CMR011_0020.忿怒尊勝逝雲集之威猛命權g2.0f
================== 第 1 段 ================== 【原始藏文】 དྲག་པོ་བདེ་གཤེགས་འདུས་པའི་དྲེགས་པའི་སྲོག་དབང་། དྲག་པོ་བདེ་གཤེགས་འདུས་པའི་དྲེགས་པའི་སྲོག་དབང་། དྲག་པོ་བདེ་གཤེགས་འདུས་པའི་དྲེགས་པའི་སྲོག་དབང་ཡོད། བཛྲ་གུ་རུ་ཀྲོ་དྷ་ཡ་ན་མཿ བདེ་གཤེགས་འདུས་པའི་དྲེགས་པའི་སྲོག་དབང་བསྐུར་བའི་ཕྱག་ལེན་ནི༔ རབ་སོ་སོའི་བླ་རྡོ་སྲིད་པའི་གཏེར་ཁྱིམ་ནས་བྱུང་བ་ལྟར་བྱ༔ འབྲིང་སོ་སོའི་ཙཀ་ལི་སོ་སོའི་ས་བོན་ཅན་དང་༔ སྤྱིའི་བླ་རྡོ་ཕ་ཝཾ་ལོང་བུ༔ ཐ་མ་སོ་སོའི་ས་བོན་ཤོག་བུ་ལ་བྲིས་པ༔ དེ་གསུམ་གང་རུང་ཚོན་སྐུད་སྣ་ལྔས་བཅིངས་ལ༔ བྷན་མཚན་ངན་ནང་དུ་བཅུག་ལ་པད་གཏོར་གུ་རུའི་ཙཀི་ཅན་གྱི་ཞབས་སུ་བཅུག༔ མ་མགོན་སྡེ་བརྒྱད་སྤུ་གྲིའི་གཏོར་མ་རྒྱས་པར་བཤམས་ནས༔ དྲག་པོའི་དབང་སྒྲུབ་ཚར་རྗེས༔ མ་མགོན་སྡེ་བརྒྱད་སྤུ་གྲི་དང་བཅས་པའི་བསྐྱེད་ཆོག་སྤྱན་འདྲེན་མཆོད་བསྟོད་རྒྱས་པར་བྱ༔ གོང་དུ་ཡང་སཱཙྪ་ཆུ་གཏོར་དང་༔ དཀོན་མཆོག་མཆོད་པ་སྦྱིན་གཏོང་བྱ༔ སྐབས་འདིར་དྲག་པོའི་སྐོང་བཤགས་ཅི་མང་དང་༔ བཀའ་སྲུང་དང་སྤུ་གྲིའི་བསྐང་གསོ་རྒྱས་པར་བཏང་༔ ཚོགས་འཁོར་རྒྱས་པར་བྱ༔ དེ་ནས་སློབ་མ་རྣམས་ལ་དྲག་པོའི་དབང་རྒྱས་པར་བསྐུར་ནས༔ སྐབས་འདིར་ཡང་སྡེ་བརྒྱད་རྣམས་བླ་རྡོ་འགུགས་གཞུང་ག་དྲག་ཏུ་བྱས་ནས་བསྟིམས་ཏེ༔ དེ་ནས་དམ་བདར་ཆངས་རིལ་གྱི་གཏོར་མ་གཞུང་ལྟར་བསྔོ༔ དེ་ནས་དབང་བསྐུར་བར་བྱ་སྟེ༔ ད་ནི་དམ་ཚིག་དང་ལྡན་པའི་རྡོ་རྗེའི་སློབ་མ་སྔགས་འཆང་བའི་རྣལ་འབྱོར་པ་ཁྱེད་ལ༔ དབང་དྲག་པདྨའི་སྒོ་ནས་སྣང་སྲིད་ལྷ་འདྲེའི་སྲོག་དབང་གཉན་པོ་བསྐུར་བ་ལ་ གསུམ་སྟེ༔ སྐུར་བྱེད་བླ་མའི་མཚན་ཉིད་དང་༔ བསྐུར་གནས་སློབ་མའི་མཚན་ཉིད་དང་༔ བསྐུར་བྱ་ཆོ་གའི་མཚན་ཉིད་དོ༔ དང་པོ་སྐུར་བྱེད་བླ་མའི་མཚན་ཉིད་ནི༔ བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང་ཐུགས་རྗེ་ཆེ་བ༔ སྨོན་ལམ་གྱི་དབང་རྫོགས་ཤིང་༔ གྲོལ་ལམ་གྱི་གདམས་ངག་དང་ལྡན་པ༔ ཁྱད་པར་དུ་དབང་དྲག་པདྨའི་སྒྲུབ་པ་ལ་དུས་རྟག་གྲངས་གསུམ་གྱི་བསྙེན་པ་རྫོགས་པ༔ ལྟ་སྒོམ་གྱི་གདེངས་དང་ལྡན་ཞིང་ཞུམ་པ་མེད་པའི་བརྟུལ་ཞུགས་དང་ལྡན་པ་དེ་ནི་སྐུར་བྱེད་བླ་མའི་མཚན་ཉིད་ཡིན༔ བསྐུར་གནས་སློབ་མའི་མཚན་ཉིད་ནི༔ དད་པ་ཆེ་ཞིང་གཏོང་ཕོད་དང་ལྡན་པ༔ བརྩོན་འགྲུས་ཆེ་ཞིང་སྙིང་རུས་དང་ལྡན་པ༔ དམ་ཚིག་གཙང་ཞིང་མོས་གུས་དང་ལྡན་པ༔ དེ་ལྟ་བུ་ནི་བསྐུར་གནས་སློབ་མའི་མཚན་ཉིད་དོ༔ དེ་ལྟ་བུའི་མཚན་ཉིད་དང་མི་ལྡན་པའི་དཔོན་སློབ་དབང་བསྐུར་ལོ་དང་༔
【漢語翻譯】 忿怒尊勝逝雲集之威猛命權。 忿怒尊勝逝雲集之威猛命權。 忿怒尊勝逝雲集之威猛命權具有。班雜 咕嚕 卓達 亞 納瑪(藏文:བཛྲ་གུ་རུ་ཀྲོ་དྷ་ཡ་ན་མཿ,梵文天城體:वज्रगुरुक्रोधय नमः,梵文羅馬擬音:vajra guru krodhaya namaḥ,漢語字面意思:金剛上師忿怒尊,頂禮!)。勝逝雲集之威猛命權灌頂之儀軌:殊勝者,各自之命石如從有之寶庫中取出般行持。中等者,各自之脈輪具有各自之種子字,共同之命石為硨磲寶。下等者,各自之種子字書寫于紙上。此三者任何一種以五色彩線纏繞,放入惡相護身符中,置於蓮花朵瑪,具有咕嚕脈輪者之足下。瑪姆、貢布、八部眾之普巴橛朵瑪廣大陳設后,忿怒尊之修法圓滿后,瑪姆、貢布、八部眾與普巴橛一同之生起次第,迎請、供養、讚頌廣大行持。上方亦薩擦、水供與,供養三寶,佈施供養。此時,忿怒尊之懺悔補闕盡力而爲,護法與普巴橛之酬補廣大行持。會供廣大行持。之後,對弟子們忿怒尊之灌頂廣大授予后,此時亦將八部眾之命石以猛烈方式勾招后融入,之後,如儀軌般供養誓言品嚐之食子。之後,將行灌頂:如今,對於具有誓言之金剛弟子,持咒之瑜伽士您,從威猛蓮花之門,爲了授予有情世間神鬼之猛烈命權, 有三:能灌頂之上師之特徵與,所灌頂之弟子之特徵與,所灌頂之儀軌之特徵。第一,能灌頂之上師之特徵為:具有菩提心且大慈悲,圓滿祈願之能力且,具有解脫道之竅訣,尤其對於威猛蓮花之修法,恒時圓滿三時之念誦,具有見修行之把握且具有無有怯懦之行為,此為能灌頂之上師之特徵。所灌頂之弟子之特徵為:具有大信心且具有佈施之能力,具有大精進且具有耐心,誓言清凈且具有恭敬心,如是之相乃所灌頂之弟子之特徵。不具有如是特徵之師徒灌頂年份與,
