菩薩藏佛教學會
20
背景
翻譯
下載 ▾

DZC001_0065.གྲི་བཙན་ཆེན་པོ་རྡོ་དགྲ་འཇོམས་རྩལ་གྱི་གསེར་སྐྱ་འདོད་དོན་བདུད་རྩིའི་རྦ་རླབས།g2.0f

================== 第 1 段 ================== 【原始藏文】 གྲི་བཙན་ཆེན་པོ་རྡོ་དགྲ་འཇོམས་རྩལ་གྱི་གསེར་སྐྱ་འདོད་དོན་བདུད་རྩིའི་རྦ་རླབས། གྲི་བཙན་ཆེན་པོ་རྡོ་དགྲ་འཇོམས་རྩལ་གྱི་གསེར་སྐྱ་འདོད་དོན་བདུད་རྩིའི་རྦ་རླབས། གྲི་བཙན་ཆེན་པོ་རྡོ་དགྲ་འཇོམས་རྩལ་གྱི་གསེར་སྐྱ་འདོད་དོན་བདུད་རྩིའི་རྦ་རླབས་ཞེས་བྱ་བ་བཞུགས་སོ། །ཧྲཱིཿ དབང་ཆེན་མེ་རླུང་འཚུབ་མའི་ཀློང་དཀྱིལ་ནས། དབང་གི་ལྷ་མཆོག་རྟ་མགྲིན་རྟ་སྐད་བཞད། དབང་མདོག་དབང་གི་རྒྱལ་པོ་རྟ་མཆོག་དཔལ། དབང་ཆེན་དབང་གི་ལྷ་མཆོག་ཧེ་རུ་ཀ། དབང་གི་སྐུ་མཆོག་ཉི་མ་འབུམ་གྱི་གཟི། །དབང་དྲག་ཁྲོས་པའི་རྔམ་སྒྲ་འབྲུག་སྟོང་ལྡིར། དབང་ཕྱུག་དྲེགས་པ་ཡོངས་ཀྱི་གཙུག་གི་རྒྱལ། །དབང་གི་བཀའ་སྡོད་མ་རུང་གདུལ་དཀའི་གཤེད། །སྣང་སྲིད་དྲེག་པ་ཡོངས་ཀྱི་མངའ་བདག་པོ། །གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ། ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན། །ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཧེ་རུ་ཀ། མདོག་དམར་དུས་མཐའི་མེད་དཔུང་དམར་ནག་འདྲ། མི་བཟད་གཏུམ་ཆེན་ཁྲོས་པ་ཤ་བའི་དབུ། །སྤྱན་གསུམ་བསྒྲད་པའི་སྡང་མིག་ཕྱོགས་བཅུར་གཡོ། །ཞལ་གདངས་མཆེ་གཙིག་ལྗགས་འདྲིལ་གློག་ལྟར་འཁྱུག །མི་ལྤགས་གཡང་གཞིའི་ན་བཟའ་སྐུ་ལ་གསོལ། ཕྱག་གཉིས་མདུང་དམར་བཙན་གྱི་ཞགས་པ་བསྣམས། དམ་ཉམས་དགྲ་བགེགས་འཚང་ཞིང་སྙིང་ལ་བསྣུན། དམར་ནག་མེ་ཡི་ཚྭ་ཚྭ་ཕྱོགས་བཅུར་འཕྲོས། ཆིབས་སུ་གློགས་དམར་ཞོན་ནས་སྟོང་གསུམ་བསྐོར། བརྟེན་ན་སྙིང་ཉེ་སྒྲུབ་ལ་བུ་བཞིན་སྐྱོང་། སྣ་ཚོགས་དངོས་གྲུབ་འདོད་རྒུའི་ཆར་འབེབས་པའི། ཕྲིན་ལས་བཞི་ཡི་ལས་ཀྱི་མངའ་བདག་པོ། སྟོབས་ལྡན་དྲེགས་པའི་རྒྱལ་པོ་ཁྱོད་གཅིག་པུ། གསང་ཡུམ་དགྱེས་སྡེ་ལས་བྱེད་ཁྱུགས་སེ་ཁྱུག །འཁོར་དུ་བཙན་དམག་འབུམས་དེ་སྤྲིན་ལྟ་གཏིབ། ཕོ་ཉ་མི་རིང་དམར་པོ་ཤ་ར་ར། མི་བཟད་བྱ་ཁྱི་དམར་པོ་ཚུབས་སེ་ཚུབ། རྩེ་གཅིག་གདུང་བ་དྲག་པོའི་འབོད་པའི་ཚེ། །མཁའ་ལས་གློགས་ཕྲེང་གཡོ་བ་ཇི་བཞིན་དུ། སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་ནས་ཀྱང་། དམ་རྫས་བདུད་རྩི་རོ་བརྒྱ་ལྡན་པའི་བཅུད། གསེར་སྐྱེམས་གཡུ་སྐྱེམས་ཕུད་རྒོད་ཛ་ཧུའི་རྒྱུན། ལྦུ་ཕྲོང་དོ་ཤལ་གཡོ་བ་རཀྟའི་སྐྱེམས། འདོད་ཡོན་བདུད་རྩི་རླབས་ཀྱི་འཕྲེང་བ་ཅན། བདུད་རྩིའི་ཟེར་ཕྲེང་སྣ་ཚོགས་ཕྱོགས་བཅུར་འཕྲོ། །དགེ་ལེགས་འདོད་འབྱུང་བཀྲིས་མཆོད་པའི་སྤྲིན། དགེ་ལེགས་ཀུན་ལྡན་གསེར་སྐྱེམས་རྒྱ་མཚོ་འདི། །དགེ་ལེགས་དངོས་གྲུབ་མཐའ་དག་སྩོལ་བའི་

