་བཤད་པར་བྱའོ། །སྡེ་དང་པོ་ཚད་མེད་ལ་ སྤྱི་དོན་གསུམ་ལས་སྤྱིའི་དབྱེ་བ་ནི་སེམས་ཅན་དང་ཆོས་ལ་དམིགས་པ་དང་དམིགས་པ་མེད་པ་གསུམ་སྟེ། མདོ་སྡེ་རྒྱན་དུ། །བརྟན་པ་རྣམས་ཀྱི་དེ་རྣམས་བདེ་འདོད་དང་། །སྡུག་བསྔལ་གྱིས་ཉམ་ཐག་ དང་བདེ་བ་དང་། །ཉོན་མོངས་ཅན་དང་དེ་རྣམས་བསྟན་ཆོས་དང་། །དེ་ཡི་དེ་བཞིན་ཉིད་ལ་རབ་ཏུ་འཇུག །ཅེས་ལྟར་སེམས་ཅན་རང་རང་གི་དམིགས་བྱ་དང་ལྡན་པ་དང་དམིགས་བྱ་དེ་རྣམས་སྟོན་པའི་གཞུང་ལུགས་དང་རང་བཞིན་གྱིས་སྟོང་པའི་འགྲོ་བ་ཡུལ་དུ་བྱེད་པའོ། ། 1-852 ཡང་སློབ་དཔོན་ཆོས་མཆོག་གིས་དེ་གསུམ་རིམ་པ་ལྟར་སོ་སོ་སྐྱེ་བོ་རྣམས་ཀྱི་དང་གང་ཟག་གི་བདག་མེད་རྟོགས་པའི་དང་གཟུང་འཛིན་གཉིས་ཀྱི་རྣམ་པ་དང་བྲལ་བ་རྣམས་ཀྱིའོ་ཞེས་འཆད་དོ། ། ངོ་བོ་ནི། །ཞེ་སྡང་མེད་བྱམས་སྙིང་རྗེ་ཡང་། །ཡིད་བདེ་བ་ནི་དགའ་བ་སྟེ། །བཏང་སྙོམས་མ་ཆགས་རྣམ་པ་ནི། །ཀྱེ་མ་བདེར་འགྱུར་དུཿཁ་ཅན། །དགའ་གྱུར་སེམས་ཅན་རྣམས་སྙོམ་པ་འོ། །ཞེས་འཆད་ ཀྱང་འདིར་ནི་གཞུང་དུ་འབྱུང་ངོ་། །དམིགས་དབྱེ་བ་ནི་འདི་བཞི་ཏིང་ངེ་འཛིན་མ་ཐོབ་པས་སྒོམ་པའང་ཡོད་ལ་ཐོབ་ཀྱང་ཐར་པའི་ལམ་དུ་མ་གྱུར་པ་ཚངས་པའི་གནས་བཞི་ཞེས་པའང་ཡོད་ཅིང་ དེ་དག་ལ་ཡང་ཕན་ཡོན་ཆེ་སྟེ། རིན་པོ་ཆེའི་ཕྲེང་བར། ལྷ་མི་བྱམས་པར་འགྱུར་བ་དང་། །དེ་རྣམས་ཀྱང་ནི་སྲུང་བ་དང་། །ཡིད་བདེ་བ་དང་བདེ་མང་དང་། །དུག་དང་མཚོན་གྱིས་གནོད་མེད་ དང་། །འབད་པ་མེད་པར་དོན་ཐོབ་དང་། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང་། །བྱམས་ཆོས་ཡོན་ཏན་བརྒྱད་ཐོབ་པོ། །ཞེས་གསུངས་སོ། ། གཞུང་ལ་བཞི་

【現代漢語翻譯】 如果這樣,『隨行』和『究竟』二者概括的情況,主要是就大多數情況而言,並且是指與聲聞和獨覺共通的部分。否則,五種神通等也會在凡夫身上出現,而『完全清凈』等在阿羅漢身上也可能完全沒有,這又該如何解釋才不矛盾呢? 第二點是,這些特殊的功德,如緣無量眾生的利他心、從煩惱障中解脫、以及勝伏所緣境等,即無量、五神通、以及捨棄滅盡定的解脫勝伏等,也與凡夫共通。《釋量論》中說:『不凈觀、滅盡定、地等,在非真實者中也有。』 神通以上(的功德),也與聲聞和獨覺共通。相好、完全清凈、以及之前所說的十自在,是與大菩薩共通的。十力等九種功德,是唯有如來才有的不共功德。 第三點,有十九個分類,這些分類將按照各自的情況,從處所、所緣、行相、自性、助伴五個方面進行闡述。第一個分類是無量,總共有三個要點,其中總的分類有三種:緣眾生、緣法、以及無所緣。如《經莊嚴論》中所說:『對於穩固者,他們渴望安樂,被痛苦折磨,以及安樂,被煩惱束縛,以及那些教法,以及它的真如,深入其中。』也就是說,以眾生各自的所緣為目標,以闡述這些所緣的經論為目標,以及以自性空性的有情為目標。 此外,法稱論師解釋說,這三種無量心依次是針對凡夫、證悟人無我者、以及遠離能取所取二相者。 本體是:無嗔即是慈,憐憫即是悲,內心愉悅即是喜,舍離偏頗即是舍。行相是:『可憐啊,愿他們獲得安樂!痛苦的眾生啊!愿喜悅的眾生們保持平靜!』這裡是按照經文來解釋的。所緣的分類是,這四種(無量心)在未獲得禪定時也可以修習,即使獲得了禪定,但如果沒有成為解脫道,也被稱為『梵住四禪』,這些也有很大的利益。《寶鬘論》中說:『天人會變得友善,他們也會受到守護,內心愉悅,獲得眾多安樂,不會受到毒藥和武器的傷害,不費力氣就能成就目標,會轉生到梵天世界,即使沒有解脫,也能獲得慈心的八種功德。』 經文中有四種(無量心)。

【English Translation】 If so, the inclusion of ‘subsequent’ and ‘ultimate’ is mainly in terms of the majority of cases and refers to what is common to Hearers and Solitary Realizers. Otherwise, how can it not be contradictory that the five clairvoyances, etc., also occur in ordinary beings, while ‘complete purification,’ etc., may be completely absent in Arhats? The second point is that these special qualities, such as the altruistic intention focused on limitless sentient beings, liberation from obscurations, and the overpowering of objects, i.e., limitlessness, the five clairvoyances, and the liberation that overpowers the cessation, are also common to ordinary beings. As stated in the Pramanavarttika: ‘The unattractive, cessation, earth, etc., are also present in the unreal.’ Qualities beyond clairvoyance are also common to Hearers and Solitary Realizers. The marks and signs, complete purification, and the ten powers mentioned earlier are common to great Bodhisattvas. The nine powers, etc., are unique to the Tathagata alone. Thirdly, there are nineteen categories, and these will be explained in terms of five aspects: place, object, aspect, nature, and companion, as appropriate. The first category is limitlessness, with three main points. The general divisions are three: focusing on sentient beings, focusing on phenomena, and having no focus. As stated in the Sutralamkara: ‘For the steadfast, they desire happiness, are afflicted by suffering, and happiness, are bound by afflictions, and those teachings, and its suchness, deeply enter.’ That is, aiming at the respective objects of sentient beings, aiming at the scriptures that explain these objects, and aiming at beings who are empty in nature. Furthermore, Acharya Dharmakirti explains that these three are, in order, for those who are ordinary individuals, for those who realize the selflessness of persons, and for those who are free from the appearance of the two aspects of grasping and being grasped. The essence is: absence of hatred is love, compassion is compassion, joy of mind is joy, equanimity is impartiality. The aspects are: ‘Alas, may they become happy! Those with suffering! May the joyful beings remain calm!’ Here it is explained according to the scriptures. The division of objects is that these four (immeasurables) can be cultivated even without obtaining meditative stabilization, and even if meditative stabilization is obtained, but if it does not become the path to liberation, it is also called the ‘four abodes of Brahma,’ and these also have great benefits. As stated in the Ratnavali: ‘Gods and humans will become friendly, and they will also be protected, have joy of mind, obtain much happiness, will not be harmed by poison and weapons, will achieve goals without effort, will be reborn in the Brahma world, and even if they do not become liberated, they will obtain the eight qualities of love.’ There are four (immeasurables) in the scriptures.


ལས་བྱམས་པ་ནི། གནས་ བསམ་གཏན་གྱི་དངོས་གཞི་གང་རུང་ལ་བརྟེན་ཏེ་དམིགས་པ་ཚོར་བ་བཏང་སྙོམས་དང་ལྡན་པའི་སེམས་ལ་རྣམ་པ་བདེ་བ་དང་འཕྲད་པར་ཤོག་ཅིག་པའོ། །ངོ་བོ་དམིགས་རྣམ་དེ་ལྟ་བུ་དང་ལྡན་པའི་བསམ་པའི་གནས་པ་ཡང་དག་པར་འབྱོར་ཞིང་ཇི་ལྟར་འདོད་པར་དབང་བྱེད་པའི་ཞི་གནས་དང་ལྷག་མཐོང་སྟེ་ཡོན་ཏན་ཀུན་གྱི་གྲོགས་ནི་རང་རང་དང་ལྷན་ཅིག་པའི་སེམས་དང་སེམས་བྱུང་ངོ་། ། 1-853 སྙིང་རྗེ་ནི་རྒྱན་དུ། རབ་འབར་དགྲ་ཡི་དབང་དུ་སོང་། །སྡུག་བསྔལ་གྱིས་ནོན་མུན་པས་བསྒྲིབས། །ཞེས་སོགས་གསུངས་པ་ལྟར་འདོད་པའི་བདེ་བ་ལ་ཆགས་པ་འབར་བ་དང་དགེ་བ་ལ་བདུད་ཀྱིས་བར་ ཆད་བྱས་པ་དང་དམྱལ་བ་སོགས་ཉམས་ཐག་པ་དང་གཅིག་ཏུ་སྡིག་པ་བྱེད་པ་སོགས་དུཿཁ་རྒྱུ་བཅས་ཅན་གྱི་སེམས་ཅན་ལ་དེ་དང་བྲལ་བར་བསམ་པ་ཞེས་སོ། །དགའ་བ་ནི་སེམས་ཅན་བདེ་ བ་དང་ལྡན་པ་ལ་དེ་དང་མི་འབྲལ་བར་བསམ་པའོ། །བཏང་སྙོམས་ནི་སེམས་ཅན་ཉོན་མོངས་ཅན་རྣམས་ལ་ཉོན་མོངས་པ་རྗེས་སུ་ཆགས་པ་སོགས་ལས་གྲོལ་བར་གྱུར་ཅིག་ཅེས་བསམ་པའོ། །གནས་དང་ གྲོགས་མ་སྨོས་པ་ཀུན་ལ་དེ་དག་སྦྱར་བར་བྱའོ། །ཡོན་ཏན་དེ་མངའ་བས་རྫོགས་པའི་སངས་རྒྱས་ལ་མདོ་སྡེ་རྒྱན་དུ་བསྟོད་ཅིང་། དེ་ཉིད་ཐེག་བསྡུས་སུའང་བཀོད་པ། སེམས་ཅན་རྣམས་ལ་བརྩེ་བ་ ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བདེ་བའི་དགོངས་པ་ཅན། །ཕན་བདེའི་དགོངས་ཁྱོད་ལ་ཕྱག་འཚལ། །ཞེས་གསུངས་སོ། །རྣམ་ཐར་སོགས་སྡེ་གསུམ་གྱི་གང་ཟག་ནི། གཟུགས་མེད་ཅེས་བྱ་ཁམས་གསུམ་ གྱི། །རྟེན་ཅན་ལྷག་མ་མི་ལས་སྐྱེས། །ཞེས་བཤད་ཅིང་རྣམ་ཐར་ལ་གཉིས་ལས་གཟུགས་ཅན་པའི་རྣམ་ཐར་གསུམ་ལ། རྣམ་ཐར་བརྒྱད་དང་པོ་གཉིས། མི་སྡུག་བསམ་གཏན་གཉིས་ན་ཡོད་ཅེས་འཆད་ཀྱང་། འདིར་དང་པོ་དག་རྫུ་འཕྲུལ་ཀྱི་རྣམ་གནས་ལྟ་བུར་གསུངས་ཏེ། 1-854 དགོས་ཆེད་དམ་ངེས་ཚིག་ནི་སྤྲུལ་པ་དང་སྒྱུར་བ་མི་ནུས་པའི་སྒྲིབ་པ་ལས་ཐར་པར་བྱ་བའི་ཕྱིར་རོ། །གནས་ནི་བསམ་གཏན་བཞི་པ་སྟེ། འགྲེལ་པར་གཟུགས་མེད་ཀྱི་སྙོམས་འཇུག་ལ་བརྟེན་ནས་ ཞེས་ཀྱང་གསུངས་སོ། །གཟུགས་ཅན་གྱི་དོན་ནི་ལྟ་བ་པོ་ཞེས་ཏེ་བདག་ལ་གཟུགས་སུ་འདུ་ཤེས་བཞག་ཅིང་བྱས་པས་སོ། །གཟུགས་ལ་ལྟ་བའི་དོན་ནི་དམིགས་པ་སྣང་བའི་རང་བཞིན་པའི་གཟུགས་རྣམས་ ལ་རྣམ་པར་ལྟ་བ་སྟེ་ཁ་དོག་མཛེས་པ་དང་མི་སྡུག་པ་སོགས་གང་སྤྲུལ་པར་འདོད་པར་མོས་བྱེད་པའི་ངོ་བོ་ཡང་དག་ཅེས་སོ། །རྣམ་ཐར་གཉིས་པ་ལ་ནང་གཟུགས་མེད་པར་འདུ་ཤེས་ པའི་དོན་ནི་ལྟ་བ་པོ་ཞེས་ཏེ་བདག་ཉིད་ལ་མིང་བཞིའི་ཕུང་པོའི་འདུ་ཤེས་བཞག་ཅིང་བྱས་པས་སོ། །འདིའང་འགྲེལ་པར་གཟུགས་མེད་ཀྱི་སྙོམས་འཇུག་ལ་བརྟེན་པར་བཤད་ཅིང་བླ་མ་རྣམས་གཟུགས་མེད་ ཀྱི་སེམས་ཐོབ་ལ་མངོན་དུ་མི་བྱེད་པ་སྟེ།

【現代漢語翻譯】 慈愛是:依賴於任何禪定的基礎,以目標、感受和舍為特徵的心,愿與快樂相遇。其本質是具備這種目標和形態的正確的心之住所,以及隨心所欲地掌控寂止和勝觀,即一切功德的助伴,是各自相伴的心和心所。 憐憫是裝飾,如經中所說:『熾燃的貪慾落入敵人的掌控,被痛苦壓迫,被黑暗遮蔽。』等等,對於那些貪戀慾望之樂,善行被魔障阻礙,以及地獄等痛苦不堪,一心造惡等具有痛苦和痛苦之因的眾生,愿他們脫離這些痛苦的想法。 喜悅是:對於擁有快樂的眾生,愿他們不離快樂的想法。 舍是:對於具有煩惱的眾生,愿他們從煩惱的追隨等中解脫的想法。對於所有未提及的住所和助伴,都應將這些與之結合。由於擁有這些功德,圓滿的佛陀在《經莊嚴論》中受到讚頌,並且在《攝大乘論》中也有記載:『對眾生慈愛,具有相遇和分離的意念,具有不離快樂的意念,向您致敬,您具有利益和快樂的意念。』 解脫等三類補特伽羅是:『無色』,指三界,『有依』,指其餘由人所生。雖然解釋說八解脫中的前兩個,不凈觀禪定有兩個,存在於第二禪定中,但在這裡,第一個被說成是神通的形態。 目的或詞源是爲了從無法化現和轉變的障礙中解脫。住所是第四禪定,註釋中也說依賴於無色界的等持。有色的意義是『觀看者』,因為對『我』建立了色相的認知。 觀看色的意義是:以顯現的自性之色為目標進行觀察,即對所欲化現的美麗或醜陋等顏色進行意願的真實本質。第二個解脫中,認知內在無色的意義是『觀看者』,因為對自身建立了四蘊的認知。註釋中也說依賴於無色界的等持,上師們不會顯現已獲得的無色界之心。

【English Translation】 Loving-kindness is: depending on any basis of meditation, with a mind characterized by equanimity of object and feeling, may it meet with happiness. Its essence is the correct abiding of mind possessing such an object and aspect, and the mastery of calming and insight as desired, which are the companions of all qualities, the mind and mental factors together with their respective companions. Compassion is an ornament, as it is said in the sutra: ‘Burning attachment falls into the power of the enemy, oppressed by suffering, obscured by darkness.’ etc., for sentient beings who are attached to the pleasure of desire, whose virtuous deeds are obstructed by demons, and who are miserable in hell and other realms, and who single-mindedly commit evil, etc., who possess suffering and the cause of suffering, the thought of wishing them to be free from these sufferings. Joy is: for sentient beings who possess happiness, the thought of wishing them not to be separated from happiness. Equanimity is: for sentient beings who possess afflictions, the thought of wishing them to be liberated from following afflictions, etc. For all the abodes and companions not mentioned, these should be combined with them. Because of possessing these qualities, the perfectly enlightened Buddha is praised in the Ornament of the Sutras, and it is also recorded in the Compendium of Vehicles: ‘Loving to sentient beings, possessing the intention of meeting and separating, possessing the intention of not being separated from happiness, I prostrate to you, who possess the intention of benefit and happiness.’ The individuals of the three types of liberation, etc., are: ‘Formless,’ referring to the three realms, ‘with support,’ referring to the remainder born from humans. Although it is explained that the first two of the eight liberations, the two meditations on ugliness, exist in the second meditation, here, the first is said to be like the form of miraculous power. The purpose or etymology is to be liberated from the obscurations that cannot be transformed or changed. The abode is the fourth meditation, and the commentary also says that it relies on the absorption of the formless realm. The meaning of ‘with form’ is ‘the viewer,’ because the perception of form is established for the self. The meaning of ‘viewing form’ is: observing the forms that are the nature of appearing objects, that is, the true essence of desiring to transform whatever colors, such as beautiful or ugly, one wishes. In the second liberation, the meaning of perceiving inner formlessness is ‘the viewer,’ because the perception of the four aggregates is established for oneself. The commentary also says that it relies on the absorption of the formless realm, and the lamas do not manifest the mind of the formless realm that has been attained.