【英語翻譯】 The fierce and powerful life empowerment of the assembled Sugatas. The fierce and powerful life empowerment of the assembled Sugatas. The fierce and powerful life empowerment of the assembled Sugatas exists. Vajra Guru Krodha Ya Namaḥ (藏文:བཛྲ་གུ་རུ་ཀྲོ་དྷ་ཡ་ན་མཿ,梵文天城體:वज्रगुरुक्रोधय नमः,梵文羅馬擬音:vajra guru krodhaya namaḥ,漢語字面意思:金剛上師忿怒尊,頂禮!). The practice of bestowing the fierce and powerful life empowerment of the assembled Sugatas: For the best, the life stones of each should be done as if they came from the treasure house of existence. For the intermediate, the chakras of each should have their own seed syllables, and the general life stone should be a conch shell. For the lowest, the seed syllables of each should be written on paper. Whichever of these three is used, it should be bound with five-colored threads and placed inside a fierce amulet, and placed at the foot of a lotus torma with a Guru chakra. After arranging the extensive torma of the eight classes of Mamo, Gonpo, and the phurba dagger, and after completing the practice of the fierce empowerment, the generation stage practice of the eight classes of Mamo, Gonpo, and the phurba dagger, along with the invitation, offering, and praise, should be performed extensively. Above, also perform the tsa-tsa, water offering, and offering to the Three Jewels, and giving. At this time, perform as much confession and fulfillment of the fierce one as possible, and extensively perform the fulfillment and restoration of the oath protectors and the phurba dagger. Perform the extensive tsokhor. Then, after extensively bestowing the fierce empowerment to the students, at this time, also draw in the life stones of the eight classes in a fierce manner and dissolve them. Then, offer the torma of the pledged substance pills according to the ritual. Then, the empowerment should be performed: Now, to you, the vajra student who possesses the samaya, the yogi who holds the mantra, from the door of the fierce lotus, in order to bestow the fierce life empowerment of the gods and demons of existence, There are three: the characteristics of the guru who bestows the empowerment, the characteristics of the student who receives the empowerment, and the characteristics of the ritual that bestows the empowerment. First, the characteristics of the guru who bestows the empowerment are: possessing bodhicitta and great compassion, having perfected the power of aspiration, and possessing the key instructions of the path of liberation. Especially for the practice of the fierce lotus empowerment, having completed the recitation of the three times constantly, possessing the confidence of view and meditation, and