菩薩藏佛教學會
20
背景
翻譯
下載 ▾

BKG06_0031.將此認知為般若波羅蜜多g2.0f

================== 第 1 段 ================== 【原始藏文】 དེ་ཉིད་ཤེར་ཕྱིན་དུ་ངོ་སྤྲད་པ། དེ་ཉིད་ཤེར་ཕྱིན་དུ་ངོ་སྤྲད་པ། ལྔ་པ་དེ་ཉིད་ཤེར་ཕྱིན་དུ་ངོ་སྤྲད་པ་ནི། བསྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། ཞེས་པ་དང་། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། ཐུབ་པས་ཤེས་རབ་དོན་དུ་གསུངས། དེའི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་སྐྱེད། ཞེས་པའི་དོན། ཀུན་གཞི་ཡེ་ཤེས་ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་པ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། དཔལ་ཕྱོགས་ཀྱི་གླང་པོས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། ཡེ་ཤེས་དེ་ནི་དེ་བཞིན་གཤེགས། ཞེས་པའི་དོན། ཤེར་ཕྱིན་ནི་གཉིས་སུ་མེད་པའི་ཡེ་ཤེས་དང་། དེ་བཞིན་གཤེགས་པ་དང་། དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ལ་སོགས་པ་རྣམ་པར་བྱང་པའི་ཡེ་ཤེས་ཟག་མེད་ཆོས་སྐུའི་ཕུང་པོ་ནམ་མཁའ་གང་བ་ཡིན་ཏེ། ཉི་ཁྲི་ལས། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གཉིས་སུ་མཻད་གཉིས་སུ་བྱར་མེད་དོ། །ཞེས་པ་དང་། ཤེར་ཕྱིར་གྱི་མཚན་བརྒྱ་རྩ་བརྒྱད་པར་ཡང་། རྣམ་མཁྱེན་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད། མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད། བདེན་པ་དང་། དེ་ཁོ་ན་དང་། ཡང་དག་པའི་མཐའ་དང་། ཕྱིན་ཅི་མ་ལོག་པ་ཉིད་དང་། ཆོས་ཉིད། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད། ཆོས་མི་འགྱུར་བ་ཉིད། ཆོས་སྐྱོན་མེད་པ་ཉིད། ཞེས་པ་ལ་སོགས་པ་ཤེར་ཕྱིན་གྱི་དོན་གཅིག་ཡོན་ཏན་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས་མཚན་གྱི་རྣམ་གྲངས་བརྒྱ་རྩ་བརྒྱད་ཀྱིས་སྟན་པ་དང་། དེ་བཞིན་དུ་མཚན་གྱི་རྣམ་གྲངས་བཞན་ཡང་། འཇམ་དཔལ་ཞལ་གྱི་ལུང་ལས། རྣམ་གྲངས་དག་ཀྱང་རབ་ཏུ་བསྟན། དེ་བཞིན་ཉིད་དང་ཡང་དག་མཐའ། བསམ་གྱིས་མི་ཁྱབ་པ་ཡི་དབྱིངས། ཆོས་ཉིད་དང་ནི་ཆོས་སྐྱོན་མེད། སྟོང་པ་ཉི་དང་མཚན་མ་མེད། སྨོན་པ་མེད་པ་ཉིད་དང་ཡང་། ཉོན་མོངས་འཁྲུལ་འཁོར་འབོར་བྱེད་པ། སྐྱེ་བ་མེད་དང་འོད་གསལ་བ། མངོན་པར་བྱང་ནི་ཆུབ་པ་དང་། གཞན་གྱི་སེམས་ཤེས་བྱེད་པ་དང་། ལྷའི་རྣམ་བ་བྱེད་པ་དང་། རང་བཞིན་ལྷའི་མིག་སྟེར་དང་། རྫུ་འཕྲུལ་དཔག་མེད་འཕྲུལ་བྱེད་པ། དངོས་པོ་མཐར་ནི་ཕྱིན་པ་དང་། དོན་དམ་པ་ཡི་བདེན་པ་དང་། རྫོགས་པ་ཡི་ནི་རིམ་པ་དང་།

