菩薩藏佛教學會
20
背景
翻譯

CMR053_0004.杰·貢卻邦所著的《斷法引導》中近需的甚深冰雹對治法g2.0f

================== 第 1 段 ================== 【原始藏文】 རྗེ་དཀོན་མཆོག་འབངས་ཀྱིས་མཛད་པའི་གཅོད་ཁྲིད་ལ་ཉེ་བར་མཁོ་བའི་ཐོག་དམིགས་ཟབ་མོ། རྗེ་དཀོན་མཆོག་འབངས་ཀྱིས་མཛད་པའི་གཅོད་ཁྲིད་ལ་ཉེ་བར་མཁོ་བའི་ཐོག་དམིགས་ཟབ་མོ། ༼ཟ༽ རྗེ་དཀོན་མཆོག་འབངས་ཀྱིས་མཛད་པའི་གཅོད་ཁྲིད་ལ་ཉེ་བར་མཁོ་བའི་ཐོག་དམིགས་ཟབ་མོ་བཞུགས་པའི་དབུ་ལགས་སོ།། ན་མོ་བཛྲ་ཌཱ་ཀི་ཡེ། མ་གཅིག་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ནས། །གཅོད་ཁྲིད་ལྷན་ཐབས་ཐོག་དམིགས་སྐོར་རྣམས་བྲི། །ཡེ་ཤེས་མཁའ་འགྲོས་བཀའ་གནང་བྱིན་གྱིས་རློབས། །དེ་ཡང་གར་དབང་དཀོན་མཆོག་འབངས་ཀྱིས་བསྩལ་བའི་གཅོད་ཁྲིད་ལས། ལྷོ་ཕྱོགས་སུ་སྤྲིན་ནག་པོ་ཞེས་སོགས་མདོར་བསྡུས་གསུངས་པའི་དོན་རྒྱས་པར་སྤྲོ་ན། མགར་ཚང་བཅའ་བ་དང་། མགར་བྱེད་པ་རྨིས་ན་ཕྱི་དྲོ་ཐོག་འོང་། མགར་ཐོན་པ་རྨིས་ན་སྔ་དྲོ་ཐོག་འོང་་། མགར་ཚང་དང་སོལ་ཁང་མཐོང་བ་དང་ལྕགས་བཟོ་བ་དང་མཚོན་ཆ་བརྡུང་ན་ཐོག་ཡོད་རྟགས་སོ། །དེ་རྨི་ལམ་ བརྟག་པ་ཡིན་ནོ། །ཉམས་སྣང་ལ་ལྕགས་རྡུང་བའི་སྒྲ་ཐོས་སྙམ་བྱེད་པ་དང་། ཚྭ་ཚྭ་འཐུལ་བ་དང་། མགར་བ་མགར་ཚང་མཐོང་བ་ཡང་ཐོག་འོང་རྟགས་ཡིན་ནོ། །དངོས་སུ་ཐོག་སྒྲ་བརྟག་པ་ནི། ནངས་སྔ་ཟ་རི་ཟི་རེ་མི་བདེ་ཙམ་གྲག་པ་འདྲ་ན་དངོས་སུ་རིག་མི་རིག་ཨེ་ཡིན་མི་ཡིན་བསམ་པ་དེ་འདྲ་ནམ་ལངས་བྱུང་ན་སྔ་དྲོ་འོང་། སྔ་དྲོ་བྱུང་ན་ཉིན་ཕྱེད་དམ། དགོང་ཁ་འོང་། ཉིན་ཕྱེད་དང་དགོང་ཁ་རྟགས་དེ་འདྲ་བྱུང་ན། ནམ་ཕྱེད་དམ་ཐོ་རངས་འོང་། ཡང་འབྲུག་སྐད་སྙིང་གཟེར་བའི་ཚ་སྒྲ་ཅན་དང་། ལྕགས་སྲེག་གི་ཚྭ་ཚྭ་འདྲ་བ་དམར་ཤལ་ཤལ་ཚུབ་ཚུབ་ བྱེད་པ་དང་། སྦྲང་བུའི་སྐད་འདྲ་གཟིར་སྒྲ་དང་། ཅིར་སྒྲ་རྣ་ལམ་དུ་གྲག་ན་ད་ལྟ་ཉིད་དུ་འོང་ངོ་། ༧ །ཡང་ནམ་མཁའ་ལ་སྤྲིན་དང་འབྲུག་མེད་ཅིང་ཉི་མ་དྲོ་བ་ལ། ས་འོག་ནས་སྒྲ་སྐད་མི་སྡུག་པ་དང་། དུད་པ་འཐུལ་བ་དང་ས་འགུལ་བ་དང་། རྐང་མཐིལ་ལྗིད་ཆིལ་ཆིལ་བྱེད་ན། འོག་འཁྱུག་འོང་རྟགས་སོ། །དེ་ལྟར་ཐོག་རྟགས་བྱུང་ན་ཐོག་ཚང་གཏོར་བ་ནི། རང་ཉིད་ཤཱཀྱ་ཐུབ་པར་གསལ་བའི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་ཞིག་འཕྲོས་ནས་ནམ་མཁའ་ལ་ཤར་གྱིས་སོང་། ཐོག་ཐོག་བདག་མགར་བ་མགར་ཚང་དང་བཅས་པ་ལ་ཕོག །དེ་ཐམས་ཅད་མཐའི་རྒྱ་མཚོའི་ཕ་རིར་འཕང་བར་བསྒོམ་ལ་ཕཊཤར་བྱ། ནམ་མཁའ་ལ་ཕུ་དང་སྡིགས་མཛུབ་བྱའོ། །འདི་ལྟར་བྱས་པས་དྲག་ལས་དུས་ཐོག་བྱུངཡང་། ཉེ་སྐོར་དུ་རྒྱབ་མི་ནུས་པར་ཐག་རིང་དུ་རྒྱོབ་པ་མྱོང་བས་འགྲུབ་བོ། ༧ །ཡང་རང་ཉིད་ཀྱི་སྤྱི་བོར་ཟངས་

【漢語翻譯】 杰·貢卻邦所著的《斷法引導》中近需的甚深冰雹對治法。 杰·貢卻邦所著的《斷法引導》中近需的甚深冰雹對治法。 (ཟ)杰·貢卻邦所著的《斷法引導》中近需的甚深冰雹對治法正文。 那摩 班雜 達吉耶。(藏文:ན་མོ་བཛྲ་ཌཱ་ཀི་ཡེ།,梵文天城體:नमो वज्र डाकिनि ये,梵文羅馬擬音:Namo vajra ḍākinī ye,漢語字面意思:禮敬金剛空行母)。 禮敬瑪吉拉準化身之身,書寫斷法引導輔助冰雹對治法。 祈請智慧空行母賜予加持。 其中,噶當 貢卻邦所著的斷法引導中,南方烏雲等簡略所說的內容,如果想詳細闡述,夢見建造鐵匠鋪,或者夢見做鐵匠,下午會有冰雹。 夢見鐵匠出來,上午會有冰雹。 見到鐵匠鋪和煤房,以及鐵匠和敲打兵器,是下冰雹的徵兆。 這是夢的徵兆。 在覺受上,感覺聽到敲打鐵的聲音,以及噼啪作響,見到鐵匠和鐵匠鋪,也是下冰雹的徵兆。 實際觀察冰雹的聲音是,早上稍微聽到像是不舒服的雜音,心想實際上到底是不是,這樣想的時候天亮了,上午會下冰雹。 上午出現,中午或者傍晚會下冰雹。 中午和傍晚出現這樣的徵兆,半夜或者黎明會下冰雹。 還有,雷聲是刺痛心臟的燥熱聲音,像是燒鐵的噼啪聲,發出紅色光芒,發出嘈雜的聲音。 像是蜜蜂的聲音,發出刺耳的聲音,以及吱吱的聲音在耳邊響起,現在馬上就要下冰雹了。 7。 還有,天空沒有云和雷,太陽暖和,地下發出難聽的聲音,冒出煙霧,地面震動,腳底發沉,是地下涌動的徵兆。 像這樣出現冰雹的徵兆時,摧毀冰雹的方法是,觀想自己是釋迦牟尼佛,從心間放射出一道金色的金剛杵,向天空射去。 冰雹冰雹之主擊中鐵匠和鐵匠鋪等。 觀想將這一切拋向大海的彼岸,然後發出啪的響聲。 向天空發出呸的聲音和忿怒印。 像這樣做了之後,即使猛烈的行為及時出現,因為體驗到無法在附近擊中,只能擊中遠處,所以能夠成就。 7。 還有,在自己的頭頂上是銅

【英語翻譯】 Profound Hail Prevention Instructions Nearly Needed for the Chö Practice Composed by Je Könchok Bang. Profound Hail Prevention Instructions Nearly Needed for the Chö Practice Composed by Je Könchok Bang. (ཟ) This is the beginning of the profound hail prevention instructions nearly needed for the Chö practice composed by Je Könchok Bang. Namo Vajra Ḍākinī ye. (藏文:ན་མོ་བཛྲ་ཌཱ་ཀི་ཡེ།,梵文天城體:नमो वज्र डाकिनि ये,梵文羅馬擬音:Namo vajra ḍākinī ye,漢語字面意思:Homage to the Vajra Ḍākinī). I prostrate to the incarnate body of Machik, and write down the hail prevention instructions for the Chö practice. May the wisdom Ḍākinīs grant their blessings. Furthermore, in the Chö practice bestowed by Garwang Könchok Bang, if you wish to elaborate on the meaning of the condensed statements such as “black clouds in the south,” if you dream of building a blacksmith’s shop or being a blacksmith, hail will come in the afternoon. If you dream of a blacksmith coming out, hail will come in the morning. Seeing a blacksmith’s shop and a coal house, as well as a blacksmith and the hammering of weapons, are signs of hail. This is dream interpretation. In terms of experience, if you feel like you hear the sound of hammering iron, and the crackling sound, and see a blacksmith and a blacksmith’s shop, it is also a sign of hail. To actually observe the sound of hail, if in the early morning you hear a slight, uncomfortable noise, and you wonder if it is real or not, if this happens at dawn, hail will come in the morning. If it happens in the morning, hail will come at noon or in the evening. If such signs appear at noon or in the evening, hail will come at midnight or at dawn. Also, if the sound of thunder is a hot sound that pierces the heart, like the crackling of burning iron, emitting a red glow and a chaotic sound, like the sound of bees, a buzzing sound, and a chirping sound that rings in your ears, hail will come immediately. 7. Furthermore, if there are no clouds or thunder in the sky and the sun is warm, but unpleasant sounds come from underground, smoke rises, the ground shakes, and the soles of your feet feel heavy, it is a sign of underground movement. When such signs of hail appear, the method of destroying the hail is to visualize yourself as Shakyamuni Buddha, and from your heart, a golden vajra radiates and shoots into the sky. The hail, the lord of hail, strikes the blacksmith and the blacksmith’s shop, etc. Visualize throwing all of this to the far shore of the ocean, and then make a “phaṭ” sound. Make a “phu” sound and a threatening gesture towards the sky. By doing this, even if violent actions occur in time, it is accomplished by experiencing that you cannot strike nearby, but only strike far away. 7. Also, on the crown of your head is copper.