རང་ལ་གཟུགས་མེད་དུ་འདུ་ཤེས་དགོས་པས་དང་། སྣང་བའི་གཟུགས་ལ་ལྟ་དགོས་པས་སོ་ཞེས་གསུང་ངོ་། །ལྷག་མ་སྔ་མ་བཞིན་ནོ། །གསུམ་པ་ནི། གསུམ་པ་མཐའ་ན་དེ་མ་ཆགས། །ཞེས་བསམ་གཏན་གསུམ་པ་ན་གཉིས་པའི་ས་པའི་ཁ་དོག་གི་འདོད་ཆགས་མེད་པས་དང་བདེ་བའི་སྙིང་པོས་བསྐྱོད་པའི་ཕྱིར་རྣམ་ཐར་མ་བཞག་པར་འཆད་ཀྱང་། འདིར་གནས་ནི་བཞི་པ་ཉིད་དེ་དགོས་ཆེད་ནི་སྙིང་དུ་སྡུག་མི་སྡུག་སྤྲུལ་པ་ལ་སྤྲུལ་པར་སྩོལ་བའི་རྗེས་ཆགས་དང་སྤྲུལ་པ་ལ་མི་མཐུན་པ་ལེ་ལོའི་ཀུན་ནས་ཞེས་ཏེ། 1-855 རང་གིས་སྤྲུལ་པའི་སྡུག་མི་སྡུག་གི་གཟུགས་རྣམས་ལ་དམིགས་ནས་རྣམ་པ་ཕན་ཚུན་ལྟོས་པའི་འདུ་ཤེས་འདི་ནི་འདི་བས་སྡུག་པ་ལ་ལྟོས་ན་མི་སྡུག་པ་དང་། མི་སྡུག་པ་ལ་ལྟོས་ན་ སྡུག་པར་འགྱུར་གྱི། མ་ལྟོས་པར་ནི་མིན་ཏེ་མཉམ་པོ་མཐོང་ན་སྡུག་མི་སྡུག་གི་བློ་མི་འབྱུང་བས་སོ་སྙམ་པ་དང་། དེའི་རྒྱུ་ལས་ཕན་ཚུན་སྡུག་པ་ལའང་མི་སྡུག་པ་དང་དེ་ལའང་ སྡུག་པ་རྗེས་སུ་འབྲེལ་ཞིང་སྡུག་པར་གྲགས་པའང་དཔགས་པ་ཙམ་དུ་ཟད་དེ་སྐྲ་དང་སྤུ་དང་སེན་མོ་དང་སོ་དང་གློག་པ་དང་དྲི་མ་དང་པགས་པ་དང་ཤ་དང་རུས་པ་དང་རྒྱུས་ པ་དང་རྩ་དང་མཁལ་མ་དང་སྙིང་དང་མཆིན་པ་དང་གློ་བ་དང་རྒྱུ་མ་དང་གཉེ་མ་དང་། ཕོ་བ་དང་སུལ་མང་དང་ལོང་ཀ་དང་མཆེར་པ་དང་ཕྱི་ས་དང་། མཆིལ་མ་དང་རྔུལ་ དང་སྣབས་དང་། ངར་སྣབས་དང་ཞག་དང་ཆུ་སེར་དང་རྐང་མར་དང་ཚིལ་དང་མཁྲིས་པ་དང་བད་ཀན་དང་རྣག་དང་ཁྲག་དང་། ཀླད་པ་དང་ཀླད་རྒྱས་དང་གཅི་བ་སྟེ་མི་གཙང་བའི་རྫས་སུམ་ བཅུ་རྩ་དྲུག་གི་ནང་དུ་འདུས་པས་སྙམ་པ་དང་དེ་ལྟར་གཟུགས་ཀུན་ཕན་ཚུན་བསྲེས་ནས་སྡུག་པར་རོ་གཅིག་པའི་འདུ་ཤེས་ཐོབ་པ་སྟེ། མདོར། སྡུག་པའོ་ཞེས་མོས་པར་འགྱུར་བ་གསུམ་པའོ་ཞེས་བཀའ་བསྩལ་པས་སོ། ། 1-856 གཟུགས་མེད་པའི་རྣམ་ཐར་ལྔ་ལས་དང་པོ་བཞི་ནི། །གཟུགས་མེད་མཉམ་བཞག་དགེ་རྣམས་སོ། །ཞེས་པ་སྟེ་ཐར་པའི་རྗེས་སུ་མཐུན་པ་ནི་ཟག་མེད་ཀྱི་རྗེས་སུ་མཐུན་པ་འཕགས་པ་ཉན་ཐོས་སོགས་ ཀྱི་དག་པ་པའོ། །འདི་བཞིའི་གནས་ནི་རང་རང་གི་དངོས་གཞི་དག་པ་སྟེ་དམིགས་རྣམ་ནི་བཤད་ཟིན་ཅིང་ཡོན་ཏན་ཁྱད་པར་ཅན་དུ་འགྱུར་བ་ལ་ནི་གནས་པ་ཡང་དག་པར་འབྱོར་པ་དགོས་ སོ། །དགོས་ཆེད་དང་རྣམ་ཐར་དུ་འཇོག་པའི་རྒྱུ་ནི་ཞི་བའི་རྣམ་ཐར་གཟུགས་ལས་འདས་པའི་གཟུགས་མེད་ལ་ཆགས་ཤིང་རོ་མྱང་བ་ལས་ཐར་པའི་ཆེད་དུ་སྒོམ་པའོ། །འགོག་པའི་རྣམ་ཐར་ལ་འདུ་ ཤེས་དང་ཚོར་བ་འགོག་མི་ཤེས་ཤིང་མི་ནུས་པའི་སྒྲིབ་པ་ལས་ཐར་པའི་ཆེད་དུ་སྲིད་རྩེའི་རྣམ་ཐར་ལ་བརྟེན་ཏེ་དེ་ལ་གནས་པ་ལས་འདས་པ་དེ་ཐོབ་ཅིང་དོར་ནས་ལམ་ཟག་མེད་ ཀྱིས་གནས་གྱུར་པས་མཆོག་ཏུ་ཞི་བ་དང་ཉོན་ཡིད་མི་འབྱུང་བའི་ཕྱིར་ཐར་པ་དང་མཐུན་པ་སྟེ་དེ་ལ་གནས་པ་ཡང

【現代漢語翻譯】 世尊說,這是因為需要觀想自身無形,並且需要觀察顯現的色相。其餘部分與之前相同。第三種是: 『第三究竟不貪著』,意思是說,在第三禪中,因為沒有對第二禪的喜樂之色的貪著,並且被安樂的本質所推動,所以雖然解釋為沒有留下解脫,但此處的處所實際上是第四禪。原因是對於可愛與不可愛的變化之身,施與變化之身,以及對於變化之身的不和諧和懈怠等等。 對於自己所變化出的可愛與不可愛的形體,以相互比較的方式來觀想,這種想法是,相對於可愛之物來說,它就是不可愛的;相對於不可愛之物來說,它就是可愛的。如果不進行比較,就不會產生可愛與不可愛的想法,因為如果看到的是平等的狀態,就不會產生可愛與不可愛的念頭。並且,由於這個原因,對於可愛之物也會產生不可愛的感覺,反之亦然,可愛之名也只是推測而已。例如,頭髮、體毛、指甲、牙齒、污垢、面板、肌肉、骨骼、肌腱、血管、腎臟、心臟、肝臟、肺、腸、脾、胃、糞便、痰、汗、鼻涕、膿、脂肪、膽汁、痰、膿、血、腦髓、腦漿、尿液,總共三十六種不凈之物聚集在一起。這樣觀想,所有的形體都混合在一起,產生一種令人厭惡的感覺。簡而言之,世尊開示說,『要生起厭惡之想』,這就是第三種。 五種無色解脫中的前四種是:『無色等持諸善法』,意思是說,與解脫相順的是與無漏相順的聖者聲聞等人的清凈之法。這四種的處所是各自的本體清凈之處,所緣和行相已經說過,要成為具有特殊功德的處所,需要獲得正確的住處。作為目的和解脫的原因是,爲了從對寂靜解脫、超越色相的無色之物的執著和品嚐中解脫而進行禪修。爲了從無法止息和不能止息的障礙中解脫,而依賴於有頂天的解脫,並安住於此,從而獲得並捨棄超越之境,通過無漏道轉變處所,從而達到最極寂靜和不生煩惱,因此與解脫相順,安住於此。

【English Translation】 The Blessed One said that it is because one needs to perceive oneself as formless and because one needs to observe the forms of appearance. The rest is the same as before. The third is: ‘The third ultimately does not cling,’ meaning that in the third dhyana, because there is no clinging to the color of joy in the second dhyana, and because it is driven by the essence of bliss, although it is explained as not leaving liberation, the place here is actually the fourth dhyana. The reason is for the beloved and unlovable transformation bodies, giving transformation bodies, and for the disharmony and laziness of the transformation bodies, etc. For the lovable and unlovable forms that one has transformed, one contemplates in a mutually comparative way, thinking that this is unlovable in relation to the lovable, and lovable in relation to the unlovable. If there is no comparison, the thought of lovable and unlovable will not arise, because if one sees equality, the mind of lovable and unlovable will not arise. And because of this reason, one will also have an unlovable feeling for the lovable, and vice versa, and the name of lovable is only a speculation. For example, hair, body hair, nails, teeth, dirt, skin, muscles, bones, tendons, blood vessels, kidneys, heart, liver, lungs, intestines, spleen, stomach, feces, phlegm, sweat, snot, pus, fat, bile, phlegm, pus, blood, brain, brain marrow, urine, a total of thirty-six impure substances gathered together. Contemplating in this way, all forms are mixed together, producing a disgusting feeling. In short, the Blessed One taught, ‘One should generate the thought of disgust,’ this is the third. The first four of the five formless liberations are: ‘Formless samadhi all virtuous dharmas,’ meaning that what is in accordance with liberation is the pure dharma of the noble shravakas and others who are in accordance with the unpolluted. The place of these four is the purity of their respective entities, the object and aspect have been spoken of, and to become a place with special qualities, one needs to obtain the correct abode. The reason for establishing the purpose and liberation is to meditate for the sake of liberation from attachment to and tasting of the formless, which is beyond form in the liberation of peace. In order to liberate from the obscurations that cannot be stopped and cannot be stopped, one relies on the liberation of the peak of existence, and abiding in it, one obtains and abandons the transcendent state, and transforms the place through the unpolluted path, thereby reaching the most peaceful and non-arising of afflictions, therefore it is in accordance with liberation, abiding in it.


་དག་པར་འབྱོར་བའི་ཤེས་རིག་འགོག་པའོ། །རིག་པ་མེད་པས་དམིགས་རྣམ་ དང་གྲོགས་མེད་དོ། །འཕགས་པ་རྣམས་འདི་བརྒྱད་ཀྱིས་གནས་པས་ན་འདི་རྣམས་འཕགས་པ་གནས་པའི་རྣམ་ཐར་བརྒྱད་ཅེས་བརྗོད་དོ། དེ་ཡང་གསུམ་པ་དང་བརྒྱད་པ་མཆོག་ཡིན་པས་མང་དུ་གནས་ཏེ་དེས་ན་དེ་གཉིས་ལ་ལུས་ཀྱིས་མངོན་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་སོ་ཞེས་གསུངས་སོ། ། 1-857 མཆོག་ཡིན་པ་ནི་རིམ་པ་ལྟར་གཟུགས་ཅན་དང་གཟུགས་མེད་ཀྱི་རྣམ་ཐར་ལ་སྒྲིབ་པ་ཀུན་སྤངས་པའི་ཕྱིར་དང་དེ་གཉིས་ཀྱིས་རྣམ་ཐར་གྱིས་བརྩམས་པའི་གནས་གྱུར་རྫོགས་པར་མངོན་དུ་བྱེད་པའི་ཕྱིར་ རོ། །ཟིལ་གནོན་བརྒྱད་ལ་གསུམ་ལས་རྣམ་ཐར་གང་ལས་འབྱུང་བ་ནི་མདོར། །ནང་གཟུགས་སུ་འདུ་ཤེས་པས་ཕྱིའི་གཟུགས་ཆུང་ངུ་ཁ་དོག་མཛེས་པ་དང་ཁ་དོག་མི་སྡུག་པ་དང་ངན་པ་དང་བཟང་ པོ་རྣམས་ལ་ལྟ་སྟེ། གཟུགས་དེ་རྣམས་ཟིལ་གྱིས་མནན་ནས་ཤེས། ཤེས་ནས་ལྟ་སྟེ་དེ་ལྟར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གནོན་གྱི་སྐྱེ་མཆེད་དང་པོའོ། །དེ་ལྟར་ཆེན་པོ་སྦྱར་བ་ནི་ གཉིས་པ་སྟེ་དེ་གཉིས་རྣམ་ཐར་དང་པོ་ལས་འབྱུང་ངོ་། །ནང་གཟུགས་མེད་དུ་འདུ་ཤེས་པས་དེ་ལྟར་ལྟ་བ་གཉིས་ནི་རྣམ་ཐར་གཉིས་པ་ལས་འབྱུང་ངོ་། །དེ་ལྟར་ན་ཟིལ་གྱིས་གནོན་ཅེས་སོ། ། ནང་གཟུགས་མེད་དུ་འདུ་ཤེས་པས་ཕྱིའི་གཟུགས་སྔོན་པོ་ཁ་དོག་སྔོན་པོ། །སྔོན་པོ་ལྟ་བུར་སྟོན་པ། །འོད་སྔོན་པོར་འབྱུང་བ་རྣམས་ལ་ལྟ་སྟེ་དཔེར་ན་ཟར་མའི་མེ་ཏོག་གམ་ཡུལ་བཱ་རཱ་ ཎ་སིའི་རས་ཕུན་སུམ་ཚོགས་པ་སྔོན་པོ་སོགས་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱིའི་སྔོན་པོ་སོགས་ལ་ལྟ་ཞིང་ཟིལ་མནན་ནས་ཤེས་མཐོང་སྟེ་དེ་བཞིན་དུ་སེར་པོ་ལ་དོང་ཀའི་མེ་ཏོག་དང་། 1-858 དམར་པོ་ལ་བན་དྷུ་ཛཱི་ཀའི་མེ་ཏོག་དང་། དཀར་པོ་ལ་སྐར་མ་པ་ཝ་སངས་དང་། གསུམ་ཀ་ལའང་རས་སྦྱར་ཏེ་དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གནོན་གྱི་སྐྱེ་མཆེད་ བརྒྱད་པའོ་ཞེས་པའི་བར་བཞི་ནི་སྡུག་པའི་རྣམ་ཐར་གཅིག་གིས་འགྲུབ་བོ། །གཉིས་པ་དེ་གཉིས་ཀྱི་བྱེ་བྲག་ནི་རྣམ་ཐར་ལས་ཟིལ་གནོན་འབྱིན་ན་ཁྱད་པར་ཅི་ཡོད་ཅེ་ན། རྣམ་པར་ཐར་པ་ ཞེས་ཏེ་ཆུང་ངུ་སོགས་ཇི་ལྟར་སྤྲུལ་པར་འདོད་པས་མོས་པར་བྱེད་དོ། །ཟིལ་གནོན་རྣམས་ཀྱིས་ནི་མི་སྣང་བར་བྱེད་པ་དང་ཇི་ལྟར་འདོད་པར་སྤྲུལ་སྒྱུར་ལ་དབང་བྱེད་ཅེས་སོ། །མདོའི་དོན་བཤད་ པ་ནི། སེམས་ཅན་གྱི་རྣམས་གཟུགས་ཆུང་ངུ་དང་ཁང་བ་དང་རི་སོགས་ཆེན་པོ་སྟེ་ཁ་དོག་བཟང་བ་དང་ངན་པ་ནི་ཁ་དོག་སྡུག་མི་སྡུག་གོ །མིའི་རྣམས་ནི་ངན་པ་དང་ལྷའི་རྣམས་ ནི་བཟང་བའོ། །ཟིལ་གྱིས་མནན་ནས་ནི་དབང་བསྒྱུར་ནས་སོ། །ཤེས་ནི་ཞི་གནས་ཀྱི་ལམ་གྱིས་སོ། །མཐོང་ནི་ལྷག་མཐོང་གིས་སོ། །དེ་ལྟ་བུར་འདུ་ཤེས་པ་ནི་ཟི

