菩薩藏佛教學會
20
背景
翻譯

CMR026_0006.吉祥世間自在儀軌記錄極明解脫大道中.身壇城的記錄g2.0f

================== 第 1 段 ================== 【原始藏文】 དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་བའི་ལམ་ཆེན་ལས། ལུས་དཀྱིལ་གྱི་ཟིན་བྲིས། དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་བའི་ལམ་ཆེན་ལས། ལུས་དཀྱིལ་གྱི་ཟིན་བྲིས། དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་བའི་ལམ་ཆེན་ལས། ལུས་དཀྱིལ་གྱི་ཟིན་བྲིས་བཞུགས་སོ།། ན་མོ་ལོ་ཀེ་ཤྭ་ར་ཀཱ་ཡ་མཎྜལ་ལཱ་ཡ། སྤྱན་རས་གཟིགས་དབང་ལུས་དཀྱིལ་གྱི། །ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །འདི་ལ་བདག་བསྐྱེད་ཆས་ཙམ་ལས། །སྒྲུབ་རྫས་གཞན་ནི་མི་དགོས་ཏེ། །རང་བྱུང་རྡོ་རྗེའི་ལུས་དཀྱིལ་ལས། །ལུས་ཀྱི་དཀྱིལ་འཁོར་བསྒོམ་པ་ནི། །སྔོན་འགྲོའི་རིམ་པ་ཡོངས་རྫོགས་ནས། །གསུངས་ཕྱིར་བདག་བསྐྱེད་གཞུང་ལྟར་འདོན། །རེག་གི་རྡོ་རྗེ་ཞེས་བྱའི་མཚམས། །ལུས་ལྷ་རྣམས་ཀྱང་ཝལ་ཙམ་བསྒོམ། །རང་བྱུང་རྡོ་རྗེའི་ལུས་དཀྱིལ་ནས། །གནས་གསུམ་བྱིན་རླབས་དབང་བསྐུར་བ། །ལ་སོགས་རིམ་པ་ཤེས་པར་བྱ། ། གསུངས་ཕྱིར་གཞུང་ལྟར་འདོན་པ་སྟེ། །རིགས་བདག་པདྨ་རྣམ་རྒྱལ་ནི། །གཡས་འོག་རྡོ་རྗེ་འཛིན་པ་ཙམ། །མ་གཏོགས་བདག་ཉིད་ཡབ་ཡུམ་མཚུངས། །བདག་ཡུམ་རིགས་བདག་རྣམ་སྣང་སྟེ། །གནས་བཞིའི་ཡུམ་བཞིའི་རིགས་བདག་ནི། །རྒྱལ་བ་རིགས་བཞི་སོ་སོར་བསམ། །དེ་ནི་དབང་བསྐུར་སྐབས་སུ་སྟེ། །བསྙེན་པའི་སྐབས་སུ་དམིགས་པ་ནི། །རང་ལུས་སྟོང་ཞིང་གསལ་བའི་ནང་། །དཔྲལ་བར་སངས་རྒྱས་སྤྱན་མ་སེར། །གཡས་འོག་འཁོར་ལོ་དཀར་པོ་འཛིན། །མགྲིན་པར་གོས་དཀར་དམར་མོ་ནི། །གཡས་འོག་པདྨ་དཀར་པོ་འཛིན། ། སྙིང་གི་ཆ་སྨད་མཱ་མ་ཀཱི། །མཐིང་ག་གཡས་འོག་རིན་ཆེན་སྔོ། །ལྟེ་བར་སྒྲོལ་མ་ལྗང་གུ་ནི། །གཡས་འོག་ཨུཏྤལ་ལྗང་གུ་འཛིན། །བཞི་ཀ་པདྨ་ཟླ་བའི་སྟེང་། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །དཔྲལ་བའི་མཛོད་པུའི་ཐད་ནང་དུ། །རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་། །གཡས་འོག་རྡོ་རྗེ་འཛིན་པའོ། །རྐན་ཕུག་པདྨ་མཁའ་འགྲོ་དམར། །གཡས་འོག་པདྨ་དམར་པོ་འཛིན། །ལྟེ་བར་རིན་ཆེན་མཁའ་འགྲོ་སེར། །གཡས་འོག་ནོར་བུ་གསེར་མདོག་འཛིན། །གསང་བར་ལས་ཀྱི་མཁའ་འགྲོ་ལྗང་། །གཡས་འོག་རལ་གྲི་ལྗང་ནག་འཛིན། །མིག་གཉིས་གཟུགས་ཀྱི་རྡོ་རྗེ་དཀར། །གཡས་འོག་དངུལ་དཀར་མེ་ལོང་འཛིན། །རྣ་གཉིས་སྒྲ་ཡི་རྡོ་རྗེ་སྤྲོ། །གཡས་འོག་གླིང་བུ་འཛིན་པའོ། །སྣ་བུག་གཉིས་སུ་དྲི་རྡོ་རྗེ། །གཡས་འོག་པད་སྣོད་བདུག་སྤོས་འཛིན། །ལྕེ་ལ་རོ་ཡི་རྡོ་རྗེ་དམར། །གཡས་འོག་ཟངས

【漢語翻譯】 吉祥世間自在儀軌記錄極明解脫大道中,身壇城的記錄。

【英語翻譯】 From the Great Path of Liberation, a Clearly Illuminated Record of the Ritual of Glorious Lokeshvara: A Record of the Body Mandala.