【處理錯誤】 [ { “original_tibetan”: “དེ་ཉིད་ཤེར་ཕྱིན་དུ་ངོ་སྤྲད་པ།”, “chinese_translation”: “將此認知為般若波羅蜜多。”, “english_translation”: “Introducing it as Prajnaparamita.” }, { “original_tibetan”: “དེ་ཉིད་ཤེར་ཕྱིན་དུ་ངོ་སྤྲད་པ།”, “chinese_translation”: “將此認知為般若波羅蜜多。”, “english_translation”: “Introducing it as Prajnaparamita.” }, { “original_tibetan”: “ལྔ་པ་དེ་ཉིད་ཤེར་ཕྱིན་དུ་ངོ་སྤྲད་པ་ནི། བསྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། ཞེས་པ་དང་། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། ཐུབ་པས་ཤེས་རབ་དོན་དུ་གསུངས། དེའི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་སྐྱེད། ཞེས་པའི་དོན། ཀུན་གཞི་ཡེ་ཤེས་ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་པ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། དཔལ་ཕྱོགས་ཀྱི་གླང་པོས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། ཡེ་ཤེས་དེ་ནི་དེ་བཞིན་གཤེགས། ཞེས་པའི་དོན། ཤེར་ཕྱིན་ནི་གཉིས་སུ་མེད་པའི་ཡེ་ཤེས་དང་། དེ་བཞིན་གཤེགས་པ་དང་། དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ལ་སོགས་པ་རྣམ་པར་བྱང་པའི་ཡེ་ཤེས་ཟག་མེད་ཆོས་སྐུའི་ཕུང་པོ་ནམ་མཁའ་གང་བ་ཡིན་ཏེ། ཉི་ཁྲི་ལས། ཀེའུ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གཉིས་སུ་མཻད་གཉིས་སུ་བྱར་མེད་དོ། །ཞེས་པ་དང་། ཤེར་ཕྱིར་གྱི་མཚན་བརྒྱ་རྩ་བརྒྱད་པར་ཡང་། རྣམ་མཁྱེན་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད། མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད། བདེན་པ་དང་། དེ་ཁོ་ན་དང་། ཡང་དག་པའི་མཐའ་དང་། ཕྱིན་ཅི་མ་ལོག་པ་ཉིད་དང་། ཆོས་ཉིད། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད། ཆོས་མི་འགྱུར་བ་ཉིད། ཆོས་སྐྱོན་མེད་པ་ཉིད། ཞེས་པ་ལ་སོགས་པ་ཤེར་ཕྱིན་གྱི་དོན་གཅིག་ཡོན་ཏན་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས་མཚན་གྱི་རྣམ་གྲངས་བརྒྱ་རྩ་བརྒྱད་ཀྱིས་སྟན་པ་དང་། དེ་བཞིན་དུ་མཚན་གྱི་རྣམ་གྲངས་བཞན་ཡང་། འཇམ་དཔལ་ཞལ་གྱི་ལུང་ལས། རྣམ་གྲངས་དག་ཀྱང་རབ་ཏུ་བསྟན། དེ་བཞིན་ཉིད་དང་ཡང་དག་མཐའ། བསམ་གྱིས་མི་ཁྱབ་པ་ཡི་དབྱིངས། ཆོས་ཉིད་དང་ནི་ཆོས་སྐྱོན་མེད། སྟོང་པ་ཉི་དང་མཚན་མ་མེད། སྨོན་པ་མེད་པ་ཉིད་དང་ཡང་། ཉོན་མོངས་འཁྲུལ་འཁོར་འབོར་བྱེད་པ། སྐྱེ་བ་མེད་དང་འོད་གསལ་བ། མངོན་པར་བྱང་ནི་ཆུབ་པ་དང་། གཞན་གྱི་སེམས་ཤེས་བྱེད་པ་དང་། ལྷའི་རྣམ་བ་བྱེད་པ་དང་། རང་བཞིན་ལྷའི་མིག་སྟེར་དང་། རྫུ་འཕྲུལ་དཔག་མེད་འཕྲུལ་བྱེད་པ། དངོས་པོ་མཐར་ནི་ཕྱིན་པ་དང་། དོན་དམ་པ་ཡི་བདེན་པ་དང་། རྫོགས་པ་ཡི་ནི་རིམ་པ་དང་།”, “chinese_translation”: “第五,將此認知為般若波羅蜜多。如《攝頌》所說:「以智慧能遍知諸法之自性,從而完全超越三界。」又如《入行論》所說:「此等一切支分,能仁為慧而宣說,是故欲息苦,應生智慧。」其含義是:當以俱生智慧大印、大中觀、大乘、甚深般若波羅蜜多、如來藏之本體,通過繫縛之結合,修持六支瑜伽時,所顯現的,如吉祥方象所說:「般若波羅蜜多無二,彼智慧即是如來。」其含義是:般若波羅蜜多是無二之智慧,是如來,是如如,是法界等,是完全清凈之智慧,是無漏法身之聚,充滿虛空。如《二萬頌》所說:「喬尸迦,如是法界與般若波羅蜜多,無二,不可作二。」