============================================================

================== 第 2 段 ================== 【原始藏文】 ཀྱི་འཁོར་ལོ་རྩིབས་སྟོང་རྩིབས་རེ་རེ་ལ་ཁྲོས་མ་རེ་རེ་ཡོད་པ་དེ་ནམ་མཁའ་ལ་འཁོར་ནས། དེ་ཇེ་ཆེ་ཇེ་ཆེར་སོང་ནས་འཁོར་བའི་རྩིབས་དེས་ཐོག་ཐོག་བདག་མགར་བ་མགར་ཚང་དང་བཅས་པ་ལ་བརྒྱབ་ཅིང་དེད་ནས། མཐའི་རྒྱ་མཚོ་ཕར་རི་ལ་བརྡས་ པར་བསྒོམ་ལ། ཕཊཤར་དྲག་ཏུ་བྱའོ། ༧ །ཡང་རང་ཉིད་རྗེ་བཙུན་མར་བསྐྱེད་ལ། རང་ལུས་ཤ་ཁྲག་རུས་གསུམ་སྲིད་པའི་རྩེ་མོའི་བར་དུ་གང་བ་དེ། རི་བོ་འགྱེལ་བ་བཞིན་དུ་བྱུང་ནས་ཐོག་ཐོག་བདག་སེར་བ་སེར་བྱེད་ཐམས་ཅད་ཤ་ཁྲག་གིས་གཡོག་ཅིང་དེད་ནས། མཐའི་ལྕགས་རི་ལ་གླན་པར་བསམས་ལ། ཕཊཤར་བྱའོ། །དེ་རྣམས་ནི་ཐོག་ཚང་གཏོར་བའོ། །དེ་ཡང་གནམ་ཐེལ་བར་ཐེལ་ས་ཐེལ་གསུམ་བསྡོངས་ནས་སྟེང་ཐོག་འོག་ཐོག་བར་ཐོག་གསུམ་འབྱུང་བ་ཡིན་པས། ཐེའུ་རང་ཁ་བྲལ་བ་ནི། རང་ཉིད་ཁྲོས་མར་གསལ་བའི་སྟེང་གི་ནམ་མཁར་གནམ་ལྕགས་ཀྱི་རལ་གྲི་བསམ་གཅོད་འབར་བའི་འཁོར་ལོ་རྩིབས་བྱེ་བ་འབུམ་དང་ལྡན་པ་ཞིག་གཡས་སུ་དྲག་ཏུ་འཁོར་བས། སྟེང་ཐོག་གི་བདག་པོ་ཐོག་ཐོག་བདག་མགར་བ་མགར་ཚང་དང་བཅས་པ་སིལ་བུར་གཏུབས་ནས་རྡུལ་ཕྲན་བཞིན་དུ་བརླགས་པར་བསྒོམ། ༧ རང་ཉིད་ཁྲོས་མའི་འོག་གི་ས་གཞི་ལ་ལྕགས་སྲེག་གི་རལ་གྲི་བསམ་གཅོད་འབར་བའི་འཁོར་ལོ་རྩིབས་བྱེ་བ་འབུམ་དང་ལྡན་པ་གཅིག་གཡོན་དུ་དྲག་ཏུ་འཁོར་བས། འོག་ཐོག་གི་བདག་པོ་ཐོག་ཐོག་བདག་མགར་བ་མགར་ཚང་དང་བཅས་པ་ སིལ་བུར་གཏུབས་ནས་རྡུལ་དུ་བརླགས་པར་བསྒོམ། ༧ རང་ཉིད་ཁྲོས་མའི་ཐུགས་ཀ་ནས་རལ་གྲི་བསམ་གཅོད་འབར་བའི་འཁོར་ལོ་ཆེ་ཆུང་སྣ་ཚོགས་གྲངས་མེད་པ་ཕྱོགས་བཞི་མཚམས་བརྒྱད་ཀུན་ཏུ་འཕྲོས་པས། བར་ཐོག་གི་ཐོག་ཐོག་བདག་མགར་བ་མགར་ཚང་དང་བཅས་པ་ཐམས་ཅད་སིལ་བུར་གཏུབས་ནས་རྡུལ་དུ་བརླགས་པར་བསམས་ལ་ཕཊཿཤར་བྱའོ། །དེ་ནི་ཐེའུ་རང་གསུམ་གྱི་ཁ་ཕྲལ་བའོ། ༧ །ཡང་རང་གི་སྟེང་གི་ནམ་མཁར་བྱ་ཁྱུང་གཤོག་རྡང་འཁྲིགས་པའི་གུར་བསྒོམ་པའམ་དབུ་གཙུག་ཏུ་བྱ་ཁྱུང་ཅིག་བསྒོམ་པའི་རྭ་ཅོ་དང་ནོར་བུ་ལས་མེའི་ཞགས་པ་འཕྲོས་ནས་ཐོག་ཐོག་བདག་མགར་བ་མགར་ཚང་དང་བཅས་པ་བྱ་སྒྲོ་མེ་ལ་བསྲེགས་པ་ལྟར་གཞོབ་ཐུལ་གྱིས་སོང་བར་བསྒོམས་ལ་ཕཊབརྗོད་པ་དེ་ནི་ཐོག་ཞུད་ཕྱུང་བའོ། ༧ །ཡང་རང་གི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་མེ་འབར་བ་གཅིག་འཕྲོས་ཏེ་ཐོག་ཐོག་བདག་ཐམས་ཅད་གཞོབ་བུན་གྱིས་བསྲེགས་པར་བསྒོམ་མོ། ༧ ཡང་རང་གི་སྟེང་གི་ནམ་མཁར་བྱ་ཁྱུང་ཆེན་པོ་བསྐྱེད་ལ། ཁྱུང་དེས་ཤར་དུ་ཁ་རྒྱུ་ནས། ཤར་ཕྱོགས་དྲི་ཟ

【漢語翻譯】 具有千輻輪,每個輪輻上都有一尊忿怒母,在空中旋轉,越來越大,輪輻擊打併驅趕著歷代雷神、鐵匠及其眷屬,觀想直至撞擊到盡頭的海邊山崖上,然後猛烈地發出「呸」的聲音。7。再次,將自己觀想為至尊度母,自己的身體血肉骨骼充滿直至有頂天,如山崩塌般降下,用血肉覆蓋並驅趕著歷代雷神、冰雹製造者等一切,觀想直至抵擋在盡頭的鐵圍山上,然後發出「呸」的聲音。這些是摧毀雷神住所的方法。此外,天、中、地三者結合,產生上層雷、下層雷、中層雷三種雷電。分離這些雷電的方法是:在自己明觀為忿怒母的上方虛空中,觀想一把天鐵製成的、能斬斷一切的燃燒之劍輪,具有百千萬輪輻,向右猛烈旋轉,將上層雷的主人,歷代雷神、鐵匠及其眷屬,切成碎片,像微塵一樣摧毀。7。在自己明觀為忿怒母的下方的地面上,觀想一把燒紅的鐵製成的、能斬斷一切的燃燒之劍輪,具有百千萬輪輻,向左猛烈旋轉,將下層雷的主人,歷代雷神、鐵匠及其眷屬,切成碎片,摧毀成灰塵。7。從自己明觀為忿怒母的心間,放射出大小不一、數量無數的能斬斷一切的燃燒之劍輪,向四面八方各個角落擴散,觀想將中層雷的歷代雷神、鐵匠及其眷屬全部切成碎片,摧毀成灰塵,然後發出「呸」的聲音。這是分離天、中、地三者的雷電的方法。7。此外,在自己的上方虛空中,觀想一隻大鵬鳥展開翅膀形成的帳篷,或者在頭頂觀想一隻大鵬鳥,從其角和寶珠中放射出火焰繩索,觀想歷代雷神、鐵匠及其眷屬,像鳥羽被火燒一樣,燃燒殆盡,發出「呸」的聲音,這就是消除雷電的方法。7。此外,從自己的心間放射出一把九尖的金剛杵,燃燒著火焰,觀想將所有的雷神都燒成灰燼。7。此外,在自己的上方虛空中觀想一隻巨大的大鵬鳥,這隻大鵬鳥面向東方,向東方散發

【英語翻譯】 The wheel with a thousand spokes, each spoke having a wrathful mother, revolves in the sky. It grows bigger and bigger, and the spokes of the wheel strike and chase away the successive generations of thunder gods, blacksmiths, and their retinues. Meditate that it strikes the cliff on the far shore of the ocean, and then forcefully utter “Phaṭ!” 7. Again, generate yourself as the noble Jetsunma. Your own body, flesh, blood, and bones, filling up to the peak of existence, collapses like a mountain, and covers and chases away all the successive generations of thunder gods, hail makers, etc., and imagine that it blocks the iron fence at the end. Then utter “Phaṭ!” These are the methods for destroying the abodes of the thunder gods. Furthermore, the three, sky, intermediate space, and earth, combine to produce the three types of thunder: upper thunder, lower thunder, and intermediate thunder. The method for separating these three is as follows: In the sky above, where you are clearly visualized as a wrathful mother, visualize a wheel of burning meteoric iron swords that can cut through anything, possessing hundreds of thousands of spokes, fiercely spinning to the right. Meditate that the master of the upper thunder, the successive generations of thunder gods, blacksmiths, and their retinues, are cut into pieces and destroyed like dust particles. 7. On the ground below, where you are clearly visualized as a wrathful mother, visualize a wheel of burning red-hot iron swords that can cut through anything, possessing hundreds of thousands of spokes, fiercely spinning to the left. Meditate that the master of the lower thunder, the successive generations of thunder gods, blacksmiths, and their retinues, are cut into pieces and destroyed into dust. 7. From the heart of yourself, clearly visualized as a wrathful mother, radiate countless large and small wheels of burning swords that can cut through anything, spreading in all directions, the four directions and eight intermediate directions. Visualize that all the successive generations of thunder gods, blacksmiths, and their retinues of the intermediate thunder are cut into pieces and destroyed into dust, and then utter “Phaṭ!” This is the method for separating the thunder of the sky, intermediate space, and earth. 7. Furthermore, in the sky above you, visualize a tent formed by the flapping wings of a garuda, or visualize a garuda on the crown of your head, and from its horns and jewels, fiery lassos radiate, and visualize that the successive generations of thunder gods, blacksmiths, and their retinues are burned to ashes, like bird feathers being burned in fire. Uttering “Phaṭ!” is the method for dispelling thunder. 7. Furthermore, from your heart, radiate a nine-pointed golden vajra, blazing with fire, and meditate that all the thunder gods are burned to ashes. 7. Furthermore, generate a great garuda in the sky above you, and that garuda faces eastward, radiating eastward

