KMG099_0016.通過九個比喻來識別九種過失並進行補救的方法.g2.0f
================== 第 1 段 ================== 【原始藏文】 དཔེ་དགུས་སྐྱོན་དགུ་ངོས་བཟུང་བཅོས་ཐབས། དབུས་པ་རྟ། དཔེ་དགུས་སྐྱོན་དགུ་ངོས་བཟུང་བཅོས་ཐབས། དབུས་པ་རྟ། དཔེ་དགུས་སྐྱོན་དགུ་ངོས་བཟུང་བཅོས་ཐབས་བསྟན་པ་བཞུགས། སྤྱན་རས་གཟིགས་སྤྲུལ་རིན་ཆེན་འགྲོ་བའི་མགོན། །བདུད་དཔུང་འཇོམས་མཛད་དམ་པ་དེ་ལ་འདུད། །དེ་ལ་དཔེ་དགུས་སྐྱོན་དགུ་ངོས་བཟུང་སྟེ། །སྐྱོན་བཟློག་པ་ནི་ཡོན་ཏན་དུ་འགྱུར་བའོ། །དེ་ལ་སྐྱོན་དགུ་གང་ཞེ་ན། སྤྲེའུ་ཤིང་ཐོག་གྲུབ་པ་སྣ། །ཤ་འུ་རྭ་ཆོར་སྒེག་མོའི་རྒྱན། །བྱའི་ཆོས་དང་ནད་པའི་བསྔས། །ཁྱི་དང་ཤིག་བཞིན་མི་བྱའོ། །ཞེས་གསུངས་པས། བརྩོན་འགྲུས་ཕྱི་ཤོལ་དུས་ལས་པའི་སྐྱོན་སྤྲེའུ་ཤིང་ཐོག །རང་གི་གདམ་ངག་ལ་ངེས་ཤེས་ཆུང་བའི་སྐྱོན་གྲུབ་པའི་སྣ། རང་གི་རྒྱུད་ལ་གཟོད་མ་ཐོབ་པའི་སྐྱོན་ཤའུ། ལྟ་བ་གཏིང་ཐུངས་པའི་སྐྱོན་རྭ་ཆོར། སྤྱོད་པ་ཚུལ་ཆོས་སུ་ཤོར་བའི་སྐྱོན་སྒེག་མོའི་རྒྱན། ཆོས་ཁ་ཆོས་སུ་ཤོར་བའི་སྐྱོན་བྱའི་ཆོས། རྩ་བ་བདག་འཛིན་མ་སྤོངས་པའི་སྐྱོན་ནད་པའི་བསྔས། ཆོས་པ་ནང་འཐབས་པའི་སྐྱོན་ཁྱི་དང་། སྦྱིན་པར་མ་མཐོང་པར་ཁ་ཕྱིར་བལྟས་པའི་སྐྱོན་ཤིག་ལྟ་བུའོ། །དེ་ལ་དང་པོ་སྤྲེའུ་ཤིང་ཐོག་ཅེས་པ་དེ་དཔེར་ན་སྤྲེའུ་ནི་སྤྲེའུ་གཞོན་པ་རྣམས་ཀྱིས་ཤིང་གི་རྩེ་མོར་འཛེགས་ཏེ། ཤིང་ཐོག་མང་པོ་བསྐྱུར་ནས་བསགས་ལ་བཟའ་སྙམ་ཙམ་ན། སྤྲེལ་རྒན་ཚོས་སྡོང་པོའི་རྨང་དུ་བསྡད་ནས་ཟོས་པས། གཞོན་པ་ཚོ་ལ་བཟའ་རྒྱུ་མ་བྱུང་སྟེ་ལྟོགས་སོ། །དཔེ་དེ་བཞིན་དུ་བརྩོན་འགྲུས་ཕྱིར་ཤོལ་དུ་ལས་ཏེ། བུ་ཕོག་ལ་ཆོས་བྱ། བུ་ཕོག་ལ་ཆོས་བྱས། བུ་མོ་བརྫངས་ལ་ཆོས་བྱ། ཡུལ་ཞིང་སྤེལ་ལ་ཆོས་བྱ། ཆོས་རྒྱགས་བསགས་ལ་ཆོས་བྱ་སྙམ་པ་ལ་སོགས་པ་དེ་སྐྱོན་ཡིན་ཏེ། དེ་ངོས་བཟུང་ལ་བཅོས་པ་ནི། དཔེར་ན་སྤྲེའུ་རྒན་ཤོས་རྣམས་སྔར་ཕྱིར་ཤོལ་དེས་སུན་པས། ད་ཤིང་ཐོག་གང་རྙེད་ཟ་བ་བཞིན་དུ། ཆོས་ཕྱི་ཤོལ་དུ་མི་གཞག་པར་ཇི་ལྟར་གོ་གོ་ཉམས་སུ་བླང་ངོ་། ༈ །གྲུབ་པའི་སྣ་ཞེས་པ། དཔེར་ན་གྲུབ་པ་ནི་རང་གི་སྣ་ལ་བསེ་ཏྲི་ཡོད་པ་ལ། གྲུབ་པ་གཞོན་པ་རྣམས་རྒྱུས་མེད་པར་རྩྭ་གང་རེག་ལ་བསེ་དྲི་འདུག་སྙམ་ནས་བཞག་པས་རྩྭ་བསེ་དྲི་མེད་པ་མ་རྙེད་པར་ལྟོགས་སོ། །དཔེ་དེ་བཞིན་དུ་རང་གི་གདམ་ངག་ལ་ངེས་ཤེས་མ་སྐྱེས་རང་སྣང་མ་དག་པར་བྱས་ནས། བླ་མ་དང་མཆེད་གྲོགས་ལ་འཁང་ཞིང་། གནས་དགོན་དང་གྲངས་གང་དུ་ཕྱིན་ཀྱང་གཤའ་མ་མི་འདུག་སྙམ་སྟེ་སྐྱོན་འབའ་ཞིག་ཏུ་མཐོང་པའོ། །དེ་ངོས་བཟུང
【漢語翻譯】 通過九個比喻來識別九種過失並進行補救的方法。 通過九個比喻來識別九種過失並進行補救的方法。 通過九個比喻來識別九種過失並進行補救的方法的教導。 觀世音化身珍寶眾生之怙主,摧毀魔軍的聖者,我向您頂禮。因此,通過九個比喻來識別九種過失,糾正過失就能轉化為功德。那麼,九種過失是什麼呢? 猴子與果樹,麝香與鼻。 生皮,牛角飾,妖艷女的裝飾。 如鳥說法,病人的祈願。 不要像狗和虱子一樣。 如是說。精進拖延,耽誤時機的過失,如猴子與果樹。對自己的訣竅缺乏定解的過失,如麝香與鼻。自己的相續沒有獲得根本的過失,如生皮。見解膚淺的過失,如牛角飾。行為變成世俗法的過失,如妖艷女的裝飾。說法變成世俗法的過失,如鳥說法。沒有捨棄根本的我執的過失,如病人的祈願。修行人內部爭鬥的過失,如狗。不視為佈施,反而向外看的過失,如虱子。 其中,第一個「猴子與果樹」的比喻是,例如猴子,年輕的猴子們爬到樹頂,拋棄許多果實,想要積攢起來吃,但老猴子們卻坐在樹根下吃掉了。因此,年輕的猴子們沒有東西可吃,餓了。同樣的,精進拖延,說給兒子留著修法,給兒子留著修法,給女兒打扮了修法,置辦田地了修法,積攢了財物了修法等等,這些都是過失。認識到這些並進行補救是,例如老猴子們因為以前的拖延而感到厭倦,現在就像找到什麼果實就吃什麼一樣,不把修法拖延,而是怎麼明白就怎麼修持。 再者,「麝香與鼻」是,例如麝香,自己的鼻子里有麝香,但年輕的麝香鹿因為不瞭解,聞到什麼草都覺得有麝香,結果什麼也沒有找到,餓了。同樣的,對自己的訣竅沒有生起定解,自己的顯現不清凈,抱怨上師和道友,無論去哪個寺廟和閉關處,都覺得沒有真貨,只看到過失。