又如《般若波羅蜜多百八名經》中所說:「一切智,真實邊際,如如,無錯謬之如如,非異之如如,真諦,如是,真實邊際,無顛倒性,法性,法界,法之住性,法無變異性,法無過失性。」等等,以般若波羅蜜多一義百八功德之門,宣說百八名號。同樣,其他的名號,如《妙吉祥口授》所說:「亦善說諸名號,如如與真實邊,不可思議之界,法性以及法無失,空性以及無相,無愿性亦然,煩惱輪摧毀者,無生以及光明,現證以及菩提,知他心者,作天之相,自性施天眼,神通無量作變化,事物至終邊,勝義諦之真諦,圓滿之次第。」”, “english_translation”: “Fifth, introducing it as Prajnaparamita. As stated in the ‘Compendium’: ‘Through wisdom, one fully knows the nature of all phenomena, and thereby completely transcends the three realms.’ And as stated in the ‘Guide to the Bodhisattva’s Way of Life’: ‘All these limbs, the Sage has declared to be for the sake of wisdom. Therefore, those who wish to pacify suffering should cultivate wisdom.’ Its meaning is: When the co-emergent wisdom Mahamudra, the Great Madhyamaka, the Great Vehicle, the profound Prajnaparamita, the essence of the Tathagatagarbha itself, are manifested through the union of binding, and the six-limbed yoga is practiced, as the glorious Dig-naga said: ‘Prajnaparamita is non-dual, that wisdom is the Tathagata.’ Its meaning is: Prajnaparamita is non-dual wisdom, is the Tathagata, is Suchness, is the Dharmadhatu, etc., is the completely purified wisdom, is the aggregate of the uncontaminated Dharmakaya, filling the sky. As stated in the ‘Twenty Thousand Verses’: ‘Kaushika, thus the Dharmadhatu and Prajnaparamita are non-dual, not to be made into two.’ And as stated in the ‘One Hundred and Eight Names of Prajnaparamita’: ‘All-knowing, the true limit, Suchness, non-erroneous Suchness, non-other Suchness, Truth, Thus, the true limit, non-perverted nature, Dharma-nature, Dharmadhatu, the abiding nature of Dharma, the unchanging nature of Dharma, the faultless nature of Dharma,’ etc., through the one meaning of Prajnaparamita, the door of one hundred and eight qualities, the one hundred and eight names are declared. Similarly, other names, as stated in the ‘Oral Instructions of Manjushri’: ‘Also well-spoken are the names, Suchness and the true limit, the inconceivable realm, Dharma-nature and Dharma without fault, emptiness and without signs, also without aspiration, the destroyer of the wheel of afflictions, unborn and luminous, manifest enlightenment and Bodhi, the knower of others’ minds, making the form of a god, the nature giving the divine eye, miraculous immeasurable transformations, things gone to the ultimate end, the truth of the ultimate truth, the order of perfection.’” } ]