============================================================

================== 第 3 段 ================== 【原始藏文】 འི་གདོན་གྱིས་གཙོར་བྱས་གནོད་བྱེད་དང་། ཐོག་སེར་བཏང་མི་ཐམས་ཅད་ ཞལ་གྱི་ཐད་དུ་སྦལ་སྤྲུལ་གྱི་གཟུགས་སུ་གནས་པ་ཐམས་ཅད་ཟོས་ནས། བྱ་ཐལ་དེ་ནུབ་ཕྱོགས་ལྕགས་རི་ནག་པོའི་རྒྱབ་ཏུ་སོང་བར་བསྒོམ། དེ་བཞིན་དུ་ལྷོ་གཤིན་རྗེ། ནུབ་ཀླུ། བྱང་གནོད་སྦྱིན། ཤར་ལྷོ་མེ་ལྷ་དྲང་སྲོང་། ལྷོ་ནུབ་སྲིན་པོ། ནུབ་བྱང་རླུང་ལྷ། བྱང་ཤར་བགེགས། སྟེང་གཟའ་སྐར། འོག་ས་བདག་གི་གཙོར་བྱས་བ། པའི་གནོད་བྱེད་ཐམས་ཅད་ཁྱུང་གིས་རིམ་པར་ཟོས་ནས། བྱ་སྐྱག་མཐའི་རྒྱ་མཚོའི་ལྕགས་རིའི་རྒྱབ་ཏུ་དོར་བར་བསྒོམ། ༧ ཡང་དམིགས་པ་དེ་རྣམས་བསྡུས་པ་བྱེད་ན། རང་ཉིད་ཀྱི་ཐུགས་ཀ་ནས་རིག་པའི་ངོ་བོ་དེ་ཟངས་ཀྱི་བྱ་ཁྱུང་གསེར་གྱི་གཤོག་པ་ཅན། རྭ་རྩེ་ལ་མེ་འབར་ཞིང་རྭ་བར་ནོར་བུ་འབར་བ་ཅན། རི་རབ་ལས་ཆེ་བ་ཅིག་འཕྲོས། སྟེང་འོག་གི་གདོན་གཉན་ས་རི་བྲག་ཐོག་ཐོག་བདག་ཐམས་ཅད་ཧབ་སྒྲ་དང་བཅས་པས་འབྱངས་ནས་བྱ་ཐལ་བུན་ནེ་བཏང་བར་བསྒོམ། དེ་ནི་ཁྱུང་གི་ཇུར་འབྱུང་ཞེས་ཀྱང་བྱ། བྱ་ཁྱུང་འབྲུག་དང་འབྲུག་མགོར་སྦྱར་བ་ཡང་ཟེར། ཁྱུང་གི་གནད་འདྲེན་ཡིན་པས། འདི་ཐོག་སེར་གྱི་དམིགས་པ་ཡིན་ན་ཡང་། གཉན་ས་དང་གདོན་མ་ཆུན་ན་ཡང་བྱེད་པ་ཡིན་ནོ། ༧ །ཡང་ རང་ཉིད་ཁྲོས་མའི་ཐུགས་ཀ་ནས་འོད་ཟེར་དམར་པོའམ་ཡི་གེ་ཛཡིག་གི་རྣམ་པ་དཔག་ཏུ་མེད་པ་འཕྲོས་ལྷ་འདྲེ་གནོད་བྱེད་ཐོག་ཐོག་བདག་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བསྡུས་པ་ལྟར་རང་གི་སྙིང་ནང་དུ་བསྡུས་ལ་དབྱེར་མེད་དུ་བསྲེས་ཏེ། ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་གོ །དེ་ནི་སྟེང་ཐོག་འོག་ཏུ་བསྲེ་བ་ཞེས་བྱ་སྟེ་རང་གི་རང་ལ་ཐོག་མི་རྙེབ་བོ། ༧ །ཡང་ན་རང་གི་འོད་ཟེར་གྱིས་ཐོག་བདག་ལྷ་འདྲེ་ཐམས་ཅད་མར་བཀུག་ནས་རང་གི་མལ་ས་ཡི་འོག་ཏུ་ཧྲུག་གེ་བླུགས་ལ་རང་གི་གཟི་བརྗིད་ཀྱིས་ཟིལ་གྱིས་མནན་ནོ། ༧ །ཡང་ན་རང་གི་འོད་ཟེར་གྱིས་ཐོག་ཐོག་བདག་དང་ལྷ་འདྲེ་ཐམས་ཅད་བསྡུས་ནས་རང་ལ་བསྟིམས་པས་སྟོང་པ་ཉིད་དུ་གྱུར། དེའི་ངང་ལས་རང་ཉིད་གནམ་ལྕགས་ཀྱི་རྡོ་རྗེ་ཡར་གྱི་རྭ་ལྔ་ལ་རྒྱལ་བ་རིགས་ལྔ། མར་སྣེ་དྲིལ་བུ་ལྟ་བུ་མཐའི་རྒྱ་མཚོ་ལ་ཟུག་པའི་ནང་དུ། ལྷ་འདྲེ་ཐོག་ཐོག་བདག་ཐམས་ཅད་ཚུད་ནས་འབྲོས་ས་མེད་ཅིང་། དེའི་ནང་དུ་ཤ་ཁྲག་གི་རྒྱ་མཚོས་བཀང་ནས་མགུལ་དབང་མེད་པར་བསྒོམས་ལ་ཕཊཿབརྗོད། དེ་རྣམས་སྟེང་ཐོག་འོག་ཏུ་བསྲེ་བའི་དམིགས་པའི་སྐོར་ཡིན་ནོ། ༧ །ཡང་རང་ཉིད་ཁྲོས་མ་འཁོར་མཁའ་འགྲོ་འབུམ་དང་བཅས་པའི་སྐུ་ སྨད་ཕུར་

【漢語翻譯】 以鬼為首的作祟者,以及降下冰雹的所有人,都變成青蛙的樣子,安住在你的面前,全部吞噬。觀想鳥灰飛向西方黑鐵山後。同樣,南方閻羅,西方龍,北方夜叉,東南火神仙人,西南羅剎,西北風神,東北邪魔,上方星曜,下方土地神為首的作祟者,全部被瓊鳥依次吞噬,觀想鳥糞被丟棄在邊境大海的鐵墻后。 7 又如果歸納這些觀想,從自己的心間,發出智慧的自性,是銅製的瓊鳥,有金色的翅膀,角尖燃燒著火焰,角間燃燒著寶珠,比須彌山還要大。觀想上下的厲鬼、兇煞、土地山石冰雹之神,全部發出「哈」的聲音,然後變成鳥灰消散。這也叫做瓊鳥的驟然出現。也有人說是瓊鳥與龍,或者與龍首結合。因為這是瓊鳥的要害提取,所以即使這是冰雹的觀想,如果兇煞和惡鬼聚集,也可以這樣做。7 又 從自己忿怒母的心間,發出無數紅色光芒或者字母「ཛ」字,像磁鐵吸鐵一樣,將所有神鬼作祟者冰雹之神全部吸入自己的心中,混合無別,安住于大手印的境界中。這叫做混合上下,自己不會遭受冰雹的襲擊。7 或者用自己的光芒,將冰雹之神和所有神鬼引下來,全部倒在自己的床下,用自己的威嚴壓制住。7 或者用自己的光芒,將冰雹之神和所有神鬼聚集起來,融入自己,變成空性。從那空性之中,自己變成天鐵金剛杵,向上的五股代表五方佛,向下的尖端像鈴鐺一樣,扎入邊境的大海之中。神鬼冰雹之神全部進入其中,無處可逃。觀想其中充滿了血肉之海,無法動彈,唸誦「ཕཊཿ」(藏文,梵文天城體:फट्,梵文羅馬擬音:phaṭ,漢語字面意思:呸!)。這些是混合上下的觀想之法。7 又自己變成忿怒母,與眷屬空行母百萬尊一起

【英語翻譯】 All the harm-doers, headed by demons, and all those who send hailstorms, are transformed into the form of frogs and toads, dwelling in front of you, and are all devoured. Meditate that the bird ashes go behind the black iron mountain in the west. Similarly, the Yama in the south, the Nagas in the west, the Yakshas in the north, the fire god and sages in the southeast, the Rakshasas in the southwest, the wind gods in the northwest, the demons in the northeast, the planets and stars above, and the harm-doers headed by the earth lords below, are all devoured by the Garuda in sequence. Meditate that the bird droppings are discarded behind the iron fence of the ocean at the edge. 7 Also, if you gather these visualizations, from your own heart, the essence of awareness, a copper Garuda with golden wings, with flames blazing at the tips of its horns and jewels blazing between its horns, larger than Mount Meru, emanates. Meditate that all the upper and lower evil spirits, fierce forces, earth, mountains, rocks, and hailstorm lords are all burned with a “Hab” sound, and then the bird ashes are scattered. This is also called the sudden appearance of the Garuda. It is also said that the Garuda is combined with a dragon, or with a dragon’s head. Since this is the extraction of the essential point of the Garuda, even if this is a visualization for hailstorms, it can also be done when fierce forces and evil spirits gather. 7 Also, From the heart of the wrathful mother, countless red rays of light or the form of the letter “ཛ” (dza) emanate, and like a magnet attracting iron, all the gods, demons, harm-doers, and hailstorm lords are drawn into your own heart, mixed without separation, and remain in the state of the Great Seal. This is called mixing above and below, and you will not be struck by hailstorms yourself. 7 Or, with your own light, summon down all the hailstorm lords, gods, and demons, pour them all under your bed, and subdue them with your own glory. 7 Or, with your own light, gather all the hailstorm lords, gods, and demons, and dissolve them into yourself, so that you become emptiness. From that state of emptiness, you yourself become a vajra of meteoric iron, with five prongs pointing upwards representing the five victorious ones, and the downward-pointing tip like a bell, piercing into the ocean at the edge. All the gods, demons, and hailstorm lords are trapped inside, with no place to escape. Meditate that it is filled with an ocean of flesh and blood, unable to move, and recite “ཕཊཿ” (Tibetan: ཕཊཿ, Sanskrit Devanagari: फट्, Sanskrit Romanization: phaṭ, Literal Chinese meaning: pēi!). These are all about the visualization of mixing above and below. 7 Also, you yourself become the wrathful mother, together with a retinue of a hundred thousand dakinis.

============================================================

================== 第 4 段 ================== 【原始藏文】 བུ་རྣོ་ངར་དང་ལྡན་པས་བྲོ་འཁྲབས་པས། འོག་ཐོག་གི་བདག་པོ་དང་འོག་གི་གནོད་བྱེད་ཐམས་ཅད་རབ་ཏུ་གཙག་ཅིང་ཕུག་སྨྲས་ནས་ཐམས་ཅད་ནུས་པ་མེད་པར་སྙི་ཉོལ་གྱིས་སོང་བར་བསྒོམ་པ་ནི་གནད་ལ་ཕབ་པ་དང་། རང་ཉིད་ཁྲོས་མའི་སྐུ་སྨད་ཕུར་པའི་ཁོང་སེང་ནས། གནོད་བྱེད་དང་འོག་ཐོག་ཐོག་བདག་དང་བཅས་པའི་སྲོག་ཡིག་བཀྲག་གཟི་མདངས་མཐུ་ནུས་པ་ཐམས་ཅད་སྦུ་གུས་ཆང་འཇིབས་པ་ལྟར་སིབ་ཀྱིས་ཡར་འཇིབས་ནས་རང་གི་ཐུགས་ཀར་ཐིམ་པས་བཀྲག་མདངས་དང་གཟི་བརྗིད་རྒྱས། ཁོང་རྣམས་མཐུ་སྟོབས་དང་བཀྲག་མདངས་ཉམས་ནས་ནག་ཧམ་མེ་སོང་བར་བསྒོམ། དམིགས་པ་འདི་གཉིས་ནི་འོག་ཐོག་སྟེང་དུ་བསྲེ་བ་ཞེས་བྱ་བ་ཐོག་དམིགས་ཁྱད་པར་འོག་ཐོག་གི་དམིགས་པ་ཡིན་ན་ཡང་། གཉན་ས་དང་ལྷ་འདྲེ་མ་ཆུན་ན་བྱའོ། །དེ་ཡང་ཐོག་སེར་འབྲུག་གློག་དང་ལྷ་འདྲེ་གཞི་བདག་གཟའི་དང་ཐེའུ་རང་ཟེར་བ་འདི་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་ཡིན། །རང་སེམས་ལས་གཞན་དུ་གྲུབ་པའི་དངོས་པོ་བདེན་གྲུབ་རྡུལ་ཙམ་ཡང་མེད་ལ། རང་གི་སེམས་ཡང་གདོད་མ་ནས་སྐྱེ་འགག་ཐམས་ཅད་དང་བྲལ་བ་ཆོས་ཀྱི་སྐུར་ཤེས་པར་བྱས་ལ། རབ་དུས་ཐམས་ཅད་དུ་སྟོང་ཉིད་ཀྱི་གདེང་དང་མ་བྲལ་བའི་ངང་ནས་དམིགས་རིམ་རྣམས་ཀྱང་བྱེད། དེ་ཙམ་མི་ཐུབ་ན་ཐུན་གྱི་བར་བར་ཐམས་ཅད་དུ་སྟོང་ཉིད་ཀྱི་ངང་ལ་བཞག །བར་དུ་མཉམ་པར་བཞག་པ་ཞེས་བྱ་སྟེ་གལ་ཆེའོ། ༧ །ཡང་བེམ་རིག་ཕྲལ་ལུས་ལ་གཅེས་འཛིན་སྤངས་ལ། རང་གི་རིག་པ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཞིག་ཏུ་གྱུར། ནམ་མཁའ་ལ་ཤད་ཀྱིས་སོང་སེར་བ་སེར་བྱེད་ཐོག་ཐོག་བདག་མགར་བ་མགར་ཚང་དང་བཅས་པའི་སྟེང་དུ་བརྒྱབས་པས། བྱ་སྤུ་རླུང་གིས་གཏོར་བ་བཞིན་དུ་མཐའི་ལྕགས་རི་ཡི་རྒྱབ་ཟངས་རི་ལ་གླན། རང་གི་བེམ་པོ་ཆུའི་ལྦུ་བའི་ཕུང་པོ་གཅིག་ཏུ་གྱུར་པ་ལས་རྡོ་རྗེ་མར་བྲུལ་རང་ལུས་གཉན་ས་དང་བཅས་པ་ལ་ཕོག །རྡུལ་ཕྲན་བཞིན་དུ་གཏོར་ནས་མལ་ཡང་མེད་པར་བསྒོམ། ། ༈ ཡང་རང་ཉིད་ཕག་མོའི་ཐུགས་ཀ་ནས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གཅིག་ནམ་མཁའ་ལ་ཤད་ཀྱིས་སོང་། ཐོག་ཐོག་བདག་མགར་བ་མགར་ཚང་དང་བཅས་པ་ཐམས་ཅད་རྡོ་རྗེའི་འོད་ཟེར་ལ་ཐིམ། རྡོ་རྗེ་མར་བྲུལ་ནས་རང་འདུག་ས་དང་གཉན་ས་ཐམས་ཅད་རིལ་ཕུང་ལ་སྤྱོད་བརྒྱབ་པ་ལྟར་ཉིལ་གྱིས་ཞིག་པར་བསྒོམ། ༧ ཡང་གསེར་གྱི་རྡོ་རྗེ་འཕྲོས་ནས་དེ་ ལྟར་བསྒོམ། ཡང་རིག་པ་ལྕགས་སྲེག་གི་ཐོ་ལུམ་འབར་བ་འཕྲོས། ཐོག་ཐོག་བདག་དང་བཅས་པ་མཉམ་དུ་བཀུག་ནས། མར་བྲུལ་རང་ལུས་ས་ཆ་དང