possessing unwavering conduct, these are the characteristics of the guru who bestows the empowerment. The characteristics of the student who receives the empowerment are: having great faith and possessing the ability to give, having great diligence and possessing perseverance, having pure samaya and possessing devotion. Such are the characteristics of the student who receives the empowerment. The year of empowerment for a guru and student who do not possess such characteristics,
============================================================
================== 第 2 段 ================== 【原始藏文】 ཐོབ་ལོ་ཙམ་གྱིས་ཆོག་པར་འདོད་པ་ལ་ནི་སླར་བར་ཆད་འོང་བས་ཤིན་ཏུ་ཉེན་ཆེའོ༔ དེ་ལྟར་དཔོན་སློབ་ཚད་ལྡན་ཡིན་ཀྱང་དབང་འདི་གཉན་ཆེ་བས༔ སྔོན་འགྲོ་སཱཙྪ་གདབ་པ་དང་༔ དཀོན་མཆོག་མཆོད་ཅིང་འགྲོ་ལ་སྦྱིན་པ་གཏོང་བ་དང་༔ སྐོང་བཤགས་བྱ་ཞིང་གསོལ་བ་གདབ་པ་རྣམས་བྱ་དགོས་པར་གསུངས༔ ལར་འདི་ནི་ཤིན་ཏུ་གཉན་པས་དཔོན་སློབ་ནུས་པ་ཆེ་ན་ཆེ་ཚུགས་ཀྱི་སློང་དང་ཆོ་འཕྲུལ་འབྱུང་༔ ནུས་པ་མེད་ན་ཡང་ཉམ་ཆུང་གིས་རྗེ་རྒྱལ་པོ་ལ་དོ་བསྔོ་བ་ལྟར་སྡེ་བརྒྱད་ཀྱི་བར་ཆད་འོང་སྟེ༔ སྣང་སྲིད་ལྷ་འདྲེའི་སྲོག་དབང་གུ་རུ་པདྨས་ཇོ་མོ་མཚོ་རྒྱལ་ལ་གདམས་པའོ༔ དབང་འདི་ཤིན་ཏུ་གཉན་པས་གར་ཐོད་ཐོད་དུ་བསྐུར་ན་བར་ཆད་འོང་བས་ཤིན་ཏུ་ཉེན་ཆེའོ༔ སྣོད་ལྡན་གཅིག་བརྒྱུད་མིན་པ་ལ་མ་སྤེལ་ཅིག༔ སྤེལ་ན་བཀའ་སྲུང་མ་མགོན་སྡེ་བརྒྱད་ཀྱིས་བཀའ་ཡི་བྱ་ར་གྱིས་ཤིག༔ ཅེས་གསུངས་པ་དང་༔ དྲག་པོའི་ལོ་རྒྱུས་ལས་ཀྱང་༔ གུ་རུའི་ཞལ་ནས་༔ ཕྱི་མའི་དུས་སུ་མངའ་བདག་གི་སྐྱེ་བ་ཐ་མ༔ བདག་གིས་བྱིན་གྱིས་བརླབས་པའི་སྲས་གཅིག་གིས༔ ཐུགས་གཏེར་འདིའི་ཞལ་ཕྱེ་ནས༔ སེམས་ཅན་ནམ་མཁའ་དང་མཉམ་པ་ལ་ཕན་ཐོགས་པར་འདུག་སྟེ༔ དེའི་དུས་སུ་ཆོས་འདི་བསྡམ་ཞིང་མ་སྤེལ་བར་གཅིག་བརྒྱུད་དུ་ཉམས་སུ་བླང་བ་གལ་ཆེ༔ སྤེལ་དྲགས་ན་སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་འཁྲུགས་ནས༔ འཁུ་ཞིང་ལྡོག་ནས་བར་ཆད་སྣ་ ཚོགས་འོང་བའི་ཉེན་ཡོད་པས༔ ཤིན་ཏུ་གདམས་པ་གལ་ཆེ་གསུངས་ཏེ༔ བཀའི་རྒྱ་བསྡམས་སོ༔ ཞེས་གསུངས་པ་ཡང་སྲོག་དབང་འདི་གཉན་དྲགས་པ་ལ་དགོངས་པ་ཡིན་ནོ༔ ཁྱད་པར་དུ་འདི་སྡེ་བརྒྱད་དང་བཀའ་སྲུང་གཏེར་སྲུང་མཐའ་དག་གི་དབང་ཡིན་པས༔ མཐུ་ཆེ་བའི་རྟེན་འབྲེལ་དུ་བླ་མ་ལ་དབང་ཡོན་མཚོན་ཆ་འབུལ་བ་དང་༔ མ་མགོན་སྡེ་བརྒྱད་ཀྱི་ནོར་བསྒྲུབ་ན་དངོས་གྲུབ་འབྱུང་བའི་རྟེན་འབྲེལ་རིན་པོ་ཆེ་འབུལ་བ་རྟེན་འབྲེལ་གྱི་གནད་ཆེ་བ་ཡིན༔ དེས་ན་མཎྜལ་ཕུལ༔ ས་གཞི་སྤོས་སོགས༔ ད་ངེད་ཀྱིས་སྡེ་བརྒྱད་ཀྱི་བླ་རྡོ་དེ་དག་རིམ་པ་བཞིན་དུ་ཁྱེད་རང་ལ་གཏད་པའི་ཚེ༔ ཁྱེད་རང་དབང་དྲག་པདྨའི་ང་རྒྱལ་གྱིས་ལངས་ལ་རང་གི་རྐང་ཞབས་གཡོན་པར་ཞོག་ཅིག༔ ཧཱུྃ༔ དཀར་པོ་ལྷ་ཡི་བླ་རྡོ་འདི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ལྷ་རྣམས་དམ་ལ་བཏགས་པའི་བླ་རྡོ་ཡིན༔ བར་དུ་སྔགས་འཆང་བདག་གིས་བླངས༔ ད་ལྟ་སྐལ་ལྡན་ཁྱོད་ལ་གཏད༔ དཀར་པོ་ལྷ་ཡི་སྲོག་ལ་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་བྷཱུ་ཏ་ཙི