============================================================

================== 第 2 段 ================== 【原始藏文】 ཡོངས་སུ་དག་པའི་སྐུ་གཙང་ལ། ཀུན་གྱི་རྟེན་པ་ཉིད་དག་དང་། མཁའ་ལྟར་རྣམ་པར་དག་པ་དང་། བློ་བུར་དྲི་མས་མི་གོས་དང་། གདོད་ནས་དག་པ་གསལ་བ་ཉིད། གང་གིས་ཀྱང་ནི་མི་ཤིགས་དང་། དངོས་པོ་མེད་ལ་མདོ་རྒྱུད་རྣམས། དེ་འདྲ་1རྣམས་པ་མཐའ་ཡས་པ། གསུང་ཞིང་ཡང་དག་གསུང་འགྱུར་པ། དེ་ནི་དེ་བཞིན་ཉིད་འདི་ལས། གཞན་ནི་ཅི་ཡང་མ་གསུངས་སོ། །ཞེས་དང་། བདག་པོ་རྡོ་རྗེ་འཆང་བ་མཆོག །རྫོགས་པའི་རིམ་པའི་རྣལ་འབྱོར་པ། བྱ་བ་བྱས་པ་བྱེད་པ་བྱས། དབང་ཕྱུག་ཆེན་པོ་ཁུར་ཆེན་པོར། སེམས་མ་དཀྲུགས་པ་ཐམས་ཅད་མཁྱེན། སྐྱེས་བུ་དཔའ་བོ་ཅང་ཤེས་པ། གླང་པོ་ཆེན་པོ་དུལ་བ་པོ། འཁོར་བའི་མཐའམ་ཕ་རོལ་སོན། དོན་དམ་དང་ནི་ཀུན་རྫོབ་ཀྱི་བདེན་པ་གཉིས་མེད་རྣལ་འབྱོར་ཆེ། ཐ་བ་སྤངས་པ་ལམ་ཀུན་རྫོགས། ཡོན་ཏན་འབྱུང་གནས་ཀུན་ཏུ་བཟང་། ཐམས་ཅད་འདུས་པའི་ཁོ་ན་ཉིད། ལུས་སོགས་ཁམས་ཀུན་འགགས་པའོ། གོང་ན་མེད་པ་ཡང་དག་གནས། དེ་ལ་དེ་སོགས་རབ་གྲགས་པ། མིང་ནི་རྣམ་པ་མཐའ་ཡས་པ། གཉིས་མེད་ཡེ་ཤེས་མཚོན་པ་སྟེ། མདོ་དང་རྒྱུད་རྣམས་ཐམས་ཅད་དུ། བློ་ལྡན་རྣམས་ཀྱིས་རྟོགས་པར་བྱ། ཞེས་པ་དང་། དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱིས་རིམ་ལྔར། སྒྲ་གང་སྐྱེ་མེད་ལ་སོགས་པ། །གཉིས་མེད་ཡེ་ཤེས་བསྟོན་པ་རྣམས། །ཐམས་ཅད་འདིའི་ཚིག་ཡིན་ཏེ། །དེར་ནི་གཞན་དག་མེད་པར་བཤད། ཞེས་པ་དང་། དེ་བཞིན་དུ་ཁང་པ་བརྩེགས་པའི་གཟུངས་ལས། དེ་བཞིན་ཉིད་དང་། སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད། ཕྱི་མའི་མཐའ་སྟོང་པ་ཉིད་དང་། ཆོས་ཀྱི་དབྱིངས་རང་གི་ངོ་བོ་གང་ཡིན་པ་འདི་ནི་འདིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །ཞེས་པ་དང་། དེ་བཞིན་དུ། ཤེར་ཕྱིན་སྟོང་པ་ཉིད་ཟབ་མོ་ཡིན་པ་ཡང་། ཁྲི་བརྒྱད་སྟོང་པ་ལས། ནང་སྟོང་པ་ཉིད། ཕྱི་སྟོང་པ་ཉིད། ཕྱི་ནང་སྟོང་པ་ཉིད། ཆེན་པོ་སྟོང་པ་ཉིད། སྟོང་པ་ཉིད་སྟོང་པ་ཉིད། དོན་དམ་སྟོང་པ་ཉིད། འདུས་བྱས་སྟོང་པ་ཉིད། འདུས་མ་བྱས་སྟོང་པ་ཉིད། མཐའ་ལས་འདས་པ་སྟོང་པ་ཉིད། ཐོག་མ་དང་མཐའ་མ་མེད་པ་སྟོང་པ་ཉིད། དོར་བ་མེད་པ་སྟོང་པ་ཉིད། རང་བཞིན་སྟོང་པ་ཉིད། རང་གི་མཚན་ཉིད་སྟོང་པ་ཉིད། ཆོས་ཐམས་ཅད་སྟོང་པ་ཉིད། མི་དམིགས་པ་སྟོང་པ་ཉིད། དངོས་པོ་མེད་པ་སྟོང་པ་ཉིད། ངོ་བོ་ཉིད་སྟོང་པ་ཉིད། དངོས་པོ་མེད་པའི་ངོ་བོ་ཉིད་དོ། །ཞེས་པའོ། །དེའི་དོན། དབུས་མཐའ་རྣམ་འབྱེད་ལས། ཟ་བ་བཟའ་དང་དེའི་ལུས། གནས་ཀྱི་གཞིའི་སྟོང་པ་ཉིད། དེ་ཡང་