【漢語翻譯】 由於具有鋒芒的兒子跳舞,觀想將下部的主人和下部的所有有害者徹底刺穿並擊碎,從而使一切都無能為力地癱倒在地,這是切中要害。自己從忿怒母的下半身橛的空隙中,像用吸管吸酒一樣,將有害者和下部的主人等所有生命字、光彩、光芒、力量、能力全部吸上來,融入自己的心中,從而使光彩和光芒增長。觀想他們失去力量、能力和光彩,變得漆黑一片。這兩個觀想被稱為將下部混合到上部,雖然是特殊的降雹觀想,是下部的觀想,但也要像對待兇地和妖魔一樣。也就是說,冰雹、雷電、龍捲風、妖魔、地神、曜、和托朗等,這一切都是自己心的幻化。除了自己的心之外,沒有絲毫真實存在的物體。自己的心也從原始以來就遠離一切生滅,要認識到是法身。 在所有時間裡,都要在不離空性見解的狀態下進行觀想次第。如果做不到這一點,就在每一座之間安住在空性之中。這被稱為中間的等持,非常重要。7. 再次,拋棄對色身和覺知的執著,自己的覺知變成一個九尖的金剛杵。在空中劃過,降下冰雹,打擊冰雹製造者、降雹的主人、鐵匠及其家族,像鳥毛被風吹散一樣,將其擊到鐵圍山後面的銅山上。自己的身體變成一堆水泡,從中降下金剛杵,擊中自己的身體和兇地。觀想將其像塵埃一樣摧毀,不留痕跡。 再次,從自己金剛亥母的心間,一個九尖的天鐵金剛杵在空中劃過。降雹的主人、鐵匠及其家族全部融入金剛杵的光芒中。金剛杵降下,像用杵臼搗碎一樣,將自己居住的地方和所有兇地徹底摧毀。7. 再次,放射出金色的金剛杵,像那樣觀想。再次,放射出燃燒的鐵錘般的覺知。將降雹的主人等一同勾來,降下並

【英語翻譯】 Because the sharp son dances, contemplate thoroughly piercing and smashing all the harmful ones of the lower realm and the masters of the lower realm, so that everything collapses powerlessly, which is hitting the point. From the hollow of the lower body kila of the Wrathful Mother, like sucking wine with a straw, suck up all the life syllables, splendor, radiance, power, and abilities of the harmful ones and the masters of the lower realm, and dissolve them into your own heart, thereby increasing splendor and radiance. Contemplate that they lose their power, strength, and splendor, and become pitch black. These two visualizations are called mixing the lower realm into the upper realm, although it is a special hail-suppressing visualization, it is a visualization of the lower realm, but it should be treated like a haunted place and demons. That is to say, hail, lightning, tornadoes, demons, earth gods, planets, and Theurang, all of this is a manifestation of one’s own mind. Apart from one’s own mind, there is not a single truly existing object. One’s own mind is also originally free from all arising and ceasing, and one must recognize it as the Dharmakaya. At all times, one should perform the stages of visualization in a state that is inseparable from the view of emptiness. If you cannot do that, then abide in emptiness in between each session. This is called the equipoise in between, which is very important. 7. Again, abandon attachment to the physical body and consciousness, and one’s own consciousness becomes a nine-pointed golden vajra. It streaks through the sky, hails down, and strikes the hail-makers, the masters of hail, the blacksmith and his family, scattering them like bird feathers blown by the wind, hitting them on the copper mountain behind the iron fence. One’s own body becomes a pile of water bubbles, from which the vajra descends and strikes one’s own body and haunted places. Contemplate destroying it like dust, leaving no trace. Again, from the heart of one’s own Vajravarahi, a nine-pointed iron vajra streaks through the sky. All the masters of hail, the blacksmith and his family dissolve into the light of the vajra. The vajra descends and completely destroys the place where one lives and all the haunted places, as if crushing them with a pestle. 7. Again, golden vajras radiate out, visualize it like that. Again, radiate out a burning iron hammer-like consciousness. Hook the masters of hail and others together, descend and

============================================================

================== 第 5 段 ================== 【原始藏文】 ་བཅས་པ་ལ་ཕོག་རྡུལ་དུ་བརླགས་ནས་རྗེས་མེད་པར་བསམ། ༧ ཡང་རང་ཉིད་རྗེ་བཙུན་མ་སྐུ་མདོག་དམར་མོའི་སྐུ་ལས་གནམ་ལྕགས་ཀྱི་ཚྭ་ཚྭ་ཐོག་ལྟ་བུ་འཕྲོས། ཐོག་ཐོག་བདག་དང་བཅས་པ་བཀུག་ནས་མཉམ་དུ་མར་བྲུལ། རང་གི་བེམ་པོ་གནས་དང་བཅས་པ་ལ་ཕོག་རྡུལ་དུ་བརླགས་ནས་མེད་པར་བསྒོམ། དེ་རྣམས་ནི་ཐོག་འབོམ་བསལ་བའི་དམིགས་པ་མི་གཅིག་པ་རྣམས་ཡིན་ཏེ། རང་གི་དམིགས་པ་གང་བྱས་པ་དེ་ལྷ་འདྲེ་དེ་དངོས་སུ་གྱུར་སོང་བར་མཐོང་ནས། ཐབ་བས་གཞོབ་སྔ་བའི་དཔེ་རང་ལུས་རང་གི་རིག་པས་ཐོག་བརྒྱབས་ནས་མེད་པར་བྱས་པས་ལྷ་འདྲེ་སྐྱིང་ནས་བྱེད་རྒྱུ་མི་རྙེད་པར་འགྱུར་བའི་གནད་ཡིན་ནོ། ༧ །ཡང་བེམ་རིག་ཕྲལ་ནས་དབྱིངས་རིག་བསྲེས་ཏེ་གཉན་ས་ཡུལ་ཕྱོགས་དེ་ཐམས་ཅད་ཤ་ཁྲག་གི་སྒྲོ་རྒྱ་མཚོ་རྦ་རླབས་རབ་ཏུ་འཁྲུག་པ་གཅིག་བསྒོམ། དེའི་ནང་དུ་གནོད་བྱེད་ཐོག་ཐོག་བདག་དང་བཅས་པ་བཀུག་བསྟིམ་དྲག་ཏུ་བྱས་ཏེ། ཤ་ཁྲག་གི་ནང་དུ་བྱིངས་ནས་མི་ཐར་བར་ དམིགས་པ་ནི་མནོལ་ཕབ་པ་ཡིན་ནོ། ༧ །ཡང་རང་གི་སྤྱི་བོར་གསེར་གྱི་འཁོར་ལོའི་རྩིབས་སྟོང་ལ་ཐུབ་པ་སྟོང་བསྒོམ། དེ་ཐམས་ཅད་ཕྱག་གཡོན་མི་རྐང་གི་གླིང་བུ་ཚག་ཏིར་ཏིར་འབུད་ཅིང་གཡས་མི་ལྤགས་ཀྱི་གཡང་གཞི་དམར་ཙ་རེ་བ་བརྡབས་པས། གནོད་བྱེད་ཐོག་བདག་ཐམས་ཅད་དཔག་ཚད་རྒྱང་གྲགས་སུ་ཡང་མི་ཆགས་པར་ཕྱིའི་ལྕགས་རིའི་ཕར་རྒྱབ་ཏུ་བདས་པར་དམིགས་པ་ནི། ཕྱག་མཚན་གྱིས་བསྒྱུར་པས་བསྐྲད་ཆོག་བྱེར་གཏོར་གྱི་དམིགས་པའོ། ༧ །ཡང་ནད་པའམ་བསྲུང་བྱ་ལ་སྙེམས་མེད་དམ་ཐོག་དམིགས་ལུང་མེད་པར་ཐོག་ཕོག་ན། རང་གི་སྐྲ་དང་སེན་མོ་བསྲེགས་ནས་བདུག་པས་མནོལ་ཕབ་པས། རང་ཉིད་རྗེ་བཙུན་མ་ནག་མོ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ། གྲི་གུག་ཐོད་ཁྲག་བསྣམས་པ་ཆེ་ལ་འཇིགས་པར་བསྐྱེད་ལ་ལུས་ལ་མ་ཐུག་པར་སྟེང་དུ་ཕར་མཆོངས་ཚུར་མཆོངས་བྱ་ཞིང་། ཕཊཿསྒྲ་དང་རོལ་མོའི་སྒྲ་ཆེ་བར་བྱ། རཱ་ཧུ་ལ་ཐོག་ཐོག་བདག་བཀུག་ལ་བསྟིམས། དེ་ནས་ནད་པའི་ལུས་ལ་ཚོགས་འཁོར་ཡར་མཆོད་མར་སྦྱིན་བྱ། ནད་པ་ལ་རྨ་བྱུང་ནི་གདའ་ན་དྲི་ཆུ་བཏབ་ལ་རྨ་མེད་པར་བསྒོམ། ཡང་ཐོག་ཟེར་ལྟ་བུའམ་གཡས་གཡོན་དུ་ཐོག་བརྒྱབས་ པས་ནད་པའམ་བསྲུང་བྱ་བརྒྱལ་ནས་དབུགས་མེད་པ་དྲོད་མ་ཡལ་ན། རང་ཉིད་མ་གཅིག་གམ་རྗེ་བཙུན་མར་གསལ་བ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་ནད་པའི་རྣམ་པར་ཤེས་པ་དེ་བཀུག་ལ་ཡང་ཡང་བསྟིམ། རོལ་མོ་དཀྲོལ་ཅིང་ཕཊསྒྲ་བཏབ་གསོལ་འདེབས་དྲག་པོ་བྱའོ། །དེ་

【漢語翻譯】 觀想將一切都化為塵埃,不留痕跡。7、再次觀想自己是至尊度母,紅色身軀放出如鐵雹般的閃電。將一切閃電的主人和自己一同勾召下來,一起碾碎。觀想自己的身體連同所處之地都化為塵埃,消失不見。這些是消除雷擊的不同觀想方法。無論你進行哪種觀想,都要觀想神靈或惡魔已經真實顯現。就像用火鉗提前燒灼一樣,用自己的智慧對自己的身體進行雷擊,使其消失,這樣神靈或惡魔就會感到害怕,無計可施。7、再次將肉體和意識分離,將空性與意識融合,觀想所有兇險之地都變成血肉之海,波濤洶涌。將一切加害的閃電主人和自己一同勾召並強烈融入其中。觀想他們沉溺在血肉之中,無法逃脫,這就是降伏邪靈的方法。7、再次觀想在自己的頭頂,有一個金輪,金輪有一千個輻條,每個輻條上都有一千個能仁。他們都用左手吹奏人腿骨製成的笛子,發出「嚓提爾提爾」的聲音,右手敲擊紅色的人皮鼓。觀想一切加害的閃電主人都無法靠近一尋的距離,被驅趕到外鐵圍山的另一邊。這就是用手印轉變來驅逐、遣散、摧毀的觀想。7、如果病人或受保護者沒有自恃或沒有雷擊的預兆,卻遭受雷擊,就焚燒自己的頭髮和指甲,用煙燻來降伏邪靈。觀想自己是黑色的至尊度母,身穿八種尸林裝束,手持彎刀和顱碗,顯得高大而恐怖,不接觸身體,而在上方跳躍,發出「啪(phaṭ,摧破)」的聲音和巨大的樂器聲。勾召並融入羅睺羅和一切閃電主人。然後,在病人身上進行會供,向上供養,向下佈施。如果病人有傷口,就塗抹尿液,並觀想傷口消失。或者,如果像閃電一樣,左右遭受雷擊,導致病人或受保護者昏厥,沒有呼吸,體溫尚未消失,就觀想自己是瑪吉拉準或至尊度母,從中發出無量如鐵鉤般的光芒,勾召病人的意識,並反覆融入。演奏樂器,發出「啪(phaṭ,摧破)」的聲音,並進行強烈的祈禱。就這樣。