【漢語翻譯】 僅僅滿足於獲得一點點,將會再次出現障礙,非常危險。即使上師和弟子都合格,這個灌頂也非常重要,所以需要做前行,製作擦擦,供養三寶,佈施眾生,進行懺悔和祈禱。總的來說,這個灌頂非常重要,如果上師和弟子的能力都很強,就會出現強大的徵兆和神變;如果沒有能力,就像弱者向國王挑戰一樣,會出現八部眾的障礙。這是蓮花生大師對措嘉佛母關於顯有世間神靈生命力的教誨。這個灌頂非常重要,如果隨意多次給予,將會出現障礙,非常危險。不要傳給非具器的一代單傳之人。如果傳了,護法瑪貢八部眾將會嚴守教令。如是說。在忿怒法的歷史中也說:蓮師說:未來末世,一位有權勢者的最後轉世,我加持過的獨子,將會開啟這個意伏藏,利益如虛空般的眾生。那時,重要的是要保守這個法,不要傳播,而要一代單傳地修持。如果傳播過多,顯有世間的神、魔、八部眾將會憤怒,互相爭鬥,出現各種各樣的障礙,所以,非常重要的是要保密教誨。教令封印。如是說,這也是因為這個生命灌頂非常重要。特別是,這是八部眾和所有護法、伏藏守護者的灌頂,所以,作為強大緣起,要向上師供養灌頂的財物和武器;如果修持瑪貢八部眾的財富,供養能成就的珍寶,這是緣起的關鍵。因此,獻曼扎,灑香水等。現在,當我們依次將八部眾的命石交給您時,您要以忿怒蓮師的傲慢站起來,將自己的左腳放在上面。吽!這塊白色天神的命石,在最初的劫時,是蓮花生大師將天神們置於誓言之下的命石。中間由持咒者我取走,現在交給有緣的您,愿您獲得白色天神生命的控制權!嗡啊吽 薩瓦 布達 資(藏文,梵文天城體,梵文羅馬擬音,漢語字面意思)
【英語翻譯】 Being content with just a little gain is very dangerous as obstacles will arise again. Even if the master and disciple are qualified, this empowerment is very important. Therefore, it is said that it is necessary to do the preliminaries, make tsatsas, offer to the Three Jewels, give charity to beings, perform confession and fulfillment, and make supplications. In general, this empowerment is very important. If the master and disciple have great abilities, powerful signs and miracles will occur. If they do not have the ability, just as a weakling challenges a king, obstacles from the Eight Classes of gods and demons will arise. This is Guru Padmasambhava’s instruction to Jomo Tsoyal on the life force of phenomenal existence’s gods and demons. This empowerment is very important. If it is given repeatedly and carelessly, obstacles will arise and it will be very dangerous. Do not transmit it to someone who is not a worthy vessel and is not a single lineage holder. If you transmit it, the Dharma protectors, Ma Gon and the Eight Classes, will guard the command. Thus it was said. Also, in the history of the Wrathful Ones, Guru said: In the future, in the degenerate age, the last incarnation of a powerful one, a single son blessed by me, will open this mind treasure and benefit beings as vast as the sky. At that time, it is important to keep this Dharma secret and not spread it, but to practice it in a single lineage. If it is spread too much, the gods, demons, and the Eight Classes of phenomenal existence will be angered, fight each other, and cause all kinds of obstacles. Therefore, it is very important to keep the instructions secret. The command is sealed. Thus it was said, which is also because this life empowerment is very important. In particular, this is the empowerment of the Eight Classes and all the Dharma protectors and treasure guardians. Therefore, as a powerful auspicious connection, offer the master empowerment gifts and weapons. If you practice the wealth of Ma Gon and the Eight Classes, offer precious substances as an auspicious connection for the arising of accomplishments. Therefore, offer a mandala, sprinkle incense, etc. Now, as we hand over these life stones of the Eight