菩薩藏佛教學會
20
背景
翻譯
下載 ▾

BKG06_0016.智慧之味種種介紹g2.0f

================== 第 1 段 ================== 【原始藏文】 ཡེ་ཤེས་ཀྱི་རོ་སྣ་ཚོགས་ངོ་སྤྲད་པ། ཡེ་ཤེས་ཀྱི་རོ་སྣ་ཚོགས་ངོ་སྤྲད་པ། བཞི་པ་ཡེ་ཤེས་ཀྱི་རོ་སྣ་ཚོགས་ངོ་སྤྲད་པ་ནི། རོ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཞེས་པའི་དོན་ཀུན་གཞི་ཡེ་ཤེས་ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ་བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། རོ་ཕྱོགས་སུ་ལྷུང་པ་དྲུག་ལ། ཚྭའི་རོ་དང་མངར་བའི་རོ་དང་། ཚ་བའི་རོ་དང་། ཁ་བའི་རོ་དང་། ཀ་བའི་རོ་དང་སྐྱུར་བའི་རོའོ། །དེ་ལ་ཚྭའི་རོ་ནི། ལན་ཚྭ་དང་རྒྱ་ཚྭ་དང་རྒྱམ་ཚྭ་དང་ཁ་རུ་ཚྭ་དང་ཟེ་ཚྭ་དང་བུལ་ཚྭ་དང་བ་ཚྭ་དང་ཤིང་ཚའི་རོ་ལྟ་བུའོ། །མངར་བའི་རོ་ནི། ཀ་ར་དང་བུ་རམ་དང་སྦྲང་རྩི་དང་འོ་མ་དང་ཤིང་སྔར་གྱི་རོ་ལྟ་བུའོ། །ཚ་བའི་རོ་ནི་དྲོས་སྨན་དང་ལྕ་སྒ་དང་སྒོག་པའི་རོ་ལྟ་བུའོ། །ཁ་བའི་རོ་ནི། ཁྲིས་པ་དང་ཏིག་ཏའི་རོ་ལྟ་བུའོ། །ཀ་བའི་རོ་ནི། ཨ་རུ་ར་དང་འོམ་བུའི་རོ་ལྟ་བུའོ། །སྐྱུར་བའི་རོ་ནི། ཆང་སྐྱུར་དང་ཆུ་ཀྱུར་དང་ལྕིན་དང་ཆུ་རྩ་ལས་སྐྱེས་པའི་སྡོང་བུའི་རོ་ལྟ་བུའོ། །དེ་ལྟར་རོ་དྲུག་གི་བཟའ་བ་དང་བཏུང་པ་གཉིས་ཀ་ལ་དྲུག་དྲུག་ཏུ་ངེས་ལ། རོ་ཕྱོགས་སུ་ལྷུང་པ་མི་ཞིམ་ཞིང་རོ་ཆ་མཉམ་པ་ཞིམ་པའོ། །རོ་དྲུག་པོ་རྣམས་ཀྱི་བཟའ་བཏུང་གཉིས་ལ་རོ་རེ་རེ་ལ་ཡང་ཤས་ཆེ་བ་དང་ཆུང་པ་དང་། ཆ་མཉམ་པ་གསུམ་གསུམ་སྟེ། ཚྭའི་རོ་ཤས་ཆེ་བ་དང་ཆུང་པ་དང་། མཉམ་པ་ལྟ་བུའོ། །སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་མ་འགགས་བར་དུ་རོ་ཞིམ་པ་དང་ཡིད་དུ་འོང་པ་དང་མི་འོང་པ་དང་ནད་གཞི་ལ་ཕན་པ་དང་མི་ཕན་པ་སྣ་ཚོགས་སུ་འཆར་ཏེ། རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་བས་སོ། །སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ཤིང་འགྱུར་མེད་བདེ་བའི་སྐད་ཅིག་གི་ཏིང་ངེ་འཛིན་ཐོབ་ནས་ཟག་མེད་ཆོས་སྐུའི་སྣང་བ་ཤས་ཆེར་མངོན་དུ་གྱུར་པའི་ཕྱིར། སྣང་སྲིད་ཐམས་ཅད་རོ་མཆོག་ཞིམ་པ་རྒྱ་ནོམ་པ་ཕུན་སུམ་ཚོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་འོས་པའི་རོ་ཟས་གོས་ཐམས་ཅད་ཀྱི་གོ་ཆོད་པ་ལུས་སེམས་དང་དབང་པོ་ཐམས་ཅད་སིམ་པར་ལྟས་པའི་བདེ་ཆེན་གྱི་ཏིང་ངེ་འཛིན་ནམ་མཁའ་གང་བར་འཆར་རོ། །དེདི་བསམ་གཏན་ཟས་ཀྱི་ཀྱིས་འཚོ་བར་ཤོག་ཅེས་པ་དང་། ཟུས་སུ་ཏིང་ངེ་འཛིན་ཟ། ཞེས་པའི་དོན་ཏོ།། །། ཡེ་ཤེས་ཀྱི་རོ་སྣ་ཚོགས་ངོ་སྤྲད་པ།

