菩薩藏佛教學會
20
背景
翻譯
下載 ▾

KMG099_0021.對於那些想要如實地證悟和獲得禪修指導或大圓滿口訣的人們.這是前行之法.g2.0f

================== 第 1 段 ================== 【原始藏文】 སྒོམ་ཁྲིད་དམ་རྫོགས་པ་ཆེན་པོའི་མན་ངག་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་ཐོབ་པར་འདོད་པ་རྣམས་ཀྱི་སྔོན་དུ་འགྲོ་བའི་ཆོས། སྒོམ་ཁྲིད་དམ་རྫོགས་པ་ཆེན་པོའི་མན་ངག་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་ཐོབ་པར་འདོད་པ་རྣམས་ཀྱི་སྔོན་དུ་འགྲོ་བའི་ཆོས། སྒོམ་ཁྲིད་དམ་རྫོགས་པ་ཆེན་པོའི་མན་ངག་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་ཐོབ་པར་འདོད་པ་རྣམས་ཀྱི་སྔོན་དུ་འགྲོ་བའི་ཆོས་བཞུགས། རྒྱ་མཚོ་ནང་གི་རིན་ཆེན་བཅུད། །དགོས་འདོད་འབྱུང་གནས་དེད་དཔོན་གྱིས། །བླངས་ཏེ་ཕུན་སུམ་ཚོགས་པ་བྱིན། །དྲིན་ཅན་ཁྱེད་ལ་སྐྱབས་སུ་འཆིའོ། །བསྒོམ་ཁྲིད་དམ་རྫོགས་པ་ཆེན་པོའི་མན་ངག་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་ཐོབ་པར་འདོད་པ་རྣམས་ཀྱིས་སྔོན་དུ་སེམས་བསྐྱེད་པ་བྱ་སྟེ། དེ་ཡང་སྔོན་དུ་འགྲོ་བ་ནི། རྟེན་བླ་མ་དང་དཀོན་མཆོག་གི་སྤྱན་སྔར། མཆོད་པ་དང་། གཏོར་མ་དང་། ཚོགས་ལ་སོགས་པས་ཕུན་སུམ་ཚོགས་པར་བཤམས་ཏེ། སེམས་བསྐྱེད་དང་ལྡན་པའི་བླ་མ་ཁྲི་མཐོན་པོའི་ཁར་གདན་བཟང་པོ་ལ་བཞུགས། སློབ་བུས་འཁོར་བའི་གནས་འདི་ཐམས་ཅད་མེ་མ་མུར་གྱི་འོབས་བཞིན་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་གནས་འདི་ལས་གྲོལ་བར་བྱེད་པ་ལ། དེའི་དོན་དྲན་པར་བྱ་སྟེ། ནགས་མེས་ཚིག་པའི་རི་དྭགས་སམ་མཚོ་འཁྱགས་པའི་ཆུ་བྱ་བཞིན་དུ། ཆོས་མེན་ལྟོས་པ་དང་བྲལ་བར་གོ་སྟེ། བླ་མ་དཀོན་མཆོག་ལ་དད་གུས་སྔོན་དུ་སོང་བས། རྒྱུན་བཤགས་སམ། བདུན་རྣམ་དག་ལ་རྩོགས་པ་དགེ་སྦྱོར་གྱི་གཞུང་རེ་སྔོན་དུ་བྱ་ལ། གཏོར་མ་བྱིན་གྱིས་བརླབ་པ་དང་། ཟ་ཚོགས་ལ་སོགས་པས་ཚོགས་བྱིན་གྱིས་བརླབ་པ་དང་མཆོད་པ་བྱས་ལ། སྐལ་ལྡན་རྣམས་ཀྱིས་མ་རོལ་བའི་གོང་དུ་བར་འདིར་ཆོ་ག་བྱ་སྟེ། སློབ་མས་ཕྱག་བཙལ་ལ། ཡོན་དབུལ་ལོ། །མེ་ཏོག་གཏོར་ལ་ཞུ་བ་དབུལ་ལོ། །ཐལ་མོ་སྦྱར་བའི་སྙིམ་པར་མེ་ཏོག་བླུགས་ལ་ལུས་ཙོག་པུར་བསྡད་ལ། གུས་པ་དང་ལྡན་པར་བྱའོ། །བླ་མས་བྱམས་སྙིང་རྗེ་བྱང་ཆུབ་སེམས་དང་ལྡན་པས། འདི་སྐད་བཤད་པར་བྱའོ། །དང་པོ་གནས་ལུགས་རིག་པ་རྒྱུ་རྐྱེན་གྱིས་མ་བསྐྱེད་པ། སྟོང་གསལ་ནམ་མཁའ་ལྟ་བུ་འདི། ངོ་མ་ཤེས་པའི་རྟོག་པས་བསྒྲིབས་པའི་འཁྲུལ་པའི་བདག་ཏུ་བཟུང་བས། འགྲོ་དྲུག་སྡུག་བསྔལ་གྱི་སྣང་བ་འདི་དངོས་པོ་ལ་གྲུབ་པ་མེད་ཀྱང་། ཤེས་པ་འཁྲུལ་བའི་བག་ཆགས་ཀྱི་མཐུས་རྒྱུན་བརྟས་པས་རྨྱི་ལམ་གྱི་ཚུལ་དུ་མེད་བཞིན་དུ་སྣང་བའོ། །དེ་བཟློག་པར་བྱེད་པ་ལ་དགེ་སྡིག་ཤན་ཐང་མ་ཕྱེད་ན་ཆོས་བྱར་མི་བཏུབ་པས། དགེ