Classes to you in order, you should stand up with the pride of the Wrathful Padma and place your left foot on it. Hūṃ! This white life stone of the gods, in the first kalpa, was the life stone with which Guru Padmasambhava bound the gods by oath. In the middle, I, the mantra holder, took it. Now I give it to you, the fortunate one. May you obtain power over the life of the white gods! Oṃ āḥ hūṃ sarva bhūta tsi (藏文, देवनागरी, Roman transliteration, literal meaning).
============================================================
================== 第 3 段 ================== 【原始藏文】 ཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འཆི་བདག་གཤིན་རྗེའི་བླ་རྡོ་འདི༔ སྔོན་གྱི་བསྐལ་ པ་དང་པོ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ གཤིན་རྗེ་དམ་ལ་བཏགས་པའི་བླ་རྡོ་ཡིན༔ བར་དུ་སྔགས་འཆང་བདག་གིས་བླངས༔ ད་ལྟ་སྐལ་ལྡན་ཁྱོད་ལ་གཏད༔ ཁྲམ་ཐོགས་གཤིན་རྗེའི་སྲོག་ལ་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་བྷཱུ་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྣང་སྲིད་མ་མོའི་བླ་རྡོ་འདི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ མ་མོ་དམ་ལ་བཏགས་པའི་བླ་རྡོ་ཡིན༔ བར་དུ་སྔགས་འཆང་བདག་གིས་བླངས༔ ད་ལྟ་སྐལ་ལྡན་ཁྱོད་ལ་གཏད༔ སྣང་སྲིད་མ་མོའི་སྲོག་ལ་དབང་ཐོབ་ཤོག༔ ཨོཾ་ཨཱཙྪཱཧཱུྃ་སརྦ་བྷཱུ་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ནག་པོ་བདུད་ཀྱི་བླ་རྡོ་འདི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བདུད་རྣམས་དམ་ལ་བཏགས་པའི་བླ་རྡོ་ཡིན༔ བར་དུ་སྔགས་འཆང་བདག་གིས་བླངས༔ ད་ལྟ་སྐལ་ལྡན་ཁྱོད་ལ་གཏད༔ ནག་པོ་བདུད་ཀྱི་སྲོག་ལ་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་བྷ་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དམར་པོ་བཙན་གྱི་བླ་རྡོ་འདི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བཙན་རྣམས་དམ་ ལ་བཏགས་པའི་བླ་རྡོ་ཡིན༔ བར་དུ་སྔགས་འཆང་བདག་གིས་བླངས༔ ད་ལྟ་སྐལ་ལྡན་ཁྱོད་ལ་གཏད༔ དམར་པོ་བཙན་གྱི་སྲོག་ལ་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་བྷུ་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྲོག་བདག་རྒྱལ་པོའི་བླ་རྡོ་འདི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱལ་པོ་དམ་ལ་བཏགས་པའི་བླ་རྡོ་ཡིན༔ བར་དུ་སྔགས་འཆང་བདག་གིས་བླངས༔ ད་ལྟ་སྐལ་ལྡན་ཁྱོད་ལ་གཏད༔ སྲོག་བདག་རྒྱལ་པོའི་སྲོག་ལ་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་བྷཱུ་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཏེར་བདག་གནོད་སྦྱིན་བླ་རྡོ་འདི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་གནོད་སྦྱིན་དམ་ལ་བཏགས་པའི་བླ་རྡོ་ཡིན༔ བར་དུ་སྔགས་འཆང་བདག་གིས་བླངས༔ ད་ལྟ་སྐལ་ལྡན་ཁྱོད་ལ་གཏད༔ གཏེར་སྲུང་གནོད་སྦྱིན་སྲོག་ལ་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་བྷུ་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ས་བདག་ཀླུ་གཉན་བླ་རྡོ་འདི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཀླུ་རྣམས་དམ་ལ་བཏགས་པའི་བླ་རྡོ་ཡིན༔ བར་དུ་སྔགས་འཆང་བདག་གིས་བླངས༔ ད་ལྟ་ སྐལ་ལྡན་ཁྱོད་ལ་གཏད༔ ས་བདག་ཀླུ་ཡི་སྲོག་ལ་དབང་ཐོབ་ཤོག༔ ཨ