【漢語翻譯】 གྲི་བཙན་ཆེན་པོ་རྡོ་དགྲ་འཇོམས་རྩལ་གྱི་གསེར་སྐྱ་འདོད་དོན་བདུད་རྩིའི་རྦ་རླབས། གྲི་བཙན་ཆེན་པོ་རྡོ་དགྲ་འཇོམས་རྩལ་གྱི་གསེར་སྐྱ་འདོད་དོན་བདུད་རྩིའི་རྦ་རླབས། གྲི་བཙན་ཆེན་པོ་རྡོ་དགྲ་འཇོམས་རྩལ་གྱི་གསེར་སྐྱ་འདོད་དོན་བདུད་རྩིའི་རྦ་རླབས་ཞེས་བྱ་བ་བཞུགས་སོ། །ཧྲཱིཿ (藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:舍) དབང་ཆེན་མེ་རླུང་འཚུབ་མའི་ཀློང་དཀྱིལ་ནས། དབང་གི་ལྷ་མཆོག་རྟ་མགྲིན་རྟ་སྐད་བཞད། དབང་མདོག་དབང་གི་རྒྱལ་པོ་རྟ་མཆོག་དཔལ། དབང་ཆེན་དབང་གི་ལྷ་མཆོག་ཧེ་རུ་ཀ། དབང་གི་སྐུ་མཆོག་ཉི་མ་འབུམ་གྱི་གཟི། །དབང་དྲག་ཁྲོས་པའི་རྔམ་སྒྲ་འབྲུག་སྟོང་ལྡིར། དབང་ཕྱུག་དྲེགས་པ་ཡོངས་ཀྱི་གཙུག་གི་རྒྱལ། །དབང་གི་བཀའ་སྡོད་མ་རུང་གདུལ་དཀའི་གཤེད། །སྣང་སྲིད་དྲེག་པ་ཡོངས་ཀྱི་མངའ་བདག་པོ། །གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ། ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན། །ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཧེ་རུ་ཀ། མདོག་དམར་དུས་མཐའི་མེད་དཔུང་དམར་ནག་འདྲ། མི་བཟད་གཏུམ་ཆེན་ཁྲོས་པ་ཤ་བའི་དབུ། །སྤྱན་གསུམ་བསྒྲད་པའི་སྡང་མིག་ཕྱོགས་བཅུར་གཡོ། །ཞལ་གདངས་མཆེ་གཙིག་ལྗགས་འདྲིལ་གློག་ལྟར་འཁྱུག །མི་ལྤགས་གཡང་གཞིའི་ན་བཟའ་སྐུ་ལ་གསོལ། ཕྱག་གཉིས་མདུང་དམར་བཙན་གྱི་ཞགས་པ་བསྣམས། དམ་ཉམས་དགྲ་བགེགས་འཚང་ཞིང་སྙིང་ལ་བསྣུན། དམར་ནག་མེ་ཡི་ཚྭ་ཚྭ་ཕྱོགས་བཅུར་འཕྲོས། ཆིབས་སུ་གློགས་དམར་ཞོན་ནས་སྟོང་གསུམ་བསྐོར། བརྟེན་ན་སྙིང་ཉེ་སྒྲུབ་ལ་བུ་བཞིན་སྐྱོང་། སྣ་ཚོགས་དངོས་གྲུབ་འདོད་རྒུའི་ཆར་འབེབས་པའི། ཕྲིན་ལས་བཞི་ཡི་ལས་ཀྱི་མངའ་བདག་པོ། སྟོབས་ལྡན་དྲེགས་པའི་རྒྱལ་པོ་ཁྱོད་གཅིག་པུ། གསང་ཡུམ་དགྱེས་སྡེ་ལས་བྱེད་ཁྱུགས་སེ་ཁྱུག །འཁོར་དུ་བཙན་དམག་འབུམས་དེ་སྤྲིན་ལྟ་གཏིབ། ཕོ་ཉ་མི་རིང་དམར་པོ་ཤ་ར་ར། མི་བཟད་བྱ་ཁྱི་དམར་པོ་ཚུབས་སེ་ཚུབ། རྩེ་གཅིག་གདུང་བ་དྲག་པོའི་འབོད་པའི་ཚེ། །མཁའ་ལས་གློགས་ཕྲེང་གཡོ་བ་ཇི་བཞིན་དུ། སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་ནས་ཀྱང་། དམ་རྫས་བདུད་རྩི་རོ་བརྒྱ་ལྡན་པའི་བཅུད། གསེར་སྐྱེམས་གཡུ་སྐྱེམས་ཕུད་རྒོད་ཛ་ཧུའི་རྒྱུན། ལྦུ་ཕྲོང་དོ་ཤལ་གཡོ་བ་རཀྟའི་སྐྱེམས། འདོད་ཡོན་བདུད་རྩི་རླབས་ཀྱི་འཕྲེང་བ་ཅན། བདུད་རྩིའི་ཟེར་ཕྲེང་སྣ་ཚོགས་ཕྱོགས་བཅུར་འཕྲོ། །དགེ་ལེགས་འདོད་འབྱུང་བཀྲིས་མཆོད་པའི་སྤྲིན། དགེ་ལེགས་ཀུན་ལྡན་གསེར་སྐྱེམས་རྒྱ་མཚོ་འདི། །དགེ་ལེགས་དངོས་གྲུབ་མཐའ་དག་སྩོལ་བའི་

【英語翻譯】 Golden Drink, Nectar Waves of Accomplishment, of the Mighty Fierce One, Destroyer of Stone Enemies. Golden Drink, Nectar Waves of Accomplishment, of the Mighty Fierce One, Destroyer of Stone Enemies. Herein lies the Golden Drink, Nectar Waves of Accomplishment, of the Mighty Fierce One, Destroyer of Stone Enemies. Hrīḥ! From the midst of the great, powerful whirlwind of fire and wind, The supreme deity of power, Hayagriva, roars with the sound of a horse. The