【漢語翻譯】 對於那些想要如實地證悟和獲得禪修指導或大圓滿口訣的人們,這是前行之法。 對於那些想要如實地證悟和獲得禪修指導或大圓滿口訣的人們,這是前行之法。 對於那些想要如實地證悟和獲得禪修指導或大圓滿口訣的人們,這是前行之法。 海洋中的珍寶精華,滿足需求之源的船長,取來並給予圓滿,我向恩人您尋求庇護。 想要如實地證悟和獲得禪修指導或大圓滿口訣的人們,首先要發菩提心。 那麼,前行之法是:在依怙上師和三寶的面前,以供品、朵瑪和會供等豐盛地陳設。 具有菩提心的上師坐在高高的法座上,舒適的墊子上。 弟子們應當憶念,輪迴的這個地方,就像燃燒的火坑一樣,是所有痛苦的根源,要從中解脫出來。 就像森林大火中被燒焦的野獸,或冰凍湖面上的水鳥一樣,要明白與世俗的牽絆是毫無意義的。 對上師三寶的虔誠和恭敬應先行。 經常懺悔,或進行七支供等善行。 加持朵瑪,並以食物等加持會供,進行供養。 有緣者在未享用之前,應在此期間進行儀軌。 弟子頂禮,獻上供養。 獻上鮮花,祈求加持。 雙手合十,掌心盛滿鮮花,身體蹲坐,保持恭敬。 上師以慈悲心和菩提心,應這樣說: 首先,實相的智慧不是由因緣所生,如同虛空般空明。 因為不認識它的本來面目,被妄念所遮蔽,執著于虛幻的自我,導致六道眾生的痛苦顯現。 雖然這些現象在本質上並不存在,但由於意識中虛妄習氣的力量,它們持續不斷地顯現,就像夢境一樣,明明不存在卻又顯現。 爲了扭轉這種狀況,如果不區分善惡,就無法修行佛法。 因此,善

【英語翻譯】 For those who wish to truly realize and attain the instructions on meditation or the Great Perfection, these are the preliminary practices. For those who wish to truly realize and attain the instructions on meditation or the Great Perfection, these are the preliminary practices. For those who wish to truly realize and attain the instructions on meditation or the Great Perfection, this is the preliminary practice. The essence of jewels in the ocean, the captain who is the source of needs and desires, takes and gives abundance, I take refuge in you, kind one. Those who wish to truly realize and attain the instructions on meditation or the Great Perfection must first generate the mind of enlightenment. The preliminary practice is as follows: In front of the Lama and the Three Jewels, arrange offerings, tormas, and tsok, etc., in abundance. The Lama, endowed with the mind of enlightenment, sits on a high throne, on a comfortable cushion. The disciples should remember that this place of samsara, like a pit of burning embers, is the source of all suffering, and they should strive to be liberated from it. Like a wild animal burned by a forest fire, or a water bird on a frozen lake, understand that attachment to worldly things is meaningless. Devotion and reverence for the Lama and the Three Jewels should come first. Regularly confess, or perform virtuous deeds such as the Seven Branch Prayer. Bless the torma, and bless the tsok with food, etc., and make offerings. Before the fortunate ones partake, the ritual should be performed during this time. The disciples prostrate and offer. Offer flowers and request blessings. With palms together, fill the hands with flowers, sit in a squatting position, and be respectful. The Lama, with loving-kindness, compassion, and the mind of enlightenment, should say this: First, the wisdom of reality is not created by causes and conditions, it is empty and clear like the sky. Because its true nature is not recognized, it is obscured by conceptual thoughts, and by clinging to the illusion of self, the suffering of the six realms appears. Although these phenomena do not exist in reality, they continuously appear as if they do, like a dream, due to the power of the habitual tendencies of the deluded consciousness. In order to reverse this situation, if one does not distinguish between good and evil, one cannot practice the Dharma. Therefore, good