【漢語翻譯】 智慧之味種種介紹 智慧之味種種介紹 第四,智慧之味種種介紹是:應將味覺認知為三摩地。所謂「一切之基智慧大手印,大中觀,大乘,深奧般若波羅蜜多,如來藏,以彼束縛之結合,依六支瑜伽而修持之時,顯現之相為:味覺墮入六種偏頗。即:鹹味、甜味、辣味、苦味、澀味和酸味。 其中,鹹味如:巖鹽、海鹽、粗鹽、鉀鹽、石鹽、硼砂、堿鹽和木鹽等味道。 甜味如:糖、紅糖、蜂蜜、牛奶和樹膠等味道。 辣味如:熱藥、乾薑、大蒜等味道。 苦味如:黃連和苦蔘等味道。 澀味如:余甘子和鼠李等味道。 酸味如:酸酒、酸水、醋栗和水生植物的莖等味道。 如是,六味之食物和飲料,皆可確定為六種。味覺若偏頗則不美味,味覺均衡則美味。 此六味之食物和飲料,每一種味道又分濃、淡和均衡三種。如鹹味,有鹹味濃、鹹味淡和鹹味均衡等。 在遮蔽的種子風息未斷絕之前,會顯現出各種美味、悅意、不悅意、有益於疾病和無益於疾病等。這是因為瑜伽的體驗中會顯現出各種各樣的東西。 當遮蔽的種子風息斷絕,獲得不變安樂的剎那三摩地,並且無漏法身的景象大部分顯現時,一切顯現存在皆為殊勝美味,廣大豐饒,圓滿具足,適合於佛陀和菩薩的美味食物和衣服,能滿足一切需求,身體、心和感官皆沉浸其中,充滿虛空的大樂三摩地便會顯現。 此乃所謂以禪定食為生,以及以三摩地為食之意。

【英語翻譯】 Introducing the Various Flavors of Wisdom Introducing the Various Flavors of Wisdom Fourth, introducing the various flavors of wisdom: Flavor should be realized as Samadhi. The meaning of “the basis of all, the Great Seal of Wisdom, the Great Madhyamaka, the Great Vehicle, the profound Prajnaparamita, the Tathagatagarbha, the union that binds it, when practicing the six-limbed yoga, what manifests is: flavor falling into six biases. Namely: salty, sweet, spicy, bitter, astringent, and sour.” Among these, salty flavors are like the taste of rock salt, sea salt, crude salt, potash, halite, borax, alkaline salt, and wood salt. Sweet flavors are like the taste of sugar, jaggery, honey, milk, and tree sap. Spicy flavors are like the taste of warming medicine, dried ginger, and garlic. Bitter flavors are like the taste of Coptis chinensis and Sophora flavescens. Astringent flavors are like the taste of Amla and buckthorn. Sour flavors are like the taste of sour wine, sour water, gooseberries, and the stems of aquatic plants. Thus, both food and drink of the six flavors can be determined as sixfold. If the flavor is biased, it is not delicious; if the flavor is balanced, it is delicious. For these six flavors of food and drink, each flavor has three aspects: strong, weak, and balanced. For example, salty flavor can be strong, weak, or balanced. As long as the obscuring seed wind has not ceased, various flavors will appear, such as delicious, pleasing, displeasing, beneficial for illness, and not beneficial for illness. This is because all sorts of things appear in the experience of yoga. When the obscuring seed wind ceases, and the momentary Samadhi of unchanging bliss is attained, and the appearance of the uncontaminated Dharmakaya largely manifests, all appearances and existences are the supreme delicious flavor, vast and abundant, perfectly complete, suitable for Buddhas and Bodhisattvas, the delicious food and clothing that can fulfill all needs, the body, mind, and senses are all immersed in it, and the great bliss Samadhi that fills the sky will appear. This is the meaning of “living on meditative food” and “eating Samadhi.”

============================================================