color of power, the king of power, glorious supreme horse, The great, powerful supreme deity of power, Heruka. The supreme body of power, the splendor of a hundred thousand suns, The fierce, wrathful roar of power, like the thunder of a thousand dragons. The lord of power, the crown jewel of all the arrogant, The enforcer of power, the slayer of the unruly and difficult to tame. The master of all the arrogant of appearance and existence, The mighty fierce one, Vajra Destroyer of Enemies. Subduing the three realms, overwhelming the three existences, The king who is wrathful to the wrathful, Heruka. Red in color, like the red-black army of the end of time, Unbearable, greatly wrathful, with the head of a stag. Three eyes glaring, hateful eyes darting in the ten directions, Mouth open, fangs bared, tongue rolling like lightning. Wearing a garment of human skin as an upper garment, Two hands holding a red spear and a fierce lasso. Crushing the oath-breakers, enemies, and obstructors, piercing their hearts, Red-black flames of fire flashing in the ten directions. Riding a red lightning bolt, circling the three thousand worlds, If relied upon, as close as the heart; if practiced, caring like a son. Bestowing a rain of various siddhis and desired things, The master of the four activities of action. You alone are the powerful king of the arrogant, The secret consort, the joyful host, the active ones, fluttering swiftly. Surrounded by hundreds of thousands of fierce soldiers, massed like clouds, The messenger, the tall red man, Shara Ra. The unbearable red bird-dog, rustling busily, At the moment of calling with intense, fervent longing, Just as a string of lightning flickers from the sky, In an instant, having arrived at this place, The essence of the samaya substance, nectar containing a hundred tastes, The stream of golden drink, turquoise drink, the best of the best, and dza hu. The swirling garland of bubbles, the drink of rakta, Possessing a garland of waves of desired qualities and nectar. Various rays of nectar flashing in the ten directions, Auspicious clouds of offerings that bring forth all good things. This ocean of golden drink, complete with all good qualities, Bestowing all auspicious siddhis.