============================================================

================== 第 2 段 ================== 【原始藏文】 ་སྡིག་ཤན་ཐང་དབྱེ་བ་ལ། དང་པོ་སྡིག་བཤགས་བྱ་སྟེ། དོན་དམ་གྱི་བཤགས་པ་ནི། ཀོའུ་ཤི་ཀ་ལས། གོས་པ་མེད་པ་སྙིང་པོའི་དོན། །རྟོགས་ན་དོན་དམ་བཤགས་པ་སྟེ། །དྲི་མེད་འོད་གསལ་ཞི་བྱས་པས། །ལས་ཀྱི་སྒྲིབ་པ་རྣམ་དག་ལྟོས། །ཞེས་པས། དཔེར་ན་མདང་ཕན་ཆད་མུན་པ་མུན་ནག་གི་དཀྱིལ་འཁོར་དུ་ཡོད་པ་ལ་ད་ནང་ནམ་ལངས་ནས་ཉི་མ་ཤར་བས་མུན་པ་རང་སངས་ལ་སོང་བ་བཞིན་དུ་སེམས་ཀྱི་གནས་ལུགས་རྟོགས་ན། སྡིག་ཐམས་ཅད་རང་སངས་ལ་འགྲོ་བ་ཡིན་ཏེ། དེ་ཁྱེད་རང་ལ་ད་སྡོད་ངོ་སྤྲོད་དོ། །ད་ལྟ་ཀུན་རྫོབ་སྟོབས་བཞི་བའི་སྒོ་ནས་བཤགས་པ་བྱ་སྟེ། དེ་ལ་རྟེན་གྱི་སྟོབས་ནི། བླ་མ་དང་དཀོན་མཆོག་ནམ་མཁའ་ལ་སྤྲིན་བཞིན་དུ་གཏིབས་པར་བསམ་ལ་མོས་པ་བྱའོ། །རྣམ་པར་སུན་འབྱིན་པའི་སྟོབས་ནི། སྔར་བྱས་ཀྱི་སྡིག་པ་ལ་བ་སྤུ་གཟིངས་མཆི་མ་ཀློངས་པའི་སྒོ་ནས་འགྱོད་པ་བསྐྱེད་ལ། ཉེས་པ་ལས་སླར་ལྡོག་པའི་སྟོབས་ནི། ད་ཕྱིན་ཆད་ལུས་དང་སྲོག་ལ་བབ་ཀྱང་མི་བྱེད་པར་དམ་བཅས་ལ། སྟོབས་གསུམ་སྔོན་དུ་སོང་བས་བཤགས་པ་བྱ་སྟེ་རྗེས་ཟློས་བྱ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། ཚེ་རབས་ཐོག་མ་མེད་པ་ནས། ཐ་མ་ད་ལྟའི་བར་དུ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་ཐམས་ཅད་བླ་མ་དང་དཀོན་མཆོག་གི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །ཞེས་ལན་གསུམ་བརྗོད་ལའོ། །དང་པོས་ལུང་སྦྱིན། བར་པས་གསལ་གདབ། ཐ་མས་སྡིག་པ་འདག་པར་དང་སྡོམ་པ་ཐོབ་པ་དུས་མཉམ་ཡིན་ཏེ། མི་འཆབ་བོ། །མི་སྦེད་དེ་ཡན་ཆད་སྔར་བྱས་པའི་སྡིག་པ་བཤགས་པ་ཡིན་ཏེ། དེས་སངས་ཀྱིས་དག་པ་ཡིན་ནོ། །སླན་ཆད་ད་ན་ཕར་ཡིན་ཏེ། སྡིག་པའི་བྱེ་བྲག་རྣམས་ལུས་དང་སྲོག་ལ་བབ་ཀྱང་སྡོམ་པ་ཡིན་ཏེ། རྒྱས་པར་བཤད་དོ། །དེ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སམ། སོར་ཆུད་པའི་སྟོབས་སོ། །དེ་ནས་སྐྱབས་འགྲོ་ཁྱད་པར་ཅན་བྱ་བ་དང་། ཐུན་མོང་གི་སེམས་བསྐྱེད་ནི། ཕྱག་ལ་སོགས་པ་གོང་བཞིན་བྱས་ལ། རྗེས་ཟློས་བྱ་བ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་གྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་ལ། ཚ