【漢語翻譯】 ཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ (藏文) ཧཱུྃ༔ (藏文,梵文天城體,hūṃ,種子字)此乃死主閻羅之命石,于往昔之最初劫,蓮花生大士,所繫縛閻羅之命石。期間咒師我所取,今交付于具緣汝,愿汝獲得掌控持劍閻羅之命權!嗡啊吽 薩瓦 布達 चित्त 阿比षिñca 吽。(藏文,梵文天城體,oṃ āḥ hūṃ sarva bhūta citta abhiṣiñca hūṃ,嗡啊吽,一切, भूत, भूत,心,अभिषिञ्च,灌頂,吽)ཧཱུྃ༔ (藏文,梵文天城體,hūṃ,種子字)此乃顯有母眾之命石,于往昔之最初劫,蓮花生大士,所繫縛母眾之命石。期間咒師我所取,今交付于具緣汝,愿汝獲得掌控顯有母眾之命權!嗡啊恰吽 薩瓦 布達 चित्त 阿比षिñca 吽。(藏文,梵文天城體,oṃ ācchā hūṃ sarva bhūta citta abhiṣiñca hūṃ,嗡啊恰吽,一切, भूत, भूत,心,अभिषिञ्च,灌頂,吽)ཧཱུྃ༔ (藏文,梵文天城體,hūṃ,種子字)此乃黑魔之命石,于往昔之最初劫,蓮花生大士,所繫縛眾魔之命石。期間咒師我所取,今交付于具緣汝,愿汝獲得掌控黑魔之命權!嗡啊吽 薩瓦 भ,त चित्त 阿比षिñca 吽。(藏文,梵文天城體,oṃ āḥ hūṃ sarva bha ta citta abhiṣiñca hūṃ,嗡啊吽,一切,भ,त,心,अभिषिञ्च,灌頂,吽)ཧཱུྃ༔ (藏文,梵文天城體,hūṃ,種子字)此乃赤色贊神之命石,于往昔之最初劫,蓮花生大士,所繫縛贊神之命石。期間咒師我所取,今交付于具緣汝,愿汝獲得掌控赤色贊神之命權!嗡啊吽 薩瓦 भूत चित्त 阿比षिñca 吽。(藏文,梵文天城體,oṃ āḥ hūṃ sarva bhūta citta abhiṣiñca hūṃ,嗡啊吽,一切, भूत, भूत,心,अभिषिञ्च,灌頂,吽)ཧཱུྃ༔ (藏文,梵文天城體,hūṃ,種子字)此乃命主國王之命石,于往昔之最初劫,蓮花生大士,所繫縛國王之命石。期間咒師我所取,今交付于具緣汝,愿汝獲得掌控命主國王之命權!嗡啊吽 薩瓦 भूत चित्त 阿比षिñca 吽。(藏文,梵文天城體,oṃ āḥ hūṃ sarva bhūta citta abhiṣiñca hūṃ,嗡啊吽,一切, भूत, भूत,心,अभिषिञ्च,灌頂,吽)ཧཱུྃ༔ (藏文,梵文天城體,hūṃ,種子字)此乃財神夜叉之命石,于往昔之最初劫,蓮花生大士,所繫縛夜叉之命石。期間咒師我所取,今交付于具緣汝,愿汝獲得掌控護藏夜叉之命權!嗡啊吽 薩瓦 भूत चित्त 阿比षिñca 吽。(藏文,梵文天城體,oṃ āḥ hūṃ sarva bhūta citta abhiṣiñca hūṃ,嗡啊吽,一切, भूत, भूत,心,अभिषिञ्च,灌頂,吽)ཧཱུྃ༔ (藏文,梵文天城體,hūṃ,種子字)此乃地主龍神之命石,于往昔之最初劫,蓮花生大士,所繫縛眾龍之命石。期間咒師我所取,今交付于具緣汝,愿汝獲得掌控地主龍之命權!ཨ
【英語翻譯】 Tta Ahh Bhisincya Hung! Hung! This is the life-stone of the Lord of Death, Yama. In the first aeon of the past, by the master Padmasambhava, it is the life-stone of Yama bound by oath. In between, I, the mantra holder, took it. Now I entrust it to you, the fortunate one. May you gain power over the life of Yama, who holds the ledger! Om Ah Hung Sarva Bhuta Citta Ahh Bhisincya Hung! Hung! This is the life-stone of the Mothers of Existence. In the first aeon of the past, by the master Padmasambhava, it is the life-stone of the Mothers bound by oath. In between, I, the mantra holder, took it. Now I entrust it to you, the fortunate one. May you gain power over the life of the Mothers of Existence! Om Ah Chha Hung Sarva Bhuta Citta Ahh Bhisincya Hung! Hung! This is the life-stone of the Black Demon. In the first aeon of the past, by the master Padmasambhava, it is the life-stone of the demons bound by oath. In between, I, the mantra holder, took it. Now I entrust it to you, the fortunate one. May you gain power over the life of the Black Demon! Om Ah Hung Sarva Bha Ta Citta Ahh Bhisincya Hung! Hung! This is the life-stone of the Red Tsen. In the first aeon of the past, by the master Padmasambhava, it is the life-stone of the Tsen bound by oath. In between, I, the mantra holder, took it. Now I entrust