【漢語翻譯】 對於完全清凈的身體,以及一切的所依清凈,如虛空般完全清凈,不被突如其來的垢染所染污,原本清凈而明亮,任何事物都無法摧毀,無有實體的經續,如此種種無邊無際,宣說且真實宣說轉變,那就是如是性,除此之外什麼也沒有說。如是說。至尊金剛持,圓滿次第的瑜伽士,應作已作,正在作,已作完。大自在者,肩負重擔,心不散亂,遍知一切。大丈夫,勇士,覺知者,大象,調伏者,脫離輪迴的此岸或彼岸。勝義和世俗的真諦,二無別的瑜伽大。捨棄了粗重,圓滿了所有道。功德的來源,普賢。一切彙集的唯一性。身體等一切界都止息了。無上的真實處。對此,諸如此類廣為人知。名稱無邊無際,象徵著二無別的智慧。在所有的經和續中,有智慧的人們應該了悟。如是說。同樣,聖者龍樹在五次第中說:任何聲音,如無生等,所顯示的二無別智慧,一切都是此處的詞句,在那裡沒有其他的說法。如是說。同樣,在樓閣莊嚴陀羅尼經中說:如是性,以及空性,超越邊際的空性,后際的空性,以及法界自性是什麼,這就是在此的般若波羅蜜多。如是說。同樣,般若波羅蜜多是甚深空性,在八千頌中說:內空性,外空性,內外空性,大空性,空性空性,勝義空性,有為空性,無為空性,超越邊際的空性,無始無終的空性,無捨棄的空性,自性空性,自相空性,一切法空性,不可得空性,無事物空性,自性空性,無事物之自性。如是說。其意義是,中邊分別論中說:吃的是食物和它的身體,住所的基礎是空性,這也是。

【英語翻譯】 For the completely pure body, and the purity of all that is relied upon, completely pure like the sky, not stained by sudden defilements, originally pure and bright, indestructible by anything, sutras and tantras without substance, such endless forms, speaking and truly speaking transformation, that is suchness, nothing else is spoken. Thus it is said. Supreme Vajradhara, yogi of the completion stage, what should be done has been done, is being done, has been completed. Great sovereign, bearing great burdens, mind undisturbed, knowing all. Great man, hero, knower, great elephant, subduer, gone to the shore or the other side of samsara. The ultimate and conventional truths, non-dual great yoga. Abandoning the gross, perfecting all paths. Source of qualities, Samantabhadra. The oneness of all gatherings. All elements such as the body are ceased. The unsurpassed true place. To this, such things are widely known. Names are endless, symbolizing non-dual wisdom. In all sutras and tantras, those with wisdom should realize. Thus it is said. Similarly, the noble Nagarjuna said in the Five Stages: Any sound, such as unborn, etc., the non-dual wisdom that is shown, all are words of this, there is no other explanation there. Thus it is said. Similarly, in the Dhāraṇī of the Arrayed Mansion, it says: Suchness, and emptiness, emptiness beyond limits, emptiness of the later limit, and whatever is the self-nature of the Dharmadhātu, this is the Prajñāpāramitā here. Thus it is said. Similarly, the Prajñāpāramitā is profound emptiness, in the Eight Thousand Stanza it says: Inner emptiness, outer emptiness, inner and outer emptiness, great emptiness, emptiness of emptiness, ultimate emptiness, conditioned emptiness, unconditioned emptiness, emptiness beyond limits, emptiness without beginning or end, emptiness without abandonment, self-nature emptiness, self-characteristic emptiness, emptiness of all dharmas, unobservable emptiness, emptiness of non-things, essence emptiness, the essence of non-things. Thus it is said. Its meaning is, in the Discrimination of the Middle and the Extremes it says: Eating is food and its body, the basis of the dwelling place is emptiness, that is also.