============================================================

================== 第 2 段 ================== 【原始藏文】 ཕྱིར། །དགེ་ལེགས་ཀུན་ལྡན་མཆོད་པ་འདི་བཞིས་ལ། འདོད་རྒུའི་དངོས་གྲུབ་ཀུན་བདག་ཁྱོད་ཉིད་ཀྱི་འདོད་དོན་གང་ལ་གང་འདོད་ཇི་བཞིན་དུ། །འདོད་པའི་རེ་བ་ཡིད་བཞིན་བསྐང་ནས་ཀྱང་། འདོད་པའི་བསམ་པ་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་པ་འདི་ནི་མགོན་ཁག་གསར་བའི་ལྷ་གཉེར་ཐུབ་བསྟན་སྐལ་བཟངས་གར་དཀོན་མཆོག་བློ་གྲོས་གཉིས་ནས་ཡང་ཡང་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་མིང་གཞན་པདྨ་ཐེག་མཆོག་བསྟན་འཛིན་གྱི་མགོན་ཁང་དབང་དྲག་རོལ་བའི་ཕོ་བྲང་ནས་བྲིས་པ་དགེའོ། རྟ་མགྲིན་དྲེགས་པ་ཟིལ་གནོན་ལས་གཏེར་སྲུངས་བསང་གསུར་གྱིས་མཆོད་ཐབས་བཞུས་སོ། །བཟང་ནག། །ཁྲོ་བོ་ཆེ་བཙན་ཧེ་རུ་ཀའི། །གཏེར་སྲུངས་ཆེན་པོ་བསང་གསུང་གྱི། །བརྔན་ཞིང་སྒྲུབ་པོའི་བར་ཆད་སེལ་བའི་ཐབས། །རང་ཉིད་ཡི་དམ་ལྷ་ཡི་བསྐྱེད་རིམ་ངང་། ཧཱུྃ༔ །བསང་གསུར་འདོད་ཡོན་ལྔ་ལྡན་མཆོད་པའི་སྤྲིན། །ཙ་གསུམ་དཔལ་མགོན་སྣང་སྲིད་ལྷ་སྲིན་ཚོགས། །ཁྱད་པར་ཡ་མཚན་ལྡན་པའི་གནས་ཆེན་པོ། །འབར་བ་དབང་གི་བསྒྲུབ་གནས་མེ་འབར་ཕུག །གནམ་གྱི་གང་བ་ཤར་ནས་ཉི་ཟླས་བརྒྱན། །ཆབ་ཀྱི་གང་བ་ནུབ་ནས་ཆུ་བོ་འབབ། །རི་ཡི་རྒྱལ་པོ་བྲག་དམར་མདའ་སྒྲོའི་དབྱིབ། །གྲིབ་སོ་གཉིས་ཀྱིས་ཉིན་མཚན་ཆུ་ཚོད་འཛིན། །རིན་ཆེན་ཐང་བརྡལ་ལྷོ་ནས་འབྲས་དྲུག་སྨིན། །སྨན་སྤོས་དྲི་གསུང་ལྡན་པའི་ལྗོང་ཆེན་པོ། །ཇོ་བོ་ཆེན་པོ་གྲི་བཙན་དགྲ་འཇོམས་བཙལ། །མཆེད་ཟླ་ལྷ་སྲིན་དགྱེས་སྡེ་ཡུམ་དང་སྲས། །ལྷ་ཤིང་ཤུགས་པའི་དུད་པས་བསང་ངོ་མཆོད། །དཀར་དམར་གསུར་གྱི་དུད་པས་བརྔན་ནོ་འབུལ། །ཕུ་ཡི་མཚོ་སྨན་ན་མོ་འཁོར་བཅས་བསངས། །དགྱེས་སྡེ་ཡུམ་ཆེན་ཡིན་པས་མངའ་གསོལ་ལོ། །ཤར་གྱི་རྫོང་བཙན་དམར་པོ་འཁོར་བཅས་བསང་། །དབྱར་མད་གཙིག་པའི་གྲོགས་པོ་མངའ་གསོལ་ལོ། །ལྷོ་ཕྱོགས་ཡི་རིའི་ལྷ་བཙན་འཁོར་བཅས་བསང་། །སྐུ་ཡི་སྲས་མཆོག་ཡིན་པས་མངའ་གསོལ་ལོ། །ནུབ་ཀྱི་རྒྱལ་བ་ཐོད་དཀར་འཁོར་བ་བཅས་བསང་། ཡིད་ལུས་བསྐྱེད་པའི་ཕ་གཅིག་མངའ་གསོལ་ལོ། །བྱང་གི་སྨན་མོ་རང་འཚོངས་བཙན་རྒོད་བསངས། །མཆད་གྱི་སྤུན་ཟླ་ཡིན་པའི་མངའ་གསོལ་ལོ། །ཆུ་དྲོན་གཡུ་ཡི་ཕུག་པའི་ཀླུ་སྨན་བསང་། །ལྕམ་དྲལ་སྲིང་དུ་གྱུར་པས་མངས་གསོལ་ལོ། །མདོ་གསུམ་གླུ་བྲག་བཙན་རྒོད་འཁོར་བཅས་བསང་། །གཉེར་གྱི་ཕྱག་ཚངས་ཡིན་པས་མངའ་གསོལ་ལོ། །ཡོབ་ཀྱི་རྐྱང་རིའི་བཙན་མར་འཁོར་བཅས་བསང་། །བཀའ་ཡི་བློན་པོ་ཡིན་པས་མངའ་གསོལ་ལ

【漢語翻譯】 之後,以此具足一切善妙的供養,如您這般擁有所有希求成就的主尊,對於您所希望的任何事物,都能如願以償。愿您如意滿足一切願望,並毫不費力地成就一切希求。 此乃應新貢家族的侍神圖旦·噶桑噶·袞卻洛哲二人的再三請求,由圓滿化身第五世圖旦·曲吉多杰的別名貝瑪·特秋丹增,于貢康旺扎熱巴頗章所書,善哉! 《馬頭明王降伏傲慢》中,伏藏護法的煙供儀軌至此結束。善與惡。 忿怒尊大威力黑汝嘎之,大護法煙供祭祀之,酬謝並遣除修行者障礙之方法。 自己處於本尊的生起次第中。 吽 (藏文:ཧཱུྃ,梵文天城體:हुं,梵文羅馬轉寫:hūṃ,漢語字面意思:吽)! 煙供五妙欲,供養之云。 嚓三尊,吉祥怙主,顯有諸神鬼。 尤其殊勝稀有之大聖地。 燃燒威力的修行處,火焰洞。 天空充滿東方,以日月莊嚴。 河流充滿西方,水流涌動。 山王紅巖,箭羽之形。 雙影執持晝夜時辰。 珍寶平原,南方稻穀六熟。 藥香氣味芬芳之大樹林。 喬沃欽波,持刀利刃降伏敵。 兄弟神鬼,歡喜眷屬,母與子。 以神樹杜鵑之煙,作煙供祭祀。 以紅白朵瑪之煙,作酬謝供養。 普伊湖之藥女那摩及其眷屬作煙供,因是歡喜眷屬之大母,故作加持。 東方宗贊瑪爾布及其眷屬作煙供,因是夏瑪德吉巴之友,故作加持。 南方耶熱之神贊及其眷屬作煙供,因是身之殊勝子,故作加持。 西方嘉瓦托嘎及其眷屬作煙供,因是意身所生之父,故作加持。 北方藥女讓沖贊郭作煙供,因是血緣之兄弟,故作加持。 曲珍玉洞之龍女作煙供,因是姐弟姊妹,故作供養。 多松魯扎贊郭及其眷屬作煙供,因是管家之凈人,故作加持。 約布江熱之贊瑪及其眷屬作煙供,因是教言之大臣,故作加持。