【英語翻譯】 The method of identifying nine faults through nine metaphors and remedying them. The method of identifying nine faults through nine metaphors and remedying them. The teaching of the method of identifying nine faults through nine metaphors is present. I prostrate to the holy one, the precious protector of beings, an emanation of Avalokiteśvara, who destroys the armies of demons. Therefore, by identifying nine faults through nine metaphors, reversing the faults will transform into virtues. So, what are the nine faults? Monkey and fruit tree, musk and nose. Rawhide, horn ornament, adornment of a seductive woman. Bird’s Dharma and patient’s prayer. Do not be like a dog and a louse. As it is said. The fault of delaying diligence and missing the opportune time is like a monkey and a fruit tree. The fault of having little certainty about one’s own instructions is like musk and a nose. The fault of not having obtained the root in one’s own continuum is like rawhide. The fault of superficial view is like a horn ornament. The fault of conduct turning into worldly dharma is like the adornment of a seductive woman. The fault of speech turning into worldly dharma is like a bird’s Dharma. The fault of not abandoning the root of self-grasping is like a patient’s prayer. The fault of practitioners fighting internally is like a dog. The fault of not seeing it as generosity but looking outward is like a louse. Among these, the first metaphor, “monkey and fruit tree,” is like this: young monkeys climb to the top of the tree, abandon many fruits, intending to accumulate them to eat, but the old monkeys sit at the base of the tree and eat them. Therefore, the young monkeys have nothing to eat and go hungry. Similarly, delaying diligence, saying, “I will practice Dharma for my son,” “I will practice Dharma for my son,” “I will adorn my daughter and practice Dharma,” “I will acquire land and practice Dharma,” “I will accumulate wealth and practice Dharma,” and