【現代漢語翻譯】 能獲得正見的智慧會被阻礙。因為沒有智慧,所以沒有目標和朋友。聖者們通過這八種解脫而安住,因此這八種被稱為聖者安住的八種解脫。其中第三種和第八種最為殊勝,因此經常安住於此,所以說這兩種是身體力行而圓滿安住的。 殊勝的原因是,按照次第,對於有色和無色的解脫,能斷除一切障礙,並且這兩種解脫能圓滿顯現由解脫所造就的安住轉變。 關於八勝處,從三種解脫中產生哪種解脫呢?簡而言之:『內心觀想有色,外觀看小的、顏色美麗的、顏色醜陋的、惡劣的和美好的事物。勝伏這些色,了知。了知后觀看,像這樣觀想,這是第一勝處。』像這樣加上大的,是第二勝處,這兩種是從第一解脫中產生的。內心觀想無色,像這樣觀看兩種,是從第二解脫中產生的。像這樣稱為勝伏。 內心觀想無色,外觀看青色,顏色青色,顯現為青色,發出青色光芒的事物。例如,像亞麻花或瓦拉納西地區完美青色的布匹等。同樣,內心觀想無色,外觀看青色等,勝伏並了知,見到。同樣,對於黃色,像棟嘎花; 對於紅色,像班度扎卡的鮮花;對於白色,像星星帕瓦桑。三種都與布匹結合,像這樣觀想,這是第八勝處。』這之間的四種是通過一種不凈的解脫來實現的。 如果問這兩種的區別是什麼,從解脫中產生勝處有什麼區別呢?解脫是指,想要變現小等事物時,就隨心所欲地進行。而勝處則能使事物隱形,並能隨意變現和轉化。』 經文的意義解釋如下:眾生的事物,小到微小的事物,大到房屋和山等,顏色好的是美麗的,顏色不好的是醜陋的。人類的事物是惡劣的,天人的事物是美好的。勝伏是指控制。了知是通過止觀的道路。見到是通過勝觀。像這樣觀想就是勝處。

【English Translation】 The wisdom that attains purity is obstructed. Because of the lack of wisdom, there are no aims and no friends. Noble ones abide by these eight liberations, therefore these are called the eight aspects of the noble ones’ abiding. Among them, the third and eighth are the most excellent, therefore they often abide in them, so it is said that these two are realized and perfected through physical action. The reason for being excellent is that, in order, for the liberation of form and formlessness, all obscurations are abandoned, and these two liberations fully manifest the abiding transformation created by liberation. Regarding the eight victories, from which of the three liberations does each victory arise? In short: ‘Perceiving form internally, one looks at external forms that are small, beautifully colored, ugly colored, bad, and good. One overpowers these forms and knows them. Having known them, one looks at them, and thus perceiving them, this is the first victory. Similarly, adding the great, is the second victory, and these two arise from the first liberation. Perceiving no form internally, looking at the two in this way arises from the second liberation. Thus it is called victory.’ Perceiving no form internally, one looks at external blue forms, blue in color, appearing blue, emitting blue light. For example, like flax flowers or perfectly blue cloths from the Varanasi region, etc. Similarly, perceiving no form internally, one looks at external blue forms, etc., overpowering and knowing, seeing. Similarly, for yellow, like Dongka flowers; For red, like Bandhujika flowers; for white, like the star Pawa Sang. All three are combined with cloth, and perceiving them in this way, this is the eighth victory.’ The four in between are accomplished through one impure liberation. If one asks what the difference is between these two, what is the difference between producing victory from liberation? Liberation means that when one wants to transform into small things, etc., one does so as one pleases. But the victories can make things invisible and have power to transform and change as one desires.’ The meaning of the sutra is explained as follows: The things of sentient beings, small to tiny things, large to houses and mountains, etc., good colors are beautiful, and bad colors are ugly. The things of humans are bad, and the things of gods are good. Overpowering means controlling. Knowing is through the path of calm abiding. Seeing is through higher seeing. Perceiving in this way is victory.


ལ་གྱིས་མནན་པ་ལ་དེར་དང་ མ་མནན་པ་ལའང་དེར་འདུ་ཤེས་པས་མངོན་པའི་ང་རྒྱལ་མེད་པའོ། །སྔོན་པོ་སོགས་བཞི་ནི་མདོར་བསྟན་པ་དང་ལྷན་ཅིག་སྐྱེས་པ་དང་སྦྱར་བ་ལས་བྱུང་བ་དང་དེ་གཉིས་ཀ་ལ་འོད་འབྱུང་བས་གསལ་བའི་ཕྱིར་རོ། ། 1-859 དཔེའང་མེ་ཏོག་ལྷན་ཅིག་སྐྱེས་པའི་དང་རས་སྦྱར་བ་ལས་བྱུང་བའི་འོ། །དཔེའི་འང་སྔོན་པོ་སོགས་ཚིག་བཞི་རིམ་པ་ལྟར་དཔེ་གཉིས་ཀའི་དབང་དུ་བྱས་པ་དང་མེ་ཏོག་གི་དང་རས་ཀྱི་དང་ གཉིས་ཀ་ལ་འོད་གསལ་བ་ཡོད་པས་ཏེ་སེར་པོ་སོགས་ལའང་སྦྱར་རོ། །སྒོམ་ཚུལ་སོགས་ལྷག་མ་གཟུགས་སུ་འདུ་ཤེས་པས་ཕྱིའི་གཟུགས་ལ་ལྟ་ཞེས་སོགས་ནི་རྣམ་ཐར་བཞིན་ནོ། །འདིའི་གནས་བསམ་གཏན་ བཞི་པ་དང་དམིགས་པ། དང་པོ་འདོད་གཏོགས་སྣང་ཡུལ་ཅན། །ཞེས་འཆད་ཀྱང་རང་བཞིན་གྱི་གཟུགས་དང་རྣམ་པ་ཆུང་ངུ་དང་སྔོན་པོ་སོགས་སུ་ལྟ་བའོ། །ཟད་པར་ལ་གཉིས་ལས་དངོས་ནི། ཟད་པར་ བཅུ་འོ་བརྒྱད་མ་ཆགས། །བསམ་གཏན་མཐའ་ན་སྤྱོད་ཡུལ་ནི། །འདོད་པའོ་གཉིས་ནི་གཟུགས་མེད་དག །སྤྱོད་ཡུལ་རང་གི་ཕུང་པོ་བཞི། །ཞེས་བཤད་ཅིང་། འདིར་ནི་ཟིལ་གནོན་གྱིས་དམིགས་པ་ལ་དབང་སྒྱུར་ནས་ ཟད་པར་ཏེ་ཀུན་ཏུ་རྒྱས་པར་བྱེད་མཐའ་ཡས་པར་ཁྱབ་པར་བྱེད་པ་འབྱོར་པ་ཞེས་སོ། །དེ་ཡང་ངོ་བོ་བཅུ་སྟེ་ཟད་པར་ས་ཆུ་མེ་རླུང་དང་སྔོ་སེར་དམར་དཀར་དང་ནམ་མཁའ་དང་ རྣམ་ཤེས་སོ། །བྱེད་ལས་ནི་སས་ཆུ་སོགས་སར་སྤྲུལ་ཏེ་མི་འབྱིང་བ་འགྲོ་བ་དང་། ཆུས་ས་སོགས་ཆུར་སྤྲུལ་པ་དང་། མེས་དུ་བར་འཐུལ་ཞིང་མེའི་ཆར་འབེབས་པ་དང་། རླུང་གིས་རླུང་ལྟར་མགྱོགས་པ་དང་རླུང་སྤྲོ་བ་སོགས་བྱེད་དོ། ། 1-860 སྔོན་པོས་གང་འདོད་བཻཌཱུཪྻ་སོགས་སྔོན་པོར་སྒྱུར་བ་དང་མུན་པ་སོགས་བྱེད་དོ། །སེར་པོས་གསེར་སོགས་སུ་བྱེད་ལ། དམར་པོས་མུ་ཏིག་དམར་པོ་སོགས་སུ་སྒྱུར་ཏེ། དཀར་པོས་དཀར་པོར་སྒྱུར་ཞིང་། ནམ་ མཁས་གང་འདོད་པ་ནམ་མཁར་སྒྱུར་རོ། །རྣམ་ཤེས་དག་པས་ནི་ཉོན་མོངས་མེད་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སྨོན་ལམ་ཤེས་པ་སོགས་སྒྲུབ་བོ། །དེ་བཅུ་རྒྱས་པར་ནི་ཉི་ཁྲི་ སྣང་བར་བལྟའོ། །དེའི་ཁྱད་ཆོས་དཔྱད་པ་ནི་ཅིའི་ཕྱིར་རྣམ་ཐར་དང་ཟིལ་གནོན་ལ་འབྱུང་བ་བཞི་མི་བཞག་པར་ས་སོགས་ལ་ཟད་པར་གདགས་ཤེ་ན། གནས་འབྱུང་བ་དང་བཅས་པའི་འབྲས་བུའི་གཟུགས་ ལ་ཁྱབ་པ་སྟེ་འབྱུང་བ་མེད་ན་འབྲས་བུའི་གཟུགས་སྔོན་པོ་སོགས་ཀྱིས་ཁྱབ་པར་བྱེད་མི་ནུས་པས་སོ། །ལྷག་མ་གཟུགས་མེད་ཀྱི་ཟད་པར་གཉིས་ནི་རྣམ་ཐར་བཞིན་ཏེ་ཇི་ལྟར་མཐུན་པ་འདིས་ རྒྱས་པར་བྱེད་པའོ། །དེ་ལ་སྤྲུལ་པའི་ལས་སོགས་རྣམ་ཐར་གྱིས་རྩོམ་ལ་ཟིལ་གནོན་གྱིས་སྦྱོང་ཞིང་ཟད་པར་རྣམས་ཀྱིས་ནི་འགྲུབ་པར་བྱེད་ཅིང་སྤྲོ་སྟེ། ཐུབ་པས་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ ཐམས་ཅད་ཟ

【現代漢語翻譯】 對於被煩惱壓迫和未被壓迫的情況,都認識到這一點,就不會有傲慢。青色等四種顏色,是與簡要說明同時產生,並與結合而產生的,因為這兩種情況都會發出光芒而變得清晰。 例如,花朵是與(簡要說明)同時產生的,並與布料結合而產生的。例如,青色等四個詞,按照順序,都適用於兩種情況,花朵和布料都具有光芒。黃色等顏色也可以這樣理解。觀修方法等剩餘部分,因為將(外在事物)視為形象,所以『觀看外在形象』等,就像解脫法一樣。這裡的處所是第四禪定,所緣是:『首先是欲界,具有顯現的對境。』雖然這樣解釋,但實際上是觀看自性之色、微小之相以及青色等顏色。關於遍處,有兩種,實際的是:『十種遍處,八種不退轉,禪定之邊是行境,欲界和二者是無色界,行境是各自的四蘊。』這裡說的是,通過勝伏,控制所緣,然後遍滿,即完全擴充套件,無邊無際地擴充套件,這就是成就。其體性是十種,即地、水、火、風,以及青、黃、紅、白,還有虛空和識。作用是,地將水等轉化為地,使其不沉沒,可以行走;水將地等轉化為水;火冒出煙霧,降下火雨;風像風一樣迅速,帶來歡樂等。青色可以將任何想要的東西變成青色,比如青金石等,也可以製造黑暗等。黃色可以變成黃金等。紅色可以變成紅色珍珠等。白色可以變成白色。虛空可以將任何想要的東西變成虛空。清凈的識可以消除煩惱,分別正確地認識,成就願望等。這十種的擴充套件,可以觀看兩萬頌。研究其特點是,為什麼在解脫法和勝伏中不設立四大,而要在地等上設立遍處呢?因為處所是與四大一起產生的果的形象,如果缺少四大,就無法用青色等顏色來遍滿果的形象。剩餘的兩種無色界的遍處,就像解脫法一樣,通過這種相似性來擴充套件。因此,變化的業等由解脫法開始,由勝伏來凈化,由遍處來成就和擴充套件,因此,勝者必定能從一切障礙中解脫。一切世間… 對於被煩惱壓迫和未被壓迫的情況,都認識到這一點,就不會有傲慢。(藏文:ལ་གྱིས་མནན་པ་ལ་དེར་དང་མ་མནན་པ་ལའང་དེར་འདུ་ཤེས་པས་མངོན་པའི་ང་རྒྱལ་མེད་པའོ།),青色等四種顏色,是與簡要說明同時產生,並與結合而產生的,因為這兩種情況都會發出光芒而變得清晰。 例如,花朵是與(簡要說明)同時產生的,並與布料結合而產生的。例如,青色等四個詞,按照順序,都適用於兩種情況,花朵和布料都具有光芒。黃色等顏色也可以這樣理解。觀修方法等剩餘部分,因為將(外在事物)視為形象,所以『觀看外在形象』等,就像解脫法一樣。這裡的處所是第四禪定,所緣是:『首先是欲界,具有顯現的對境。』雖然這樣解釋,但實際上是觀看自性之色、微小之相以及青色等顏色。關於遍處,有兩種,實際的是:『十種遍處,八種不退轉,禪定之邊是行境,欲界和二者是無色界,行境是各自的四蘊。』這裡說的是,通過勝伏,控制所緣,然後遍滿,即完全擴充套件,無邊無際地擴充套件,這就是成就。其體性是十種,即地、水、火、風,以及青、黃、紅、白,還有虛空和識。作用是,地將水等轉化為地,使其不沉沒,可以行走;水將地等轉化為水;火冒出煙霧,降下火雨;風像風一樣迅速,帶來歡樂等。青色可以將任何想要的東西變成青色,比如青金石等,也可以製造黑暗等。黃色可以變成黃金等。紅色可以變成紅色珍珠等。白色可以變成白色。虛空可以將任何想要的東西變成虛空。清凈的識可以消除煩惱,分別正確地認識,成就願望等。這十種的擴充套件,可以觀看兩萬頌。研究其特點是,為什麼在解脫法和勝伏中不設立四大,而要在地等上設立遍處呢?因為處所是與四大一起產生的果的形象,如果缺少四大,就無法用青色等顏色來遍滿果的形象。剩餘的兩種無色界的遍處,就像解脫法一樣,通過這種相似性來擴充套件。因此,變化的業等由解脫法開始,由勝伏來凈化,由遍處來成就和擴充套件,因此,勝者必定能從一切障礙中解脫。一切世間…

【English Translation】 Recognizing that there is no pride in being oppressed by afflictions or not being oppressed by them. The four colors, blue, etc., arise simultaneously with the brief explanation and from being combined, because both situations emit light and become clear. For example, flowers arise simultaneously with (the brief explanation) and from being combined with cloth. For example, the four words blue, etc., apply to both situations in order, and both flowers and cloth have light. Yellow and other colors can also be understood in this way. The remaining parts, such as the method of meditation, are because (external things) are regarded as images, so ‘viewing external images’ etc., is like the liberation method. The place here is the fourth dhyana (meditative absorption), and the object is: ‘First is the desire realm, having manifest objects.’ Although this is explained, it is actually viewing the color of self-nature, subtle appearances, and colors such as blue. Regarding the all-pervading, there are two types, the actual one is: ‘Ten all-pervading, eight non-regression, the edge of dhyana is the realm of activity, the desire realm and the two are the formless realm, the realm of activity is each’s four aggregates.’ Here it is said that by overcoming, controlling the object, and then pervading, that is, fully expanding, infinitely expanding, this is accomplishment. Its essence is ten types, namely earth, water, fire, wind, and blue, yellow, red, white, as well as space and consciousness. The function is that earth transforms water, etc., into earth, making it not sink and able to walk; water transforms earth, etc., into water; fire emits smoke and rains fire; wind is as fast as the wind and brings joy, etc. Blue can transform anything you want into blue, such as lapis lazuli, etc., and can also create darkness, etc. Yellow can become gold, etc. Red can become red pearls, etc. White can become white. Space can transform anything you want into space. Pure consciousness can eliminate afflictions, separately and correctly recognize, and accomplish wishes, etc. The expansion of these ten can be viewed in twenty thousand verses. Studying its characteristics is why the four elements are not established in the liberation method and overcoming, but the all-pervading is established on earth, etc.? Because the place is the image of the fruit produced together with the four elements, if the four elements are lacking, the image of the fruit cannot be pervaded by colors such as blue. The remaining two all-pervading of the formless realm are like the liberation method, expanding through this similarity. Therefore, the karma of transformation, etc., begins with the liberation method, is purified by overcoming, and is accomplished and expanded by the all-pervading, therefore, the Victorious One will surely be liberated from all obstacles. All the worlds… Recognizing that there is no pride in being oppressed by afflictions or not being oppressed by them. (Tibetan: ལ་གྱིས་མནན་པ་ལ་དེར་དང་མ་མནན་པ་ལའང་དེར་འདུ་ཤེས་པས་མངོན་པའི་ང་རྒྱལ་མེད་པའོ།), The four colors, blue, etc., arise simultaneously with the brief explanation and from being combined, because both situations emit light and become clear. For example, flowers arise simultaneously with (the brief explanation) and from being combined with cloth. For example, the four words blue, etc., apply to both situations in order, and both flowers and cloth have light. Yellow and other colors can also be understood in this way. The remaining parts, such as the method of meditation, are because (external things) are regarded as images, so ‘viewing external images’ etc., is like the liberation method. The place here is the fourth dhyana (meditative absorption), and the object is: ‘First is the desire realm, having manifest objects.’ Although this is explained, it is actually viewing the color of self-nature, subtle appearances, and colors such as blue. Regarding the all-pervading, there are two types, the actual one is: ‘Ten all-pervading, eight non-regression, the edge of dhyana is the realm of activity, the desire realm and the two are the formless realm, the realm of activity is each’s four aggregates.’ Here it is said that by overcoming, controlling the object, and then pervading, that is, fully expanding, infinitely expanding, this is accomplishment. Its essence is ten types, namely earth, water, fire, wind, and blue, yellow, red, white, as well as space and consciousness. The function is that earth transforms water, etc., into earth, making it not sink and able to walk; water transforms earth, etc., into water; fire emits smoke and rains fire; wind is as fast as the wind and brings joy, etc. Blue can transform anything you want into blue, such as lapis lazuli, etc., and can also create darkness, etc. Yellow can become gold, etc. Red can become red pearls, etc. White can become white. Space can transform anything you want into space. Pure consciousness can eliminate afflictions, separately and correctly recognize, and accomplish wishes, etc. The expansion of these ten can be viewed in twenty thousand verses. Studying its characteristics is why the four elements are not established in the liberation method and overcoming, but the all-pervading is established on earth, etc.? Because the place is the image of the fruit produced together with the four elements, if the four elements are lacking, the image of the fruit cannot be pervaded by colors such as blue. The remaining two all-pervading of the formless realm are like the liberation method, expanding through this similarity. Therefore, the karma of transformation, etc., begins with the liberation method, is purified by overcoming, and is accomplished and expanded by the all-pervading, therefore, the Victorious One will surely be liberated from all obstacles. All the worlds…