【英語翻譯】 Afterward, with this offering complete with all goodness and excellence, may you, the lord who possesses all desired attainments, fulfill all your wishes and desires as you wish. May you satisfy all hopes and aspirations, and effortlessly accomplish all your intentions. This was written at the Gonkhang Wang Drak Rolwai Phodrang by Pema Tekchok Tendzin, another name for the Fifth Dzogchen Tulku Thubten Chokyi Dorje, at the repeated request of Thubten Kalzang Gar Konchok Lodro, the deity caretaker of the new Gonkhang family. May it be virtuous! The method of offering through incense and sur for the treasure guardian from “Hayagriva Subduing Arrogance” is completed. Good and bad. Of the Wrathful Great Powerful Heruka, Of the great guardian incense and sur, The method of rewarding and eliminating obstacles for practitioners. Oneself in the generation stage of the Yidam deity. Hūṃ! Clouds of incense and sur, offerings with five desires. Tsa Sum, glorious protector, assembly of gods and demons of existence. Especially the great and wonderful sacred place. The burning place of power practice, the cave of burning fire. The sky is filled from the east, adorned with the sun and moon. The water is filled from the west, with rivers flowing. The king of mountains, Red Rock, in the shape of an arrow feather. The two shadows hold the hours of day and night. The precious plain, with six crops ripening in the south. A great forest filled with the fragrance of medicine and incense. Jowo Chenpo, wielding a knife to subdue enemies. Brother gods and demons, joyful retinue, mother and son. Offering incense with the smoke of the divine juniper tree. Rewarding with the smoke of red and white torma offerings. Offering incense to the lake goddess Namo and her retinue of Pui, because she is the great mother of the joyful retinue, I offer empowerment. Offering incense to the eastern Dzongtsen Marpo and his retinue, because he is a friend of Yarmad Tsikpa, I offer empowerment. Offering incense to the southern Yiri Lhatsen and his retinue, because he is the supreme son of the body, I offer empowerment. Offering incense to the western Gyalwa Thodkar and his retinue, because he is the father who created mind and body, I offer empowerment. Offering incense to the northern medicine woman Rangtsong Tsengö, because she is a blood sibling, I offer empowerment. Offering incense to the Naga goddess of the Chutron turquoise cave, because she is a sister and sibling, I offer offerings. Offering incense to the Dosum Ludrak Tsengö and his retinue, because he is the clean servant of the steward, I offer empowerment. Offering incense to the Tsanma of Yob Kyangri and her retinue, because she is a minister of the teachings, I offer empowerment.