============================================================

================== 第 2 段 ================== 【原始藏文】 ་གཞོང་ཟས་བཅུད་བཀང་། །སྐུ་གཡོན་རིགས་ཀྱི་རྡོ་རྗེ་ལྗང་། །གཡས་འོག་ལྷ་རྫས་ན་བཟའ་འཛིན། །ལྷ་མོ་དེ་རྣམས་པད་ཟླའི་སྟེང་། །གཡས་བརྐྱང་གཡོན་བསྐུམ་འདོར་ཐབས་བཞེངས། །ཀུན་ཀྱང་ཞལ་གཅིག་ཕྱག་བཞི་ལ། །དང་པོ་ཐུགས་ཀར་ཐལ་མོ་ སྦྱར། །གཡོན་འོག་པདྨ་དམར་པོ་འཛིན། །ཡུམ་བཞི་མཆོད་པའི་ལྷ་མོ་རྣམས། །ཞི་འཛུམ་དར་དང་རིན་ཆེན་བརྒྱན། །མཁའ་འགྲོ་བཞི་པོ་ཅུང་ཞིག་འཁྲོས། །སྤྱན་གསུམ་གཅེར་བུ་རུས་པས་བརྒྱན། །གྲུ་མོར་ཁཊ་གྱེན་དུ་བསྒྲེང་། །ཀུན་ཀྱང་དབུ་རྒྱན་ཐོར་ཚུགས་ཅན། །རང་གི་སྙིང་དཀྱིལ་སྟོད་ཀྱི་ཆར། །པདྨ་ཉི་མ་ཟླ་བའི་སྟེང་། །ཧྲིལ་དང་པོ་ཡིག་དྲུག་བསྐོར། །དེ་རྒྱབ་ཡིག་བཅུ་དེ་རྒྱབ་ཏུ། །ཡིག་བཅུ་སྔགས་རིང་སྦྲེལ་མས་བསྐོར། །ཀུན་གྱི་སྔགས་ནི་གཅིག་ཏུ་བསྡུ། །དེ་སྐད་རྒྱུད་ལས་གསུངས་ཕྱིར་རོ། །ལྷ་མོ་ཀུན་གྱི་ཐུགས་ཀ་རུ། །ས་བོན་ཡིག་འབྲུ་རེ་རེ་སྟེ། །ཡུམ་བཞིར་ཚྭ་ཚྭ་ཛྭ་ཏྭཾ་མོ། །ཧ་རི་ནི་ས་མཁའ་འགྲོ་བཞི། །ལྷ་མོ་ཀུན་ལ་བ་ཡིག་རེ། །ལུས་ལྷ་རྣམས་ཀྱིས་སྔགས་བཟླས་པས། །ཐུགས་ཀའི་སྔགས་ཕྲེང་གཡས་སུ་འཁོར། །སྔགས་ཕྲེང་འོད་ཟེར་སྤྱི་བོར་སོང་། །རིགས་བདག་ལ་ཕོག་སྔགས་གསུངས་པས། །བདག་དང་རིགས་བདག་བཅས་པ་ལས། །འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །ཞིང་ཁམས་རྒྱ་མཚོར་བཞུགས་པ་ཡི། །རྫོགས་པའི་སངས་རྒྱས་ཐམས་ཅད་ནི། །འགྲོ་བ་སེམས་ཅན་དོན་ལ་བསྐུལ། །རང་ ཉིད་ཞལ་ནས་སྔགས་གསུང་ཞིང་། །འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །ས་ལ་གནས་པའི་སེམས་དཔའ་རྣམས། །མ་ལུས་སེམས་ཅན་དོན་དུ་བསྐུལ། །རང་ཡུམ་ཕག་མོས་སྔགས་གསུངས་པས། །རི་རབ་སུམ་ཅུ་སོ་གཉིས་ཀྱི། །རྡུལ་གྱི་གྲངས་མཉམ་མཁའ་འགྲོའི་ཚོགས། །ཐམས་ཅད་སེམས་ཅན་དོན་ལ་བསྐུལ། །ཡུམ་བཞིའི་ཞལ་ནས་སྔགས་གསུང་ཞིང་། །འོད་ཟེར་ཕྱོགས་བཅུར་འཕྲོས་པ་དེས། །འབྲེལ་ཐོགས་གཙོར་བྱས་འགྲོ་ཀུན་ལ། །ཤེས་རབ་སྒོ་ཕྱེ་ཕར་ཕྱིན་རྟོགས། །མཁའ་འགྲོ་སྡེ་བཞིས་སྔགས་གསུངས་པས། །ས་དང་ལམ་ལ་གནས་པ་དང་། །རང་ལ་འབྲེལ་ཐོགས་ཐམས་ཅད་ཀྱི། །སེམས་ལ་ཡེ་ཤེས་ཇེ་ཆེར་འབར། །མཆོད་པའི་ལྷ་མོས་སྔགས་གསུང་ཞིང་། །འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །འོད་ཟེར་དེ་ཡི་ཟེགས་མ་ལས། །འདོད་ཡོན་ཟད་མེད་ཆར་པ་བབ། །ཟས་འདོད་ཟས་དང་གོས་འདོད་གོས། །བཞོན་པ་སྐྱེད་ཚལ་ཁང་བཟང་དང་། །འཇིགས་པ་རྣམས་ལས་སྐྱབས་པ་སོགས། །དགོས་འདོད་ལོངས་སྤྱོད་ཕུན་ཚོགས་ཐོབ། །འོད་ཟེར་དེ་ཡིས་རེག་ཙམ་གྱིས། །སྨྱོན་པ

【漢語翻譯】 盛滿容器食物精華,身左持有部族的綠色金剛杵,右下拿著天神的衣物,那些天女在蓮花月輪之上,右伸左屈站立姿勢,所有都是一面四臂,首先在心間合掌,左下拿著紅色蓮花,四位佛母是供養的天女們,寂靜微笑用綢緞和珍寶裝飾,四位空行母稍微搖動,三眼裸體用骨骼裝飾,手肘上的卡杖向上豎立,所有都是頭戴髮髻,在自己心間上方的部分,蓮花日月之上,周圍首先是嗡(藏文:ཧྲིལ་,梵文天城體:ह्रिल्,梵文羅馬擬音:hril,漢語字面意思:無),然後是六字真言圍繞,其後是十字真言,其後,用十字長咒連綴圍繞,所有咒語都歸納為一個,因為經續中這樣說的緣故。所有天女的心間,各有種子字,四位佛母是 嚓(藏文:ཚྭ་,梵文天城體:क्ष,梵文羅馬擬音:kṣa,漢語字面意思:剎),嚓(藏文:ཚྭ་,梵文天城體:क्ष,梵文羅馬擬音:kṣa,漢語字面意思:剎), 匝(藏文:ཛྭ་,梵文天城體:ज,梵文羅馬擬音:ja,漢語字面意思:雜), 幢(藏文:ཏྭཾ་,梵文天城體:टं,梵文羅馬擬音:ṭaṃ,漢語字面意思:幢), 摩(藏文:མོ,梵文天城體:म,梵文羅馬擬音:ma,漢語字面意思:摩)。哈日尼薩是四位空行母,所有天女都有哇字,身體諸神唸誦咒語時,心間的咒鬘向右旋轉,咒鬘的光芒向上到頭頂,觸及到部主唸誦咒語,從我和部主等處,紅色光芒向十方放射,安住在無邊佛土中的,所有圓滿正等覺佛陀,都策勵為利有情眾生,自己口中唸誦咒語,光芒向十方放射,安住在地上的菩薩們,無餘策勵為利有情眾生,自己的佛母金剛亥母唸誦咒語,三十二須彌山的,微塵數量相等的空行母眾,全部策勵為利有情眾生,四位佛母口中唸誦咒語,光芒向十方放射,主要對於有緣眾生,開啟智慧之門通達波羅蜜多,四部空行母唸誦咒語,對於安住在地和道上,以及和自己有緣的所有眾生,心中的智慧越來越熾盛,供養天女唸誦咒語,光芒向十方放射,從那光芒的微塵中,降下無盡的所需之物,想吃食物就出現食物,想穿衣服就出現衣服,坐騎、園林、高樓大廈,以及從各種怖畏中救護等等,獲得所需如意的圓滿受用,那光芒僅僅一觸及,瘋癲