ིལ་གྱིས་གནོན། །ཁྱོད་ཀྱིས་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས་ཉན་རང་གི་རང་རང་གི་སྒྲིབ་པ་སྔར་སྨོས་པ་ལས་ཐར་པ་ཙམ་དང་རང་གི་དམིགས་པ་རང་བཞིན་པ་ཟིལ་གྱིས་གནོན་པ་དང་ཉི་ཚེ་ལ་ཁྱབ་པ་ཙམ་ལས་ཆེས་ཁྱད་པར་འཕགས་སོ། ། 1-861 ཉོན་མོངས་པ་མེད་པ་ནི་གཞན་གྱི་ཉོན་མོངས་ལ་དམིགས་ཏེ་རྣམ་པ་དེ་འབྱུང་བ་རྗེས་སུ་སྲུང་བ་བདག་མཐོང་བའི་སྐྱེ་བོ་རྣམས་བདག་ལ་དམིགས་ནས་ཉོན་མོངས་སྐྱེ་མི་སྐྱེ་བསམ་ཤེས་ཀྱིས་ བལྟས་ནས་དེའི་གམ་དུ་མི་འགྲོ་བའམ་འགྲོའང་ཉོན་མོངས་མི་འབྱུང་བར་མཛད་པ་སྟེ། སེམས་ཅན་རྣམས་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །ཐུགས་རྗེར་ བཅས་ཁྱོད་ལ་ཕྱག་འཚལ། །ཞེས་དང་། དེའི་ཁྱད་པར་ཡང་ཡུམ་གྱི་རྒྱན་དུ། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །གྲོང་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅོད་རྒྱལ་བའི་ ཉོན་མོངས་མེད། །ཅེས་པ་སོར་མོའི་ཕྲེང་བའི་ལྟ་བུའོ། །དེའང་སྐྱེ་བོ་གདུལ་བའི་དུས་ལ་བབ་པ་ལ་ལྟོས་ཏེ་ཐེག་བསྡུས་སུ། བསྒྲིབས་ཤིང་རྒྱུ་དང་མི་ལྡན་ལ། ལས་བྱེད་པ་དང་རྣམ་སྨིན་མྱོང་ ཟེར་།ངེས་པ་གཉིས་དང་ལྡན་པ་ཡི། །སེམས་ཅན་ཁམས་ལ་ཀུན་ཏུ་ཡང་། །སངས་རྒྱས་རྣམས་ལ་མངའ་དབང་མེད། །ཅེས་འབྱུང་བས་སོ། །བསམས་ནས་ཤེས་པ་ནི་དམིགས་པ་དུས་གསུམ་པ་སོགས་གང་ཤེས་པར་ འདོད་པ་འདི་རྣམས་ཤེས་པར་བྱའོ་ཞེས་བསམས་ནས་བསམ་གཏན་ལ་སྙོམས་པར་ཞུགས་ཤིང་ལངས་པས་ཤེས་བྱ་དེ་ཤེས་པ་སྟེ། ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ནི། །མཉམ་པར་བཞག་ཅིང་འདྲི་ཀུན་གྱི། ། 1-862 ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ཏེ། ཉན་རང་གི་ནི་བཤད་པ་ལྟར་དེ་ལས་བཟློག་པའོ། །དེས་ན་བསམས་པའི་རྒྱུ་ཅན་གྱི་ཤེས་པ་ནི་དེ་སྐད་བརྗོད་ཅིང་དེའི་རྒྱུ་ཏིང་ངེ་འཛིན་སོགས་ རྣམས་ཀྱང་སྨོན་ནས་ཤེས་པའོ་ཞེའོ། །སྡེ་བདུན་པ་སོ་སོ་ཡང་དག་པར་རིག་པ་ནི་ཤེས་རབ་ཕུལ་དུ་བྱུང་བ་སྟེ། དེའི་དང་པོ་ནི་དམིགས་པ་མིང་གི་རྣམ་གྲངས་བདེ་བར་གཤེགས་པ་དང་ རྒྱལ་བ་དང་ཐུབ་པ་དང་སངས་རྒྱས་དང་དཔལ་སྟུག་སོགས་ལྟ་བུ་དང་མ་རིག་པ་དང་མི་ཤེས་པ་དང་མི་མཐོང་བ་དང་མངོན་པར་མི་རྟོགས་པ་སོགས་རྟེན་ལ་རྣམ་པ་ཐོགས་པ་མེད་ པར་མཁྱེན་པའོ། །གཉིས་པ་ནི་དམིགས་པ་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་དང་དོན་གཞན་སོགས་ལ་དགོངས་པ་རྟེན་པ་ལ་ཐོགས་མེད་དུ་མཁྱེན་པ་འབྱོར་པའོ། །གསུམ་པ་ནི་ཡུལ་སྐད་སོ་སོ་ བ་ཀུམ་བྷ་དང་བུམ་པ་སོགས་དང་ཆོས་ཀྱི་ངེས་པའི་ཚིག་ཤེས་བྱ་ཀུན་མཁྱེན་པས་ཀུན་མཁྱེན་ཞེས་སོགས་སྐད་ལ་དམིགས་ཏེ་ཐོགས་མེད་དུ་མཁྱེན་པ་འབྱོར་པ་སྟེ་རྒྱལ་ཆེན་རིས་བ

【現代漢語翻譯】 『被寂靜所壓制。您以智慧遍知一切所知。向您,解脫者,致敬!』如是說,聲聞和獨覺從先前所說的各自的障礙中解脫,僅僅是壓制了各自的目標的自性,並且僅僅是遍及一時,除此之外,(與佛陀相比)相差甚遠。 無有煩惱,即是觀察他人的煩惱,並隨順產生那種狀態,那些具有我見的人觀察自己,思考煩惱是否產生,然後不接近他們,或者即使接近也不會產生煩惱。『一切眾生的,所有煩惱全部調伏。調伏煩惱者,對於煩惱,以慈悲心向您致敬!』並且,那樣的差別也在《現觀莊嚴論》中說:『聲聞無煩惱之見,是人完全捨棄煩惱。在城鎮等地,斷除他們的煩惱,勝者的煩惱不存在。』就像指鬘王(Angulimala)的例子一樣。那也是取決於調伏眾生的時機,在《攝大乘論》中說:『被遮蔽且不具足因,以及作用和異熟果報,具有二種決定的,眾生界中,諸佛也沒有自在。』如是說。思考而知,即是思考想要知道的目標,無論是過去、現在、未來,然後進入禪定,起身之後就能知道所想知道的事物。『自然成就且無有執著,無有障礙且恒常,處於等持且回答一切問題,向您致敬!』聲聞和獨覺的情況則與此相反。因此,由思考產生的智慧,是如此宣說的,並且其原因,如三摩地等,也是通過祈願而知曉。第七種,個別正知,是殊勝的智慧。其中的第一種是,目標是諸如名號的異名,如善逝(Sugata,सुगत,sugata,善逝)、勝者(Jina,जिन,jina,勝利者)、能仁(Muni,मुनि,muni,聖人)、佛陀(Buddha,बुद्ध,buddha,覺者)、吉祥怙主(Shrimat,श्रीमत्,śrīmat,吉祥的)等,以及無明、無知、不見、不現證等,對於所依,沒有執著地了知一切。第二種是,目標是諸法的自相和共相,以及其他意義等,對於所依,沒有障礙地了知一切。第三種是,對於各個地方的語言,如水瓶(kumbha,कुम्भ,kumbha,水瓶)和瓶子(bhumpa)等,以及對於法的決定性詞語,如『知一切所知,因此是全知』等,對於語言的目標,沒有障礙地了知一切,也就是四大天王…

【English Translation】 ‘Subdued by stillness. You pervade all knowable things with your wisdom. Homage to you, the liberated one!’ Thus it is said that Shravakas and Pratyekabuddhas are liberated from their respective obscurations mentioned earlier, merely suppressing the self-nature of their respective objects, and only pervading for a limited time. Beyond that, (compared to the Buddha) the difference is vast. Without afflictions means observing the afflictions of others and following the arising of that state. Those with a view of self observe themselves, contemplating whether afflictions arise, and then do not approach them, or even if they approach, afflictions do not arise. ‘All beings, all afflictions are completely subdued. Subduer of afflictions, to afflictions, with compassion, I pay homage to you!’ Moreover, that difference is also stated in the Ornament of Clear Realization: ‘The Shravaka’s view of no afflictions, is the complete abandonment of human afflictions. In towns and so on, cutting off their afflictions, the Victor’s afflictions do not exist.’ Like the example of Angulimala. That also depends on the timing of taming beings. In the Compendium of the Great Vehicle, it says: ‘Obscured and lacking causes, as well as function and the ripening result, possessing two certainties, in the realm of beings, the Buddhas have no power.’ Thus it is said. Thinking and knowing means contemplating the object one wants to know, whether it is past, present, or future, then entering into meditative absorption, and after arising, one knows what one wanted to know. ‘Naturally accomplished and without attachment, without obstruction and constant, abiding in equanimity and answering all questions, I pay homage to you!’ The situation of Shravakas and Pratyekabuddhas is the opposite of this. Therefore, the wisdom arising from thought is spoken of in this way, and its causes, such as Samadhi, are also known through aspiration. The seventh, individual perfect knowledge, is excellent wisdom. The first of these is that the object is different names such as Sugata (सुगत,sugata,Well-gone), Jina (जिन,jina,Victor), Muni (मुनि,muni,Sage), Buddha (बुद्ध,buddha,Awakened One), Shrimat (श्रीमत्,śrīmat,Glorious) and so on, as well as ignorance, unknowing, not seeing, non-manifestation, etc., knowing everything without attachment to the basis. The second is that the object is the self-characteristics and general characteristics of phenomena, as well as other meanings, etc., knowing everything without obstruction to the basis. The third is that for the languages of various places, such as kumbha (कुम्भ,kumbha,water pot) and bhumpa (vase), and for the definitive words of the Dharma, such as ‘knowing all knowable things, therefore being omniscient,’ etc., knowing everything without obstruction to the object of language, that is, the Four Great Kings…


ཞི་ན་བདེན་ པ་བཞི་ལ་ཨེ་ནེ་དང་མེ་ནེ་དང་དམ་པོ་དང་ད་དམ་པོ་ཞེས་གྲགས་པར་བཤད་པ་སོགས་སོ། །སྤོབས་པའི་ནི། དམིགས་པ་ཆོས་རབ་ཏུ་དབྱེ་བ་རྫས་ཡོད་བཏགས་ཡོད་སོགས་ལ་ཐོགས་མེད་དུ་མཁྱེན་པ་འབྱོར་བ་སྟེ། 1-863 རྟེན་དང་བརྟེན་པ་བཤད་བྱ་དང་། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བ། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའོ། །སྡེ་བརྒྱད་པའི་སྤྱི་དོན་ནི་བཤད་ཟིན་ཅིང་ དྲུག་གི་དང་པོ་ནི་རྫུ་འཕྲུལ་གྱི་རྣམ་འཕྲུལ་གྱི་ལུས་གཅིག་ཏུ་གྱུར་ཅིང་མང་པོར་གྱུར་པ་སོགས་ལ་དམིགས་ཏེ་རྣམ་པ་དེ་རིག་ཅིང་སྣང་བས་ངོ་བོ་ཡང་དག་ཅེས་སོ། །ལྷའི་རྣ་བ་ ནི་བསམ་གཏན་ལས་བྱུང་བ་ཉིད་ཀྱིས་ཕྱིར་ཏེ་སྒྲ་སྣ་ཚོགས་ནི་མིའི་དང་། ལྷའི་དང་། རྣ་བར་ཤུབ་པ་སོགས་སོ། །འདིར་ཏིང་ངེ་འཛིན་སོགས་ནི་ལྷའི་རྣ་བའི་རྒྱུ་ཉིད་ཀྱི་ཕྱིར་ལྷའི་རྣ་བར་ བརྗོད་དོ་ཞེའོ། །གཞན་གྱི་སེམས་ཀྱི་སྤྱོད་པ་ནི་འདོད་ཆགས་དང་བཅས་པ་སོགས་སོ། །སྔོན་གྱི་མཐའི་སྤྱོད་པ་ནི་འདས་པའི་ཚེ་རབས་བརྒྱུད་པ་ལས་བརྩམས་ཏེ་མི་དང་རིགས་དང་རུས་འདི་ཞེས་བྱ་ ཞེས་སོགས་སོ། །འཆི་འཕོ་བའང་ཡིན་ལ་སྐྱེ་བའང་ཡིན་པ་བར་དོའི་སྲིད་པ་སྟེ་འཇིག་རྟེན་སྔ་མ་ལས་འཆི་འཕོ་ཞིང་ཕྱི་མར་སྐྱེ་བའི་ཕྱིར་རོ། །དེའི་བཟང་ངན་དང་བདེ་འགྲོ་དང་ངན་འགྲོར་ འགྲོ་བ་སོགས་མཐོང་བའོ། །འདི་ལ་ལྷའི་མིག་གི་མངོན་ཤེས་ཞེས་ཀྱང་བྱའོ། །ཏིང་ངེ་འཛིན་སོགས་ནི་ལྷའི་མིག་གི་རྒྱུ་ཡིན་པས་དེ་སྐད་ཅེས་བྱའོ་ཅེའོ། །ཟག་པ་ཟད་པ་ནི་གང་གིས་ཟད་ཅིང་མི་སྐྱེ་བ་དང་ཟད་ཅིང་མི་སྐྱེ་བ་གང་ཡིན་པའོ། ། 1-864 གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་རྣམས་སྐད་ཀྱིས་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་བ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱེད་ལས་ཀྱིས་བསྟོད་དོ། །སྡེ་དགུ་པ་ནི། མཚན། ཕྱག་ ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས་ཞེས་སོགས་སུམ་བཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ། ཐུབ་པའི་སེན་མོ་ཟངས་མདོག་དང་། །ཞེས་སོགས་བརྒྱད་བཅུས་བརྒྱན་པའི་སྐུ་གདུལ་བྱ་ལ་ཀུན་ཏུ་སྟོན་པར་ ནུས་པའི་ཏིང་ངེ་འཛིན་དང་ཤེས་རབ་སྟེ་རྒྱལ་བ་རྣམས་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བས་སོ། །བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆད་རྒྱལ་བའི་སྐུ་ཀུན་ཏུ་སྟོན་ནུས་པ་རྣམས་ཀྱིའང་ དེ་དང་འདྲ་ཞིང་དེ་ལས་གཞན་རྣམས་ཀྱི་ནི་དེ་ལས་འབྱུང་བའི་རྣམ་སྨིན་ཏེ། །བྱང་སར་མཚན་རྣམས་རིགས་ཀྱི་ས་ལ་ས་བོན་ཙམ་གནས་པ་དང་མོས་སྤྱོད་ལ་འཐོབ་པའི་ཐབས་ལ་ཞུགས་པ་ དང་། ལྷག་བསམ་དག་པ་ལ་རྣམ་སྨིན་གྱིས་ཐོབ་པ་དང་། དེའི་གོང་མའི་ས་ལ་རྣམ་པར་དག་པ་དང་། རྒྱལ་བའི་སར་དག་པ་ཤིན་ཏུ་བླ་ན་མེད་པར་གསུངས་པས་སོ། །དེར་མཚན་གཟུགས་ཅན་ དུ་གསུ

【現代漢語翻譯】 關於『四真諦』,據說有『愛尼』、『梅尼』、『丹波』和『達丹波』等。關於雄辯,是指對有實物和假立等事物,能無礙地瞭解和掌握。 所依和能依當說者,言語和智慧是能詮釋,智慧恒常無有阻,善示者您前敬頂禮。如是說。八類(神通)的總義已述。 六神通中的第一種是神變,即身體可以變成一個或多個等,能覺知並顯現這些形態,其體性是真實的。天耳是指通過禪定而產生的,能聽到各種聲音,如人聲、天聲、耳語等。這裡的等持等是天耳的因,因此被稱為天耳。 他心通是指了解他人心中的貪慾等。宿命通是指從過去世開始,瞭解某人的種族、姓氏等。生死智通是指既有死亡,也有出生的中陰狀態,即從前世死亡,到來世出生的狀態。能看到眾生的善惡、善趣和惡趣等。這也被稱為天眼通。等持等是天眼的因,所以這樣稱呼。 漏盡通是指什麼被斷盡且不再生起,以及什麼能斷盡且不再生起。 逝後行持皆能知,以語調伏諸有情,示其來去與解脫,善引尊前敬頂禮。這是以事業來讚頌。第九類是(佛的)妙相。手足具有輪相,以及如龜足等三十二相,和八十隨好。佛陀的指甲如紅銅色等,以八十隨好莊嚴的身體,能向所化眾生普遍示現的等持和智慧,諸佛以法身來區分。 八地以上的菩薩也能示現佛身,與佛相同。其他菩薩則是由此產生的異熟果。在《瑜伽師地論》中,妙相在種姓地只是種子,在勝解行地是獲得的方法,在增上意樂清凈地是異熟果,在更高的地上是清凈,在佛地是無上清凈。因此,妙相顯現為色身。

【English Translation】 Regarding the ‘Four Noble Truths,’ it is said that there are ‘Ene,’ ‘Mene,’ ‘Dampo,’ and ‘Dadaampo,’ etc. Regarding eloquence, it refers to the ability to know and master things without obstruction, such as things that exist and things that are nominally established. The basis and the dependent, what should be explained, speech and wisdom are the interpreters, wisdom is constant and without obstruction, to the good teacher, I prostrate. Thus it is said. The general meaning of the eight (supernatural powers) has been described. The first of the six superknowledges is magical power, which means that the body can become one or many, etc., and can perceive and manifest these forms, whose nature is true. The divine ear refers to what arises from meditation, and can hear various sounds, such as human voices, divine voices, whispers, etc. Here, meditative stabilizations, etc., are the cause of the divine ear, so they are called divine ear. Telepathy refers to understanding the greed, etc., in the minds of others. Knowledge of past lives refers to understanding someone’s race, surname, etc., starting from past lives. Knowledge of death and rebirth refers to the intermediate state between death and birth, that is, the state of dying from the previous life and being born in the next life. One can see the good and bad, good and bad destinies of beings. This is also called divine eye. Meditative stabilizations, etc., are the cause of the divine eye, so it is called that. The extinction of outflows refers to what is exhausted and no longer arises, and what can be exhausted and no longer arises. Knowing the conduct after passing away, subduing sentient beings with words, showing them coming and going and liberation, to the good guide, I prostrate. This is praise through action. The ninth category is (the Buddha’s) marks. The hands and feet have wheel marks, and thirty-two marks such as turtle feet, and eighty minor marks. The Buddha’s nails are like red copper, etc., and the body adorned with eighty minor marks, the meditative stabilization and wisdom that can universally show to those to be tamed, the Buddhas are distinguished by the Dharmakaya. Bodhisattvas above the eighth bhumi can also manifest the Buddha’s body, which is the same as the Buddha. Other Bodhisattvas are the results of maturation arising from this. In the Yogacarabhumi-sastra, the marks are only seeds on the lineage ground, the method of attainment on the ground of application, the result of maturation on the ground of pure intention, purity on the higher ground, and unsurpassed purity on the Buddha ground. Therefore, the marks appear as a form body.