it to you, the fortunate one. May you gain power over the life of the Red Tsen! Om Ah Hung Sarva Bhuta Citta Ahh Bhisincya Hung! Hung! This is the life-stone of the Lord of Life, King. In the first aeon of the past, by the master Padmasambhava, it is the life-stone of the King bound by oath. In between, I, the mantra holder, took it. Now I entrust it to you, the fortunate one. May you gain power over the life of the Lord of Life, King! Om Ah Hung Sarva Bhuta Citta Ahh Bhisincya Hung! Hung! This is the life-stone of the Treasure Lord, Yaksha. In the first aeon of the past, by the master Padmasambhava, it is the life-stone of the Yaksha bound by oath. In between, I, the mantra holder, took it. Now I entrust it to you, the fortunate one. May you gain power over the life of the Treasure Guardian, Yaksha! Om Ah Hung Sarva Bhuta Citta Ahh Bhisincya Hung! Hung! This is the life-stone of the Earth Lord, Naga and Nyan. In the first aeon of the past, by the master Padmasambhava, it is the life-stone of the Nagas bound by oath. In between, I, the mantra holder, took it. Now I entrust it to you, the fortunate one. May you gain power over the life of the Earth Lord, Naga! A
============================================================
================== 第 4 段 ================== 【原始藏文】 ོཾ་ཨཱཿཧཱུྃ་སརྦ་བྷཱུ་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ལྷ་མ་སྲིན་སྡེ་བརྒྱད་བླ་རྡོ་འདི༔ སྔོན་སློབ་དཔོན་པདྨས་དྲེགས་པ་ཅན་ཐམས་ཅད་དམ་ལ་བཏགས་པའི་བླ་རྡོ་ཡིན་པས་གྲུབ་ཐོབ་བརྒྱུད་པའི་བླ་མ་དམ་པ་རྣམས་ལ་རིམ་པར་གཏད༔ ད་ལྟ་བདག་གིས་ཁྱོད་ལ་གཏད་པ་ཡིན་པས༔ སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་དབང་དུ་བསྡུ་བ༔ ཟིལ་གྱིས་གནོན་པ༔ ཚར་བཅད་པ་དང་༔ དགུག་པ་དང་༔ བསྐྱེད་པ་དང་༔ དབྱེ་བ་དང་༔ བསད་པ་དང་༔ མནན་པ་དང་༔ རྡུལ་དུ་རླག་པར་བྱེད་པའི་དབང་ཐོབ་པར་གྱུར་ཅིག༔ ཅེས་གནང་བ་བྱིན་ནས༔ དེ་ནས་བླ་རྡོ་དེ་དག་ཐོད་པ་མཚན་ངན་ནང་དུ་བཅུག་ལ༔ ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་ཏེ༔ སླར་གཏོར་མའི་ཞབས་སུ་གཞུག་གོ་༔ རྗེས་ཆོག་ཚར་ནས་བླ་རྡོའི་ཐོད་པ་དེ་མཆོད་རྟེན་ནམ༔ གཙུག་ལག་ཁང་ཞབས་སུ་མནན་པར་བྱའོ༔ ཞེས་གསུངས་ཏེ་དཔོན་སློབ་ནུས་པ་ཅན་གྱིས་མནན་པ་སྤྱི་ལྟར་རྟ་བྲོ་སོགས་བྱས་ཏེ་མནན་ན༔ སྔར་སློབ་དཔོན་གྱིས་མནན་པའི་ཁ་གསོ་བའི་རྟེན་འབྲེལ་དུ་གྱུར་པས་བོད་ཁམས་སྤྱི་ལ་ཡང་རྟེན་འབྲེལ་ལེགས་ཏེ༔ ནུས་ལྡན་མིན་པས་ནི་ཕན་མི་ནུས་སྟེང་དུ་རང་ལ་འཁུ་ལྡོག་འོང་བས། རཏྣ་ལུགས་ལྟར་ སླར་གཏོར་མ་བསྔོ། བདུད་རྩིས་མཆོད་བསྟོད་བསྐུལ་པ་བྱས་ལ། བླ་རྡོ་བཀའ་སྲུང་གཏོར་མ་གཙང་སར་བསྐྱལ་ནས་སོ་སོར་གཤེགས་གསོལ་དང་། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ཞེས་སོགས་བརྗོད་ན་ལེགས་སམ་སྙམ་མོ། །ཞེས་པའང་ཨ་རཱ་གས་བཀོད་པ་ལ་ཉེས་འགལ་མཆིས་ན་སྡེ་བརྒྱད་བཀའ་སྲུང་ལ་བཤགས་ཤིང་། དགེ་བས་བསྟན་སྲུང་གི་ཕྲིན་ལས་ཐམས་ཅད་འགྲུབ་པར་གྱུར་ཅིག །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། དྲག་པོ་བདེ་གཤེགས་འདུས་པའི་དྲེགས་པའི་སྲོག་དབང་།