【英語翻譯】 Filling the container with food essence, the left hand holds the green vajra of the family, the lower right hand holds the divine clothes, those goddesses are on the lotus moon disc, with the right leg extended and the left leg bent in a standing posture, all have one face and four arms, first joining their palms at their hearts, the lower left hand holds a red lotus, the four mothers are the offering goddesses, peaceful and smiling adorned with silk and jewels, the four dakinis slightly agitated, three-eyed naked adorned with bones, the khatvanga on the elbow raised upwards, all have their hair tied in a topknot, in the upper part of one’s own heart center, on the lotus sun and moon, first is Hril (藏文:ཧྲིལ་,梵文天城體:ह्रिल्,梵文羅馬擬音:hril,漢語字面意思:無) surrounded by the six-syllable mantra, then the ten-syllable mantra, then, surrounded by the connected long ten-syllable mantra, all the mantras are condensed into one, because it is said so in the tantras. In the hearts of all the goddesses, there is one seed syllable each, for the four mothers are Ksha (藏文:ཚྭ་,梵文天城體:क्ष,梵文羅馬擬音:kṣa,漢語字面意思:剎), Ksha (藏文:ཚྭ་,梵文天城體:क्ष,梵文羅馬擬音:kṣa,漢語字面意思:剎), Ja (藏文:ཛྭ་,梵文天城體:ज,梵文羅馬擬音:ja,漢語字面意思:雜), Tam (藏文:ཏྭཾ་,梵文天城體:टं,梵文羅馬擬音:ṭaṃ,漢語字面意思:幢), Ma (藏文:མོ,梵文天城體:म,梵文羅馬擬音:ma,漢語字面意思:摩). Ha Ri Ni Sa are the four dakinis, all the goddesses have the syllable Va, when the body deities recite the mantra, the rosary of mantras in the heart rotates to the right, the light of the rosary goes up to the crown of the head, touching the family lord reciting the mantra, from me and the family lord, red light radiates in the ten directions, all the fully enlightened Buddhas residing in the ocean of realms, urge to benefit sentient beings, reciting the mantra from their own mouths, the light radiating in the ten directions, all the bodhisattvas residing on the earth, completely urge to benefit sentient beings, one’s own mother Vajravarahi recites the mantra, the assembly of dakinis equal to the number of dust particles of thirty-two Mount Merus, all urge to benefit sentient beings, the four mothers recite the mantra from their mouths, that light radiating in the ten directions, mainly for all beings who have connections, opening the door of wisdom and realizing the paramitas, the four classes of dakinis recite the mantra, for those who dwell on the ground and the path, and all those who have connections with oneself, the wisdom in their minds blazes increasingly, the offering goddesses recite the mantra, the light radiating in the ten directions, from the dust particles of that light, rain down inexhaustible desired objects, wanting food, food appears, wanting clothes, clothes appear, vehicles, gardens, mansions, and protection from all fears, etc., obtaining the desired perfect enjoyment of needs, that light just by touching, madness