so on, these are faults. Recognizing these and remedying them is like the oldest monkeys, tired of the previous delays, now eat whatever fruit they find, not delaying Dharma practice, but practicing as they understand. Furthermore, “musk and nose” is like this: musk is in one’s own nose, but young musk deer, not knowing, smell every grass and think there is musk, but find nothing and go hungry. Similarly, without generating certainty about one’s own instructions, one’s own appearances are not purified, complaining about the lama and Dharma friends, and wherever one goes, to temples and retreats, one thinks there is nothing genuine, seeing only faults.
============================================================
================== 第 2 段 ================== 【原始藏文】 ་ལ་བཅོས་པ་ནི། གྲུམ་པ་རྒན་པོ་ཀུན་སྙམ་ན་རྩ་ལ་བསེ་དྲི་སྣམ་པ་མིན་ཏེ་རང་གི་སྣ་ལ་བསེ་དྲི་ཡོད་པ་ཡིན་སྙམ་བསེ་དྲི་བསྣམས་སྣམ་དུ་ཟོས་པས་འགྲངས་པར་བྱུང་བ་བཞིན་དུ། བླ་མ་དང་ཆེད་གྲོགས་དང་དགོན་དང་གྲངས་དེ་དག་ན་སྐྱོན་ཡོད་པ་མ་ཡིན་ཏེ། རང་གི་གདམ་ངག་ལ་ངེས་ཤེས་མ་སྐྱེས་ཤིང་རང་སྣང་མ་དག་པ་ཡིན་སྙམ་པ་བྱས་ནས་ཉམས་སུ་བླངས་པས་རྟོགས་པ་འཆར་རོ། ༈ །ཤ་འུར་ཞེས་པ། དཔེར་ན་ཤ་འུར་ནི་དེ་ལ་རེག་པའི་ཐབས་མེད་པ་བཞིན་དུ། ཆོས་པ་ཁ་ཅིག་རང་གི་རྒྱུད་ལ་བཟོད་པ་མ་ཐོབ་པར་བྱས་ནས་ཅི་བྱུང་ཀྱང་མི་བཟོད་པར་གཞན་འབའ་ཞིག་ལ་ཁ་ཆོས་འཇུག་པའོ། །དེ་ངོས་བཟུང་ལ་བཅོས་པ་ནི། །ཉོན་མོངས་དང་རང་རྒྱུད་བཏུལ་ལ་རང་གིས་བཟོད་པར་བྱའོ། །རྭ་ཆོར་ཞེས་པ། དཔེར་ན་རྭ་ཆོར་ནི་ཁ་ནས་རྒྱ་ཆེ་བར་འདུག་ཀྱང་གཏིང་ན་མཛུབ་མོ་རང་མི་ཤོང་། དཔེ་དེ་བཞིན་དུ་ལྟ་བ་ཁ་ལ་ཁྱེར་ཏེ། ཁ་ལ་མཉམ་པ་ཉིད་ཡིན་ཕྱོགས་མེད་འཛིན་མེད་ཡིན་པ་སྐད་ཟེར་ནས་སྐྱེན་བྱུང་ཙམ་ན་རྐྱེན་མི་ཐུབ་པར་བརྡུགས་པའོ། །དེ་ངོས་བཟུང་ལ་བཅོས་པ་ནི། །ལྟ་བ་ཁ་ལ་ཁྱེར་དུ་མ་སོང་བར་གཏིང་ནས་དོན་གོ་ཞིང་རྟོགས་པར་བྱས་ལ། རྐྱེན་ཐུབ་པ་ཅིག་དགོས་སོ། ༈ །སྒེག་མོའི་རྒྱན་ཞེས་པ། དཔེར་ན་སྒེག་མོ་རྒྱན་ནི་མི་ཚོགས་པ་དང་ཁྲོམ་གྱི་གསེབ་ཏུ་བྱི་དོར་བྱེད་རྒྱན་འདོགས་སོ། །མི་མེད་ཙམ་ན་འབོགས་སོ། །དཔེ་དེ་བཞིན་དུ་མི་ཡོད་ཙམ་ན་ཚུལ་གྱི་དགེ་སྦྱོར་ལ་སོགས་པ་བྱེད། མི་མེད་ཙམ་ན་མི་བྱེད་དོ། །དེ་ངོས་བཟུང་ལ་བཅོམ་པ་ནི། སྤྱོད་པ་ཚུལ་ཆོས་སུ་མ་ཤོར་བར་བྱ་སྟེ། དགེ་སྦྱོར་རང་དོན། ཡིན་པས་ངོ་ལྐོག་མེད་པར་བྱའོ། ༈ །བྱའི་ཆོས་དང་ཞེས་པ། དཔེར་ན་བྱའི་ཆོས་ནི་ནེ་ཚོ་ནེ་རེ་སྲོག་གཅོད་པ་མཐོལ་ལོ་བཤགས་སོ། །མ་བྱིན་པར་བླངས་པ་མཐོལ་ལོ་བཤགས་སོ། །བརྫུན་དུ་སྨྲས་པ་མཐོལ་ལོ་བཤགས་སོ་ཟེར་ནས་འབུ་བྱར་བྱེད་ལོ། །དེར་འབུ་མཐོང་པ་དང་ཁྱུར་རྩེར་མེད་ནས་སྡིག་ཆེ་ཟེར་སྐད། །དེ་གོང་གི་མཐོལ་བཤགས་ཚོ་དང་སྡིག་ཆེ་བ་མི་བདེན་ཏེ། དཔེ་དེ་བཞིན་དུ་ཁ་ལ་ཆོས་བྱེད་པ་སྐད་དམ། སྡིག་འོང་བ་སྐད་དམ་དགེ་བ་དང་ལེན་པ་སྐད་ཟེར་ནས་གདིང་རྣམ་པར་སྨིན་པ་ལ་མི་འཛེམ་པ་རྣམས་སོ། །དེ་ངོས་བཟུང་ལ་བཅོས་པ་ནི་ཁ་སུ་མ་ཤོར་བར་བྱས་ལ་ཆོས་ཇི་ལྟར་ཤེས་པ་དེ་རང་གིས་ཞེ་ཐག་པ་ནས་ཉམས་སུ་བླངས་ལ་ལ་ཆོས་དང་ལྡན་པར་བྱའོ། །ནད་པའི་སྔས་ཞེས་པ་དཔེར་ནད་པའི་སྔས་ནི་གང་དུ་བསྟན་ཀྱང་ཇི་ལྟར་བྱས་ཀྱང་མི་བདེ་སྟེ། དཔ