============================================================

================== 第 3 段 ================== 【原始藏文】 ོ། །ཟླ་ཡི་དམར་པོ་བློན་སྲས་འཁོར་བཅས་བསང་། །ཕྱུགས་ཀྱི་རྫི་བོ་ཡིན་པས་མངའ་གསོལ་ལོ། །ནག་སོགས་ཆུ་ཡི་དགེ་བསྙེན་འཁོར་བཅས་བསང་། །ལས་ཀྱི་ཕོ་ཉ་ཡིན་པས་མངའ་གསོལ་ལོ། །གཞན་ཡང་བསང་འོས་བརྔན་དང་མཆོད་པར་འོས། །མ་ལུས་ཐམས་ཅད་བསང་ཞིང་གསུར་གྱིས་བརྔན། །ཁྱེད་རྣམས་བསང་ཞིང་མཆོད་དེ་བརྔན་པའི་མཐུས། །བསྟན་པ་དར་ཞིང་སེམས་ཅན་སྐྱིད་པ་དང་། །བདག་ཅག་མི་ནོར་འཁོར་དང་བཅས་པ་ལ། །བསྲུང་སྐྱོབས་མགོན་དང་སྡོང་གྲོངས་ཕྲིན་ལས་བསྒྲུབ། །གཞི་བྱེས་ཀུན་ཏུ་མེལ་ཚེ་བྱ་ར་གྱིས། །ཕུ་ཡི་གནགས་སྐྱོངས་མདའ་ཡི་འབྲས་དྲུག་བསྲུང་། །ཉིན་གྱི་ལྷ་མཛོད་མཚན་གྱི་ཟོ་དོར་གྱིས། །ཡུལ་ལྷ་གཞི་བདག་མཆོད་དོ་ངོ་མཆུང་། །རྣལ་འབྱོར་འདོད་འི་འབྲས་བུ་མཆིས་པར་མཛོད། །ཅིས་ཕུར་དང་གཏོར་མ་ཅི་འབྱོར་འབུལ། །བར་ཆད་སེལ་ཞིང་སྟོང་གྲོགས་བྱེད་པར་འགྱུར། །དེ་ཕྱིར་མ་འོངས་རྣམས་ཀྱི་སྤྱོད་མཁས་བྱ། ས་མ་ཡཱཿ རྒྱ་རྒྱ་རྒྱཿ གཏེར་རྒྱཿ ཟབ་རྒྱཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ རྒྱལ་མཁས་པ་ཉི་མ་གྲགས་པ་ནག་གཤོད་མེ་འབར་ཕུག་ནས་ཆུ་ཁྱི་ལོ་གདན་དྲངས་ཤིང་ས་འབྲུག་ལོར་ཤོག་སེར་ལས་བོད་ཡིག་ཏུ་ཕབས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག གྲི་བཙན་རྡོ་རྗེ་དགྲ་འཇོམས་རྩ་གྱི་རྟགས་བསྟོད་དགྲ་བགེགས་ཚར་གཅོད་ཞེས་བྱ་བ་བཞུགས་སོ། །ཧྲཱིཿ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རང་སྣང་ངུར་ཁྲོད་རོལ་པའི་གཞལ་ཡས་ཁང་། །རང་རིག་དབང་ཆེན་རྟ་མཆོག་ཧེ་རུ་ཀ། རང་ལས་རང་ཤར་ཆུ་ཟླ་ལྟ་བུའི་ཚུལ། རང་མདུན་བཙན་མཁར་དགུང་ལ་སྙེགས་པ་འདྲའི། །ཙེ་ལ་སྲིན་བྱ་མང་པོ་སྤྲིན་ལྟར་གཏིབ། །དབང་པོའི་ཕྱོགས་སུ་ཉི་ཟླའི་དཔལ་གཡང་སྟེར། །ནུབ་ཕྱོགས་ཆུ་བོའི་རྦ་རླབ་རབ་ཏུ་འཁྱུགས། །ལྷོ་པྱོགས་མི་ཟད་རིན་ཆེན་འབྲས་དྲུག་སྨིན། །མདུན་དུ་གཅན་གཟན་མང་པོ་རྒྱུག་འདྲལ་བྱེད། །ལས་བྱེད་ཤན་པའི་དམག་ཚོང་བསམ་མི་ཁྱབ། །དེ་ལྟར་དམ་ཅན་འདུ་བའི་གནས་མཆོག་འདིར། །དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ན། །མེ་རླུང་དམར་ནག་འཚུབ་མའི་ཀློང་དཀྱིལ་ན། །དུག་ལྔ་ནམ་དག་ཡེ་ཤེས་ལྔ་ཡི་བདག །ཆོས་དབྱིངས་ཡེ་ཤེས་དབྱིངས་ལས་ཁྲོས་པའི་སྐུ། །དབང་ཆེན་རྟ་མཆོག་པདྨཧེ་རུ་ཀའི། །བཀའ་ཉན་ལས་བྱེད་དྲེགས་པ་ཡོངས་ཀྱི་གཙོ། །གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ། །ཁྱོད་ཀྱི་སྐུ་མདོག་དམར་པོ་བསྟན་པ་ནི། །སོར་རྟོགས་ཡེ་ཤེས་དབྱིངས་ལ་མ་གཡོས་རྟགས། །མི་བཟད་རབ་ཁྲོས་ཤ་བའི་དབུ་ཅན་ནི། །འཕུང་བ