============================================================

================== 第 3 段 ================== 【原始藏文】 ་རྣམས་ཀྱང་དྲན་པ་རྙེད། །ལོང་བ་རྣམས་ཀྱིས་མིག་གསལ་ ཞིང་། །འོན་པ་རྣམས་ཀྱིས་སྒྲ་རྣམས་ཐོས། །ལོག་ལྟ་ཅན་རྣམས་དད་པ་སྐྱེས། །སྡིག་ཅན་རྣམས་ཀྱང་ཆོས་ལ་སྤྱོད། །འགྲོ་དྲུག་ཁ་ལོ་ཆོས་ལ་བསྒྱུར། །ཐམས་ཅད་བྱང་ཆུབ་ལམ་ལ་ཞུགས། །སྤྱན་རས་གཟིགས་ཀྱི་ཕྲིན་ལས་ནི། །ཐམས་ཅད་བདག་གིས་འགྲུབ་པར་བསྒོམ། །མཆོད་པའི་ལྷ་མོས་སྔགས་གསུང་ཞིང་། །འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི། །གཟུགས་ཀུན་གཟུགས་ཀྱི་རྡོ་རྗེ་མར། །གྱུར་ནས་རྒྱལ་ཀུན་སྤྱན་ལ་མཆོད། །སྒྲ་ཀུན་སྒྲ་ཡི་རྡོ་རྗེ་མར། །གྱུར། །ནས་རྒྱལ་ཀུན་སྙན་ལ་མཆོད། །དྲི་ཀུན་དྲི་ཡི་རྡོ་རྗེ་མར། །གྱུར་ནས་རྒྱལ་ཀུན་ཤངས་ལ་མཆོད། །རོ་ཀུན་རོ་ཡི་རྡོ་རྗེ་མར། །གྱུར་ནས་རྒྱལ་ཀུན་ལྗགས་ལ་མཆོད། །རེག་ཀུན་རེག་གི་རྡོ་རྗེ་མར། །གྱུར་ནས་རྒྱལ་ཀུན་སྐུ་ལ་མཆོད། །ལྷ་མོ་སྤྱན་སོགས་སོ་སོར་ཐིམ། །ཟག་མེད་བདེ་བས་ཐུགས་དགྱེས་ནས། །སྐུ་ལས་འོད་ཟེར་སྣ་ཚོགས་ནི། །འཇའ་སྤྲིན་བཞིན་དུ་འཐིབས་ནས་བྱོན། །བདག་གི་ལུས་ངག་ཡིད་ལ་ཐིམ། །སྣང་སྟོང་གྲག་སྟོང་ཚོར་སྟོང་དང་། །མྱང་སྟོང་བདེ་སྟོང་ཏིང་འཛིན་སྐྱེས། །ཡུམ་བཞིའི་སྔགས་གསུང་འོད་འཕྲོས་ པས། །རིགས་བཞིའི་རིགས་གྱུར་ལྷ་མོའི་ཚོགས། །ཀུན་ལ་བདེ་སྟོང་མཆོད་པར་གྱུར། །དེ་དག་སྐུ་ལས་འོད་འཕྲོས་པས། །འབྱུང་བཞི་ཀུན་གྱི་བཅུད་བསྡུས་ཏེ། །འོད་ཟེར་ཁ་དོག་རྣམ་པ་བཞིའི། །རྣམ་པར་བསྡུས་ནས་བདག་ལ་ཐིམ། །ཤ་ཁྲག་དྲོད་དབུགས་རྣམ་བཞི་ལ། །ནད་མེད་བདེ་བའི་དངོས་གྲུབ་ཐོབ། །དེ་བཞིན་འོད་ཀྱི་མཁའ་འགྲོའི་ཚོགས། །མཆོད་པ་ཟག་མེད་བདེ་བས་དགྱེས། །དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི། །བྱང་སེམས་དཀར་དམར་འོད་ཟེར་ཚུལ། །བསྡུས་ནས་བདག་ལ་ཐིམ་པ་ཡིས། །དགའ་བཞིའི་ཡེ་ཤེས་སྐྱེས་པར་བསྒོམ། །དེ་ནི་བསྙེན་པའི་དམིགས་པ་སྟེ། །རྒྱུད་ཀྱི་དགོངས་པ་ཡིག་དྲུག་བཟླ། །དེ་ནས་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །སངས་རྒྱས་ཀུན་ལ་འོད་དེས་ཕོག །སྔོན་གྱི་ཐུགས་བསྐྱེད་ཐུགས་རྒྱུད་བསྐུལ། །ཀུན་ཀྱང་ཐུགས་རྗེ་ཆེན་པོར་གྱུར། །ཆར་བཞིན་བྱོན་ནས་བདག་ལ་ཐིམ། །འོད་འཕྲོས་ས་བཅུ་སོ་སོ་ལ། །བཞུགས་པའི་སེམས་དཔའ་ཀུན་ལ་ཕོག །སྒྲིབ་གཉིས་ཕྲ་མོ་གང་ཡོད་སྦྱངས། །རྡོ་རྗེ་ལྟ་བུའི་ཏིང་འཛིན་སྐྱེས། །མངོན་པར་རྫོགས་པར་སངས་རྒྱས་ ནས། །འགྲོ་བའི་དོན་དུ་ཆོས་འཁོར་བསྐོར། །སླར་ཡང་འོད་འཕྲོས་ཉན

【漢語翻譯】 他們也恢復了記憶, 瞎子們眼睛明亮, 聾子們聽到了聲音, 邪見者生起了信心, 罪人們也行持佛法, 六道眾生的命運轉向佛法, 一切都進入了菩提道。 觀世音菩薩的事業是, 觀想一切由我成就。 供養的天女唸誦著咒語, 光芒向十方放射, 三千世界的一切, 所有色相都變成色之金剛甘露, 供養諸佛的眼睛。 所有聲音都變成聲之金剛甘露, 供養諸佛的耳朵。 所有氣味都變成香之金剛甘露, 供養諸佛的鼻子。 所有味道都變成味之金剛甘露, 供養諸佛的舌頭。 所有觸感都變成觸之金剛甘露, 供養諸佛的身體。 天女的眼睛等各自融入, 以無漏的安樂令佛心歡喜, 身上發出各種光芒, 如彩虹雲朵般密集而來, 融入我的身語意。 顯空、聲空、覺空和, 受空、樂空,生起禪定。 四位佛母唸誦咒語,光芒四射, 四部族轉為本族的空行母眾, 都以樂空供養。 她們身上發出光芒, 聚集四大元素的一切精華, 四種顏色的光芒, 完全聚集后融入我。 對於肉、血、暖、氣這四者, 獲得無病安樂的成就。 同樣,光之空行母眾, 以無漏安樂的供養而歡喜。 所有勇士空行母的, 白紅菩提心光芒, 聚集后融入我, 觀想生起四喜的智慧。 這是近修的觀想, 持誦續部的密意六字真言。 然後從心間的咒鬘中, 紅色光芒向十方放射, 這光芒觸及所有佛, 喚醒往昔的發心和心續, 一切都轉為大悲, 如雨般降臨融入我。 光芒照射到各個十地, 觸及安住的所有菩薩, 凈化所有細微的二障, 生起金剛般的禪定, 徹底圓滿成佛, 爲了利益眾生而轉法輪, 再次光芒照射到聽

【英語翻譯】 They also regained their memory, The blind ones’ eyes became clear, The deaf ones heard the sounds, The heretics developed faith, The sinful ones also practiced Dharma, The fate of the six realms turned to Dharma, All entered the path of Bodhi. The activity of Avalokiteśvara is, Meditate that everything is accomplished by me. The offering goddesses recite mantras, Light radiates in ten directions, All of the three thousand worlds, All forms become the Vajra nectar of form, Offering to the eyes of all Buddhas. All sounds become the Vajra nectar of sound, Offering to the ears of all Buddhas. All smells become the Vajra nectar of fragrance, Offering to the noses of all Buddhas. All tastes become the Vajra nectar of taste, Offering to the tongues of all Buddhas. All touches become the Vajra nectar of touch, Offering to the bodies of all Buddhas. The goddesses’ eyes, etc., dissolve individually, Delighting the Buddhas’ hearts with uncontaminated bliss, Various lights emanate from their bodies, Gathering densely like rainbows and clouds, Dissolving into my body, speech, and mind. Appearance emptiness, sound emptiness, sensation emptiness, and, Experience emptiness, bliss emptiness, meditation arises. The four mothers recite mantras, light radiates, The goddesses of the four families transform into their own families, All are offered bliss emptiness. Light radiates from their bodies, Gathering the essence of all four elements, The light of four colors, Completely gathered and dissolved into me. For the four aspects of flesh, blood, warmth, and breath, Obtain the accomplishment of disease-free bliss. Similarly, the assembly of light dakinis, Rejoice with the offering of uncontaminated bliss. The white and red Bodhicitta light of all heroes and dakinis, Gathered and dissolved into me, Meditate on the arising of the wisdom of the four joys. This is the visualization of approach, Recite the six-syllable mantra, the intent of the tantra. Then, from the mantra garland at the heart, Red light radiates in ten directions, That light touches all Buddhas, Arousing their past aspirations and mind streams, All transform into great compassion, Descending like rain and dissolving into me. Light radiates to each of the ten bhumis, Touching all the Bodhisattvas residing there, Purifying any subtle two obscurations, A Vajra-like meditation arises, Completely and perfectly attaining Buddhahood, Turning the wheel of Dharma for the benefit of beings, Again, light radiates to the hear