【漢語翻譯】 關於罪障的區分:首先要懺悔罪業。究竟的懺悔是,如《高希迦經》所說:「無染本性之義,若能證悟即為究竟懺悔。以無垢光明寂滅,觀業之障 पूर्ण清凈。」因此,譬如昨天之前一直處於黑暗的中心,今天早上天亮后太陽升起,黑暗自然消散一樣,如果證悟了心的實相,一切罪業都會自然消散。現在就給你介紹一下。現在通過世俗的四力來進行懺悔。其中,所依之力的意思是,觀想上師和三寶如天空中的雲彩般密集,並生起信心。厭患對治力是,對過去所造的罪業,通過毛孔流血、淚如泉涌的方式生起後悔之心。返回對治力是,發誓從今以後,即使身體和生命受到威脅也不再造作。在以上三種力量的基礎上進行懺悔,需要念誦的是:祈請十方諸佛菩薩垂念我。祈請上師垂念我。我名為……。從無始劫以來,直到現在,通過身語意三門所造作的一切罪業和不善業,都在上師和三寶面前懺悔。不隱瞞,不掩蓋,以後也一定嚴守戒律。唸誦三遍。第一次是給予加持,第二次是明確表白,第三次是罪業清凈和獲得戒律同時發生。不隱瞞,不掩蓋,以上是對過去所造罪業的懺悔,通過懺悔可以清凈罪業。以後,現在開始,對於各種罪業,即使身體和生命受到威脅也要嚴守戒律,詳細說明。這就是依止對治力的力量,或者說是恢復的力量。然後是進行特殊的皈依和共同的發心。頂禮等如前一樣進行,需要念誦的是:諸佛正法賢聖僧,直至菩提我皈依。我以佈施等善行,為利有情願成佛。唸誦三遍。

【英語翻譯】 Regarding the distinction of sins and obscurations: First, one must confess sins. The ultimate confession is, as stated in the Kausika Sutra: “The meaning of the stainless essence, if realized, is the ultimate confession. Through stainless, clear light and pacification, behold the complete purification of the obscurations of karma.” Therefore, just as when one has been in the midst of darkness until yesterday, and this morning the sun rises and the darkness naturally dissipates, so too, if one realizes the true nature of the mind, all sins will naturally dissipate. Now, I will introduce that to you. Now, confess through the four powers of conventional truth. Among them, the power of reliance is to contemplate the Lama and the Three Jewels as dense as clouds in the sky and generate faith. The power of regret is to generate remorse for past sins through pores bleeding and tears flowing like springs. The power of resolve is to vow that from now on, even if body and life are at stake, one will not commit them again. Having preceded with the three powers, one should confess, and what is to be repeated is: May all Buddhas and Bodhisattvas residing in the ten directions heed me. May the Teacher heed me. I, named [name], from beginningless lifetimes until now, confess all sins and non-virtuous actions committed through body, speech, and mind in the presence of the Lama and the Three Jewels. I do not conceal, I do not hide, and in the future, I will certainly keep vows. Say this three times. The first time gives blessings, the second time makes a clear declaration, and the third time, the purification of sins and the obtaining of vows occur simultaneously. I do not conceal, I do not hide, up to that point is the confession of past sins, and through that, sins are purified. From now on, from now on, regarding various sins, even if body and life are at stake, one will keep vows, explained in detail. That is the power of applying the antidote completely, or the power of restoration. Then, one should perform special refuge and generate common Bodhicitta. Prostrations and so on are done as before, and what is to be repeated is: To the Buddha, Dharma, and Sangha, the supreme ones, until enlightenment, I go for refuge. By the merit of generosity and so on that I perform, may I attain Buddhahood for the benefit of beings. Say this three times.