【漢語翻譯】 嗡。月之紅色大臣眷屬一同桑煙供養,因是牲畜之牧人故而敬獻主權。納等水之居士眷屬一同桑煙供養,因是事業之使者故而敬獻主權。其他也應桑煙供養、應供養祭祀者,全部無餘桑煙供養並以祭祀供養。您等桑煙供養、供養而祭祀之威力,令教法興盛、眾生安樂,於我等人民財富眷屬等,守護救護為怙主和助伴成辦事業。於一切處所嚴加守護,守護上方之黑護法、守護下方之六果。做白天之財神、做夜晚之守護神。供養地方神祇土地神,莫輕視怠慢。愿瑜伽士之所愿成就,奉獻朵瑪食子等力所能及之供品,遣除障礙併成為助伴。因此于未來諸事善巧行事。薩瑪雅,印印印,寶印,深印,薩瑪雅,印印印。嘉·堪布尼瑪扎巴從納秀梅巴普於水狗年(1202年)迎請,于土龍年(1248年)從黃紙譯成藏文,愿吉祥。名為「持刃者金剛降魔力之根本讚頌誅滅怨敵」之儀軌。 舍(藏文,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:舍)從空性之中剎那圓滿,自顯現之紅色之中嬉戲之宮殿,自明大自在馬頭明王黑汝嘎,自生自顯如水中月之相。自身前如高聳入雲之城堡,則拉魔鳥眾多如雲般密集。于東方賜予日月之光彩,西方河水之波濤洶涌澎湃,南方無盡珍寶六果成熟,前方眾多猛獸奔跑撕咬。行事業屠夫之軍隊不可思議。如是誓言者彙集之聖地,于紅黑三角燃燒之壇城中,於火風紅黑旋風之中央,五毒清凈五智之自性,從法界智慧界忿怒之身,大自在馬頭明王蓮花黑汝嘎之,聽命者行事業傲慢者之主,大持刃者金剛降魔力。您之身色顯現紅色者,乃明智智慧界未動搖之象徵。不可思議極忿怒具野人之頭者,乃摧毀

【英語翻譯】 Oṃ. Offering smoke to the red minister and his retinue, because he is the shepherd of livestock, we offer him sovereignty. Offering smoke to the virtuous friends of the waters, such as Nag, and their retinue, because they are messengers of action, we offer them sovereignty. Furthermore, all those who should be offered smoke, offerings, and worship, without exception, are offered smoke and offerings. By the power of your smoke offerings and worship, may the teachings flourish, may sentient beings be happy, and may you protect and assist us, the people, wealth, and retinue, and accomplish our activities. Guard and patrol everywhere, protect the black protectors of the upper reaches, and protect the six fruits of the lower reaches. Be the treasure of the gods during the day and the guardian at night. We offer to the local deities and earth lords, do not be negligent. May the yogis’ desires be fulfilled, and may we offer whatever we can, such as tormas and other offerings. May you remove obstacles and become helpers. Therefore, be skilled in future actions. Samaya, seal, seal, seal, treasure seal, profound seal, Samaya, seal, seal, seal. Gya. Khenpo Nyima Drakpa invited [this text] from Naksho Mebar Puk in the Water Dog year (1202), and translated it from yellow paper into Tibetan in the Earth Dragon year (1248). May it be auspicious. This is the ritual called “The Root Praise of the Knife-Wielding Vajra Subduer of Enemies, Cutting Off Obstacles and Enemies.” Hrīḥ (藏文,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:舍). From the state of emptiness, in an instant of perfect recollection, a palace playing in the midst of self-appearing redness, the self-aware, powerful Hayagriva Heruka, self-arisen and self-manifest like a moon in water. In front of oneself, like a fortress reaching for the sky, many Tse-la demon birds gather like clouds. In