【漢語翻譯】 對於此的對治是:就像一個老鼻炎患者,總覺得根部有臭味,但實際上是自己的鼻子有臭味。他以為聞臭味就能填飽肚子,結果卻像吃了臭東西一樣。同樣,上師、道友、寺廟和僧眾本身並沒有過錯,而是因為自己對訣竅沒有生起定解,自己的顯現不清凈。這樣去修持,證悟就會顯現。再者,什麼是「肉團」呢?比如,肉團是無法觸碰的。有些修行人自己沒有獲得忍耐,無論發生什麼都無法忍受,只會對別人說教。認識到這一點並加以改正的方法是:調伏煩惱和自心,自己要能夠忍受。什麼是「角尖」呢?比如,角尖從外面看很大,但裡面連一根手指都伸不進去。就像有些人把見解掛在嘴上,口頭上說「是平等性,沒有偏頗,沒有執著」,但稍微遇到一點情況就無法應對,反而變得粗暴。認識到這一點並加以改正的方法是:不要把見解掛在嘴上,要從內心深處理解和證悟,需要能夠應對各種情況。再者,什麼是「妓女的裝飾」呢?比如,妓女的裝飾是在人群和市場中打扮和佩戴飾品,沒有人的時候就卸下來。就像有些人,在有人的時候就做一些如法的善行,沒有人的時候就不做。認識到這一點並加以改正的方法是:行為不要流於形式,善行應該是爲了自己,所以要做到表裡如一。再者,什麼是「鳥的法」呢?比如,鳥的法是鸚鵡唸誦「我懺悔殺生,我懺悔不予而取,我懺悔妄語」,然後又去吃蟲子。看到蟲子就說「罪過真大」,但卻毫不猶豫地吃掉。這和之前的懺悔以及「罪過真大」的說法是不真實的。就像有些人嘴上說「要做佛事,要造罪,要接受善」,但卻毫不顧忌業果成熟。認識到這一點並加以改正的方法是:不要只是說說而已,要從內心深處按照自己所理解的佛法去修持,要成為一個有法之人。什麼是「病人的枕頭」呢?比如,病人的枕頭無論放在哪裡,無論怎麼放都不舒服。
【英語翻譯】 The remedy for this is: Like an old rhinitis sufferer who always feels a foul smell at the root, but in reality, it is his own nose that has the foul smell. He thinks that smelling the foul smell will fill his stomach, but it turns out to be like eating something foul. Similarly, the lama, Dharma friends, monastery, and sangha themselves are not at fault, but rather because one has not generated certainty in one’s own instructions, and one’s own appearances are not pure. By practicing in this way, realization will arise. Furthermore, what is “a lump of meat”? For example, a lump of meat is impossible to touch. Some practitioners have not obtained patience in their own minds, and no matter what happens, they cannot endure it, but only give teachings to others. The way to recognize this and correct it is: subdue afflictions and one’s own mind, and one must be able to endure. What is “the tip of a horn”? For example, the tip of a horn looks large from the outside, but even a finger cannot fit inside. Like some people who carry views on their lips, saying “it is equality, without bias, without attachment,” but when something happens, they cannot cope and become rude. The way to recognize this and correct it is: do not carry views on your lips, but understand