============================================================

================== 第 3 段 ================== 【原始藏文】 གང་གིས་ཇི་ལྟར་མཐོང་། གང་ཕྱིར་དེ་ཡང་སྟོང་པ་ཉིད། དེ་དག་གཉིས་ཐོབ་པར་བྱ་བའི་ཕྱིར། རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། འཁོར་བ་བཏང་པར་མི་བྱའི་ཕྱིར། དགེ་བ་མི་ཟད་བྱ་བའི་ཕྱིར། །རིགས་དང་རྣམ་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། ཅེས་པ་སྟོང་པ་ཉིད་བཅུ་བཞི་ལས། ཟ་བ་ནང་གི་སྐྱེད་མཆེད་དང་། ཟ་བ་ཕྱི་ཡི་སྐྱེད་མཆེད་དང་། དེའི་རྟེན་ལུས་ཕྱི་ནང་དང་གནས་ཀྱི་གཞི་ཆེན་པོ་སྣོད་ཀྱི་འཇིག་རྟེན་དང་། དེ་ཡང་སྟོང་ཉིད་ཤེས་པ་གང་གིས་སྟོང་པར་མཐོང་པ་དེའི་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ཉིད་དང་། ཇི་ལྟར་དོན་དམ་པའི་རྣམ་པར་མཐོང་པ་དེའི་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་དང་། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སྟོང་ཉིད་དྲུག་པ་དེ་བསྒྲུབ་པར་བྱེད་པ་དེ་ཡང་སྟོང་པ་ཉིད་དོ། །ཅིའི་ཕྱིར་སྟོང་ཉིད་དྲུག་པོ་བསྒྲུབས་པར་བྱེད་ན་དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་དྲུག་པོ་བསྒྲུབས་པར་བྱེད་པ་དེའི་སྟོང་པ་ཉིད་ནི་འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། བྱང་ཆུབ་སེམས་དཔའ་དྲུག་པོ་བསྒྲུབས་པར་བྱེད་པ། དེའི་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དང་། འཁོར་བ་བཏང་པར་མི་བྱའི་ཕྱིར། བྱང་ཆུབ་སེམས་དཔའ་སྟོང་ཉིད་དྲག་པོ་བསྒྲུབས་པར་བྱེད་པ་དེའི་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དགེ་བ་མི་ཟད་བྱ་བའི་ཕྱིར། དྲུག་པོ་དྲུག་པར་བྱེད་པ་དེའི་སྟོང་པ་ཉིད་ནི་དོར་བ་མེད་པ་སྟོང་པ་ཉིད་དང་། རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། དྲུག་པོ་བསྒྲུབས་པར་བྱེད་པ་དེའི་སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད། མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། དྲུག་པོ་བསྒྲུབས་པར་བྱེད་པ་དེའི་སྟོང་པ་ཉིད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དང་། སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། བྱང་ཆུབ་སེམས་དཔའ་སྟོང་ཉིད་སྔ་མ་དྲུག་པོ་བསྒྲུབས་པར་བྱེད་པ་དེའི་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །མི་དམིགས་པ་སྟོང་པ་ཉིད་དང་། ངོ་བོ་སྟོང་པ་ཉིད་གཉིས་བཅུ་བཞི་པོ་དེར་འདུས་ཤིང་། ཀུན་རྫོབ་ཀྱི་ནང་ལ་སོགས་པ་བཅུ་བཞི་དོན་དམ་པར་རང་སྟོང་དུ་སྟན་པའི་ཕྱིར། དངོས་མེད་པ་སྟོང་པ་ཉིད་དང་དོན་དམ་གྱི་ནང་ལ་སོགས་པ་བཅུ་བཞི་དོན་དམ་པར་གཞན་སྟོང་དུ་སྟན་པའི་ཕྱིར། དངོས་པ