【英語翻譯】 Visualize everything being reduced to dust, leaving no trace. 7. Again, visualize yourself as the supreme Jetsunma, with a red-colored body emitting lightning like hailstones of iron. Summon all the lightning lords, including yourself, and crush them together. Visualize your own body, along with the place where you are, being reduced to dust and disappearing. These are different visualizations for dispelling lightning strikes. Whichever visualization you do, see that the deity or demon has actually appeared. Just as if using tongs to pre-scorch, use your own wisdom to strike your own body with lightning, causing it to disappear, so that the deity or demon will be afraid and unable to do anything. 7. Again, separate the physical body and consciousness, and mix the space and consciousness, visualizing all the dangerous places as an ocean of flesh and blood, with waves raging violently. Summon all the harmful lightning lords, including yourself, and strongly absorb them into it. Visualize them sinking into the flesh and blood, unable to escape, which is the method of subduing evil spirits. 7. Again, visualize on your crown a golden wheel with a thousand spokes, and on each spoke a thousand Buddhas. All of them blow the flute made of human leg bone with their left hands, making the sound “tsag tir tir,” and strike the red human skin drum with their right hands. Visualize that all the harmful lightning lords cannot approach even a fathom’s distance, and are driven to the other side of the outer iron fence. This is the visualization of expelling, scattering, and destroying by transforming with hand gestures. 7. If a patient or someone to be protected is struck by lightning without arrogance or a sign of lightning, burn your own hair and nails and use the smoke to subdue the evil spirits. Visualize yourself as the black Jetsunma, wearing the eight charnel ground garments, holding a curved knife and a skull cup filled with blood, appearing large and terrifying, not touching the body, but jumping up and down above it, making the sound “Phaṭ” and loud musical sounds. Summon and absorb Rahula and all the lightning lords. Then, perform a tsokhor (gathering) for the patient’s body, offering upwards and giving downwards. If the patient has wounds, apply urine and visualize the wounds disappearing. Or, if the patient or someone to be protected faints and loses breath but the warmth has not yet disappeared due to lightning strikes on the left and right sides, visualize yourself as Machig Labdrön or Jetsunma, from whom emanate immeasurable rays of light like iron hooks, summoning the patient’s consciousness and repeatedly absorbing it. Play music, make the sound “Phaṭ,” and offer intense prayers. That’s it.

============================================================

================== 第 6 段 ================== 【原始藏文】 ནས་ཐོག་བསྲུང་དམིགས་པ་རྒྱས་པ་ནི། དང་པོ་ལུས་ལ་ཆགས་ཞེན་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལུས་བློས་ཐེང་བར་སྦྱིན་པར་བཏང་སྙམ་དུ་སེམས་བསྐྱེད། དེ་ནས་རང་འདུག་ས་དེ་གསེར་གྱི་ས་གཞི་ཆགས་འཇིག་དང་བྲལ་བ་ཆོས་ཀྱི་སྐུའི་རང་བཞིན། དེའི་དབུས་སུ་རང་དང་བསྲུང་བྱ་ཐམས་ཅད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་འོད་དུ་ཞུ་ནས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཡོར་གྱི་རྭ་དབུས་མ་དེ་སྲིད་པའི་རྩེ་ལ་བུད་པ། རྭ་ལྔའི་ནང་དུ་ཡུམ་ཆེན་མོ་རྒྱལ་བ་རིགས་ལྔ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ། འོག་གི་རྭ་དབུས་མ་དེ་མར་གསེར་གྱི་ས་གཞི་ལ་ཐེལ་ཟུག་པའི་རྭའི་ནང་དུ། ཁྲོས་མ་དང་མཁའ་འགྲོ་སྡེ་བཞི་འཁོར་དང་བཅས་པས་གནོད་བྱེད་དམ་ལ་འདོགས་པར་བསྒོམ། རྡོ་རྗེའི་ལྟེ་བ་གསེར་གྱི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རང་གི་ཡི་དམ་ལྷའི་གཞལ་ཡས་ ཁང་གི་དབུས་སམ། ཡི་དམ་གྱི་སྤྱི་བོར་སྒོམ་ཡང་རུང་སྟེ་རང་གི་རིག་པ་གསེར་གྱི་བྱ་ཁྱུང་སེར་པོ་སྤྱན་གསུམ་པ་ཀླུ་དང་ས་བདག་ཟས་སུ་ཟ་བ། རང་གི་བུ་སློབ་བསྲུང་བྱ་ཐམས་ཅད་ཀྱང་བྱ་ཁྱུང་རང་དང་འདྲ་བར་གྱུར་ནས། རང་ལ་བསྐོར་ནས་ཡོད་པར་བསྒོམ། དེ་ནི་སྲུང་འཁོར་ཡིན་ལ། དེ་ནས་ཐོག་བཟློག་པའི་དྲག་ལས་དམིགས་པ་ནི། རང་ཉིད་བྱ་ཁྱུང་གི་ཐུགས་ཀར་ཡུམ་ཆེན་མོའི་ས་བོན་ཨ་སེར་པོ། དེ་ལས་འོད་ཟེར་འཕྲོས་པས་གསེར་གྱི་རྡོ་རྗེ་སེར་པོ་རྣོ་ངར་དང་ལྡན་པ་གྲངས་མེད་པ་ནམ་མཁའ་གང་བར་སྤྲོས་ཏེ། གནོད་བྱེད་ཐོག་ཐོག་བདག་མགར་བ་མགར་ཚང་བྲན་གཡོག་འབྲུག་འབྲུག་ཞོན་གཟའ་དང་བཅས་པ་ལ་བརྒྱབ་ཅིང་དེད། མར་གསེར་གྱི་ས་གཞི་ལ་བཅར་ནས་ལུས་གཏོར། རྣམ་ཤེས་རང་གི་ཐུགས་ཀའི་ཡུམ་ཆེན་མོའི་ས་བོན་ལ་བསྲེས་ཏེ། དམིགས་མེད་དུ་བཞག་ལ་དབྱིངས་རིག་བསྲེ། མཐར་བསྔོ་བ་སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ་བོ། ༧ །ཡང་ན་ནམ་མཁར་གསེར་གྱི་གདུགས་ཆེན་པོ་ཡུལ་རིས་བསྲུང་བྱ་ཐམས་ཅད་ཁེབས་པ། ཡེ་ཤེས་ཀྱི་མེ་ཆེན་འབར་བས་ཐོག་ཐོག་བདག་སྡེ་བརྒྱད་བསྲེགས་པ་དེའི་འོག་ཏུ་གསེར་གྱི་འཁོར་ལོ་རྩིབས་སྟོང་ཁ་སྦྱོར་ བའི་ནང་དུ་རང་དང་བསྲུང་བྱ་ཐམས་ཅད་ཚུད་ཅིང་རྩིབས་ལ་མེ་འབར་བས་གནོད་བྱེད་ཐོག་ཐོག་བདག་བསྲེགས་པས། དེའི་དབུས་སུ་རང་ཉིད་མཁའ་འགྲོ་མ་དམར་མོ་བསྒོམས་པའི་ཞབས་འོག་ཏུ་ཐོག་བདག་བཀུག་ལ་འགུལ་དབང་མེད་པར་ཟིལ་ཆེན་པོས་མནན་ནོ། །དེ་ནི་སྟེང་འོག་བར་གསུམ་གྱི་ཐོག་བསྲུང་ངོ་། ༧ །ཡང་ཁྲོས་མའམ་ཡི་དམ་གང་རུང་བསྒོམ་པའི་སྤྱི་བོར

【漢語翻譯】 關於冰雹防護的詳細觀想:首先,生起這樣的心念:爲了所有眾生的利益,毫不執著于身體,慷慨地施捨身體。然後,自己所處的地點是金色的地面,遠離生滅,是法身的自性。在其中心,自己和所有被保護者的蘊、界、處都融化成光,變成金色的五股金剛杵,其上方的中央角刺入有頂。五角之中,觀想大母,五部佛,由佛菩薩圍繞。下方的中央角刺入金色的地面,在角的內部,觀想忿怒母和四部空行母及其眷屬束縛加害者。金剛杵的中心,在廣闊的金帳篷里,觀想自己本尊的宮殿中央,或者觀想在本尊的頭頂,都可以,自己的覺性是金色的鵬鳥,黃色,三眼,以龍和地神為食。自己的弟子、所有被保護者也變成和自己一樣的鵬鳥,觀想他們圍繞著自己。這是保護輪。然後是冰雹回遮的猛烈事業觀想:自己是鵬鳥,在心間是大母的種子字阿(ཨ,梵文天城體:अ,梵文羅馬擬音:a,漢語字面意思:阿,)。從那裡放射出光芒,幻化出無數鋒利的金黃色金剛杵,充滿天空。擊打併驅趕加害者冰雹之主,鐵匠、鐵匠家族、奴僕、龍、龍騎者和星曜等。向下逼近金色的地面,摧毀他們的身體。將他們的神識融入自己心間的大母種子字,安住在無分別中,混合法界與覺性。最後,以清凈的迴向和願望來鞏固。7。或者,在天空中,觀想巨大的金色傘蓋覆蓋著所有地區和被保護者。智慧之火熊熊燃燒,焚燒冰雹之主和八部眾。在其下方,觀想金色的法輪,千輻輪輻相互連線,自己和所有被保護者都包含在其中,輪輻上燃燒著火焰,焚燒加害者冰雹之主。在其中心,自己觀想為紅色空行母,雙足之下,壓制冰雹之主,使其無法動彈,以強大的威力鎮壓。這是上、下、中三方的冰雹防護。7。或者,在觀想忿怒母或任何本尊的頭頂

【英語翻譯】 The detailed visualization for hail protection: First, generate the thought that, for the benefit of all sentient beings, without attachment to the body, generously give away the body. Then, the place where you are is a golden ground, free from arising and ceasing, the nature of the Dharmakaya. In its center, the aggregates, elements, and sense bases of yourself and all those to be protected dissolve into light, transforming into a golden five-pronged vajra, with its upper central horn piercing the peak of existence. Within the five horns, visualize the Great Mother, the Five Conqueror Families, surrounded by Buddhas and Bodhisattvas. The lower central horn pierces into the golden ground, and within the horn, visualize the Wrathful Mother and the four classes of Dakinis and their retinues binding the harm-doers. In the center of the vajra, within a vast and spacious golden tent, visualize the center of the palace of your yidam deity, or visualize it on the crown of the yidam’s head, either is fine. Your own awareness is a golden Garuda, yellow, with three eyes, devouring nagas and earth lords. All your disciples and those to be protected also transform into Garudas like yourself, and visualize them surrounding you. This is the protection wheel. Then, the visualization of the fierce activity of hail reversal: You yourself are the Garuda, and at your heart is the seed syllable A (ཨ,梵文天城體:अ,梵文羅馬擬音:a,漢語字面意思:阿,) of the Great Mother. From there, rays of light radiate, emanating countless sharp and powerful golden vajras, filling the sky. They strike and drive away the harm-doers, the hail lords, blacksmiths, blacksmith families, servants, dragons, dragon riders, and planets. Approaching the golden ground downwards, they destroy their bodies. Merge their consciousness into the Great Mother’s seed syllable at your heart, abide in non-duality, and blend the Dharmadhatu with awareness. Finally, seal it with pure dedication and aspirations. 7. Alternatively, in the sky, visualize a huge golden umbrella covering all regions and those to be protected. A great fire of wisdom blazes, burning the hail lords and the eight classes of beings. Below it, visualize a golden wheel with a thousand spokes, the spokes connecting with each other. You and all those to be protected are contained within it, and flames burn on the spokes, incinerating the harm-doers, the hail lords. In its center, visualize yourself as a red Dakini, and under your feet, suppress the hail lords, rendering them unable to move, subduing them with great power. This is the hail protection of the upper, lower, and intermediate directions. 7. Alternatively, on the crown of the head of visualizing the Wrathful Mother or any yidam