and realize from the depths of your heart, and you need to be able to cope with various situations. Furthermore, what is “a prostitute’s adornment”? For example, a prostitute’s adornment is to dress up and wear ornaments in crowds and markets, and take them off when no one is around. Like some people who do virtuous deeds according to the rules when people are around, and do not do them when no one is around. The way to recognize this and correct it is: do not let behavior become mere formality, virtuous deeds should be for oneself, so be consistent inside and out. Furthermore, what is “the Dharma of birds”? For example, the Dharma of birds is that parrots recite “I confess killing, I confess taking what is not given, I confess lying,” and then go to eat insects. When they see insects, they say “the sin is great,” but they eat them without hesitation. This and the previous confession and saying “the sin is great” are not true. Like some people who say “I will do Buddhist activities, I will create sin, I will accept virtue,” but they do not care about the ripening of karma. The way to recognize this and correct it is: do not just talk about it, but practice from the depths of your heart according to the Dharma you understand, and become a person with Dharma. What is “a sick person’s pillow”? For example, a sick person’s pillow is uncomfortable no matter where it is placed or how it is arranged.
============================================================
================== 第 3 段 ================== 【原始藏文】 ེ་དེ་བཞིན་དུ་རང་གི་བདག་འཛིན་མ་སྤོངས་ན། ཇི་ལྟར་བྱས་ཀྱང་མི་བདེ་སྟེ་སྡུག་བསྔལ་ལོ། །དེ་ངོས་བཟུང་ལ་བཅོས་པ་ནི། །སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་དུ་འདུག་པས། བདག་འཛིན་སྤངས་ནས་སྡུག་བསྔལ་ཐམས་ཅད་རང་ཞི་བར་འགྱུར་རོ། །ཁྱི་དང་། ཞེས་པ། དཔེར་ན་ཁྱི་ནི་གང་དུ་ཕྲད་ཀྱང་འཐབ་སྟེ། དཔེ་དེ་བཞིན་དུ་ཆོས་པ་གར་ཚོགས་ཀྱང་གཞོགས་སྨོད་དང་ཟུར་ཟ་དང་། དུག་གཏོང་རེས་ལ་སོགས་ཕྲག་དོག་འབའ་ཞིག་བྱེད་པ་རྣམས་སོ། །དེ་ངོས་བཟུང་ལ་བཅོས་པ་ནི། ཆོས་པ་ཐམས་ཅད་སེམས་ཅན་གྱི་དོན་བྱེད་པར་ནི་བསམ་པ་གཅིག །ཕུགས་སངས་རྒྱ་བར་ཀྱང་གཅིག་པས་མཐུན་པར་བྱའོ། ༈ །ཤིག་བཞིན་མི་བྱའོ། །ཞེས་པ། དཔེར་ན་ཤིག་ནི་ཕར་ལ་སྦྱིན་པར་མ་མཐོང་པར་བཟའ་འོ་སྙམ་པའི་བསམ་པ་ལས་མེད་བཞིན་དུ། ཕར་ལ་སྦྱིན་པ་བཏང་རྩིས་མ་བཅུག་པར་གཞན་ལ་བཟའ་རྩིས་བཅུག་པའོ། །དེ་ངོས་བཟུང་ལ་བཅོས་པ་ནི། ཚོགས་རང་གི་ཡང་རྫོགས་དགོས་པས། ཕར་ལ་སྦྱིན་པ་བཏང་ཞིང་གཞན་དོན་དུ་ཚོགས་སོགས་གྲུབ་ཚད་བྱའོ། །དེ་ཚོ་ངོས་བཟུང་ལ་སྤྱོད་བཅོས་པས་ཡོན་ཏན་དུ་འགྱུར་བའོ། །དཔེ་དགུས་སྐྱོན་དགུ་ངོས་བཟུང་བའོ། །ཨྀིཊ྅྅྅ ༅། དཔེ་དགུའི་སྒོ་ནས་བསྐྱོན་དགུ་པོ། ངོས་བཟུང་བཅོས་ཐབས་བསྟན་པ་འདི། སྤྲུལ་སྐུ་ཞིག་པོའི་གསུང་བཞིན་དུ། །དབུས་པ་རྟ་ཡིས་ཡི་གེར་བཀོད། །བདག་གཞན་སྐྱོན་ལས་གྲོལ་བར་ཤོག། །། དཔེ་དགུས་སྐྱོན་དགུ་ངོས་བཟུང་བཅོས་ཐབས། དབུས་པ་རྟ།