【漢語翻譯】 嗡 阿 吽 薩瓦 布達 澤達 阿比香匝 吽 (藏文:ༀ་ཨཱཿཧཱུྃ་སརྦ་བྷཱུ་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ།,梵文天城體:,梵文羅馬擬音:oṃ āḥ hūṃ sarva bhūta citta abhiṣiñca hūṃ,漢語字面意思:嗡 阿 吽 一切 眾生 心 灌頂 吽) 如此這般,此乃神、非人等八部之命石,往昔蓮花生大士以之將一切傲慢者置於誓言之下,是故此命石依次交付于成就者傳承之殊勝上師們。如今我將之交付於你,故而,愿你獲得統攝顯有之神、非人等八部,以威力壓制,徹底降伏,勾招,生起,分離,殺害,鎮壓,令其化為微塵之權能!如是賜予后,將那些命石置於惡名顱器之中,以五色絲線十字交叉捆綁,復置於朵瑪足下。後續儀軌完畢后,將命石之顱器鎮壓于佛塔或寺廟之下。如是說后,如通常一般,由具力之師徒進行鎮壓,進行馬舞等,則成為彌補往昔上師鎮壓之緣起,故而對於整個藏區而言,亦是吉祥之緣起。若非具力者,則不但無益,反會招致自身之損害。如熱納之儀軌一般, 複次供養朵瑪,以甘露作供贊祈請。將命石護法朵瑪移至清凈之地,分別作遣送祈請,以及唸誦「何等眾生若至此」等,似為更佳。如是,若於阿惹嘎之陳設有所錯謬,則向八部護法懺悔,愿以善行,令一切護教事業得以成辦。吉祥!康區上部囊謙邦崗工巧文化密咒法增洲古籍修復室整理刊印。 猛烈寂猛尊眾之傲慢命權。
【英語翻譯】 Oṃ Āḥ Hūṃ Sarva Bhūta Citta Abhiṣiñca Hūṃ. Thus, this is the life-stone of the eight classes of gods and demons. In the past, Guru Padmasambhava bound all the arrogant ones by oath with it, so this life-stone was successively entrusted to the eminent masters of the lineage of accomplished ones. Now I entrust it to you, so may you gain the power to subdue all the eight classes of gods and demons of existence, to overpower them with might, to completely subdue them, to summon them, to generate them, to separate them, to kill them, to suppress them, and to reduce them to dust! After giving this, put those life-stones into a skull with a bad omen, bind them crosswise with five-colored threads, and then place them at the foot of the torma again. After the subsequent rituals are completed, the skull of the life-stone should be suppressed under a stupa or monastery. After saying this, the capable master and disciples suppress it as usual, performing horse dances and so on, which becomes an auspicious connection to make up for the suppression by the master in the past, so it is also an auspicious connection for the entire Tibetan region. If one is not capable, it will not only be of no benefit, but will also cause harm to oneself. According to the Ratna tradition, Offer the torma again. Make offerings and praises with nectar and urge them on. Move the life-stone protector torma to a clean place, and separately offer prayers for departure, and recite “Whatever beings have come here,” etc., which seems to be better. Thus, if there are any errors in the arrangement of the Argha, confess to the eight classes of protectors, and may all the activities of protecting the teachings be accomplished through virtue. Maṅgalaṃ! Compiled and printed by the Nangchen Banggang Craft Culture Mantra Dharma Phel Ling Ancient Book Restoration Room in the upper part of Kham. The life-power of the arrogance of the fierce and peaceful assembly of Sugatas.
============================================================
同部經論
與本文同名或相近的其他版本、科判、譯文與註疏。