============================================================

================== 第 7 段 ================== 【原始藏文】 ་གསེར་གྱི་འཁོར་ལོའི་ལྟེ་བར་ཤཱཀྱ་ཐུབ་པ་སྐུ་ཤིན་ཏུ་ཆེ་བ། མཚན་དང་དཔེ་བྱད་གཟི་བརྗིད་འབར་བ། རྩིབས་སྟོང་ལ་བསྐལ་བཟང་གི་སངས་རྒྱས་སྟོང་ངམ་ཐུབ་པ་སྟོང་བསྒོམ། རང་དང་བསྲུང་བྱ་ཐམས་ཅད་ཀྱི་འོག་ཏུ་རྡོ་རྗེའི་ས་གཞི་གཞོམ་གཞིག་དང་བྲལ་བའི་སྟེང་དུ། གཡུའི་གྲོད་པ་ཆེན་པོ་རང་དང་བསྲུང་བྱའི་འོག་གཞི་ཁྱབ་པ་གཅིག་རྐང་པས་མནན་ཞིང་ཡོད་པ། ཕྱོགས་བཞི་མཚམས་བརྒྱད་ཐམས་ཅད་མཁའ་འགྲོ་མའི་རྭ་གུར་ཏེ། ཤར་དང་ཤར་ལྷོ་ཐམས་ཅད་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། ལྷོ་དང་ལྷོ་ནུབ་ཐམས་ཅད་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་དང་ནུབ་བྱང་ཐམས་ཅད་པདྨ་མཁའ་འགྲོ་མ་དམར་མོ། བྱང་དང་བྱང་ཤར་ཐམས་ཅད་ལས་ཀྱི་མཁའ་་འགྲོ་མལྗང་མོ་ཐམས་ཅད་ཞལ་ ཕྱིར་གཟིགས་ནས་གཡང་གཞི་རྡེབ་ཅིང་། རྐང་གླིང་འབུད་པས་ཐོག་སེར་ཟློག་པར་བསྒོམ་སྟེ། འདི་ནི་སྟེང་འོག་བར་གསུམ་གྱི་ཐོག་བསྲུང་ཟབ་མོའོ། །འདི་ནི་སྔོན་ཆད་ཚང་མ་ཡི་གེར་བཀོད་པ་མེད་མོད་ཀྱང་། དེང་འདིར་ཕན་སེམས་ཀྱིས་སྙན་བརྒྱུད་ཡི་གེར་བཀོད་པའོ། ༧ །ཡང་དམིགས་པ་རྒྱ་ཆེན་པོ་མ་ཟིན་པའམ་རང་ཁོ་ནའི་ཐོག་བསྲུང་ལ། རང་ཉིད་ཡི་དམ་དམ་ཁྲོས་མའི་དབུ་ཐོག་ཏུ་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་སྟེང་དུ་ཐུབ་པ་སྐུ་ཤིན་ཏུ་ཆེ་བ། རང་དང་གནས་ཁང་ཁེབས་པ། ཕྱོགས་བཞི་མཚམས་བརྒྱད་དུ་མཁའ་འགྲོ་ཤུགས་འགྲོ་བརྒྱད་ཞལ་ཕྱིར་གཟིགས་པ་རང་གི་རྐང་ཞབས་སུ་གཡུའི་གྲོད་པ་གཅིག་མནན་ནས་ཡོད་པར་བསྒོམས་པས་ཆོག །ཡང་ཤིན་ཏུ་དྲག་དམིགས་གནམ་ས་གོ་ལྡོག་གི་སྒོ་ནས། །སྟེང་ཐོག་འོག་ཐོག་བསྲུང་བ་ནི། ཧ་ཅང་ཉེས་པ་ཆེ་བས་འདིར་མ་བཀོད། ཞལ་དུ་གབ་བོ། ༧ །སྒྲ་གྲག་ཅན་སྤྱི་བོར་གྲག་ཙམ་ན། རང་རྩལ་སེང་གེ་དཀར་མོའི་དཔའ་རྩལ་མ་ཤེས་ན་དེ་ཡང་རི་འགྲིམ་ཅུང་ཞིག་དཀའ། ཞེས་པའི་དོན་འབྲུག་སྐད་བཅག་པ་ནི། རང་གི་རིག་པའི་ངོ་བོ་དེ་སེང་གེ་རྔམ་ཞིང་བརྗིད་པ། སྤྱན་མིག་ཉི་མ་དང་ཟླ་བ། སོ་དང་སེན་ མོ་གནམ་ལྕགས་འབར་བ་ལས་གྲུབ་པ་དེ། འབྲུག་གྲག་མ་ཐག་ཏུ་ནམ་མཁའ་ལ་མཆོངས་ནས་འབྲུག་ས་ལ་ཕབ། འབྲུག་སྐེ་རྦད་ཀྱིས་བཅད་ཨོལ་ཁྲོང་ཙར་གྱིས་བཏོན་ནས་ཟོས། རི་བྲག་དང་ལྷ་འདྲེ་ཐམས་ཅད་ཀྱང་རྗེས་མེད་དུ་བཏང་བར་བསྒོམ། ༧ ཡང་རང་ཉིད་རྗེ་བཙུན་མའི་ཐུགས་ཀ་ནས་འོད་ཟེར་གྱི་ཞགས་པ་མདའ་འཕང་བ་ལྟར་སོང་། འབྲུག་དེ་བཀུག་ཅིང་བཀུག་ནས་རང་གི་ཞབས་སུ་ཚུད། དེ་མ་ཐག་ཏུ་རང་ཉིད་སེང་གེ་ཆེན་པོ་རི་རབ་ཙམ་ས་གཞི་བར་སྣང་གང་བས་གཟི་བརྗིད་ཆེན་པོས

【漢語翻譯】 在金輪的中心,釋迦牟尼佛身軀極其巨大,具足妙相好,光芒萬丈。在千輻輪上觀想賢劫千佛或千尊能仁。自身和所有受守護者的下方,在不可摧毀的金剛地基之上,有一個巨大的青玉腹部,遍佈自身和受守護者的下方地基,被一隻腳踩著。所有四面八方都是空行母的帳篷:東方和東南方都是金剛空行母白色的,南方和西南方都是珍寶空行母黃色的,西方和西北方都是蓮花空行母紅色的,北方和東北方都是事業空行母綠色的,所有這些都面朝外,敲擊著揚基(招財物),吹奏著腿骨號,觀想以此來遮擋冰雹。這是上中下三方的甚深冰雹防護。這些以前都沒有被記錄下來,但今天爲了利益他人,我將口耳相傳的記錄下來了。7. 另外,如果目標不夠宏大,或者只是爲了保護自己,觀想自己作為本尊忿怒母,頭頂上有一個八輻金輪,上面有一個極其巨大的能仁,覆蓋了自己和住所。在四面八方,八位迅疾空行母面朝外,觀想自己的一隻腳踩在一個青玉腹部上就可以了。另外,通過天地倒轉的方式進行非常猛烈的觀想,上下防護,因為罪過太大,所以這裡不寫了,秘密隱藏。7. 如果聽到聲音在頭頂響起,如果不瞭解白獅子的力量,那麼在山裡行走也會有些困難。所謂「打破龍語」的意思是:自己覺性的本質是獅子,威嚴而莊重,眼睛是太陽和月亮,牙齒和爪子是由燃燒的隕鐵製成的。龍一發出聲音,就跳到空中,把龍打倒在地,猛地砍斷龍的脖子,挖出龍的喉嚨吃掉。觀想山石和妖魔鬼怪都被消滅得無影無蹤。7. 另外,從自己至尊女的心間發出光芒的繩索,像射箭一樣射出,把龍鉤住又鉤住,讓它來到自己的腳下。然後觀想自己變成一座像須彌山一樣巨大的獅子,充滿大地和虛空,光芒萬丈。

【英語翻譯】 In the center of the golden wheel, Shakyamuni Buddha is extremely large, possessing excellent marks and signs, blazing with glory. On the thousand-spoked wheel, contemplate the thousand Buddhas of the Fortunate Aeon or a thousand Thubpas (able ones). Beneath oneself and all those to be protected, upon the indestructible vajra ground, there is a large turquoise belly, pervading the ground beneath oneself and those to be protected, being pressed down by one foot. All four directions and eight intermediate directions are the tents of dakinis: all of the east and southeast are Vajra Dakini, white; all of the south and southwest are Ratna Dakini, yellow; all of the west and northwest are Padma Dakini, red; all of the north and northeast are Karma Dakini, green. All of these face outwards, striking the yang-zhi (attracting wealth), blowing the leg-bone trumpet, contemplate this to avert hail. This is a profound hail protection for the upper, middle, and lower realms. These were not previously recorded, but today, for the benefit of others, I am recording the oral transmission. 7. Furthermore, if the aim is not grand, or just to protect oneself, contemplate oneself as the yidam Damkrosa, on top of whose head is a golden eight-spoked wheel, on which is an extremely large Thubpa, covering oneself and the dwelling. In the four directions and eight intermediate directions, the eight swift-going dakinis face outwards, and it is sufficient to contemplate oneself pressing down on a turquoise belly with one’s foot. Furthermore, through the method of inverting heaven and earth, a very fierce contemplation, protecting above and below, is not written here because the sin is too great. It is hidden in the face. 7. If a sound is heard just above the crown of the head, if one does not know the power of the white lion, then walking in the mountains will also be somewhat difficult. The meaning of “breaking the dragon’s speech” is: the essence of one’s own awareness is a lion, majestic and dignified, its eyes are the sun and moon, its teeth and claws are made of burning meteoric iron. As soon as the dragon makes a sound, it jumps into the sky and throws the dragon to the ground, violently cuts off the dragon’s neck, digs out the dragon’s throat and eats it. Contemplate that the mountains, rocks, and demons are all annihilated without a trace. 7. Furthermore, from the heart of oneself as Jetsunma, a lasso of light goes out like a shot arrow, hooking the dragon again and again, causing it to come to one’s feet. Then contemplate oneself becoming a great lion as large as Mount Meru, filling the earth and space with great glory.

