DNJ008_0030.金剛唸誦g2.0f
================== 第 1 段 ================== 【原始藏文】 རྡོར་བཟླས་ལ། རྡོར་བཟླས་ལ། རྡོར་བཟླས་ལ། རླུང་དང་སྔགས་ཀྱི་དེ་ཉིད་ཤེས་པའི་སྒོ་ནས་རྟེན་ལྷར་གསལ་བའི་སྙིང་ཀའི་པདྨའི་དབུས་ཀྱི་དྷུ་ཏཱིའི་ནང་དུ་མི་ཤིགས་དྭངས་མ་གསུམ་ལྡན་གྱི་ངོ་བོ་ཧཱུྃ་ཡིག་དཀར་པོའམ། ཐིག་ལེ་རིན་ཆེན་ཆེན་པོ་ཁ་དོག་ལྔ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཞེས། ཁ་དོག་ལྔ་ལྡན་གང་རུང་བསྒོམ་པ་ལས་རླུང་འཇུག་གནས་ལྡང་གསུམ་བྱེད་པ་སྟེ། གཞི་ནས་རླུང་དེ་གསུམ་སྐུ་གསུམ་དང་ཡེ་ཤེས་གསུམ་གྱི་རང་བཞིན་དུ་སངས་རྒྱས་པའི་གནད་ཀྱིས་ཡི་གེ་གསུམ་གྱི་འབྲུ་ཚོགས་དང་། སྒྲ་གདངས་རླུང་སྔགས་དབྱེར་མེད་དུ་རྫོགས་པ་ངོ་ཤེས་པའི་སྦྱོར་བས་མགོན་པོ་ལྔའི་རླུང་གང་རྒྱུ་བ་ལ་འོད་དང་ཁ་དོག་གི་འབྲུ་གསུམ་སོ་སོའི་རིན་ཆེན་དང་། ཡན་ལག་གི་རླུང་ལྔ་ལ་ཐོགས་མེད་ཀྱི་བཟླས་པ་བྱས་པས་སྙིང་གི་རྩ་མདུད་གྲོལ་ནས་ཐོག་མར་རླུང་དབུ་མ་ལ་ཞུགས་པ་དང་། རྗེས་སུ་མི་ཤིགས་པ་ལ་རྣམ་རྟོག་གི་རླུང་ཐིམ་པའི་མཐུས། ངག་དང་སེམས་ཀྱི་དབེན་པ་རིམ་པར་འདྲེན་ནོ། །དེ་ཡང་གྱེན་རྒྱུ་སྲོག་འཛིན་རང་གནས་ཀྱི་ཐིག་ལེ་གསུམ་གཅིག་ཏུ་བསྡུས་པ་ཨོཾ་ཡིག་གི་དོན། མགྲིན་པར་གྱེན་རྒྱུ་དང་སྲོག་ཐུར་གསུམ་གཅིག་ཏུ་བྱས་པའམ་བསྡུས་པ་ཨཱཿཡིག་གི་དོན། སྲོག་ཐུར་གཉིས་གྱེན་རྒྱུ་དང་གསུམ་སྙིང་ཀའི་པདྨའི་དབུས་སུ་གཅིག་ཏུ་གྱུར་བ་ནི་ཐུགས་རྡོ་རྗེ་ཧཱུྃ་ཡིག་གི་དོན། འཁོར་ལོ་གསུམ་གྱི་རྩ་མདུད་གྲོལ་བའི་ནང་དུ་རླུང་རྣམས་ཚུད་པ་ཡི་གེ་གསུམ་གྱི་དོན་གསུངས་ཤིང་། དེའི་ནང་ནས་ཀྱང་གཙོ་བོ་སྙིང་ཁའི་རྩ་མདུད་གྲོལ་དཀའ་བ་དང་། དེ་གྲོལ་ན་གཞན་གཉིས་ཤུགས་ཀྱིས་གྲོལ་བ་དང་། རྣམ་རྟོག་བསྐྱེད་པའི་རླུང་དང་བཅས་པ་གཅོད་པ་དང་། རླུང་གི་དེ་ཁོ་ན་ཉིད་ལ་བརྟེན་པའི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱིས་བསྐུལ་བའི་གཏུམ་མོ་སད་པར་བྱས། དེས་བྱང་སེམས་ཞུ་བའི་བདེ་སྟོང་དབྱེར་མེད་པའི་དགའ་བཞིའམ་སྟོང་བཞིའི་ས་བོན་བསྐྱེད་པར་ནུས་པའོ། །གཞན་ཡང་ལས་བསྒྲུབ་ན་སྙིང་ཀའི་མི་ཤིགས་པ་ལས། ཞི་བ་ལ་རྡོ་རྗེ་མགོན་པོའི་རླུང་ཁ་དོག་དཀར་བོ་ཆུའི་དཀྱིལ་འཁོར། ཀུན་རྫོབ་ཀྱི་སྣ་ཁ་ནས་བྱུང་བ་ལ་འབྲུ་གསུམ་གྱི་རྡོར་བཟླས་བྱས་ན་འགྲུབ་པོ། ཚིག་ཏུ་བཏོན་པའི་ཕྱི་རོལ་གྱི་སྒྲ་དང་། དབྱིབས་ལ་མ་ཡིན་པར་ནང་གི་ངག་ཏུ་སྤྱོད་བསྡུས་ལས་གསུངས་སོ། །མི་ཤིགས་པའི་ཐིག་ལེ་དེ་ལ། གསང་འདུས་ཀྱི་རྒྱུད་ཕྱི་མ་ལས། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །ཀ
【漢語翻譯】 金剛唸誦。 金剛唸誦。 金剛唸誦。通過了解氣和咒語的真實性,在觀想本尊的心的蓮花中央的dhūti(藏文:དྷུ་ཏཱི།)中,白色吽字(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)是不可摧毀、清澈和三者合一的本質,或者觀想五種顏色的珍寶明點,那是五方如來的自性。通過觀想任何一種五種顏色,可以進行氣的進入、停留和升起三種。從根本上說,通過氣的三種成為三身和三種智慧的自性而證悟的關鍵,以及通過認識到三字的種子集合、聲音、氣和咒語無二無別的結合,對五部怙主的任何一種氣流動,都念誦光和顏色的三字種子真言,以及對五種支分氣進行無礙唸誦,從而解開心脈結,首先氣進入中脈,然後通過念想之氣融入不壞明點的力量,依次引導語言和心靈的寂靜。此外,將上行氣、持命氣和安住氣的三種明點合一,是嗡字(藏文:ཨོཾ,梵文天城體:ओं,梵文羅馬擬音:oṃ,漢語字面意思:嗡)的含義。在喉嚨處,將上行氣和下行氣的三種合一或聚集,是啊字(藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,漢語字面意思:啊)的含義。下行氣兩種與上行氣三種在心蓮中央合一,是心金剛吽字(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)的含義。據說,三輪的脈結解開后,氣進入其中,這是三字的含義。其中,最主要的是心間的脈結難以解開,如果解開,其他兩個脈結也會自然解開,並且切斷產生念想的氣,以及通過依賴氣的真實性的咒語的真實性來喚醒拙火。因此,它能夠產生融化菩提心的樂空無二的四喜或四空的種子。此外,如果想成就事業,從心間的不壞明點中,對於息法,唸誦金剛怙主白色氣的水壇城,從世俗的鼻尖出現的三字金剛唸誦,就能成就。在《攝略》中說,不要發出言語的外部聲音和形狀,而要在內部的語言中運用。關於不壞明點,在《密集外續》中說:五種智慧的自性是氣息,五種元素的本質。