ངས་པ་ལྟར་ན་ཏིང་ངེ་འཛིན་དང་ཤེས་རབ་ནི་མཚན་གྱི་རྒྱུ་ལ་དེར་བཏགས་པའམ། འདིར་བཤད་པ་ལྟར་ན་གཟུགས་རྣམས་ནི་མཚན་དཔེའི་འབྲས་བུ་ལ་དེར་བཏགས་པར་མངོན་ཏེ། ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། ། 1-865 སྐྱེས་བུ་དམ་པ་ལགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དང་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱེད་ལས་ཀྱིས་བསྟོད་དོ། །སྡེ་བཅུ་པ་ལ་གནས་སྐུ་ལུས་ལེན་པ་འབྱོར་བ་གང་དུ་ བཞེད་པ་དེར་སྐྱེ་བ་འཛིན་པ་སྐྱེ་བ་ལ་དབང་བ་དང་གནས་བཞུགས་པ་ཚེ་ལ་དབང་བ་དང་གནས་གཏོང་བ་འབྱོར་པ་བཞེད་ན་སྐུ་ཚེའི་འདུ་བྱེད་འདོར་བ་སྟེ་དེ་གསུམ་བཞེད་པ་ནི་ རྣམ་པའོ། །ཏིང་ངེ་འཛིན་སོགས་ནི་རྒྱུ་ལ་འབྲས་བུས་བཏགས་ནས་དེའི་མིང་གིས་བསྟན་པའོ་ཞེའོ། །སྔོན་མེད་པ་སྤྲུལ་པ་དང་སྔོན་རྒྱུན་ཡོད་པའི་ས་སོགས་གསེར་སོགས་སུ་སྒྱུར་བ་འབྱོར་པ་མོས་པ་ ལ་དབང་བ་དང་། མཁྱེན་པ་རྣམ་པ་ཀུན་ཐུགས་སུ་ཆུད་པའོ། །ཐུགས་ནི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་གྱི་སྒོ་ནི་ཏིང་ངེ་འཛིན་དུ་མ་སྐྱེ་བའི་སྒོར་གྱུར་པའི་ཏིང་ངེ་འཛིན་འགའ་ཞིག་ སྟེ། དེ་ལ་དབང་སྒྱུར་བ་སྐད་ཅིག་རེ་ལ་ཇི་ལྟར་བཞེད་པའི་ཏིང་ངེ་འཛིན་དཔག་མེད་ལ་སྙོམས་པར་འཇུག་པ་སེམས་ལ་དབང་པའོ། །འདིས་ཚིག་དང་དོན་སོགས་འཛིན་པར་བྱེད་པས་ན་གཟུངས་དྲན་ པའི་མཚན་ཉིད་ཅན་གྱི་སྒོ་ཡི་གེ་རྣམས་ཀུན་ཏུ་འཛིན་པ་ཡི་གེ་བཞི་བཅུ་རྩ་གཉིས་ལས་གང་རུང་ཡིད་ལ་བྱེད་པ་ན་དེ་དང་པོར་གྱུར་པའི་ཆོས་ཀྱི་རྣམ་གྲངས་ཀུན་བརྗོད་པའི་ནུས་པ་ཐོབ་པ་སྟེ་ཨ་ཡིག་ནི་དང་པོ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། ། 1-866 ཞེས་དང་། ར་པ་ཙ་སོགས་ཡུམ་རྒྱས་འབྲིང་དུ་གསུངས་སོ། །དེ་ནི་གཟུངས་བཞི་ལས་བཟོད་པའི་གཟུངས་སུ་ཉི་ཁྲི་དག་ལྡན་དུ་བཤད་དེ། ཨ་སོགས་ཀྱི་དོན་སྐྱེ་མེད་སོགས་ཀྱི་དེ་བཞིན་ཉིད་དུ་ མོས་པར་བྱས་ནས་སྒོམ་པ་རྫོགས་པ་ན་ཡི་གེ་དེ་དང་དེའི་དོན་དམ་ལ་བཟོད་པ་སྐྱེ་བས་ན་ཤེས་རབ་ཀྱི་བཟོད་པ་འཛིན་པའི་ཕྱིར་རོ། །ཡང་ན་བྱང་སར་བཟོད་པ་སྐྱེ་བའི་ཆེད་ དུ་བཀའ་སྩལ་པའི་སྔགས། ཏདྱ་ཐ་ཨི་ཊི་མི་ཊི་ཀི་ཊི་ནི་ཀྵན་ཏེ་པ་དཱ་ནི་སྭཱ་ཧཱ། ཞེས་པ་དེ་དོན་དམ་པར་རང་བཞིན་མེད་པར་སྒོམ་ཞིང་དེའི་རྗེས་སུ་འབྲང་བས་ཆོས་ཀུན་ སྟོང་པ་ཉིད་དུ་ལྟ་བ་ལ་དགའ་བ་སྐྱེ་ཞིང་བཟོད་པ་སྐྱེ་བས་མྱུར་དུ་ས་དང་པོ་འཐོབ་པ་ལ་གསུངས་སོ། །ཆོས་ཀྱི་གཟུངས་རྒྱལ་བ་རྒྱས་སྲས་ཀུན་གྱིས་བསྟན་པའི་ཆོས་དྲན་པ་དང་ ཤེས་རབ་ཀྱིས་ཡུན་རིང་དུ་འཛིན་པ་དང་། དོན་གྱི་གཟུངས་དེ་རྣམས་ཀྱི་དོན་དེ་དག་གིས་འཛིན་པ་དང་། སྔགས་ཀྱི་གཟུངས་འགྲོ་བ་ལ་ཕན་པའི་སྔགས་རྣམས་རང་རང་གི་འབྲས་བུ་འགྲུབ་པར་བྱིན་ གྱིས་རློབ་པ་ལ་དབང་ཐོབ་པའོ། །དེ་ལ་བྱང་སར་དང་པོ་མོས་སྤྱོད་ཀྱི་ས

【現代漢語翻譯】 據我看來,禪定和智慧是原因的名稱,並因此而命名嗎?或者如這裡所說,相好是結果的名稱,並因此而命名嗎?因為一切眾生見到你時, 都認為您是神聖的人。僅僅見到您,就能獲得極大的喜悅。我向您致敬,您的事業值得讚揚。』這是通過事業來讚美的。如果想知道安住於十地菩薩獲得受生之身的方式,那麼受生、支配受生、安住、支配壽命和捨棄安住的方式是什麼呢?如果認為捨棄壽命的行為是殊勝的,那麼這就是捨棄壽命的意願,這三種方式就是不同的方面。禪定等是以結果來命名原因,並以其名稱來表示。以前沒有出現過的化身,以及以前一直存在的土地等轉化為黃金等,都是殊勝的,是對願望的支配。通曉一切知識,心中瞭然于胸。心就是禪定。禪定的門是指成為不生起多種禪定的門的一些禪定。支配這些禪定,是指在每個瞬間,都能隨心所欲地進入無量禪定,這就是對心的支配。因為這能掌握詞語和意義等,所以稱為總持,是具有憶念性質的門。憶念四十二個字母中的任何一個字母時,就能獲得表達與該字母相關的最初法類名稱的能力,因為阿字從一開始就是不生的,所以是諸法之門。 如是說,ra pa tsa 等在廣、中《般若經》中也有提到。這是四種總持中的忍總持,在《二萬頌般若經》中有詳細說明。對阿等的意義,即不生等的真如,通過信解並修習圓滿后,對於該字母及其意義的勝義諦生起忍,因此是爲了執持智慧的忍。或者,爲了在菩薩地生起忍而宣說的咒語:ཏདྱ་ཐཱ། ཨི་ཊི་མི་ཊི་ཀི་ཊི་ནི་ཀྵན་ཏེ་པ་དཱ་ནི་སྭཱ་ཧཱ། (藏文)Tadyathā iti miṭi kiṭi ni kṣante padāni svāhā(梵文天城體)tadyathā iṭi miṭi kiṭi ni kṣante padāni svāhā(梵文羅馬擬音)如是,此,量,作,不,忍耐,步,梭哈。(漢語字面意思)通過觀修其勝義諦無自性,並隨之修行,就能生起對視一切法為空性的歡喜,並生起忍,因此迅速獲得初地。法的總持是指諸佛菩薩所宣說的法,通過憶念和智慧長久地執持。義的總持是指執持這些法所表達的意義。咒語的總持是指爲了利益眾生,能夠加持咒語,使之成就各自的果。 其中,首先是菩薩的勝解行地。

【English Translation】 According to me, are samadhi (ཏིང་ངེ་འཛིན་,梵文:samādhi,梵文羅馬擬音:samādhi,漢語字面意思:三摩地/等持) and wisdom (ཤེས་རབ་) names attributed to the cause? Or, as explained here, are the physical forms (གཟུགས་) names attributed to the result of the signs and examples? Because when all sentient beings see you, they perceive you as a holy being. Just seeing you brings great joy. I pay homage to you, your deeds are praiseworthy.’ This is praise through action. If one wishes to know how a Bodhisattva abiding in the tenth bhumi (སྡེ་བཅུ་པ་) obtains a body, then what are the ways of taking birth, having power over birth, abiding, having power over life, and relinquishing abiding? If one considers relinquishing life as an accomplishment, then that is the intention to relinquish life; these three ways are the different aspects. Samadhi (ཏིང་ངེ་འཛིན་,梵文:samādhi,梵文羅馬擬音:samādhi,漢語字面意思:三摩地/等持) etc. are named after the result attributed to the cause, and are indicated by that name. The emanation that did not exist before, and the transformation of previously existing earth etc. into gold etc., are accomplishments, the power over aspiration. Comprehending all knowledge, understanding it thoroughly in the heart. The heart is samadhi (ཏིང་ངེ་འཛིན་,梵文:samādhi,梵文羅馬擬音:samādhi,漢語字面意思:三摩地/等持). The door of samadhi (ཏིང་ངེ་འཛིན་,梵文:samādhi,梵文羅馬擬音:samādhi,漢語字面意思:三摩地/等持) refers to some samadhis (ཏིང་ངེ་འཛིན་,梵文:samādhi,梵文羅馬擬音:samādhi,漢語字面意思:三摩地/等持) that become the door to not generating multiple samadhis (ཏིང་ངེ་འཛིན་,梵文:samādhi,梵文羅馬擬音:samādhi,漢語字面意思:三摩地/等持). Dominating these samadhis (ཏིང་ངེ་འཛིན་,梵文:samādhi,梵文羅馬擬音:samādhi,漢語字面意思:三摩地/等持) means entering immeasurable samadhis (ཏིང་ངེ་འཛིན་,梵文:samādhi,梵文羅馬擬音:samādhi,漢語字面意思:三摩地/等持) as desired in each moment, which is the mastery over the mind. Because this holds words and meanings etc., it is called dharani (གཟུངས་), the door characterized by mindfulness. When one contemplates any of the forty-two letters, one obtains the ability to express all the categories of dharma (ཆོས་) that are primary to that letter, because the letter ‘A’ is unborn from the beginning, therefore it is the door to all dharmas (ཆོས་). As it is said, ra pa tsa etc. are also mentioned in the extensive and intermediate Prajnaparamita Sutras (ཡུམ་རྒྱས་འབྲིང་). This is the dharani (གཟུངས་) of patience among the four dharanis (གཟུངས་), which is explained in detail in the Twenty Thousand Verse Prajnaparamita Sutra (ཉི་ཁྲི་དག་ལྡན་). By believing in and meditating on the meaning of ‘A’ etc., which is the suchness (དེ་བཞིན་ཉིད་) of unborn etc., when the practice is complete, patience arises towards the ultimate truth of that letter and its meaning, therefore it is for holding the patience of wisdom. Alternatively, the mantra (སྔགས) spoken for the purpose of generating patience in the Bodhisattva bhumi (བྱང་སར་): ཏདྱ་ཐཱ། ཨི་ཊི་མི་ཊི་ཀི་ཊི་ནི་ཀྵན་ཏེ་པ་དཱ་ནི་སྭཱ་ཧཱ། (藏文) Tadyathā iti miṭi kiṭi ni kṣante padāni svāhā (梵文天城體) tadyathā iṭi miṭi kiṭi ni kṣante padāni svāhā (梵文羅馬擬音) Thus, this, measure, do, not, patience, step, svaha. (漢語字面意思) By contemplating its ultimate truth as without self-nature and following it, one generates joy in seeing all dharmas (ཆོས་) as emptiness (སྟོང་པ་ཉིད་), and patience arises, therefore it is spoken for quickly attaining the first bhumi (ས་དང་པོ་). The dharani (གཟུངས་) of dharma (ཆོས་) is the dharma (ཆོས་) taught by all the Buddhas and Bodhisattvas, which is held for a long time through mindfulness and wisdom. The dharani (གཟུངས་) of meaning is holding the meanings expressed by those dharmas (ཆོས་). The dharani (གཟུངས་) of mantra (སྔགས) is having the power to bless the mantras (སྔགས) that benefit beings, so that they accomplish their respective fruits. Among these, the first is the Bodhisattva’s stage of adhimukti-carya (མོས་སྤྱོད་ཀྱི་ས).