============================================================

================== 第 3 段 ================== 【原始藏文】 ིག་དང་པོས་ལུང་བྱིན། བར་པས་གསལ་གདབ། ཐ་མས་སྐྱབས་འགྲོ་སེམས་བསྐྱེད་ཐོབ་པའོ། །དང་པོ་གཉིས་ཀྱིས་སྐྱབས་འགྲོ་ཁྱད་པར་བ་ཡིན་ལ། གཞུག་མ་གཉིས་ཀྱིས་སེམས་བསྐྱེསད་ཐུན་མོང་བ་ཡིན་ཏེ། སླབ་བྱ་ལ་སོགས་པ་བསྡུས་པ་གཅིག་བཤད་དོ། །ཁྱད་པར་གྱི་སེམས་བསྐྱེད་ནི། ཕྱག་ལ་སོགས་པ་གོང་བཞིན་བྱས་ལ། བདག་སེམས་ཅན་གྱི་དོན་དུ་རྫོགས་ཆེན་གཉིས་ཎ་ཀྱི་དོན་ལ་འཇུག་པར་བྱའོ་སྙམ་དུ་བསམས་ལ་གསོལ་བ་གདབ་ཅིང་ཞུ་བ་བྱའོ། །དེ་ནས་བླ་མས་ཉན་ཐོས་ཀྱི་འཇུག་སྒོ་བསླབ་སྟེ། ཉན་ཐོས་ཀྱི་འཇུག་སྒོ་ཐོབ་ཀྱང་ཐོབ་ལ། ཐོབ་པར་ཡང་བསམ་མོ། །དེ་ནས་བློ་ཡར་བཏེག་སྟེ་ཕྱག་གོང་བཞིན་བྱའོ། །གཉིས་ཎ་ཀྱི་འཇུག་སྒོ་ཞུའོ། །ཡང་བླ་མས་བྱང་ཆུབ་སེམས་དཔའི་འཇུག་སྒོ་བསླབ་བོ། །དེས་འདྲེས་ཏེ་གསང་སྔགས་ནང་པ་མན་ཆད་ཤེས་པར་བྱའོ། །དེ་ལྟར་སློབ་མས་གཉིས་ཎ་ཀྱི་འཇུག་སྒོ་རེ་ཞུས། བླ་མས་ཐེག་པ་རིམ་པར་འཇུག་སྒོ་བསླབས་པས། ཐེག་པའི་རིམ་པ་བཞིན་འཇུག་སྒོ་ཐོབ་ཅིང་བློ་ཡར་འཕར་བས་ཡིན་ནོ། །དེ་ནས་ཐུན་མོང་གང་གིས་ཀྱང་བློ་མ་ཁེངས་པའི་སྒོ་ནས། གཉིས་ཎ་རྫོགས་པ་ཆེན་པོའི་རིག་པ་རྩལ་གྱི་དབང་རྣམ་པ་གསུམ་ཞུ་ཞིང་གསོལ་གདབ་བོ། །དེ་ནས་བླ་མས་དམ་ཚིག་དྲིའོ། །སློབ་བུས་ཁས་བླང་ངོ་། །བླ་མས་དམ་ཚིག་དབོག་གོ། །སློབ་བུས་དམ་ཚིག་ཇི་ལྟ་བ་བཞིན་དུ་བསྲུང་བར་དམ་བཅའོ། །དེ་ནས་བླ་མས་དབང་གསུམ་པ་འཇུག་སྒོ་བདུན་ངོ་སྤྲད་པར་བྱའོ། །ཁྲིད་དང་ངོ་སྤྲོད་ལ་སོགས་པ་ཡིན་ནོ། །དཔེར་ན་མཚན་མ་རྫས་ཀྱི་དབང་གི་དུས་སུ་གདོང་གཡོགས་བཀྲོལ་བ་བཞིན་དུ་དོན་རིག་པ་རྩལ་དབང་གི་དུས་སུ། ངོ་སྤྲོད་ཀྱི་མན་ངག་ཐོབ་པའོ། །གདོང་གཡོགས་བཀྲོལ་མིག་ཕྱེ་དེ་ནས་དལ་མཐོང་བ་བཞིན་དུ། ཐོས་པས་དོན་རྟོགས་པས་དཀྱིལ་འཁོར་མཐོང་བའོ། །རྟོགས་པའི་དོན་ལ་ཏིང་ངེས་གོམས་པ་ནི། ད་ལར་ཞུགས་པའི་ཞེས་འཇུག་སྒོ་ཞིབ་ཏུ་བཤད་དོ། །དེ་ནས་སློབ་བུས་གཏང་རག་གཏོང་ངོ་། །ཨཐྎ། རྫོགས་སོ།། །།དཔེ་གཟུགས་བརྙན་གྱི་དོན་གཉིས་ཎ་ཀྱི། ཞུས་དག་གོ། ། སྒོམ་ཁྲིད་དམ་རྫོགས་པ་ཆེན་པོའི་མན་ངག་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་ཐོབ་པར་འདོད་པ་རྣམས་ཀྱི་སྔོན་དུ་འགྲོ་བའི་ཆོས།