============================================================

================== 第 8 段 ================== 【原始藏文】 ་འབྲུག་མནན་ཅིང་སེང་གེའི་ངར་སྐད་བསྒྲགས་པར་བསྒོམ། དམིགས་པ་དེ་གཉིས་ནི་འབྲུག་སྒྲ་ཆེ་ནས་མ་བཟོད་ན་བྱའི་གཞན་ལ་མི་དགོས་སོ། ༧ །ཡང་རང་ཉིད་རྗེ་བཙུན་མ་སྐུ་མདོག་དམར་འོད་ལྡེམས་སེ་བའི་ཐུགས་ཀ་ནས། རྡོ་རྗེའི་ཞགས་པའམ་འོད་ཟེར་ཞགས་པ་ལྟ་བུ་དཔག་ཏུ་མེད་པ་ན་ར་ར་འཕྲོས་ནས། འབྲུག་གི་མཚུལ་པ་གློག་དང་བཅས་པ་བཅིངས། སྐེ་ཡན་ཆད་སྣལ་མས་འཕང་དཀྲིས་པ་ལྟར་དྲིལ་ནས། མར་བཀུག་ནས་འབྲུག་གི་མཚུལ་པ་གློག་དང་བཅས་པ་རང་གི་གདན་འོག་ཏུ་ཚུད་པར་བསྒོམ། དེ་ནི་གློག་ལྕེ་བཅིངས་བ་སྟེ་གློག་དམར་མི་ བཟོད་པ་དང་། རི་མཐོན་པོའི་རྩེ་ལྟ་བུ་ན་གློག་ཞགས་ཀྱི་མི་རྦབ་ལ་འཕེན་པ་འོང་བས་དེ་འདྲ་ལ་བྱའི་གཞན་ལ་མི་དགོས་སོ། ༧ །ཡང་ཐོག་འབྲུག་གློག་གསུམ་ལ་དམིགས་པ་གཅིག་ཆོག་མ་ནི། རང་ཉིད་རྗེ་བཙུན་མ་དམར་མོའི་ཐུགས་ཀ་ནས་གནམ་ལྕགས་ཀྱི་རྡོ་རྗེ་གཅིག་འཕྲོས། ཐོག་འབྲུག་གི་ལྕེ་དང་མཚུལ་པ་རྣམས་བསྒྱུར་ནས་ནམ་མཁར་སོང་། ཡང་མར་བྱུང་འབྲུག་གི་མཚུལ་པ་བསྒྱུར། ཐོག་འབྲུག་གློག་གསུམ་རྡོ་རྗེའི་འོད་ལ་ཐིམ། རྡོ་རྗེ་མར་བྲུལ་གཉན་སའི་རི་བྲག་ལ་བརྒྱབས་པས་ཕྱོགས་བཅུར་ཐར་རེ་གཏོར་བའམ། མར་བབ་རང་ལ་ཐིམ་པས་སྟོང་པ་ཉིད་དུ་གྱུར་པར་བསྒོམ། ༧ ཡང་གཉན་སའི་ཐོག་སེར་འོང་ཁར་གདོན་ཆེན་པོའི་གཟི་བྱིན་གྱི་ཆོ་འཕྲུལ་གྱི་ཟིལ་གྱིས་གནོན་ནས། ཚ་ངབ་ངབ་འཇིགས་འབ་འུབ་སྐྲག་ཛབ་ཛབ་པ་བ་སྤུ་ལང་བ་གློ་སྙིང་འདར་བ་སྟག་ཁུང་ཚ་འུར་འུར་བྱེད་པ་སོགས་བྱུང་ན་གཟི་བརྗིད་ཕྲལ་བ་ནི། རང་གི་ཐུགས་ཀ་ནས་འོད་ཀྱི་འཁོར་ལོ་སྦྲ་ཙམ་མམ་ཕུབ་ཙམ་པ་ཞིག་འཕྲོས་པས། ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་ཀྱི་སྲོག་ཡིག་ཞྭ་དམར་ནག་གི་གཟུགས་སུ་ཡོད་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བླང་པ་ལྟར་འོད་འཁོར་དེ་ལ་སིབ་ཀྱིས་ཐིམ་པས་ ཁོང་རྣམས་བཀྲག་མདངས་ཉམས་ནས་ནག་ཧམ་གྱིས་སོང་། འོད་ཀྱི་འཁོར་ལོ་རང་ལ་ཐིམ་པས་རང་ཉིད་མཐུ་སྟོབས་དང་གཟི་བརྗིད་རབ་ཏུ་རྒྱས་པར་བསྒོམ་མོ། ༧ །དེ་ཡང་རྔ་རྐང་དུང་ངམ་དྲིལ་བུའམ་དུང་དཀར་ལ་སོགས་ལ་ཐོག་སྔགས་འདི་བྲིས་པའམ་གྲོ་ཤོག་ལ་བྲིས་ཏེ་རང་སྔགས་བརྒྱ་རྩ་བརྒྱད་སོགས་ཀྱིས་རབ་གནས་བྱས་ཏེ་རོལ་མོ་ལ་བཏགས་ནས་འབུད་བཀྲོལ་བྱས་པས་ཐོག་མི་འོང་བའི་གདམས་ངག་མ་གཅིག་གི་གཅོད་ལུགས་ལས་བྱུང་བའོ། །ཨོཾ་གྷ་ཧུ་ར་ཧུ་པ་ཧེ་ཛ་ལ་དྷ་ཐཱཿ དེ་དག་ནི་གཅོད་ལུགས་ཁོ་ན་ཡིན་ལ། ། གཅོད་ལུགས་མ་ཡིན་པའི་མདོ་ལུགས་གསེར་འོད་དམ་པ་ནས་གསུངས་པ་དང་། སྔགས་གསར་

【漢語翻譯】 觀想壓住龍併發出獅子的吼聲。如果無法忍受巨大的雷聲,這兩個目標就不需要其他的了。 7. 再次,觀想自己是至尊聖母,身體發出紅色光芒,從心間發出無數的金剛套索或光芒套索,纏繞住帶有閃電的龍的尾巴。像用線纏繞脖子以上的部分一樣纏繞,然後向下彎曲,觀想帶有閃電的龍的尾巴進入自己的座位下。這是束縛閃電之舌,無法忍受紅色的閃電。如果在高山頂峰等地方出現閃電套索的瀑布,就這樣做,不需要其他的。 7. 此外,對於雷、龍、電三者,一個目標就足夠了。觀想自己是紅色至尊聖母,從心間發出一道天鐵金剛杵,轉變雷龍的舌頭和尾巴,升入天空。再次,向下轉變龍的尾巴。雷、龍、電三者融入金剛杵的光芒中。金剛杵向下墜落,擊打在兇猛之地的山巖上,向四面八方散落,或者向下融入自己,觀想變成空性。 7. 此外,在兇猛之地要降冰雹時,以大魔的威嚴和神通力壓制,如果出現發熱、恐懼、驚嚇、毛髮豎立、心跳加速、老虎洞發熱等現象,就要分離光輝。從自己的心間發出一個帳篷大小或圓盤大小的光輪,所有神鬼八部的命符,都以紅黑帽子的形象存在,像磁鐵吸鐵一樣,融入光輪中,使他們失去光彩,變得漆黑。光輪融入自己,觀想自己變得更加強大和光輝。 7. 此外,在鼓、腿骨號、海螺或鈴鐺等上面寫上這個雷咒,或者寫在紙上,用自己的咒語一百零八遍等進行加持,然後掛在樂器上吹奏,這是一個不會降雷的訣竅,出自瑪吉拉準的斷法傳承。嗡 嘎 呼ra 呼 巴 嘿 匝 拉 達 塔 (藏文,梵文天城體,梵文羅馬擬音,漢語字面意思)。這些都是斷法傳承獨有的。不是斷法傳承的,而是出自《金光明經》等顯宗經典和新咒語。

【英語翻譯】 Meditate on suppressing the dragon and uttering the lion’s roar. If the loud thunder is unbearable, these two aims are not needed for others. 7. Again, visualize yourself as the venerable goddess, your body radiating red light, from whose heart emanates countless vajra lassos or rays of light like lassos, binding the dragon’s tail along with lightning. Wrap it around the neck and above as if winding it with thread, then bend it down, visualizing the dragon’s tail with lightning entering under your seat. This is binding the tongue of lightning, unbearable red lightning. If a waterfall of lightning lassos appears at the top of a high mountain, do it like that, it is not needed for others. 7. Furthermore, for the three, thunder, dragon, and lightning, one aim is sufficient. Visualize yourself as the red venerable goddess, from whose heart emanates a vajra made of sky-iron, transforming the tongues and tails of the thunder dragons, ascending into the sky. Again, transform the dragon’s tail downwards. The three, thunder, dragon, and lightning, dissolve into the light of the vajra. The vajra falls down, striking the mountain rocks of the fierce place, scattering in all directions, or falling down and dissolving into oneself, meditate on becoming emptiness. 7. Furthermore, when hail is about to come in a fierce place, suppress it with the glory and magical power of a great demon. If there are symptoms such as heat, fear, terror, hair standing on end, heart trembling, tiger holes feeling hot, etc., then separate the splendor. From your heart, emanate a wheel of light the size of a tent or a dome. All the life-letters of the eight classes of gods and demons, existing in the form of red and black hats, are absorbed into the wheel of light like iron being drawn by a magnet, causing them to lose their radiance and become pitch black. The wheel of light dissolves into oneself, meditate on oneself becoming greatly powerful and glorious. 7. Furthermore, write this thunder mantra on a drum, thighbone trumpet, conch shell, or bell, or write it on paper, consecrate it with your own mantra one hundred and eight times, etc., and attach it to the musical instrument and play it. This is a secret instruction to prevent thunder from coming, originating from the Chöd lineage of Machik Labdrön. Om Gha Hura Hupa He Dza Ladha Tah (藏文,梵文天城體,梵文羅馬擬音,漢語字面意思). These are unique to the Chöd lineage. What is not from the Chöd lineage is what is taught in the Sutra lineage, such as the Noble Golden Light Sutra, and the new mantras.

============================================================

================== 第 9 段 ================== 【原始藏文】 རྙིང་དུ་མ་ནས་ཐོག་སྔགས་དང་། ཐོག་དམིགས་དང་ཐོག་བསྲུང་གི་རྫས་དང་ཙཀྲ་སོགས་འབྱུང་བ་ནི་འདིར་སྐབས་དོན་མིན་པས་མ་བྲིས་སོ་སོའི་སྐབས་སུ་ཤེས་སོ། ༧ །དེ་ཡང་ཨུ་རྒྱན་རིན་པོ་ཆེའི་ལུང་བསྟན་ལས། དེང་སང་བཞི་བཅུ་ཁ་རལ་ཕྱིན་དུས་འདིར། །ཐོག་དང་ས་གཡོས་དམག་དང་མུ་གེ་འབྱུང་། །ཞེས་དང་། འཁྱུག་དང་གནམ་རྡོ་མང་དུ་སློང་། །ཞེས་གསུངས་པས། གཉན་ཐོག་མི་གཅོད་ན་ཡང་། ཐོག་དམིགས་རྣམས་ཤེས་དགོས་ སོ། །དེ་ཡང་སྟེང་ཐོག་ནི་སྤྲིན་ནག་འབྲུག་སྒྲ་དང་བཅས་པའི་ནང་ནས་འབྱུང་སྟེ། སྡེ་བརྒྱད་གང་རུང་གིས་བསྐུལ་ནས་དམ་ཅན་གྱིས་ཐོག་བརྡུང་སྟེ། གཟའ་བདུད་ལ་གཏད་པས་རྭ་ཝཱཧུ་ལ་འབྲུག་ལ་ཞོན་ནས་འཕེན་པ་སྟེ། ཕུར་སོ་མ་ཞེས་གར་བརྒྱབ་དེ་གཅིག་པུ་ལ་ཕོག་པ་ཞིག་ཡོད་དེ། འདི་ནི་ཕལ་ཆེར་ཤིང་སོགས་བཅག་ནས་འགྲོ་སྟེ། ཚ་རེག་ཆུང་ལ་ཤེད་དྲག་པོ་ཅན་ནོ། །སྦྱང་ཐལ་མ་ནི་མེའི་རང་བཞིན་འཐོར་ཞིང་འཐོར་ཞིང་འོང་བས་ཟེར་མ་མང་སྟེ་ཟེར་མ་སྐྱ་རྩེ་བརྒྱར་གཤག་ཙམ་ཕོག་ཀྱང་ལུས་ཐམས་ཅད་རྫུར་ནས་འགྲོ་སྟེ་འཆི་བར་བྱེད་དོ། །ཐོག་དངོས་ཕོག་ན་ཤིང་ལ་སོགས་པ་བསྲེགས་ནས་འགྲོ་བ་ཡིན་ནོ། །དེ་གཉིས་ཀ་ཡང་འཇིག་རྟེན་པའི་ཁ་ངག་ལས་མཐུ་ཐོག་གཉིས་པོ་ཟུར་ལ་འགྲོ་ཞེས་པས། རི་དང་བྲག་དང་ཐང་དང་ཁང་པ་དང་ཐ་ན་དར་ཁ་གང་བཞག་ཀྱང་དེའི་ཟུར་ལ་རྒྱབ་ཀྱི་དཀྱིལ་དུ་ཕོག་པ་ཉུང་བའི་ཕྱིར་ཐོག་འོང་གྲབས་བྱུང་ན་ཁང་བའི་གཞིས་འོག་དང་། ཐང་གི་ཟུར་རྣམས་སུ་མི་འདུག །དམིགས་པ་བཟུང་ཞིང་ཐོག་སྔགས་ལ་ཕཊསྒྲ་བཏབ་ཅིང་ཕར་རྒྱུག་ཚུར་བརྒྱུགས་བྱས་པས། འབེན་རྒྱུགས་ན་མདའ་གཏད་མི་བདེ་བ་ལྟར་མི་ཕོག་པའི་གནད་ཡོད་ཅེས་སློབ་ དཔོན་གྱི་ཞལ་ཤེས་སྙན་བརྒྱུད་ལ་ཡོད་དོ། ༧ །དེ་ཡང་སྟོང་པ་ཉིད་ཀྱི་ལྟ་བ་དང་མ་བྲལ་བ་དང་། ཡི་དམ་གྱི་བསྐྱེད་རིམ་གསལ་བ་དང་ཐོག་དམིགས་ཟིན་ན་མི་རྒྱབ། གལ་ཏེ་ཕོག་ཀྱང་སྐྱོན་ཆེར་མི་འབྱུང་ངོ་། །སྟོན་པའི་སྐུ་ཆགས་ཚད་ལྡན་ཞིང་རབ་གནས་ཅན་ལ་མི་རྒྱག་བརྒྱབ་ཀྱང་རྟེན་ནོ། །རྒེ་བེའམ་བལ་ཕྱིང་ཆུས་བང་བས་ཅུང་ཟད་རྟེན་ནོ། །ནས་ཀྱི་ཕུབ་རྒོད་དྲ་མ་ཁོ་ན་མང་བ་དེས་ཡུད་ཙམ་རྟེན་ནོ། །བྱིན་རླབས་རྟེན་དང་སྲུང་འཁོར་ཟབ་མོའི་ཅུང་ཟད་ཕན་ནོ། །འོག་ཐོག་ནི་འོག་འཁྱུག་སྟེ་ས་འོག་ནས་འོང་སྟེ་སྟེང་ཐོག་བས་ཅུང་ཟད་ནུས་པ་ཆུང་ཟེར་རོ། །བར་ཐོག་ནི་རི་མགོ་ལྟ་བུ་ནས་འཕྲད་དུ་མདའ་ལྟར་འོང་བ་དང་། རླུང་ཐོག་ཆེན་པོས་ཁང་པ་དང་སྦྲ་གུར་ཁྱེར་བ་དང་། མི་གཡང་ལ་འཕེ