ར་འཐོབ་བོ། །ཕྱི་མ་གསུམ་ས་དང་པོ་ནས་ཏེ་དེ་ལས་སྔར་སྨོན་ལམ་དང་བསམ་གཏན་གྱི་དབང་གིས་ཐོབ་ཀྱང་། 1-867 ངེས་པ་དང་བརྟན་པ་དང་རྒྱ་ཆེ་བ་མ་ཡིན་པར་གསུངས་སོ། །འདི་ནི་ཡེ་ཤེས་ལ་དབང་བ་སྟེ། །ལེན་དང་གནས་དང་གཏོང་བ་དང་། །སྤྲུལ་དང་ཡོངས་སུ་སྒྱུར་བ་དང་། །ཏིང་ངེ་འཛིན་དང་ ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །སྡེ་བཅུ་གཅིག་པ་ནི་རྒྱུད་བླ་མར། །གནས་དང་གནས་མིན་ལས་རྣམས་ཀྱི། །རྣམ་སྨིན་དང་ནི་དབང་པོ་དང་། །ཁམས་རྣམས་དང་ནི་མོས་ པ་དང་། །ཀུན་འགྲོའི་ལམ་དང་བསམ་གཏན་སོགས། །ཉོན་མོངས་དྲི་མ་མེད་པ་དང་། །སྔོན་གནས་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཟག་པ་ཟད། །མཁྱེན་པའི་སྟོབས་ནི་རྣམ་པ་བཅུ། །ཞེས་འབྱུང་ཞིང་ དེའི་དང་པོ་བསམ་གཏན་བཞི་པ་རབ་མཐའ་པ་ལ་བརྟེན་ནས་དེ་འབུམ་ཊིཀ་ཏུ། སངས་རྒྱས་ཀྱི་ཐུགས་ནི་ཁམས་གསུམ་ལས་འདས་པས་བསམ་གཏན་བཞི་པའང་མ་ཡིན་མོད་ཀྱི་འོན་ཀྱང་ཟག་མེད་ཀྱི་ སེམས་ཚོར་བ་བཏང་སྙོམས་དང་མཚུངས་ལྡན་དུ་སྐྱེས་པ་ལ་བསམ་གཏན་བཞི་པར་བཏགས་པའོ་ཞེས་འཆད་མོད། འདིར་ནི་ཁམས་དྲི་བཅས་ཁོ་ན་ཡིན་ཡང་ས་ཟག་མེད་དུའང་འདོད་དོ། །དམིགས་པ་གནས་དང་ གནས་མིན་ནི་རྒྱུ་དང་རྒྱུ་མིན་ཏེ་བཤད་ཟིན་ཏོ། །རྣམ་པ་ནི་རྣམ་པ་ཀུན་མཁྱེན་པའོ། །ལས་བདག་གིར་བྱ་བ་ནི་སེམས་ཅན་གྱི་སེམས་རྒྱུད་སོ་སོ་ལ་ངེས་པའི་སྒོ་ནས་འབྱུང་བ་སྟེ་བཤད་ཟིན་ཏོ། ། 1-868 དེ་ལྟར་ལྷག་མ་བརྒྱད་ལའང་སྦྱར་བར་བྱ་སྟེ། སོ་སོའི་དམིགས་པ་རིམ་པ་ལྟར་བསམ་གཏན་བཞི་དང་རྣམ་ཐར་བརྒྱད་དང་ཏིང་འཛིན་གསུམ་དང་སྙོམས་འཇུག་དགུ་དང་དད་སོགས་དབང་པོ་མཆོག་དང་དམན་ པ་དང་། རྒྱན་དུ། འདོད་པའི་ཁམས་པའི་དེ་ཁྱི་འདྲ། །ཏིང་ངེ་འཛིན་པའི་རུས་སྦལ་འདྲ། །རང་དོན་བྱེད་པའི་བྲན་དང་འདྲ། །གཞན་དོན་བྱེད་པའི་རྒྱལ་པོ་འདྲ། །ཞེས་སོགས་མོས་པ་སྣ་ཚོགས་དང་ཁམས་ ས་བོན་སྣ་ཚོགས་དང་། ལྷ་སོགས་འཁོར་འདས་ཀུན་ཏུ་འགྲོ་བའི་ལམ་དང་རིག་པ་གསུམ་གྱི་ཡུལ་ཏེ། རྣམ་པ་ནི་དེ་རྣམས་མ་ཆགས་ཤིང་མ་ཐོགས་པར་རྣམ་པ་ཀུན་མངོན་དུ་གྱུར་པའོ། །ཏིང་ ངེ་འཛིན་སོགས་ནི་སྟོབས་མངོན་དུ་འགྱུར་བའི་རྒྱུ་ཉིད་ཀྱིས་ན་སྟོབས་སུ་བརྗོད་པའོ་ཞེའོ། །དེའི་དང་པོའི་བ་ལང་གསད་པའི་མཆོད་སྦྱིན་གྱིས་ཐར་པ་ཐོབ་ཅེས་སོགས་ཐབས་དང་། གཉིས་པས་དབང་ཕྱུག་གིས་ མཐོ་རིས་དང་ཐར་པར་འདྲེན་ཞེས་སོགས་སྐྱབས་དང་། གསུམ་རྒྱུད་བླའི་བདུན་པ་པས་བསམ་གཏན་སོགས་ཐར་པའོ། །ཞེས་རྣམ་དག་དང་། ལྷག་མ་བདུན་གྱིས་ལས་དང་པོའི་རྒྱལ་སྲས་ཐེག་ཆེན་ལས་འདུན་པ་བཟློག་ པ་སོགས་ངེས་པར་འབྱུང་བ་ལ་སླུ་བའི་བདུད་འཇོམས་སྟེ། ཐབས་དང་སྐྱབས་དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ལ་རབ་སླུ་བའི

【現代漢語翻譯】 也能獲得。後面的三種從初地開始,即使在那之前通過願力和禪定的力量獲得, 也被說成是不確定的、不穩固的和不廣大的。這指的是對智慧的掌控:接受、安住、捨棄, 化現和完全轉變,以及禪定和智慧。 向您,已獲得掌控者,致敬!』這樣說。第十一種在《寶性論》中說:『處與非處業之, 異熟及與根,界及信解俱,遍行道及定,無垢諸煩惱,宿住隨念通,天眼及漏盡, 十種知力』。其中第一個是依靠第四禪的極致。在《十萬頌釋》中說:『佛陀的心超越三界,因此也不是第四禪,然而,無漏的心與舍受相應而生起,因此被命名為第四禪。』 這裡雖然只是有漏的界,但也認為是無漏的。所緣的處與非處是因與非因,已經解釋過了。相是遍知一切相。 業的擁有是指眾生各自心相續中以確定的方式生起,已經解釋過了。 同樣,其餘的八種也應該類比,各自的所緣依次是四禪、八解脫、三三摩地、九次第定、信等根的殊勝和低劣。 在《莊嚴經論》中:『欲界者如犬,禪定者如龜,自利者如仆,利他者如王。』等等,各種信解和各種界(種子)。以及諸如天等輪迴和涅槃中遍行之道和三種智慧的境界。 相是對於那些不執著和不障礙,一切相都顯現。禪定等是力量顯現的原因,因此被稱為力量。 其中第一個是殺牛祭祀可以獲得解脫等方便,第二個是自在天引導至天界和解脫等救護,第三個是《寶性論》第七品中的禪定等是解脫。這是指清凈。 其餘七種是對於初業菩薩從大乘中退轉等必定生起之事進行欺騙的魔,摧毀它們。方便和救護和清凈,以及對於大乘必定生起之事, 對於眾生進行極大的欺騙。

【English Translation】 can also be obtained. The latter three, starting from the first bhumi (ground), even if obtained before that through the power of aspiration and dhyana (meditative concentration), are said to be uncertain, unstable, and not extensive. This refers to the mastery over jñana (wisdom): taking, abiding, relinquishing, manifesting and completely transforming, and dhyana and jñana. Homage to you, who have attained mastery! Thus it is said. The eleventh is in the Uttaratantra (Ratnagotravibhāga): ‘Place and non-place, karma’s, vipāka (ripening) and the indriya (faculty), dhātu (element) and adhimukti (inclination), kun-rdzong lam (Sarvatraga path) and dhyana, stainless klesha (defilement), pūrva-nivāsānusmṛti (remembrance of former abodes), divyacakṣus (divine eye) and āsravakṣaya (extinction of outflows), ten kinds of bala (power) of knowledge.’ Among them, the first is based on the ultimate of the fourth dhyana. In the Abhisamayalankara commentary it says: ‘The Buddha’s mind transcends the three realms, therefore it is not the fourth dhyana either, however, the anāsrava (non-outflow) mind arises in conjunction with upekṣā (equanimity), therefore it is named the fourth dhyana.’ Here, although it is only a sāśrava (with outflow) realm, it is also considered anāsrava. The object of attention, place and non-place, are cause and non-cause, which has already been explained. The aspect is the sarvākāra-jñāna (knowledge of all aspects). The ownership of karma refers to the arising in the mind-streams of beings individually in a definite manner, which has already been explained. Similarly, the remaining eight should also be applied analogously, their respective objects of attention being the four dhyanas, eight vimokṣas (liberations), three samādhis (meditative stabilizations), nine anupūrva-vihārasamāpattis (successive abidings), the superior and inferior of the indriyas such as śraddhā (faith). In the Abhisamayalankara: ‘The desire realm is like a dog, the dhyana practitioner is like a turtle, the self-benefiting one is like a servant, the other-benefiting one is like a king.’ etc., various adhimuktis and various dhātus (seeds). And the realm of the path that goes everywhere in samsara (cyclic existence) and nirvana (liberation), such as devas (gods), and the three kinds of jñana. The aspect is that for those who are not attached and not obstructed, all aspects manifest. Dhyana etc. are the cause of the power manifesting, therefore they are called power. Among them, the first is that the sacrifice of killing a bull can obtain liberation etc. as a means, the second is that Ishvara (自在天) leads to heaven and liberation etc. as refuge, the third is that dhyana etc. in the seventh chapter of the Uttaratantra is liberation. This refers to purity. The remaining seven are the maras (demons) who deceive the initial bodhisattvas from turning away from the Mahayana etc., destroying them. Means and refuge and purity, and for the certain arising of the Mahayana, greatly deceiving beings.


། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། ། 1-869 ཞེས་བསྟོད་དོ། །སྡེ་བཅུ་གཉིས་པ་ལ་དམིགས་པ་ཤེས་བྱ་རྣམ་པ་ཀུན་མངོན་པར་རྫོགས་པར་བྱང་ཆུབ་ཅིང་རྟོགས་པར་དམ་བཅའ་འཇོག་པ་ཤེས་བྱ་ཀུན་མཁྱེན་ནོ་ཞེས་པ་ལ་དཀའ་ཐུབ་དང་རིགས་ དང་ལོངས་སྤྱོད་དང་སྟོབས་དང་ཆགས་བྲལ་གྱིས་ང་རྒྱལ་བའི་དགེ་སྦྱོང་དང་བྲམ་ཟེ་དང་ལྷ་དང་བདུད་དང་ཚངས་པའམ་སུས་ཀྱང་ཆོས་དང་མཐུན་པར་ང་ལ་ཆོས་འདི་མ་རྟོགས་སོ་ཞེས་ངག་གིས་ རྒོལ་བའམ་སེམས་ཀྱིས་འགྲན་པའི་མཚན་མ་མ་མཐོང་སྟེ། དེས་བདག་ལུས་བདེ་བ་དང་སེམས་མི་འཇིགས་པ་དང་ངག་བག་ཚ་མེད་པ་ཐོབ་ཅིང་གནོད་པ་དང་འཇིགས་པ་ཀུན་དང་བྲལ་བས་ཁྱུ་མཆོག་ བླ་ན་མེད་པ་རྒྱ་ཆེན་པོ་བདག་ཉིད་ཀྱིས་རྟོགས་པར་དམ་འཆའོ། །དེ་གཞན་ལ་བརྩེ་བས་བསྟན་པས་ན་ཚངས་པ་ཞི་བ་བསིལ་བར་གྱུར་པ་ཐུབ་པའི་འཁོར་ལོ་བསྐོར་རོ། །བསྙེངས་པ་མེད་ཅིང་ ཕས་རྒོལ་ཟིལ་གྱིས་གནོན་པས་སེང་གེའི་སྒྲ་སྒྲོགས་པའོ། །དེ་བཞིན་དུ་དམིགས་པ་ཟག་པའི་རྣམ་པ་ཀུན་ཟད་པར་དམ་འཆའ་བ་ང་ཟག་པ་ཟད་དོ་ཞེས་པ་ལ་འདི་མ་ཟད་དོ་ཞེས་དགེ་ སྦྱོང་ཞེས་པ་དང་། དམིགས་པ་བར་དུ་གཅོད་པའི་ཆོས་མཐའ་གཉིས་སོགས་རྣམ་པ་ཀུན། སྟོན་པར་ཞལ་གྱིས་འཆེ་བ་ངས་ཉན་ཐོས་རྣམས་ལ་བར་ཆད་ཀྱི་ཆོས་གང་བསྟན་པ་དེ་བསྟེན་ཀྱང་བར་དུ་མི་གཅོད་ཅེས་དགེ་སྦྱོང་ཞེས་དང་། 1-870 དམིགས་པ་འཁོར་བ་ལས་ངེས་པར་འབྱིན་པའི་ལམ་བདག་མེད་བསྒོམ་པའི་རྣམ་པ་ཀུན་སྟོན་པར་ཞལ་གྱིས་འཆེ་བ་ངས་ཉན་ཐོས་རྣམས་ལ་འཕགས་པ་ངེས་པར་འབྱུང་བའི་ལམ་བཤད་པ་དེས་ངེས་པར་ མི་འབྱུང་ངོ་ཞེས་དགེ་སྦྱོང་ཞེས་པའོ། །དེའི་དང་པོ་གཉིས་རང་དོན་དང་ཕྱི་མ་དག་གཞན་དོན་ལ་བརྩམས་པ་སྟེ། རང་གཞན་དོན་དུ་ཡེ་ཤེས་དང་། །སྤངས་དང་ངེས་འབྱུང་གེགས་མཛད་ལ། །སྟོན་མཛད་ མུ་སྟེགས་གཞན་རྣམས་ཀྱིས། །མི་རྫི་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་སོ། །སྡེ་བཅུ་གསུམ་པ་ནི་མདོར། འདི་ལ་སྟོན་པ་ཐུགས་བརྩེ་བ་ཅན་ཐུགས་རྗེ་དང་ལྡན་པ་དོན་བཞེད་པ་ཕན་པ་བཞེད་ པས་ཉན་ཐོས་རྣམས་ལ་དགེ་སློང་རྣམས་འདི་ནི་ཕན་པ་དང་བདེ་བ་དང་ཕན་བདེ་དག་ཏུ་འགྱུར་བའོ་ཞེས་ཆོས་སྟོན་པ་ལ་ཉན་ཐོས་དེ་རྣམས་གུས་པར་ཉན། ཐོས་བསམ་སྒོམ་པས་རིམ་པ་ ལྟར་རྣ་གཏོད་ཀུན་ཤེས་པའི་སེམས་ཉེ་བར་འཇོག་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལ་ཐུབ་པ་དགྱེས་པ་དང་ཡིད་བདེ་བ་དང་ཐུགས་དགའ་ཡ་ཡ་བོར་མི་འགྱུར་གྱི་བཏང་སྙོམས་ཅན་ དུ་གནས་ཏེ་དྲན་པ་དང་ཤེས་བཞིན་དང་ལྡན་པ་འདི་ནི་མ་འདྲེས་པའི་དྲན་པ་ཉེར་བཞག་དང་པོའོ། །ཡང་ཆོས་སྟོན་པ་ལ་ཉན་ཐོས་དེ་རྣམས་གུས་པར་མི་ཉན་པ་སོགས་ལ་ཐུབ་པ་ཀུན་ནས་མནར་སེམས་དང་མི་བཟོད་པ་དང་ཐུགས་མི་ཆེས་པ་དང་ཐུགས་མི་མཉེས་པར་མི་འགྱུར་གྱི་བཏང་སྙོམས་དང་ཞེས་པ་གཉིས་པའོ། ། 1-87

【現代漢語翻譯】 禮敬摧魔者您! 如是讚歎。 第十二品,以通達一切所知之境為目標,誓願現證圓滿菩提,成為一切知者。對於此,以苦行、種姓、受用、力量和離欲而生傲慢的沙門、婆羅門、天、魔、梵天,或者任何人,都未曾以符合正法的方式,以言語反駁或以內心競爭,說我未證悟此法。因此,我獲得了身體的安樂、內心的無畏和言語的坦誠,遠離一切損害和恐懼,以自身誓願證悟無上廣大之勝義。因慈悲而向他人宣說,故轉動了寂靜清涼之梵輪,毫無畏懼,以勝伏外道而發出獅子吼。 同樣,以斷盡一切煩惱之境為目標,誓願我已斷盡煩惱。對於此,沙門說:『此未斷盡。』 以宣說斷絕輪迴之法,如二邊等一切相,發誓說:『我為聲聞所宣說的障礙之法,即使依止也不能斷絕。』沙門如是說。 以宣說從輪迴中決定解脫之道,修習無我之相,發誓說:『我為聲聞所說的聖者決定出離之道,不能決定出離。』沙門如是說。 其中前二者為自利,后二者為利他而作。以『為自他利益,于智慧、斷除與出離作障,宣說者,我禮敬牧牛者您!』如是說。 第十三品,總而言之,導師具有慈悲心、具足大悲、希求利益、希求饒益,為聲聞眾宣說:『諸比丘,此將成為利益、安樂和饒益安樂。』聲聞眾恭敬聽聞,通過聞、思、修,次第地傾聽、完全瞭解、心生歡喜、隨順正法而修行,如來歡喜、心悅、心生喜悅,不住于舍,具足正念和正知,此為不雜亂之初念住。 又,于導師說法時,聲聞眾不恭敬聽聞等,如來不會因此而感到苦惱、不悅、不快或不喜,而是安住于舍,此為第二念住。

【English Translation】 I prostrate to you, the subduer of demons! Thus praised. The twelfth section aims to fully awaken and realize all aspects of knowable objects, vowing to become omniscient. Regarding this, no ascetic, Brahmin, god, demon, Brahma, or anyone else, arrogant due to asceticism, lineage, enjoyment, power, and detachment, has ever challenged me with words or competed in mind, saying that I have not realized this Dharma in accordance with the Dharma. Therefore, I have obtained physical ease, mental fearlessness, and unreserved speech, free from all harm and fear, vowing to realize the unsurpassed and vast supreme meaning myself. Because it is taught to others with compassion, the wheel of the peaceful and cool Brahma is turned, fearlessly roaring the lion’s roar by subduing opponents. Similarly, aiming to exhaust all aspects of defilements, vowing that I have exhausted defilements. Regarding this, the ascetic says, ‘This has not been exhausted.’ Vowing to expound the Dharma that severs the cycle of existence, such as the two extremes, ‘I have declared the Dharma of obstruction to the Shravakas, but even if they rely on it, it cannot sever it.’ The ascetic says so. Vowing to expound the path of definite liberation from the cycle of existence, cultivating the aspect of selflessness, ‘I have declared the path of definite liberation for the noble ones to the Shravakas, but it cannot lead to definite liberation.’ The ascetic says so. The first two are for one’s own benefit, and the latter two are for the benefit of others. As it is said, ‘For the benefit of oneself and others, obstructing wisdom, abandonment, and liberation, the expounder, I prostrate to you, the cowherd!’ The thirteenth section, in short, the teacher, with a compassionate heart, endowed with great compassion, seeking benefit, seeking welfare, proclaims to the Shravakas: ‘O monks, this will become benefit, happiness, and beneficial happiness.’ The Shravakas listen respectfully, and through hearing, thinking, and meditating, they listen in order, fully understand, generate joy, and practice in accordance with the Dharma. The Tathagata rejoices, is pleased, and is delighted, abiding in equanimity without dwelling, endowed with mindfulness and awareness. This is the first unadulterated mindfulness. Also, when the teacher teaches the Dharma, if the Shravakas do not listen respectfully, etc., the Tathagata will not feel distressed, displeased, unhappy, or displeased, but will abide in equanimity. This is the second mindfulness.