============================================================

================== 第 4 段 ================== 【原始藏文】 ་ཐོས་དང་། །རང་རྒྱལ་ཀུན་ལ་འོད་དེས་ཕོག །རང་དོན་ཞི་བདེའི་ས་ནས་སླངས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་བ་སེམས་ཅན་དོན་མཛད་གྱུར། །སླར་ཡང་འོད་འཕྲོས་ཁམས་གསུམ་གྱི། །སེམས་ཅན་ཀུན་ལ་འོད་དེས་ཕོག་བསྔལ་ཀུན་སྦྱངས་ནས། །སྡུག་བསྔལ་ཀུན་བྲལ་བདེ་བ་ཐོབ། །འོད་ཟེར་ཐམས་ཅད་ཚུར་འདུས་ནས། །ཐམས་ཅད་བདག་ལ་ཐིམ་པ་ཡིས། །ལུས་ངག་ཡིད་གསུམ་དྲི་མ་དག ། ཡེ་ཤེས་རང་གསལ་དོན་རྟོགས་གྱུར། །ཡིག་བཅུ་བཟླས་པ་ཉེ་བསྙེན་ཡིན། །རང་གི་ཐུགས་ཀའི་སྔགས་ཕྲེང་དེ། །གཡས་སུ་དྲག་ཏུ་འཁོར་བ་ལས། །འོད་ཟེར་དམར་པོ་ཕྱིར་འཕྲོས་ཏེ། །རང་གི་རྡོ་རྗེའི་བུ་ག་ནས། །ཡུམ་གྱི་པདྨར་བྱོན་པ་དེ། །ཡུམ་གྱི་ཐུགས་ཀར་ཆོས་འབྱུང་དེར། །ཧཱུྃཡིག་མཐའ་ལ་གཡོན་བསྐོར་བྱས། །ཡུམ་གྱི་ཞལ་ནས་ཡབ་ཞལ་ཞུགས། །རང་གི་ཐུགས་ཀའི་ཧྲིལ་ཐིམ། །དེ་ལྟར་མགལ་མེའི་འཁོར་ལོ་ལྟར། །འཁོར་བར་བསྒོམ་ཞིང་དེ་རྗེས་ནི། །འོད་ཟེར་དེ་ཉིད་སྔགས་ཕྲེང་གྱུར། །གོང་ལྟར་རྒྱུན་ཏུ་ འཁོར་བར་དམིགས། །དེ་ཡིས་བདེ་སྟོང་ཡེ་ཤེས་འཆར། །ཡང་ནི་རང་གི་ཐུགས་ཀ་ཡིས། །སྔགས་ཕྲེང་དེ་ལས་སྔགས་ཕྲེང་འཕྲོས། །རང་གི་སྣ་བུག་གཡས་ནས་ཐོན། །རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་གྱུར། །འགྲོ་བ་སེམས་ཅན་དོན་མཛད་ནས། །ཚུར་འདུས་སྔགས་ཕྲེང་རྣམ་པར་གྱུར། །སྣ་བུག་གཡོན་ཞུགས་ཐུགས་ཀར་ཐིམ། །དེ་གཉིས་སྒྲུབ་པའི་དམིགས་པ་ཡིན་་་་དེ་ལས་དཀྱིལ་འཁོར་ལྷ་ཚོགས་དཔག་མེད་འཕྲོས། །འགྲོ་ཀུན་སེམས་ཅན་ཡོངས་ལ་ཁྱབ་པར་བསམ། མཆན། །ཡིག་བཅུ་སྔགས་རིང་གང་འདོད་བཟླ། །དེ་ནས་ལུས་ཀྱི་ལྷ་རྣམས་ལས། །འོད་ཟེར་ཕར་འཕྲོས་སྤྱི་བོ་ཡི། །རིགས་བདག་ལ་ཕོག་ཐུགས་རྒྱུད་བསྐུལ། །དེ་ལས་འོད་དམར་ནམ་མཁའ་ཁྱབ། །ཕྱི་སྣོད་འཇིག་རྟེན་ལ་ཕོག་པས། །གཞལ་ཡས་གྲུ་བཞི་སྒོ་བཞི་པ། །ཕྱི་གསལ་ནང་གསལ་དྲི་མ་མེད། །ཕྱི་ནང་འདོད་ཡོན་དུ་མས་གང་། །ནང་དུ་པདྨ་འདབ་སྟོང་ལྡན། །དེ་འདྲ་ཆེ་ཕྲ་གྲངས་མེད་གྱུར། །དེ་ནང་ནང་བཅུད་སེམས་ཅན་ཀུན། །ཕོ་རྣམས་ཐམས་ཅད་སྤྱན་རས་གཟིགས། །མོ་རྣམས་ཡུམ་མཆོག་གསང་ཡེ་མ། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ནི། །ཆ་ཚང་གྲངས་མེད་གཞལ་མེད་དེ། །ནམ་མཁའི་མཐར་ཐུག་ ཞིང་ཀུན་ཁྱབ། །ཀུན་ཀྱང་རང་གི་རམ་བུའི་ཚུལ། །སྔགས་སྒྲ་འུར་ཆེམ་ཁམས་གསུམ་གཡོ། །སྒྲུབ་པ་ཆེན་པོའི་དམིགས་པའོ། །དེ་ནས་དུས་ལ་ངེས་མེད་པར། །ཐུན་མཇུག་ལས་བཞིའི་དམིགས་པ་ནི། །ཡུམ་གྱི་ཐུགས་ཀར་སྔགས་གཡོན་འཁོར། །ཧ་རི་ནི་ས་འབྱར