【英語翻譯】 Vajra recitation. Vajra recitation. Vajra recitation. Through understanding the truth of wind and mantra, in the dhūti (藏文:དྷུ་ཏཱི།) in the center of the heart lotus, which is visualized as the deity, the white Hūṃ (藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽) is the essence of indestructible, clear, and threefold, or visualize the five-colored precious bindu, which is the nature of the five Tathāgatas. By meditating on any of the five colors, the three processes of wind entering, staying, and rising can be performed. Fundamentally, through the key of the three winds becoming the nature of the three bodies and three wisdoms, and through the union of recognizing the seed syllables of the three letters, sound, wind, and mantra as inseparable, recite the three-syllable seed mantra of light and color for any of the five protector’s winds that flow, and by performing unobstructed recitation on the five branch winds, the heart’s knot is untied, and the wind first enters the central channel, and then through the power of the winds of thought dissolving into the indestructible bindu, the solitudes of speech and mind are gradually drawn in. Furthermore, the meaning of the syllable Oṃ (藏文:ཨོཾ,梵文天城體:ओं,梵文羅馬擬音:oṃ,漢語字面意思:嗡) is the unification of the three bindus of upward-moving wind, life-sustaining wind, and abiding wind. The meaning of the syllable Āḥ (藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,漢語字面意思:啊) is the unification or gathering of the three upward-moving and downward-moving winds at the throat. The meaning of the heart vajra Hūṃ (藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽) is the unification of the two downward-moving winds and the three upward-moving winds in the center of the heart lotus. It is said that the winds enter the three wheels after the knots of the channels are untied, which is the meaning of the three syllables. Among these, the most important is that the heart’s knot is difficult to untie, and if it is untied, the other two knots will naturally untie, and the winds that generate thoughts are cut off, and the fierce fire is awakened by the truth of the mantra that relies on the truth of the wind. Therefore, it is able to generate the seeds of the four joys or four emptinesses of the indivisible bliss and emptiness of the melting bodhicitta. Furthermore, if one wishes to accomplish activities, from the indestructible bindu in the heart, for peaceful activities, recite the three-syllable vajra recitation of the white wind of Vajra Protector’s water mandala, which arises from the tip of the conventional nose, and it will be accomplished. In the Compendium, it is said that one should not utter external sounds and shapes of speech, but rather use them in internal speech. Regarding the indestructible bindu, in the Outer Tantra of Guhyasamāja it is said: The nature of the five wisdoms is breath, the essence of the five elements.