【漢語翻譯】 以何種方式見?因何之故彼亦是空性。爲了獲得彼二者,爲了恒常利益有情,爲了不捨棄輪迴,爲了行作不盡之善,爲了種姓亦完全清凈,爲了獲得相和好相,爲了清凈諸佛之法,而修持菩薩。如是十四空性中,食之內生處和食之外生處,以及彼之所依內外身和處所之大地,器世間,彼亦是空性,以何空性之識見為空性,彼之空性即是空性之空性,如何以勝義之相見,彼之空性即是勝義空性,因何菩薩修持彼第六空性,彼亦是空性。為何修持六空性,爲了獲得二種善。菩薩修持彼六者,彼之空性即是有為法空性和無為法空性,爲了恒常利益有情,菩薩修持彼六者,彼之空性即是超越邊際空性,爲了不捨棄輪迴,菩薩修持彼猛厲空性,彼之空性即是無始無終空性,爲了行作不盡之善,修持彼六者,彼之空性即是不捨棄空性,爲了種姓亦完全清凈,修持彼六者,彼之空性即是自性空性。爲了獲得相和好相,修持彼六者,彼之空性即是自相空性,爲了清凈諸佛之法,菩薩修持彼之前六空性,彼之空性即是諸法皆空性。不可得空性和自性空性二者彙集于彼十四者中。爲了將世俗之內的等十四者,于勝義中安立為自空。無實有空性和勝義之內的等十四者,于勝義中安立為他空。實有

【英語翻譯】 How does one see? For what reason is that also emptiness? In order to obtain those two, in order to constantly benefit sentient beings, in order not to abandon samsara, in order to perform inexhaustible virtue, in order for the lineage to be completely pure, in order to obtain marks and signs, in order to purify the Buddha’s dharmas, one practices the bodhisattva. Thus, among the fourteen emptinesses, the internal sources of nourishment and the external sources of nourishment, and their basis, the internal and external body, and the great foundation of the place, the vessel world, that is also emptiness, by what emptiness-knowledge is seen as empty, that emptiness is the emptiness of emptiness, how is it seen in the aspect of ultimate truth, that emptiness is the emptiness of ultimate truth, for what reason does the bodhisattva practice that sixth emptiness, that is also emptiness. Why are the six emptinesses practiced, in order to obtain the two virtues. The emptiness of the bodhisattva practicing those six is the emptiness of conditioned phenomena and the emptiness of unconditioned phenomena, in order to constantly benefit sentient beings, the bodhisattva practices those six, that emptiness is the emptiness of transcendence of extremes, in order not to abandon samsara, the bodhisattva practices that fierce emptiness, that emptiness is the emptiness of beginninglessness and endlessness, in order to perform inexhaustible virtue, practicing those six, that emptiness is the emptiness of non-abandonment, in order for the lineage to be completely pure, practicing those six, that emptiness is the emptiness of self-nature. In order to obtain marks and signs, practicing those six, that emptiness is the emptiness of self-characteristic, in order to purify the Buddha’s dharmas, the bodhisattva practices those previous six emptinesses, that emptiness is the emptiness of all dharmas. The emptiness of non-apprehension and the emptiness of essence are both gathered in those fourteen. In order to establish the fourteen, such as the inner of conventional truth, as self-empty in ultimate truth. The emptiness of non-existence and the fourteen, such as the inner of ultimate truth, in order to establish as other-empty in ultimate truth. Existence