【漢語翻譯】 最初以預言開示,中間以清晰闡明,最後獲得皈依和發心。最初的兩個是特殊的皈依,後面的兩個是共同的發心,即簡要講述了學處等內容。特殊的發心是:如前一樣做禮拜等,心想爲了我和眾生的利益,進入大圓滿二諦的意義中,然後祈請和請求。之後,上師傳授聲聞的入門,即使獲得了聲聞的入門,也要認為已經獲得了。之後,提升心智,如前一樣做禮拜。請求二諦的入門。上師再次傳授菩薩的入門。通過這些混合,就能瞭解密宗內的一切。這樣,弟子請求二諦的入門,上師依次傳授各乘的入門,因此,按照各乘的次第獲得入門,並且心智得到提升。之後,由於任何共同的法都無法滿足,因此請求和祈請大圓滿二諦的覺性力量的三種灌頂。之後,上師詢問誓言,弟子承諾,上師給予誓言,弟子發誓像守護誓言一樣守護。之後,上師介紹第三灌頂的七個入門。這是引導和介紹等。例如,就像在形象物質的灌頂時揭開面具一樣,在意義覺性力量的灌頂時,獲得介紹的口訣。就像揭開面具,睜開眼睛,然後慢慢看到一樣,通過聽聞理解意義,從而見到壇城。對理解的意義進行禪定和習慣,就是詳細講述的進入當下狀態的入門。之後,弟子表達感謝。ཨཐྎ།(藏文,梵文天城體,梵文羅馬擬音,漢語字面意思)結束。關於二諦的例子、形象和影像的意義的校對。 對於想要如實理解和獲得禪修引導或大圓滿口訣的人們來說,這是前行之法。

【英語翻譯】 Initially, it is prophesied. In the middle, it is clearly explained. Finally, one obtains refuge and generates bodhicitta. The first two are special refuge, and the latter two are common bodhicitta, which briefly explains the precepts and so on. The special bodhicitta is: as before, perform prostrations, etc., and think, ‘For the benefit of myself and all sentient beings, I will enter into the meaning of the Great Perfection of the Two Truths,’ and then pray and request. After that, the guru teaches the entrance to the Shravakas. Even if one has obtained the entrance to the Shravakas, one should think that one has obtained it. After that, elevate the mind and perform prostrations as before. Request the entrance to the Two Truths. Again, the guru teaches the entrance to the Bodhisattvas. By mixing these, one can understand everything within the secret Mantras. In this way, the disciple requests the entrance to the Two Truths. The guru teaches the entrances to the vehicles in order, so one obtains the entrances according to the order of the vehicles, and the mind is elevated. After that, since no common dharma can satisfy, one requests and prays for the three empowerments of the wisdom force of the Great Perfection of the Two Truths. After that, the guru asks about the samaya. The disciple promises. The guru bestows the samaya. The disciple vows to protect the samaya as it is. After that, the guru introduces the seven entrances of the third empowerment. This is guidance and introduction, etc. For example, just as the mask is removed during the empowerment of form and substance, during the empowerment of the meaning-awareness force, one obtains the instructions for introduction. Just as one removes the mask, opens the eyes, and then slowly sees, by understanding the meaning through hearing, one sees the mandala. To meditate and become accustomed to the meaning of understanding is to explain in detail the entrance to entering the present state. After that, the disciple expresses gratitude. ཨཐྎ། (Tibetan, Devanagari Sanskrit, Romanized Sanskrit, Literal Chinese meaning) It is finished. Collation of the meaning of examples, images, and reflections of the Two Truths. For those who wish to truly understand and obtain meditation guidance or the Great Perfection instructions, this is the preliminary practice.

============================================================