【漢語翻譯】 聽聞。 光芒照耀所有國土。 從自身利益的寂靜之地升起。 發起無上菩提心之後。 利益所有眾生。 再次光芒照耀三界。 光芒照耀所有眾生,凈化所有痛苦。 脫離所有痛苦,獲得安樂。 所有光芒 वापस 聚集。 所有一切融入自身。 身語意三清凈。 證悟自明智慧之義。 唸誦十個字是近修。 自身心間的咒鬘。 猛烈向右旋轉。 紅色光芒向外放射。 從自身的金剛孔。 前往佛母的蓮花。 佛母心間的法源中。 吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)字周圍向左旋轉。 從佛母的口進入佛父的口。 融入自身的心間。 如火輪一般。 觀想旋轉,此後。 光芒即是咒鬘。 如上持續 觀想旋轉。 由此生起樂空智慧。 或者從自身的心間。 從咒鬘中放射咒鬘。 從自身的右鼻孔出來。 化為勝者海的本尊眾。 利益所有眾生之後。 वापस 聚集化為咒鬘。 從左鼻孔進入,融入心間。 這二者是修法的觀想……由此放射出無量壇城本尊眾。 觀想遍佈所有眾生。 註: 隨喜唸誦十字咒長咒。 之後從身體的諸神中。 光芒向外放射,照耀頭頂的。 種姓之主,激發心續。 由此紅色光芒遍佈虛空。 照耀外器世界。 化為四方形四門宮殿。 外明內明,沒有污垢。 內外充滿各種欲妙。 其中有千瓣蓮花。 如此大小無數。 其中內蘊所有眾生。 所有男子都是觀世音。 所有女子都是佛母至尊古薩里。 大悲壇城。 圓滿無量無邊。 直至虛空邊際 遍佈所有剎土。 一切都是各自蓮墊之狀。 咒語之聲喧囂震動三界。 是偉大修法的觀想。 之後,在沒有固定時間的時候。 結行四事業的觀想是。 佛母心間咒語左旋。 哈日尼薩(藏文:ཧ་རི་ནི་ས་,梵文天城體:हरिनिःसा,梵文羅馬擬音:hariniḥsa,漢語字面意思:哈日尼薩)相連。

【英語翻譯】 Hearing. The light shines on all countries. Arising from the peace of self-interest. Having generated the supreme Bodhicitta. Acting for the benefit of all sentient beings. Again, light radiates to the three realms. The light shines on all sentient beings, purifying all suffering. Free from all suffering, attaining happiness. All the rays of light gather back. By all dissolving into myself. The three doors of body, speech, and mind are purified. The meaning of self-illuminating wisdom is realized. Reciting the ten syllables is approaching. That mantra garland in one’s own heart. Spinning violently to the right. Red light radiates outward. From the vajra aperture of oneself. Going to the lotus of the Mother. In the Dharma source in the Mother’s heart. The syllable Hūṃ (Tibetan: ཧཱུྃ, Sanskrit Devanagari: हुं, Sanskrit Romanization: hūṃ, Literal Chinese meaning: Hūṃ) rotates counterclockwise around the edge. From the Mother’s mouth, entering the Father’s mouth. Dissolving completely into one’s own heart. Like a wheel of firebrands. Meditating on the rotation, and after that. The light itself becomes a mantra garland. Continuing as before, Visualizing the rotation. Thereby, the wisdom of bliss and emptiness arises. Or, from one’s own heart. From that mantra garland, a mantra garland radiates. Coming out from one’s own right nostril. Transforming into the assembly of deities of the Victorious Ones’ ocean. Having benefited all sentient beings. Gathering back, transforming into a mantra garland. Entering from the left nostril, dissolving into the heart. These two are the visualization of practice… From that, immeasurable mandala deity assemblies radiate. Visualizing pervading all sentient beings. Note: Recite the ten-syllable mantra or the long mantra as desired. Then, from the deities of the body. Light radiates outward, striking the crown of the head. Striking the lord of the lineage, stimulating the mind stream. From that, red light pervades the sky. Striking the outer container world. Transforming into a four-sided palace with four doors. Outer clarity, inner clarity, without impurity. Inside and out filled with various desirable qualities. Inside, there are lotus flowers with a thousand petals. Such large and small, countless. Inside that, the inner essence is all sentient beings. All males are Avalokiteśvara. All females are the supreme Mother, Gūhyajñāna. The mandala of great compassion. Complete, countless, immeasurable. Reaching the end of the sky, Pervading all realms. All are in the form of their own lotus seat. The sound of mantras roars, shaking the three realms. It is the visualization of great practice. Then, at no fixed time. The visualization of the four activities at the end of the session is: The mantra rotates to the left in the Mother’s heart. Hari Ni Sa (Tibetan: ཧ་རི་ནི་ས་, Sanskrit Devanagari: हरिनिःसा, Sanskrit Romanization: hariniḥsa, Literal Chinese meaning: Hari Ni Sa) is attached.