============================================================
================== 第 2 段 ================== 【原始藏文】 ོང་བུའི་གཟུགས་ཀྱིས་བྱུང་ནས་ནི། །ཞེས་སོ། །མི་ཤིགས་པ་ལས་བྱུང་བའི་ཡི་གེ་གསུམ་པོ་འདི་སྔགས་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང་། འབྲུ་གསུམ་ནི་སྙིང་པོ་ལ་སོགས་པའི་སྔགས་ཐམས་ཅད་ཀྱི་དེ་ཉིད་དུ་གསུངས་ཤིང་། སྔགས་བཟླས་པའི་མཐར་ཐུག་ཀྱང་རླུང་གི་རང་གདངས་ཡི་གེ་གསུམ་དུ་ཤར་བ་བཟླས་པ་ཡིན་པ་དང་། བཟླས་པ་དེའི་སྔགས་ཐམས་ཅད་ཀྱི་གསལ་བའི་ཐུགས་རྒྱུད་བསྐུལ་བ་དང་། བྱིན་གྱིས་རློབས་པ་ལྷག་དང་བཅས་འགྲུབ་ལ། རོ་རྐྱང་གི་རླུང་དབུ་མར་བསྡུས་ཤིང་མི་ཤིགས་པ་ལ་ཐིམ་པའི་ལྷན་སྐྱེས་འཆར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་བོ་ཡིན་པ་དང་། དོན་ནི་རླུང་གསུམ། རྟོག་པ་ནི་ཡི་གེ་གསུམ། བཟླས་པ་ནི་དེ་གཉིས་དབྱེར་མེད་དུ་བཟླས་པའི་རྡོར་བཟླས་སུ་བཤད་དོ། །སངས་རྒྱས་ལྔའི་ངོ་བོ་རླུང་ལྔ་དང་། ཡི་གེ་གསུམ་དབྱེར་མི་ཕྱེད་པར་བརྟགས་པ་དང་། རླུང་སྔགས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པའི་བཟང་པོའི་བཟླས་པ་ཞེས་གསུངས་སོ། །ཡང་ལྷ་ཐམས་ཅད་རྡོ་རྗེ་གསུམ་དུ་འདུ་ལ། དེ་དག་གི་སྔགས་ཀྱང་སྙིང་པོ་གསུམ་དུ་འདུས་པ་དང་། རིགས་ལྔའི་ངོ་བོ་རླུང་འོད་ཟེར་ལྔ་བ་དབང་དུ་འདུས་ན་མཆོག་སྟེར་བ་དང་། རང་བྱུང་གི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་རླུང་སེམས་ཕྲ་བའི་མི་ཤིགས་པ་ནི། ཨ་ཐུང་གི་དེ་ཉིད་དམ་ངེས་དོན་མི་ཤིགས་པ་ལས་བྱུང་བའི་རླུང་དགུ སྲོག་རླུང་རགས་པ་དང་བཅུ་ནི་མགོན་པོ་ལྷ་མོ་དང་བཅ་པར་སངས་རྒྱས་པ་རླུང་གི་ངེས་དོན་རླུང་གི་རང་གདངས་ཨ་ལི་ཀ་ལིར་རྫོགས་པའི་སྔགས་ཀྱི་ངེས་དོན་དེ། དེ་ལྟར་ན་ལྷ་སྔགས་ཆོས་ཉིད་དབྱེར་མེད་པར་ཤེས་བའི་སྔགས་བཏུ་བ་དང་། བརྡ་གཉིས་ཀྱིས་རྡོར་བཟླས་བྱེད་ཚུལ་བསྟན། དེ་བྱས་པའི་རྒྱུ་འོད་བདེན་གཉིས་དབྱེར་མེད་པའི་བྱང་སེམས་བསྐྱེད་པ་ནི་སྔགས་ཀྱི་དོན་དང་སྔགས་ཀྱི་དོན་དམ་པ་གཉིས་སོ། །མདོར་ན་རྡོར་བཟླས་ཀྱིས་རླུང་རྣམས་དྷཱུ་ཏཱིར་བཙུད་པ་དང་མི་ཤིགས་པ་ལ་ཐིམ་པའི་འོད་གསལ་རྫོགས་པར་འཆར་བ་ན་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །ཞེས་ཀྱང་ག་གཱ་ཨ་བྷྱེས་ཟིན་ཐུན་དུ་བགྱིས་པའོ། ། རྡོར་བཟླས་ལ།
【漢語翻譯】 以竹筒之形出現,如是說。從不壞(藏文:མི་ཤིགས་པ་)中生起的三字是所有咒語之主,三字被說成是心髓等所有咒語的真如。咒語唸誦的究竟也是風的自性顯現為三字而唸誦,該唸誦能催動所有咒語的明覺心髓,加持圓滿成就。將單苦味的風聚集於中脈並融入不壞,俱生顯現,且是一切如來之精華。意義是三風,分別念是三字,唸誦是無二唸誦二者的金剛唸誦。五佛的體性是五風,觀想三字無有分別,覺悟所有風咒無自性的賢妙唸誦如是說。又,所有本尊彙集為三金剛,彼等的咒語也彙集為三心髓,五部的體性,五風光芒自在彙集則賜予殊勝,自生的智慧菩提心,風心微細的不壞是,短阿(藏文:ཨ་ཐུང་)的真如或勝義不壞中生起的九風,粗大的命風和十風是與怙主天母一同成佛,風的真實義是風的自性在阿利嘎利(藏文:ཨ་ལི་ཀ་ལི)中圓滿的咒語真實義。如是則知曉本尊咒語法性無別的咒語攝集,以二種表示宣說了金剛唸誦的作法。做了此事的因,光明二諦無別的菩提心生起是咒語的意義和咒語的勝義二者。總之,以金剛唸誦將諸風置入dhūti,融入不壞的光明圓滿顯現時,是咒語的真如。此乃嘎嘎阿貝于禪修時所作。 金剛唸誦。