【漢語翻譯】 同樣,如果不放棄自己的我執,無論怎麼做都不會快樂,而是痛苦。認識到這一點並加以改正的方法是:一切痛苦的根源在於我執,所以放棄我執,一切痛苦自然平息。關於「像狗一樣」:例如,狗無論在哪裡相遇都會爭鬥。同樣,修行人在哪裡聚集,也只會互相誹謗、嘲諷,甚至互相下毒等,充滿嫉妒。認識到這一點並加以改正的方法是:所有修行人都應懷著為眾生利益著想的同一個念頭,最終目標都是成佛,因此應該和睦相處。不要像虱子一樣。例如,虱子看不到給予他人,只想吸食,不考慮給予他人,只想吸食他人。認識到這一點並加以改正的方法是:供養也需要自己圓滿,所以要給予他人,並盡力為他人成就供養等。認識到這些,並通過改正行為,就能轉化為功德。這九個例子識別了九種過失。ཨྀིཊ྅྅྅ ༅ (藏文) 通過九個例子,這九種過失,指出了認識和改正的方法。如同化身喜波的教言,由衛巴達記錄下來。愿自他從過失中解脫! 通過九個例子識別和改正九種過失的方法。衛巴達。
【英語翻譯】 Similarly, if you do not abandon your self-grasping, no matter what you do, you will not be happy, but suffer. The way to recognize this and correct it is: the root of all suffering lies in self-grasping, so if you abandon self-grasping, all suffering will naturally subside. Regarding “like a dog”: For example, dogs fight wherever they meet. Similarly, wherever practitioners gather, they only slander and mock each other, and even poison each other, full of jealousy. The way to recognize this and correct it is: all practitioners should have the same thought of benefiting sentient beings, and the ultimate goal is to attain Buddhahood, so they should be harmonious with each other. Do not be like a louse. For example, a louse does not see giving to others, but only thinks of eating, without considering giving to others, only thinking of sucking from others. The way to recognize this and correct it is: offerings also need to be perfected by oneself, so give to others and do your best to accomplish offerings for others. Recognizing these and correcting behavior will transform into merit. These nine examples identify nine faults. ཨྀིཊ྅྅྅ ༅ (Tibetan) Through nine examples, these nine faults, the methods of recognizing and correcting are pointed out. As the words of Tulku Shipo, recorded by Upa Ta. May self and others be liberated from faults! The method of identifying and correcting nine faults through nine examples. Upa Ta.
============================================================
同部經論
與本文同名或相近的其他版本、科判、譯文與註疏。