============================================================

================== 第 5 段 ================== 【原始藏文】 ་བ་ཡབ། །བཟླ་བྱའི་སྔགས་བཞིན་དཀྲུགས་ལ་བསྒོམ། །རང་གི་ཐུགས་ལས་འོད་དཀར་འཕྲོས། །རང་གི་ཞལ་ཐོན་ཡུམ་ཞལ་ཞུགས། །ཐུགས་ཐིམ་སྐུ་བརྒྱུད་བྷ་གར་ཐོན། །རྡོ་རྗེའི་སྦུབས་ནས་ཐུགས་ཀར་ཐིམ། །མུ་ཏིག་ཕྲེང་བ་ལྟར་འཁོར་བས། །རང་གི་ནད་གདོན་བར་ཆད་ཞི། །སྔགས་རིང་ཧ་རི་ནི་སའི་མཇུག །ནད་གདོན་སརྦ་པཱ་པཾ་ཤཱནྟཾ་ཀུ་རུ་སྭཱ་ཧཱ། འོད་ཟེར་སེར་པོ་འོད་ལྔའི་མདངས། །རྨ་བྱའི་སྒྲོན་ཆུན་ལྟ་བུར་འཁོར། །ཚེ་བསོད་ཡེ་ཤེས་རྒྱས་པར་བསྒོམ། །བེ་རོ་ཙ་ནི་ཡེ་ཡི་མཇུག །རི་ནི་ཧ་ས་མ་མ་ཨཱཿ་ཡུཔུཎྱ་ཛྙཱ་ན་པུཎྚི་ཀུ་རུ་སྭཱ་ཧཱ། འོད་ཟེར་དམར་པོ་ལྕགས་སྒྲོག་དབྱིབས། །ཅུང་ཟད་འཁྱོག་ཅིང་གུག་པ་ནི། །མགལ་མེའི་འཁོར་ལོ་བཞིན་དུ་འཁོར། །རླུང་སེམས་སྣང་བ་དབང་འདུས་བསམ། །བེ་རོ་ཙ་ནི་ཡེ་ཡི་མཇུག །ནི་རི་ས་ཧ་བ་སུ་ན་ན་ཁ་དྷེ་སརྦ་སིདྡྷི་པ་ཤཾ་ ཀུ་རུ་སྭཱ་ཧཱ། འོད་ཟེར་མཐིང་ནག་ཐག་འཁྱུག་བཞིན། །འཁོར་བས་བདུད་བཞི་ཚར་གཅོད་བསྒོམ། །བེ་རོ་ཙ་ནི་ཡེ་ཡི་མཇུག །ས་ནི་རི་ཧ་གནོད་བྱེད་སརྦ་ཤ་ཏུཾ་མཱ་ར་ཡ་ཧཱུྃ་ཕཊ། དེ་ལྟར་ལས་བཞིའི་སྔགས་དམིགས་ནི། །མང་ཉུང་རང་གིས་ཅི་འདོད་ཆོག །དེ་ནས་འགོག་པའི་བཟླས་པ་ནི། །ཡབ་ཡུམ་ཐུགས་ཀའི་ཧཱུྃཡིག་ལས།། །འོད་ཟེར་དམར་པོས་ལུས་ཀུན་ཁྱབ། །ཕན་ཚུན་འོད་ཟེར་གཅིག་འདྲེས་པས། །ཡབ་ཡུམ་གཉིས་ཀྱི་སྐུ་གསུང་ཐུགས། །འོད་ཀྱི་ཕུང་པོར་གྱུར་པ་དེ། །སྐུ་ཡི་རྣམ་པ་གསལ་བ་ལ། །མཁའ་ལ་འཇའ་ཚོན་ཤར་ཀློབ་བཞིན། །སྒྱུ་མ་ཆུ་ཟླ་ལྟ་བུར་བསྒོམ། །ཐུན་མཚམས་གང་བདེར་གཏོར་བསྔོས་དང་། །ཉལ་ཁ་ཐུན་བསྡུས་སྟོང་པར་བྱ། །དེ་ལ་རང་བྱུང་རྡོ་རྗེའི་གསུང་། །ལྷ་ཡང་བསྡུས་ལ་གྷིཡང་ནི། །ལྷན་ཅིག་སྐྱེས་པའི་རྒྱས་གདབ་བོ། །འཁོར་དང་མྱ་ངན་འདས་པའི་ཆོས། །དངོས་པོ་རྡུལ་ཙམ་ཡོད་མ་ཡིན། །གསུངས་པ་ལྟར་དུ་མཉམ་པར་བཞག །རྗེས་ནས་བསྔོ་སྨོན་རྒྱ་ཡིས་གདབ། །ལུས་དཀྱིལ་འདི་ལ་ཕན་ཡོན་ནི། །རྒྱ་ཆེར་རྒྱུད་ལས་གསུངས་པ་ལྟར། །རང་བྱུང་བས་ཀྱང་དེ་ལྟར་གསུངས། །མཐར་ཕྱིན་དང་ནི་ཐབས་མཁས་ ཀྱིས། །ཡུན་རིང་གསོལ་གདབ་བསྐུལ་བ་དང་། །དྲིན་ཆེན་སྤྲུལ་སྐུའི་དགོངས་རྫོགས་ཕྱིར། །ལུག་ལོ་ས་གའི་བཅུ་གཅིག་གི །ཕྱི་དྲོའི་ཐུན་ལ་བབ་པའི་ཚེ། ། ༧ རཱ་ག་ཨ་སྱས་གདམས་པ་ལྟར། །བཙུན་པ་མཐར་ཕྱིན་ཞེས་བྱས་བྲིས། །འགལ་འཁྲུལ་ཉེས་པའི་ཆ་མཆིས་ན། །ཡི་དམ་ཌཀིའི་ཚོགས་ལ་བཤགས། །དགེ་བས་ཞིང་གཤེགས་སྤྲུལ་སྐུ་ཡི། །ས་ལམ་ཡོན་ཏན་གོང་དུ་འཕེལ། །འདི་ཉིད་མཐོ

【漢語翻譯】 父親母親。(觀想)如應唸誦之真言般攪動。 自心發出白光。 自口而出融入母面。 心融入,身脈于蓮花中生。 從金剛之管融入心間。 如珍珠項鍊般旋轉。 自身的疾病、邪魔、障礙息滅。 長咒哈日尼薩之末。 疾病邪魔,Sarva pāpaṃ śāntaṃ kuru svāhā(梵文天城體:सर्व पापं शान्तं कुरु स्वाहा,梵文羅馬音:Sarva papam shantam kuru svaha,一切罪障寂靜,成辦,梭哈!)。 黃光,五彩光芒。 如孔雀翎毛般旋轉。 觀想壽命、福德、智慧增長。 貝若扎那耶之末。 日尼哈薩瑪瑪阿,Āyu puṇya jñāna puṇṭi kuru svāhā(梵文天城體:आयु पुण्य ज्ञान पुण्टि कुरु स्वाहा,梵文羅馬音:ayu punya jnana punti kuru svaha,壽命、福德、智慧增長,成辦,梭哈!)。 紅光,鐵鉤之形狀。 稍微彎曲且鉤狀。 如火焰輪般旋轉。 觀想風、心、顯現被掌控。 貝若扎那耶之末。 尼日薩哈瓦蘇納納卡德,Sarva siddhi paśaṃ kuru svāhā(梵文天城體:सर्व सिद्धि पाशं कुरु स्वाहा,梵文羅馬音:Sarva siddhi pasham kuru svaha,一切成就,束縛,成辦,梭哈!)。 藍黑色光芒如閃電般。 觀想旋轉,斬斷四魔。 貝若扎那耶之末。 薩尼日哈,損害者,Sarva śatuṃ māraya hūṃ phaṭ(梵文天城體:सर्व शतुं मारय हुं फट्,梵文羅馬音:Sarva shatum maraya hum phat,一切怨敵,摧毀,吽,呸!)。 如是四業之真言觀想, 多少隨己意。 其後為遮止之念誦。 父母心間之吽字中, 紅光遍佈全身。 彼此光芒交融, 父母二尊之身語意, 化為光之聚。 于身之形象明晰時, 如彩虹顯現於空中, 觀想如幻如水月。 于任何方便之時,作供施, 睡前收攝座修于空性中。 對此,自生金剛之言, 天尊亦收攝,且給揚, 乃俱生之印封。 輪迴與涅槃之法, 事物微塵許亦無有。 如是所說般安住于平等。 其後以迴向祈願印封。 此身壇城之利益, 如經續中廣說般, 自生者亦如是說。 終極與善巧方便, 長久祈請勸請, 為成辦恩重轉世者之意。 于羊年薩嘎月十一日, 下午之時分, 如第七世Ra ga A sya所教導般, 比丘終極所書寫。 若有違背錯誤之處, 于依怙空行之眾前懺悔。 愿以此善,令圓寂轉世者, 地道功德更增上。 此