【英語翻譯】 Appearing in the form of a bamboo tube, it is said. These three letters arising from the indestructible (Tibetan: མི་ཤིགས་པ་) are the chief of all mantras, and the three syllables are said to be the suchness of all mantras, including the essence. The ultimate of mantra recitation is also the recitation of the wind’s own sound appearing as three letters, and that recitation stimulates the clear heart essence of all mantras, and blessings are accomplished with excess. The single bitter taste wind is gathered into the central channel and dissolves into the indestructible, innate arising, and is the essence of all tathagatas. The meaning is the three winds, the thought is the three letters, and the recitation is said to be the vajra recitation of reciting the two without separation. The nature of the five Buddhas is the five winds, and contemplating the three letters without distinction, the excellent recitation of realizing all wind mantras as without inherent existence is spoken. Furthermore, all deities gather into the three vajras, and their mantras also gather into the three essences, the nature of the five families, the five winds and rays of light gathering freely bestows the supreme, the self-arisen wisdom bodhicitta, the subtle wind-mind of the indestructible is, the suchness of short A (Tibetan: ཨ་ཐུང་) or the nine winds arising from the definitive indestructible, the coarse life-wind and the ten winds are enlightenment together with the Protector Goddess, the true meaning of wind is the true meaning of mantra perfected in the vowels and consonants (Tibetan: ཨ་ལི་ཀ་ལི) of the wind’s own sound. Thus, the collection of mantras knowing the deity mantra and dharmata as inseparable, the method of performing vajra recitation is taught with two symbols. The cause of doing this, the arising of bodhicitta inseparable from light and the two truths is the meaning of mantra and the two ultimate meanings of mantra. In short, when the winds are placed in the dhūti by vajra recitation and the complete light of dissolution into the indestructible appears, it is the suchness of mantra. This was done by Gaga Abhya during meditation. Vajra Recitation.
============================================================
同部經論
與本文同名或相近的其他版本、科判、譯文與註疏。