1 ཡང་ཁ་ཅིག་ཉན་འདོད་པ་སོགས་དང་ཁ་ཅིག་ཉན་མི་འདོད་པ་སོགས་ལ་ཐུབ་པ་དགྱེས་པ་དང་མི་མཉེས་པ་གཉིས་ཀར་མི་འགྱུར་བ་ནི་གསུམ་པའོ། །དེས་ན་དམིགས་པ་ཚོགས་འཁོར་ཀུན་གུས་ པར་དང་ཀུན་མི་གུས་པར་དང་ཁ་ཅིག་གུས་ཤིང་ལ་ལ་མི་གུས་པར་ཉན་པ་ལ་རྣམ་པ་རྗེས་ཆགས་དང་ཁོང་ཁྲོ་དང་དེ་གཉིས་ཀའི་ཀུན་ནས་ཉོན་མོངས་གནས་ངན་ལེན་ཡང་ཟད་པས་ ཀུན་ཏུ་མི་འབྱུང་བའོ། །བཅུ་བཞི་པ་ནི་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་འཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་དག་པ་སྟེ་རང་ལ་སྒོ་གསུམ་གྱི་ཕྲིན་ལས་མ་དག་པ་མེད་ པས་གཞན་གྱིས་ཤེས་སུ་འོང་ཞེས་བཅབ་པར་དགོངས་པ་མི་མངའ་བར་བཀའ་བསྩལ་པའོ། །དེས་ན་ཚོགས་གདུལ་བྱ་སྡུད་པ་ལ་ཚུར་སྐྱོན་བརྗོད་དོགས་མེད་པས་ཇི་ལྟར་བཞེད་པ་ལྟར་ཚར་བཅད་དེ་སྤ་ སྐོངས་ནས་ཡོན་ཏན་ཐོབ་ཟིན་བསྲུང་བའི་དོན་དུ་གདམས་པ་དང་། མ་ཐོབ་པ་ཐོབ་པའི་ཆེད་དུ་རྗེས་སུ་བསྟན་པ་སྦྱོར་བའོ། །འདི་ནི་རང་གི་རྒྱུད་ལ་དམིགས་ནས་སྐྱོན་མེད་པའི་རྣམ་པ་ཅན་ ནོ། །སྡེ་གཉིས་མངའ་བས། བསྲུང་མེད་བསྙེལ་བ་མི་མངའ་བས། །འཁོར་གྱི་ནང་ན་བག་བསྐྱང་གསུངས། །ཀུན་ནས་ཉོན་མོངས་གཉིས་སྤངས་པ། །ཚོགས་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དེ་མི་བསྙེལ་བས་དྲན་པས་ཆགས་སྡང་སྤོང་བའོ། ། 1-872 བཅོ་ལྔ་པ་ལ་ཆོས་ཉིད་ནི་འཇུག་པ་སྟེ་ཇི་ལྟ་བ་བཞིན་ཕྱིན་ཅི་མ་ལོག་པར་སྐུའི་མཛད་པ་དང་ངག་གིས་གསུངས་པའི་རྣམ་པ་ཀུན་ལ་དམིགས་ནས་བརྗོད་པ་འབྱོར་པ་མ་འདྲེས་པ་ གསུམ་པ་སྟེ། སེམས་ཅན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའོ། །བཅུ་དྲུག་པ་ལ་ཀུན་མཁྱེན་པ་ མ་ཡིན་པའི་མོའུ་གལ་གྱི་བུ་སྐྱེ་བ་ལྔ་བརྒྱར་སྤྲེའུར་གྱུར་པའི་གནས་ངན་ལེན་གྱིས་སྤྲེའུ་ལྟར་མཆོང་ཞིང་འགྲོ་བ་ལྟ་བུ་ཀུན་ཏུ་མི་འབྱུང་བ་མ་འདྲེས་པ་དང་པོ་གཉིས་ཏེ། ཀུན་མཁྱེན་ ཁྱོད་ལ་རྒྱུ་བ་དང་། གནས་པ་ཀུན་ལ་རྟག་པར་ཡང་། །ཀུན་མཁྱེན་མིན་སྤྱོད་མི་མངའ་བ། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །ཞེས་སོ། །བཅུ་བདུན་པ་རྟག་ཏུ་ཁམས་གསུམ་གྱི་སེམས་ཅན་གྱི་དུཿཁ་ ལ་དམིགས་པ་སྟེ། འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པ། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །འདིའི་ཆེན་པོ་ཉིད་ནི། ཚོགས་དང་རྣམ་པ་སྤྱོད་ཡུལ་དང་། །མཉམ་པའི་ཕྱིར་དང་ཆེས་ཆེའི་ཕྱིར། །ཞེས་བཤད་པ་ལྟར་བཤད་སྦྱར་དུ་བཤད་དོ། །སྡེ་བཅོ་བརྒྱད་པ་ལ་མ་འདྲེས་པའི་བཤད་པ་ནི་ཐུན་མོང་མ་ཡིན་པ་རྒྱལ་བ་ལས་གཞན་ལ་མེད་པ་སྟེ། 1-873 དགྲ་བཅོམ་རྣམས་ལ་རྣམ་འགྲེལ་དུ། ལུས་ངག་སེམས་ཀྱི་གནས་ངན་ལེན། །ལམ་བཤད་མི་གསལ་ཉིད་ལུ

【現代漢語翻譯】 此外,對於一些想聽和一些不想聽的人,如來佛陀既不高興也不不高興,這是第三種不混雜。因此,對於恭敬、不恭敬或一些恭敬一些不恭敬地聽法的人,貪戀、憤怒以及這二者的煩惱和惡業都不會產生,因此不會總是出現。第十四種是如來佛的身、語、意事業完全清凈,因為自己沒有身語意的不清凈,所以不會因為害怕別人知道而隱藏,而是直接宣說。因此,爲了攝受調伏的眾生,不會擔心受到指責,所以可以按照自己的意願進行調伏,通過讚揚來守護已經獲得的功德,並且爲了獲得未獲得的功德而進行教導。這是針對自身而言的沒有過失的形態。擁有二部(指經部和律部),不忘失,所以在僧團中謹慎行事。斷除了所有煩惱,向您頂禮!這樣讚頌,因為不忘失,所以通過憶念來斷除貪嗔。 第十五種是法性,即進入,如實不顛倒地針對佛陀的身業和語業的各種形態進行講述,這是第三種不混雜。對於一切眾生的事業,您都不會錯過時機,所以事業總是具有意義,向不忘失的您頂禮!這是讚頌。第十六種是不像非遍知者目犍連之子那樣,由於五百世轉生為猴子的惡業,而像猴子一樣跳躍行走的情況不會發生,這是第一種不混雜。遍知者您在一切行住坐臥中,總是具有真實的意義,向您頂禮!這是讚頌。第十七種是總是關注三界眾生的痛苦。日夜六次分別觀察世間,具有大悲心,爲了利益眾生,向您頂禮!這是讚頌。這種偉大的原因在於:『因為與眾、形態、行境和相等,以及最為偉大』,如是解釋。 第十八種不混雜的解釋是,這是不共的,只有佛陀才有,其他阿羅漢沒有。對於阿羅漢來說,在《釋量論》中說:『身語意的惡業,道的闡述不清晰』。

【English Translation】 Furthermore, the Tathagata Buddha remains unchanged, neither pleased nor displeased, towards those who want to listen and those who do not, which is the third unmixed quality. Therefore, for those who listen with reverence, irreverence, or some with reverence and some with irreverence, attachment, anger, and the afflictions and negative karma of both will not arise, and thus will not always occur. The fourteenth is that the body, speech, and mind activities of the Tathagata are completely pure, because one does not have impurities in body, speech, and mind, one does not hide for fear of being known by others, but speaks directly. Therefore, in order to gather and subdue sentient beings, there is no fear of being blamed, so one can subdue as one wishes, protect the merits already obtained through praise, and teach in order to obtain the merits not yet obtained. This is the form of being without fault in relation to oneself. Possessing the two divisions (referring to the Sutra and Vinaya), not forgetting, therefore acting cautiously in the Sangha. Having abandoned all afflictions, I prostrate to you! Thus praised, because of not forgetting, one abandons attachment and aversion through mindfulness. The fifteenth is the nature of reality, which is entering, speaking about the various forms of the Buddha’s body and speech activities as they are, without distortion, which is the third unmixed quality. For the activities of all sentient beings, you do not miss the opportunity, so the activities always have meaning, I prostrate to you who do not forget! This is praise. The sixteenth is that unlike the son of Maudgalyayana, who is not omniscient, due to the negative karma of being born as a monkey for five hundred lifetimes, the situation of jumping and walking like a monkey does not occur, which is the first unmixed quality. Omniscient one, you always have true meaning in all activities, I prostrate to you! This is praise. The seventeenth is always focusing on the suffering of sentient beings in the three realms. Observing the world six times day and night, possessing great compassion, for the benefit of sentient beings, I prostrate to you! This is praise. The reason for this greatness is: ‘Because of being equal to the assembly, form, object, and equality, and being the greatest’, as explained. The eighteenth explanation of unmixed is that it is uncommon, only the Buddha has it, other Arhats do not. For Arhats, it is said in the Pramanavarttika: ‘The negative karma of body, speech, and mind, the explanation of the path is not clear’.


ས་ཡིན། །ཞེས་འབྱུང་བ་ལྟར་བུད་མེད་མི་རིགས་པས་བསྐྱེད་པས་བོས་པའི་ཁྱིམ་དུ་འགྲོ་བ་དང་། འཕྱ་ བ་སོགས་དང་། བརྗེད་ངས་དང་སྙོམས་པར་ཞུགས་ན་མཉམ་པར་བཞག་གི་ལངས་ན་མ་བཞག་པ་དང་། ཕུང་པོ་ལ་མི་མཐུན་པ་དང་ཕུང་པོ་མེད་པའི་མྱང་འདས་ལ་ཞི་བར་ཐ་དད་པའི་འདུ་ ཤེས་དང་། མ་བརྟགས་པར་སེམས་ཅན་གྱི་དོན་བཏང་སྙོམས་སུ་བྱེད་པ་དང་ཤེས་བྱའི་སྒྲིབ་པ་དག་པ་ལས་བརྩམས་ཏེ་འདུན་སོགས་དྲུག་མ་ཐོབ་པས་ཉམས་པ་དང་། སྒོ་གསུམ་གྱི་ལས་ལུང་མ་བསྟན་ ལའང་རེས་འཇུག་པ་དང་། དུས་གསུམ་གྱི་ཤེས་བྱ་འདོད་པ་ཙམ་གྱིས་མི་རྟོགས་པས་ཆགས་ཤིང་། འབད་ཀྱང་ཀུན་མི་རྟོགས་པས་ཐོགས་པ་རྣམས་ཡོད་པའི་ཕྱིར་རོ། །དེ་རྣམས་ལས་བཟློག་སྟེ། རྒྱུད་བླ་མར། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །སྟོན་ལ་དྲན་པ་ཉམས་མི་མངའ། །མཉམ་པར་མ་བཞག་ཐུགས་མི་མངའ། །འདུ་ཤེས་སྣ་ཚོགས་ཀྱང་མི་མངའ། །མ་བརྟགས་བཏང་སྙོམས་མི་མངའ་སྟེ། །ཞེས་པ་སྐུ་དང་གསུང་ དང་ཐུགས་ཀྱི་འཕྲིན་ལས་དག་པ་གཅིག་དང་གཅིག་དང་བཞི་འབྱོར་པ་སྤྱོད་པས་བསྡུས་པ་དྲུག་དང་། འདུན་པ་བརྩོན་འགྲུས་དྲན་ཏིང་འཛིན། །ཤེས་རབ་རྣམ་གྲོལ་རྣམ་གྲོལ་གྱི། །ཡེ་ཤེས་མཐོང་བ་ཉམས་མི་མངའ། ། 1-874 ཞེས་དང་། རྒྱལ་བའི་དབང་པོ་བརྩོན་འགྲུས་སོགས་བཞི་གནས་འདུན་པ་དང་འབྲས་བུ་རྣམ་གྲོལ་དང་བཅས་པ་མ་ཐོབ་པའི་ཉམས་པ་མེད་པ་འབྱོར་པ་རྟོགས་པས་བསྡུས་པ་དྲུག་དང་། ལས་གསུམ་ཡེ་ཤེས་ སྔོན་འགྲོ་དང་། །ཞེས་པ་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་རྣམས་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲངས་བས་དགེ་བ་ཁོ་ན་འབྱོར་པ་དང་། དུས་ལ་ཡེ་ཤེས་བསྒྲིབས་ པ་མེད། །ཅེས་པ་འདས་མ་འོངས་ད་ལྟར་བྱུང་བ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ལ་གནས་པ་འབྱོར་པ་སྟེ། སྤྱོད་པ་དང་ནི་རྟོགས་པ་དང་། །ཡེ་ཤེས་དང་ནི་ཕྲིན་ལས་ཀྱིས། །ཉན་ ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །དེ་ལྟར་ན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རྒྱུ་ཉིད་ཀྱི་ཕྱིར་ཏིང་འཛིན་སོགས་རྣམས་ལ་དེ་སྐད་བརྗོད་དོ་ ཞེའོ། །བྱེ་བྲག་སྨྲ་བ་ཐུབ་པ་ལ་ལུང་མ་བསྟན་ཡོད་པར་འདོད་པ་ནི། རྒྱལ་སྲས་དོན་གྲུབ་སོ་སོ་སྐྱེ་བོར་སྨྲ་བ་ལྟར་གྲུབ་མཐའ་ངན་པས་བརྟགས་པའོ། །བཅུ་དགུ་པ་ནི་བསམ་གཏན་བཞི་ པ་རབ་མཐའ་པ་ལ་བརྟེན་ཏེ་དམིགས་པ་ཕུང་སོགས་ཤེས་བྱ་ཀུན་ལ་རྣམ་པ་ངོ་བོ་དང་ཁྱད་པར་གྱི་མཚན་ཉིད་དང་རབ་ཏུ་དབྱེ་བའི་མཐར་ཐུག་པ་རྣམ་པ་ཐམས་ཅད་མཁྱེན་པ་ཆ་འདི་མི་མཁྱེན་ཞེས་པ་གཏན་ནས་མེད་པ་དང་། 1-875 ངོ་བོ་དམིགས་རྣམ་དེ་འདྲ་ལ་གནས་པ་འབྱོར་པའི་ཏིང་ངེ་འཛིན་སོགས་ཏེ། རྗེ་བཙུན་ཡབ་སྲས་ཀྱིས་སྐུ་གསུམ་རྣམས་ཀྱི་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ཅན་

【現代漢語翻譯】 如經中所說,由於由不凈的女性所生,所以會進入被呼喚的家庭,並伴有誹謗等行為;如果陷入遺忘或昏沉,禪定狀態會不穩定;對於蘊的認知,會有與蘊不合以及寂滅涅槃的差別;未經審察就對眾生的利益漠不關心;由於知識的障礙而無法獲得欲等六種功德,導致退失;身語意三門的業會隨意進入未被預言的狀態;由於無法僅憑意願就理解過去、現在、未來三時的一切所知,因此會產生執著,即使努力也無法完全理解一切,因此會有障礙。因為存在這些原因。 與此相反,《寶性論》中說:『沒有錯誤和雜語,上師不會失去正念,不會沒有禪定,也不會有各種不同的認知,不會未經審察就漠不關心。』這是指身語意三門的清凈事業,以及通過修行獲得的一種、一種和四種成就所包含的六種功德。『欲、精進、念、定、慧,解脫和解脫智見,不會有退失。』 如經中所說,佛陀的權能,精進等四種,安住于欲,以及果實解脫等,不會有未獲得的退失,這是通過證悟成就所包含的六種功德。『三業以智慧為先導。』這是指身語意三門的利他事業以智慧為先導,並跟隨智慧,因此只有善行。『智慧不會被時間遮蔽。』這是指安住于不執著於過去、未來、現在三時的智慧,這是一種成就。通過行為、證悟、智慧和利他事業,您超越了所有聲聞和獨覺,向您致敬!』 因此,即使如此,也因為佛陀的法是不混雜的因,所以才對禪定等如此稱讚。分別說部認為佛陀有未被預言的狀態,這就像聲聞乘的善知識一樣,是被惡劣的宗派所迷惑。第十九個問題是,依靠第四禪的最高境界,以蘊等一切所知為對境,對於相、自性、差別等特徵和詳細分類的終極,即一切相智,是否存在『這一部分不瞭解』的情況?答案是根本不存在這種情況。 安住于如是自性和對境的成就的禪定等。至尊師徒說:『三身的菩提是偉大的,在一切時分都獲得了所有相,利益一切眾生。』

【English Translation】 As it is said in the scriptures, due to being born from an impure woman, one enters the home that is called, accompanied by slander and other actions; if one falls into forgetfulness or drowsiness, the state of meditative stabilization becomes unstable; regarding the aggregates, there will be a difference between being incompatible with the aggregates and the peace of Nirvana; without examination, one is indifferent to the benefit of sentient beings; due to the obscuration of knowledge, one cannot obtain the six qualities such as desire, leading to decline; the actions of the three doors of body, speech, and mind will randomly enter into an unpredicted state; because one cannot understand all that is knowable in the past, present, and future merely by intention, one becomes attached, and even if one strives, one cannot fully understand everything, therefore there will be obstacles. Because these reasons exist. Conversely, in the Uttaratantra it says: ‘There are no errors or idle talk, the teacher does not lose mindfulness, there is no lack of meditative stabilization, nor are there various different cognitions, nor is there indifference without examination.’ This refers to the pure activities of body, speech, and mind, and the six qualities contained in the attainment of one, one, and four accomplishments through practice. ‘Desire, diligence, mindfulness, concentration, wisdom, liberation, and the wisdom of liberation, there is no decline.’ As it is said in the scriptures, the power of the Buddha, the four such as diligence, abiding in desire, and the fruit of liberation, there is no decline of not having obtained them, this is the six qualities contained in the realization of accomplishment. ‘The three actions are preceded by wisdom.’ This refers to the altruistic activities of body, speech, and mind being preceded by wisdom and following wisdom, therefore there is only virtuous conduct. ‘Wisdom is not obscured by time.’ This refers to abiding in wisdom that is not attached to the past, future, and present, this is an accomplishment. Through behavior, realization, wisdom, and altruistic activities, you surpass all Shravakas and Pratyekabuddhas, I pay homage to you!’ Therefore, even so, it is because the Dharma of the Buddha is an unmixed cause that meditative stabilization and others are praised in this way. The Vaibhashikas believe that the Buddha has an unpredicted state, which is like the Shravaka good knowledge, being deluded by an evil tenet. The nineteenth question is, relying on the highest state of the fourth Dhyana, with all that is knowable such as the aggregates as the object, regarding the ultimate of characteristics such as appearance, nature, and difference, and detailed classifications, that is, Sarvakarajnana (all-aspects-knowing), is there a situation where ‘this part is not understood’? The answer is that there is absolutely no such situation. The meditative stabilization and others of the accomplishment of abiding in such nature and object. The venerable teacher and son said: ‘The Bodhi of the three bodies is great, having obtained all aspects at all times, benefiting all sentient beings.’