【英語翻譯】 Father and mother. (Meditate) stirring as the mantra to be recited. White light radiates from one’s own heart. Emerging from one’s own mouth, it enters the mother’s face. The heart merges, and the body’s channels emerge in the lotus. From the vajra tube, it merges into the heart. Revolving like a string of pearls, One’s own illnesses, evil spirits, and obstacles are pacified. The long mantra ends with Hari Nisa. Illness and evil spirits, Sarva pāpaṃ śāntaṃ kuru svāhā (Sanskrit Devanagari: सर्व पापं शान्तं कुरु स्वाहा, Sanskrit Romanization: Sarva papam shantam kuru svaha, All sins be pacified, accomplish, Svaha!). Yellow light, the radiance of five colors. Revolving like a peacock’s tail feathers. Meditate on the increase of life, merit, and wisdom. The end of Vairochana Ye. Rini Hasa Mama Ah, Āyu puṇya jñāna puṇṭi kuru svāhā (Sanskrit Devanagari: आयु पुण्य ज्ञान पुण्टि कुरु स्वाहा, Sanskrit Romanization: ayu punya jnana punti kuru svaha, Increase of life, merit, and wisdom, accomplish, Svaha!). Red light, the shape of an iron hook. Slightly bent and hooked. Revolving like a wheel of fire. Think of wind, mind, and appearances being controlled. The end of Vairochana Ye. Niri Saha Vasunana Khadhe, Sarva siddhi paśaṃ kuru svāhā (Sanskrit Devanagari: सर्व सिद्धि पाशं कुरु स्वाहा, Sanskrit Romanization: Sarva siddhi pasham kuru svaha, All accomplishments, bind, accomplish, Svaha!). Dark blue-black light like a flashing thread. Meditate on revolving, cutting off the four maras. The end of Vairochana Ye. Sani Riha, harmer, Sarva śatuṃ māraya hūṃ phaṭ (Sanskrit Devanagari: सर्व शतुं मारय हुं फट्, Sanskrit Romanization: Sarva shatum maraya hum phat, All enemies, destroy, Hum Phat!). Thus, the mantra visualizations of the four actions, Can be as much or as little as one desires. After that is the recitation for averting. From the Hūṃ syllable in the hearts of the father and mother, Red light pervades the entire body. As the lights intermingle, The body, speech, and mind of the two parents, Become a mass of light. When the form of the body is clear, Like a rainbow appearing in the sky, Meditate as illusion and water moon. At any convenient time between sessions, make offerings, Before sleeping, gather the session into emptiness. To that, the words of Rangjung Dorje, The deity is also gathered, and Ghiyang, Is the seal of co-emergence. The phenomena of samsara and nirvana, Not even a particle of things exists. Abide in equality as it is said. Afterwards, seal with dedication and aspiration. The benefits of this body mandala, As it is widely spoken of in the tantras, Rangjung also said so. With ultimate and skillful means, For a long time, pray and urge, For the sake of fulfilling the intention of the kind reincarnation. On the eleventh day of the Saga month of the Sheep year, At the time of the afternoon session, As taught by the 7th Ra ga A sya, The monk Tharphen wrote. If there are any contradictions or errors, I confess to the assembly of Yidam Dakinis. May this virtue increase the qualities of the ground and path of the deceased reincarnation. This

============================================================

================== 第 6 段 ================== 【原始藏文】 ང་ཐོས་དྲན་རེག་འགྲོ་བ་རྣམས། །འབྲེལ་ཚད་དོན་དང་ལྡན་པ་ཡི། །ཐུགས་རྗེ་ཆེན་པོ་མྱུར་འགྲུབ་ཤོག། །སརྦ་མངྒ་ལཾ།། །།དགེའོ། །དགེའོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་བའི་ལམ་ཆེན་ལས། ལུས་དཀྱིལ་གྱི་ཟིན་བྲིས།

【漢語翻譯】 我聞思憶觸諸眾生,凡結緣者皆具意義,大悲(觀世音)迅速成就愿。薩爾瓦芒嘎朗(藏文:སརྦ་མངྒ་ལཾ།,梵文天城體:सर्व मङ्गलम्,梵文羅馬擬音:sarva maṅgalam,一切吉祥)。善哉!善哉!善哉!康區上部囊謙(Nangchen)昂岡(‘Bang-gang)工藝文化顯密教法增益洲古籍修復室編輯出版。 吉祥世間自在儀軌筆記極明解脫之道大路中,身壇城的筆記。

【英語翻譯】 May all beings who I hear, think of, remember, and touch, and all those who are connected to me, be endowed with meaning. May great compassion (Avalokiteśvara) be quickly accomplished. Sarva Mangalam (藏文:སརྦ་མངྒ་ལཾ།,梵文天城體:सर्व मङ्गलम्,梵文羅馬擬音:sarva maṅgalam,All auspiciousness!). Good! Good! Good! Edited and published by the Ancient Book Restoration Room of Nangchen ‘Bang-gang Craft and Culture Sutra and Secret Mantra Dharma Propagation Island in Upper Kham. From the Great Path of Liberation, a Clearly Explained Note on the Ritual of Glorious Lord of the World, a note on the Body Mandala.

============================================================