============================================================

================== 第 4 段 ================== 【原始藏文】 ོ་མེད་པའི་ངོ་བོ་ཉིད་དང་གཉིས་ཀྱི་དོན་ཡང་ཇི་སྐད་དུ། གང་ཟག་དང་ནི་ཆོས་རྣམས་ཀྱི། དངོས་པོ་མེད་འདིར་སྟོང་པ་ཉིད། དེ་དངོས་མེད་པའི་དངོས་ཡོད་པ། དེ་ནི་དེ་ལས་སྟོང་ཉིད་གཞན། ཞེས་པའོ། །དེ་ལྟ་བས་ན་སྟོང་ཉིད་གཉིས་པོ་འདི་རིམ་པ་ལྟར། སྟོང་ཉིད་སྔ་མ་བཅུ་བཞི་པོ་ལ་ཀུན་རྫོབ་ཀྱི་གང་ཟག་དང་ཆོས་ཀྱི་དངོས་པོར་སྒྲོ་འདོགས་པ་དང་། དོན་དམ་གཞན་སྟོང་ཟབ་མོའི་ཤེར་ཕྱིན་ལ་སྐུར་པ་འདེབས་པ་གསལ་བ་ཡིན་ནོ། །དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ནི་སྟོན་པའི་མདོ། རྒྱལ་བས་ཇི་སྙེད་གསུངས་པ་གང་། །དེ་དག་ཀུན་གྱིས་ཉོན་མོངས་ཟློག །དབྱིངས་དེ་མེད་པར་སྟོན་མ་ཡིན། ཞེས་ཆོས་དབྱིངས་སྟོད་པར་གསུངས་པ་ནི། སྟོང་པ་ཉིད་སྟོན་པའི་མདོ་ཇི་སྙེད་པ་དངོས་པོར་འཛིན་པའི་ཉོན་མོངས་ཟློག་པར་བྱེད་ཀྱི། ཆོས་དབྱིངས་ཡེ་ཤེས་ཀྱི་ཤེར་ཕྱིན་མེད་པར་སྟོན་པ་ནི་མ་ཡིན་ནོ། །ཞེས་པ་སྟོང་ཉིད་སྟོན་པའི་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པའོ། །དེ་ལྟར་སྟན་པ་རྣམས་ཀྱི་དོན་ནམ། ཀུན་གཞི་ཡེ་ཤེས་ཀྱི་རྣམ་འགྱུར། ཕྱག་རྒྱ་ཆེན་པོའི་རང་སྣང་། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང་། བདེ་གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང་། འོད་གསལ་ཆོས་སྐུའི་རོལ་པ། ཤེར་ཕྱིན་ཟབ་མོ་སྣང་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་པས། ཤེར་ཕྱིན་ཟབ་མོའི་གདངས་ཆེན་པོ། ཤེས་ཕྱིན་ཟབ་མོའི་ཀློང་ཆེན་པོ། ཤེར་ཕྱིན་ཟབ་མོའི་ཁྱབ་བརྡལ་ཆེན་པོ་ཐམས་ཅད་དོན་དམ་གྱི་སེམས་སུ་ངོ་སྤྲད་པར་བྱའོ།། །། དེ་ཉིད་ཤེར་ཕྱིན་དུ་ངོ་སྤྲད་པ།

【漢語翻譯】 無有之自性與二之義,亦如是說: 補特伽羅與諸法, 實事於此無有故,是空性。 彼無實事之實有, 彼乃空性異於彼。 如是,此二空性次第,於前十四空性,施設世俗之補特伽羅與法之實事,及誹謗勝義他空深奧般若波羅蜜多,是為明顯。 亦如聖者龍樹云: 宣說空性之經, 勝者凡所說, 彼等皆能斷煩惱, 不示彼界則無有。 如是讚歎法界者,謂凡宣說空性之經,能斷執實事之煩惱,若不示法界智慧之般若波羅蜜多,則非也。 此乃空性宣說一切經續之不顛倒密意。 如是,是為見者之義,或阿賴耶識之變現,大印之自現,大乘之自性,大中觀之體驗,如來藏之幻變,他空深奧之動搖,光明法身之嬉戲,名為深奧般若波羅蜜多顯現之等持。 是故,深奧般若波羅蜜多之大音聲,深奧般若波羅蜜多之大界限,深奧般若波羅蜜多之大遍佈,皆應認知為勝義諦之心。 認知彼性為般若波羅蜜多。

【英語翻譯】 The meaning of the nature of non-existence and duality is also as follows: “The emptiness here is that persons and all phenomena are without substance. That which is real without substance, that emptiness is other than that.” Thus, these two emptinesses, in order, clarify that the fourteen previous emptinesses are those that impute substantiality to persons and phenomena in the conventional sense, and those that slander the profound Other-Emptiness Prajnaparamita in the ultimate sense. Similarly, the venerable Nagarjuna said: “Whatever sutras the Victorious One has spoken about emptiness, all of them avert afflictions; without showing that realm, there is no [aversion].” Thus, praising the Dharmadhatu, it is said that whatever sutras that teach emptiness avert the afflictions of grasping at things as real, but it is not the case that they teach without the Prajnaparamita of the Dharmadhatu’s wisdom. This is the non-perverted intention of all the sutras and tantras that teach emptiness. Thus, it is the meaning of the upholders, or the manifestation of the Alaya-wisdom, the self-appearance of the Great Seal, the self-nature of the Great Vehicle, the experience of the Great Madhyamaka, the magical display of the Tathagatagarbha, the profound movement of Other-Emptiness, the play of the Clear Light Dharmakaya, the samadhi called the Appearance of Profound Prajnaparamita. Therefore, the great sound of the profound Prajnaparamita, the great expanse of the profound Prajnaparamita, the great pervasiveness of the profound Prajnaparamita, all should be recognized as the ultimate mind. Recognizing that very nature as Prajnaparamita.

============================================================