ཀུན་གྱི་ཐེ་ ཚོམ་རྣམས། །གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །དེ་ལྟར་ན་གཞུང་མཆོག་འདིར། །རྒྱལ་བའི་ཡུམ་ཆེ་བ་དག་ཏུ་ཡང་ཡང་སྨོས་པའི་གཟུགས་ནས་རྣམ་པ་ཀུན་མཁྱེན་པའི་བར་ཕུང་པོ་སྐྱེ་ མཆེད་རྣམ་ཤེས་དྲུག རེག་དྲུག་ཚོར་དྲུག་ཁམས་དྲུག་དང་། །རྟེན་འབྲེལ་བཅུ་གཉིས་ལྔ་བཅུ་གསུམ། །ཀུན་ནས་ཉོན་མོངས་འདྲེས་སུ་འདོད། །ཕར་ཕྱིན་དྲུག་སྟོང་ཉིད་བཅོ་བརྒྱད། །བྱང་ཆུབ་ཕྱོགས་བདུན་བདེན་པ་བཞི། །བསམ་ གཏན་ཚད་མེད་གཟུགས་མེད་བཞི། །རྣམ་པར་ཐར་བརྒྱད་སྙོམས་འཇུག་དགུ། །སྒོ་གསུམ་མངོན་ཤེས་དྲུག་ཏིང་འཛིན། །གཟུངས་སྒོ་སྟོབས་བཅུ་མི་འཇིགས་བཞི། །སོ་སོ་རིག་བཞི་བྱམས་པ་ཆེ། །སྙིང་རྗེ་མ་འདྲེས་བཅོ་བརྒྱད་ དང་། ཟུང་བཞི་རང་རྒྱལ་རྒྱས་སྲས་དང་། སངས་རྒྱས་མཁྱེན་གསུམ་ལྔ་བཅུ་ལྔ། །རྣམ་བྱང་འདྲེས་ཏེ་དེ་ལྟར་ན། །འདྲེས་རྐང་བརྒྱ་རྩ་བརྒྱད་དུ་འདོད། །ཅེས་པ་ཀུན་ལེགས་པར་གཏན་ལ་ཕབ་སྟེ་ཤེས་རབ་ ཕུལ་དུ་བྱུང་བ་སྐྱེད་པའི་རྒྱུ་དམ་པ་མཛད་དོ། །བཞི་པ་དེ་རྣམས་སྒྲུབ་ཚུལ་ལ་གསུམ་གྱི། སྒྲུབ་པ་པོ་གང་ཟག་དང་སྒྲུབ་པའི་རྟེན་སྟོན་པ་ནི། ཆོས་འདི་ལ་ཕྱི་རོལ་པ་ཞེས་དང་སྔར་བཤད་པའི་དག་པ་ཞེས་པས་སྡེ་དང་པོའོ། ། 1-876 དེ་ཇི་ལྟ་བར་མངོན་ཤེས་དང་པོ་ལྔ་ཡང་སྟེ། མྱ་ངན་བསལ་བར། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། །གང་ན་སྤྱོད་ཡུལ་འཆི་མེད་པ། །དེར་ནི་འགྲོ་བའི་ ནུས་པ་མེད། །ཅེས་པ་ལྟར་རོ། །ལྷག་མ་རྣམ་ཐར་སོགས་ཐུན་མོང་ཡིན་མིན་གྱིས་ཉན་ཐོས་ཞེས་དང་། རབ་མཐའ་ལ་འདོད་པ་བཞིན་ལས་སུ་རུང་བའི་བཞི་པ་ཞེས་སོ། །ཐུབ་པའི་ནི་མངོན་དུ་ ཕྱོགས་པར་མཛད་པ་ཉིད་མངོན་པར་སྒྲུབ་པའོ་ཞེའོ། །སྒྲུབ་པའི་ཐབས་ནི་དེའང་ཅི་རྒྱུར་བྱས་ནས་ཞེ་ན། ཇི་ལྟར་རྣམ་པར་གཞག་པ་བཞི་ནི་སྔར་བསྟན་པའི་དམིགས་རྣམ་ལྟར་མཉམ་པར་བཞག་པའི་སེམས་ ཀྱིས་ལན་མང་དུ་སྒོམ་པ་རྒྱུར་བྱས་ནས་བསྒྲུབས་ཏེ། སྔར་མངོན་ཤེས་ཀྱི་རྣམ་གནས་ཀྱི་ཉེ་བར་མཚོན་ནོ། །ལྔ་པ་དགོས་པའི་སྒོ་ནས་མཉམ་རྗེས་གཉིས་སུ་དབྱེ་བ་ལ་རང་གི་བྱ་བ་མི་ མཐུན་ཕྱོགས་སྤོང་བ་སོགས་ལ་གནས་པ་ནི་རྗེས་ཐོབ་ཀུན་རྫོབ་ཤེས་པ་སྟེ། ཐུགས་རྗེ་ཆེན་པོ་ཀུན་རྫོབ་བློ། །ཞེས་སོགས་མང་པོ་ཞིག་དེ་ཁོ་ནར་འཆད་དོ། །ནང་དུ་སེམས་གནས་པ་ལས་གྱུར་ པ་ནི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་དམིགས་པ་མེད་པའི་ཚད་མེད་པ་སོགས་སོ། །དེས་མཐོང་བའི་ཆོས་ལ་བདེ་བར་གནས་པར་བཤད་དོ། །དྲུག་པ་ནི་རང་གི་བྱ་བ་ཞེས་བསྟན་པ་འཆད་པ་ལ་བཅུ་དགུ་སྟེ་སྦྱར་སླའོ། ། 1-877 མི་མཐུན་ཕྱོགས་ནི་གནོད་སེམས་དང་། རྣམ་འཚེ་དང་། མི་དགའ་བ་དང་། ཆགས་སྡང་སྟེ། གནོད་སེམས་ལ་སོགས་གཉེན་པོའི་ཕྱིར། །ཞེས་ས

【現代漢語翻譯】 向您致敬,您能斷除一切眾生的疑惑!』如此讚頌道。那麼,在這殊勝的論典中,如《般若波羅蜜多經》中屢次提及的,從色蘊到一切種智,五蘊、十二處、十八界、六識、六觸、六受,十二緣起,五十三種煩惱,六度、十八空性,三十七道品,四聖諦,四禪定、四無量心、四無色定,八解脫、九次第定,三解脫門、六神通、各種三摩地,陀羅尼門、十力、四無畏,四無礙解、大慈,十八不共法,四雙、獨覺、菩薩,以及佛陀的五十五種功德,這些清凈與不清凈法相互交織,總共有108種交織之法。』所有這些都被完善地確定下來,成為產生殊勝智慧的殊勝之因。 第四部分,關於如何修持這些法,分為三個方面:修持者、修持的所依和修持的方法。對於這部法,被稱為『外道』和前面所說的『清凈』,這是第一類。 至於如何顯現前五神通,爲了消除痛苦,經中說:『五大仙人有神通,能在空中遠行,但無法到達沒有死亡的地方。』就像這樣。其餘的解脫等,根據是否共同,被稱為『聲聞』。第四類是隨心所欲地達到最高境界。佛陀的示現是爲了趨向于顯現,這就是修持的方法。』 至於修持的方法,那麼,以什麼為根本呢?就像前面所說的四種禪定的目標一樣,通過多次將心安住在三摩地中,作為修持的根本,從而達到前面所說的神通的境界。第五部分,從必要性的角度分為止觀兩種,安住于與自身行為不相符的方面,如捨棄嗔恨等,這是后得世俗智慧。如經中所說:『大慈悲是世俗之智。』等等,很多經文都只講了這一點。內心安住于平靜,這是從不分別的根本智的自性中產生的,是無緣的、無量的心等等。因此,經中說,通過這種方式可以安住在現法樂住中。第六部分,解釋所說的『自身的行為』,共有十九種,很容易理解。 與自身不符的方面包括嗔恨心、惱害心、不悅和貪嗔。如經中所說:『爲了對治嗔恨心等。』

【English Translation】 Homage to you, who cut through all beings’ doubts!’ Thus praised. So, in this supreme text, as repeatedly mentioned in the Great Mother of the Buddhas (Prajnaparamita Sutra), from form to omniscience, the five aggregates, twelve sources, eighteen realms, six consciousnesses, six contacts, six feelings, twelve links of dependent origination, fifty-three defilements, six perfections, eighteen emptinesses, thirty-seven factors of enlightenment, four noble truths, four meditations, four immeasurable minds, four formless absorptions, eight liberations, nine successive abidings, three doors of liberation, six supernormal powers, various samadhis, dharani gates, ten powers, four fearlessnesses, four analytical understandings, great love, eighteen unshared qualities, four pairs, solitary realizer, bodhisattva, and the Buddha’s fifty-five qualities, these pure and impure dharmas intertwine, totaling 108 intertwined dharmas.’ All of these are well-established, becoming the supreme cause for generating excellent wisdom. The fourth part, concerning how to practice these dharmas, is divided into three aspects: the practitioner, the basis of practice, and the method of practice. For this dharma, it is called ‘outsider’ and the aforementioned ‘pure,’ which is the first category. As for how to manifest the first five supernormal powers, to eliminate suffering, it is said in the sutra: ‘The five great sages have supernormal powers, able to travel far in the sky, but cannot reach the place where there is no death.’ Just like that. The remaining liberations, etc., are called ‘Shravakas’ according to whether they are common or not. The fourth category is to attain the highest state as desired. The Buddha’s manifestation is to tend towards manifestation, which is the method of practice.’ As for the method of practice, then, what is the root? Just like the four objects of meditation mentioned earlier, by repeatedly placing the mind in samadhi, as the root of practice, one attains the state of supernormal powers mentioned earlier. The fifth part, from the perspective of necessity, is divided into calm abiding and insight. Abiding in aspects that are inconsistent with one’s own actions, such as abandoning hatred, etc., is subsequent worldly wisdom. As it is said in the sutra: ‘Great compassion is worldly wisdom.’ and so on, many sutras only speak of this. The inner mind abiding in peace, this arises from the nature of non-discriminating fundamental wisdom, which is the objectless, immeasurable mind, etc. Therefore, it is said in the sutra that through this method one can abide in happiness in the present life. The sixth part, explaining what is said as ‘one’s own actions,’ there are nineteen types in total, which are easy to understand. Aspects that are inconsistent with oneself include anger, malice, displeasure, and attachment. As it is said in the sutra: ‘For the sake of counteracting anger, etc.’


ོ། །ཐུགས་བརྩེ་ཞེས་པ་ནི་སེམས་ཅན་ལ་ཕན་པར་མཛད་པས་སོ། །མི་ སྐྱོ་བ་ནི་འགྲོ་བ་ཀུན་ལ་བརྩེ་བས་བདག་ལ་མི་ལྟ་བའི་ཕྱིར་ཏེ་རྒྱན་དུ། སྙིང་རྗེས་ཟིན་པའི་བརྩེ་ལྡན་རྣམས། །ཞི་ལའང་ཡིད་ནི་མི་གནས་ན། །འཇིག་རྟེན་བདེ་དང་རང་སྲོག་ལ། །ཆགས་ པར་འགྱུར་བ་སྨོས་ཅི་དགོས། །ཞེས་པས་སོ། །རྣམ་ཐར་དང་པོ་གཉིས་ཀྱིས་སྤྲུལ་པའི་ལས་སྒྲུབ་པོ། །གསུམ་པ་བཟང་པོ་སྤྲུལ་པ་ལ་ཉོན་མོངས་མི་སྐྱེའོ། །གཟུགས་མེད་ཀྱིས་ནི་ཞི་བའི་ཞེས་སོ། །བརྒྱད་ པའི་མོས་པའི་ཕྱིར་ཞེས་པ་མོས་པ་དང་རྣམ་ཐར་གཉིས་སྒྲའི་བྱིངས་གཅིག་པས་མོས་པའི་དོན་ནི་རྣམ་ཐར་གྱི་དོན་ནོ། །མཆོག་ཏུ་ཞི་བ་ནི་ཉོན་ཡིད་ཀྱང་མེད་པས་སོ། །རྣམ་ཐར་དང་པོ་ གསུམ་གྱི་དམིགས་པ་ཟིལ་ཞེས་སོ། །རྒྱས་པར་མཛད་པའི་སྒོ་ནས་རྣམ་པར་ཐར་ཅེས་སོ། །ཚིག་གཟུང་བར་འོས་པ་ནི་གཞན་གྱི་སེམས་སྲུང་བ་གཙོ་བོར་བྱེད་པས་དེའི་བློ་དང་མཐུན་པར་སྨྲ་བས་ སོ། །དུས་གསུམ་གྱི་ཤེས་བྱ་ལུང་སྟོན་པས་འདིས་ཀུན་ཤེས་སོ་ཞེས་གུས་པའི་ཕྱིར་མང་པོས་བཀུར་བར་འགྱུར་རོ། །སེམས་ཚིམ་པ་ནི་རྣམ་པ་མང་པོས་ཐེ་ཚོམ་གཅོད་པས་སོ། །རྫུ་འཕྲུལ་གྱི་ལུས་ཀྱི་ལས་ཀྱིས་ཐུབ་པའི་བསྟན་པ་ལ་འདུན་པར་མཛད་དོ། ། 1-878 ལྷའི་རྣ་བས་སྒྲའི་རྣམ་པ་ཀུན་རྟོགས་ནས་དེ་བརྗོད་པས་གདུལ་བྱའི་ངག་གི་ལས་མཉན་པས་དང་གཞན་སེམས་རིག་པས་སེམས་ཤེས་ནས་བརྗོད་ཅིང་བསྟན་པས་སོ། །དེས་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ དང་སྔོན་གནས་དྲན་པས་འོང་བ་དང་ལྷའི་མིག་གིས་འགྲོ་བ་མཁྱེན་ནས་ཟག་ཟད་ཀྱིས་ངེས་པར་ཞེས་ཏེ། སྔར་གྱི་བསྟོད་པ་ལྟར་རོ། །ཆེན་པོ་སྟེ་མཆོག་ཉིད་དུ་ཞེས་དང་། གདུལ་བྱ་དང་བར་ མཛད་དེ་བསྟོད་པ་ལྟར་རོ། །གནས་དག་པས་འགྲོ་བའི་དོན་དུ་བསམ་བཞིན་དུ་ཞེས་པ་གསུམ་མོ། །དམིགས་པ་དག་པས། ཆོས་དངོས་པོ་ལ་དབང་བསྒྱུར་རོ། །ཐུགས་དག་པས་ཏིང་ངེ་འཛིན་ལའོ། །ཡེ་ཤེས་ དག་པས་གཟུངས་ཀྱིས་དམ་པའི་ཆོས་འཛིན་ཏོ། །སྟོབས་དང་པོས་རྒྱུ་ལ་ལོག་པར་རྟོག་པ་དང་། གཉིས་པས་རང་གིས་མ་བྱས་ཀྱང་ལས་འོང་ངོ་ཞེས་སྨྲ་བ་བསལ་ནས་འཁོར་བའི་ཕུན་ཚོགས་ཀྱི་ལམ་ བསྟན་ཏོ། །གསུམ་པས་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་དང་། བཞི་པས་ཆོས་བཤད་པའི་སྣོད་དད་སོགས་དབང་པོ་སྨིན་པ་དང་། ལྔ་པས་བསམ་པ་ངན་པ་དང་བཟང་པོ་ལ་མོས་པ་དང་། དྲུག་པས་ བག་ལ་ཉལ་ཉོན་མོངས་སྐྱེས་ནུས་དང་། བདུན་པས་དམིགས་པ་བསྟན་པའི་ཆོས་དང་། བརྒྱད་པས་སྐྱེ་བ་སྔ་མར་འཕགས་པའི་ལམ་གྱི་ཚོགས་བསྒྲུབས་པ་དང་། དགུ་པས་ཕྱི་མ་ལ་འོས་སུ་གྱུར་པ་སྐལ་པ་དང་། 1-879 བཅུ་པས་འཁོར་བ་ནས་ངེས་པར་འབྱུང་བའི་ལམ་རྟོགས་ཏེ་ཐར་པའི་ལམ་བསྟན་ཏོ། །སྟོབས་ཉིད་ནི་བཅུ་ཅར་གྱིས་བདུད་བཞི་ཆར་གཅོད་པས་སོ། །ཡང་ཤེས་བྱའི་སྒྲིབ་པ་སྤ