【漢語翻譯】 從古老的傳承中,關於雷電咒語、雷電觀想、雷電防護的物品和壇城等出現,在此並非主要內容,故不書寫,在各自的章節中瞭解。 7 。此外,鄔金仁波切的預言中說: 如今四十年衰敗之時, 會出現雷電、地震、戰爭和饑荒。 以及, 會出現閃電和冰雹。 如是說。 即使不能阻止惡劣的雷電, 也需要了解雷電的觀想。 那個,上方的雷電是從烏雲和雷聲中出現的。 由八部眾的任何一部驅動,由誓言神擊打雷電。 因為託付給了曜魔,羅睺騎著龍投擲。 叫做普索瑪,跳著舞擊中一個。 這個大多是折斷樹木等而去的。 觸感微熱,威力強大。 燃燒的灰燼是火的自性,散開散開而來,有很多火花,即使像灰色火花分成一百份那樣擊中,整個身體也會燒焦而死。 如果被真正的雷電擊中,樹木等會被燒燬。 這兩者,從世俗的口語中說,威力大的雷電二者會走向角落。 所以,無論放置山、巖石、平地、房屋,甚至經幡,都會落在它的角落裡,很少落在背後的中間,所以雷電要來的時候,不要待在房屋的根基下和平地的角落裡。 專注于觀想,唸誦雷電咒語併發出「啪」的聲音,來回奔跑。 就像追逐目標時難以瞄準箭一樣,有不會被擊中的要點,這是上師的口訣傳承中有的。 7 。此外,不離空性的見解, 儀軌本尊的生起次第清晰,並且掌握雷電觀想,就不會被擊中。 即使被擊中,也不會有太大損害。 具有符合標準的佛像,並且經過開光加持的,不會被擊中,即使擊中也會被擋住。 用蘆葦或羊毛氈浸濕后包裹可以稍微阻擋。 只有很多大麥的空殼網可以暫時阻擋。 加持物和甚深防護輪可以稍微起作用。 下方的雷電是地閃,從地下而來,據說比上方的雷電稍微弱一些。 中間的雷電是從山頂之類的地方像箭一樣射來, 大風雷電會捲走房屋和帳篷, 也會把人拋下懸崖。

【英語翻譯】 From ancient transmissions, concerning lightning mantras, lightning visualizations, substances for lightning protection, and mandalas, etc., arising, these are not the main topic here, so they are not written; understand them in their respective sections. 7. Furthermore, in the prophecy of Orgyen Rinpoche, it says: “Now, when forty years decline, lightning, earthquakes, wars, and famines will occur.” And, “Hailstorms and meteors will increase.” As it is said. Even if one cannot prevent severe lightning, one needs to understand the lightning visualizations. That is, upper lightning arises from within black clouds accompanied by thunder. Driven by any of the Eight Classes, oath-bound deities strike the lightning. Because it is entrusted to the Graha demons, Rahu rides a dragon and throws it. It is called Pursoma, dancing and striking one alone. This mostly breaks trees and goes. It has little heat but great power. Burning ash is the nature of fire, scattering and scattering as it comes, with many sparks; even if it strikes like a gray spark split into a hundred pieces, the whole body will be charred and die. If struck by real lightning, trees and so on will be burned. Both of these, from worldly speech, say that powerful lightning goes to the corners. Therefore, no matter what is placed—mountains, rocks, plains, houses, or even prayer flags—it strikes its corners, rarely hitting the middle of the back. So, when lightning is about to strike, do not stay under the foundation of houses or in the corners of plains. Focus on visualization, recite the lightning mantra and make the sound “Phat!,” running back and forth. Just as it is difficult to aim an arrow when chasing a target, there is a key to not being hit, which is in the oral transmission of the master. 7. Furthermore, if one does not stray from the view of emptiness, the generation stage of the yidam is clear, and one has mastered the lightning visualization, one will not be struck. Even if struck, there will be no great harm. Buddha images that are of standard size and consecrated will not be struck; even if struck, they will protect. Wrapping with reeds or wet wool felt can slightly protect. Only many barley husk nets can temporarily protect. Blessed objects and profound protection wheels can slightly help. Lower lightning is ground lightning, coming from underground, said to be slightly weaker than upper lightning. Middle lightning comes like an arrow from places like mountain peaks, and great wind lightning carries away houses and tents, and throws people off cliffs.

============================================================

================== 第 10 段 ================== 【原始藏文】 ན་།པ་དང་། རླུང་འཚུབ་དྲག་པོས་ཕ་བོང་དང་རྡོ་ཆེན་པོ་ནམ་མཁར་ཁྱེར་ནས་བརྡེག་པ་རྣམས་ཀྱང་བར་ཐོག་གི་བྱེ་བྲག་ཡིན་ནོ། །དེ་ལྟར་སྟེང་འོག་བར་གསུམ་གྱི་ཐོག་ལྟས་ཉམས་རྨི་ལམ་དུ་བྱུང་ན་དམིགས་པས་གཅུན་པ་དང་། དུས་མིན་དུ་འབྲུག་སྒྲ་དྲག་པོ་དང་། ཚྭ་ཚྭ་གློག་ཞགས་སོགས་བྱུང་ན་ཡང་ཐོག་དམིགས་བཟུང་དགོས་ཏེ། དུས་ངན་པའི་རྟགས་སུ་དུས་མིན་ འབྱུང་སྲིད་པའི་ཕྱིར་རོ། ༧ །དེ་ལྟར་རི་འགྲིམ་ཆར་འབོད་སེར་སྲུང་སོགས་གང་ལ་ཡང་ཉེ་བར་མཁོ་བའི་ཐོག་དམིགས་ཀྱི་རིམ་པ། ༧ རྗེ་བཙུན་དྲུང་པ་ཀུན་དགའ་རྣམ་རྒྱལ་གྱི་གསུང་རྒྱུན་ཟིན་བྲིས་ལ་གཞིར་བྱས་ཤིང་། གཞན་ཡང་མ་གཅིག་གི་དམིགས་འབུམ་རྣམས་དང་སློབ་དཔོན་གྱི་གསུང་རྒྱུན་སྙན་དུ་བརྒྱུད་པ་འགའ་ཟུང་ཡོད་པ་རྣམས། ཕྱོགས་གཅིག་ཏུ་བསྡེབས་ཏེ་རཱ་ག་ཨ་སྱས་གབ་སྦས་མེད་པར་བཀོད་པའོ། །འདི་བྲིས་འགལ་འཁྲུལ་ཉེས་པའི་ཚོགས་ཐམས་ཅད། །རྒྱལ་བ་སྲས་དང་བཅས་པ་ལ་བཤགས་ཤིང་། །དགེ་བ་མཆིས་ན་མ་རྒན་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་དམ་པ་ཐོབ་ཕྱིར་བསྔོ། །དམིགས་རིམ་འདི་རྣམས་ཉམས་སུ་སུས་བླངས་བསྲུང་བྱ་དང་བཅས་པ་ཐམས་ཅད་འཆི་མེད་རྡོ་རྗེའི་སྐུ་ཐོབ་ནས། བཀྲ་ཤིས་དགེ་མཚན་དུ་འབྱུང་བར་ཤོག །མངྒ་ལཾ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། རྗེ་དཀོན་མཆོག་འབངས་ཀྱིས་མཛད་པའི་གཅོད་ཁྲིད་ལ་ཉེ་བར་མཁོ་བའི་ཐོག་དམིགས་ཟབ་མོ།

【漢語翻譯】 而且,猛烈的旋風將山巖和巨石捲到空中擊打,這些也是中間雷擊的一種類別。像這樣,如果上、下、中三處的雷擊景像在禪觀或夢中出現,就要用專注來控制;如果出現非時節的強烈雷聲和閃電等現象,也要專注于雷擊,因為作為惡時的徵兆,可能會出現非時節的現象。7。像這樣,無論在登山、祈雨、冰雹防護等方面,都是非常需要的雷擊專注次第。7。依據尊者仲巴·貢噶南嘉的口頭傳承記錄,以及其他瑪吉的專注法和上師口耳相傳的一些內容,彙集在一起,由Ra Ga A Sy 無隱瞞地記錄下來。書寫此文的所有錯誤和過失,向諸佛菩薩懺悔。如果存在任何功德,爲了老母有情眾生獲得無上菩提而回向。誰修持這些專注次第,以及所有需要守護的事項,都獲得不死金剛身,愿吉祥圓滿!芒嘎朗! 康區上部囊謙(囊謙縣)昂岡工藝文化顯密法增長洲古籍修復室整理出版。 由杰·貢秋邦所著,對於切斷引導至關重要的甚深雷擊專注。

【英語翻譯】 Moreover, violent whirlwinds carrying mountain rocks and large stones into the sky and striking them are also a type of intermediate lightning strike. Like this, if the appearance of lightning strikes in the upper, lower, and middle realms occurs in meditation or dreams, it should be controlled with focus; if strong thunder and lightning, etc., occur out of season, one should also focus on the lightning strike, because as a sign of bad times, out-of-season phenomena may occur. 7. Like this, the sequence of lightning strike concentration, which is very necessary for mountain climbing, rain invocation, hail protection, etc. 7. Based on the written record of the oral transmission of Jetsun Drungpa Kunga Namgyal, as well as other concentrations of Machik and some oral transmissions of the master, which have been passed down through the ears, they are compiled together and recorded without concealment by Ra Ga A Sya. All errors and faults in writing this, I confess to all the Buddhas and Bodhisattvas. If there is any merit, may it be dedicated for the sake of all mother sentient beings to attain the supreme and sacred enlightenment. Whoever practices these concentration sequences, and all that needs to be protected, may they obtain the immortal Vajra body, and may there be auspiciousness and goodness! Mangalam! Compiled and published by the Nangchen (Nangchen County) Angang Craft Culture Exoteric and Esoteric Dharma Increase Continent Ancient Book Restoration Room in the upper part of Kham. Profound Lightning Strike Concentration, essential for the severance guidance composed by Je Konchok Bang.

============================================================