the direction of Indra, they bestow the glory of the sun and moon. In the west, the waves of the river surge and swirl. In the south, inexhaustible precious six fruits ripen. In front, many wild animals run and tear each other apart. The army and trade of the working butchers are inconceivable. Thus, in this supreme place where oath-bound ones gather, in the mandala of burning red and black triangles, in the center of the red and black whirlwind of fire and wind, the five poisons purified, the nature of the five wisdoms, the wrathful form from the Dharmadhatu wisdom realm, the powerful Hayagriva Padma Heruka’s, the chief of the obedient, working, arrogant ones, the great Knife-Wielding Vajra Subduer of Enemies. The fact that your body color appears red is a sign that you have not moved from the realm of discerning wisdom. The unbearable, extremely wrathful one with the head of a yak is the destroyer

============================================================

================== 第 4 段 ================== 【原始藏文】 ྱེད་ཕྲ་མེན་མཁན་རྣམ་འདུལ་བའི་རྟགས། །རྔམས་བརྗིད་དུང་གི་ར་བཅུའི་བརྒྱན་པ་ནི། །དོན་དམ་དབྱིགས་སུ་ས་བཅུར་གནས་པའི་རྟགས། །སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ་ནི། །སྲིད་པ་གསུམ་པོ་དབག་དུ་སྡུད་པའི་རྟགས། །ཞལ་གདང་མཆེ་གཙིགས་རྔམས་པར་བསྟན་པ་ནི། །གདུགས་པ་ཅན་རྣམས་དབང་དུ་སྡུད་པའི་རྟགས། །མི་ལྤགས་གཡང་གཞིའི་ན་བཟའ་གསོལ་བ་ནི། །ཉོན་མོངས་དུག་ལྔ་རྩད་ནས་གཅོད་པའི་རྟགས། །སྟག་གི་ལྤགས་པའི་ཤམ་ཐབ་བྱས་པ་ནི། །ཁམས་གསུམ་འཁོར་བའི་སྐྱོན་གྱི་མ་གོས་རྟགས། །ཕྱག་གཡས་བཙན་མདུང་དམར་པོ་བསྣམས་པ་ནི། །དམ་ཉམ་བྱད་མའི་སྙིང་ལ་བསྣུན་པའི་རྟགས། །ཕྱག་ཡོན་བཙན་ཞགས་དམར་པོ་བསྣམས་པ་ནི། །ཕ་རོལ་བྱད་མ་འཆིང་ཞིང་སྒྲོལ་བའི་རྟགས། །ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་བྱས་པ་ནི། །རྒབ་འདྲེ་འབྱུང་པོ་རྡུལ་དུ་བརླག་པའི་རྟགས། །ཆིབས་སུ་དེ་ནི་གློང་དམར་ཆིབ་པ་ནི། །ཕྲིན་ལས་ནམ་མཁའི་གླིང་ལས་མྱུར་བའི་རྟགས། །རྣམ་དག་སྤྲོས་དང་བྲལ་བའི་ཀློང་ཡང་སུ། །རྣམ་མང་ཡང་ཤར་འཇིག་རྟེན་དྲོགས་པའི་གཙོ། །རྣམ་འཕྲུལ་ཆ་ལུགས་ཅིར་ཡང་སྟོན་མཛད་པ། །རྣམ་ཀུན་གནས་ལུགས་ངང་དུ་མཇལ་བའི་འདུད། །རབ་ཁྲོས་མི་ཟད་ཤ་བའི་དབུ་ཅན་གྱིས། །རབ་ཏུ་བརྣག་པའི་མ་རུང་བདུད་སྡེའི་ཚོགས། །རབ་ཁྲོས་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀིས། །རབ་ཏུ་བརླག་མཛད་མཐུ་ཆེན་ཁྱོད་ལ་བསྟོད། །མི་བཟད་སྐུ་ནི་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་ལས་ལྷག་པའི་སྐུ། །ཁྲོ་གཉེར་ནམ་མཁའི་གློགས་སྟོག་འགྱུ་བ་བཞིན། །སྟོབ་ལྡན་དྲེགས་པའི་དབང་ཕྱུག་ཁྱེད་ལ་བསྟོད། །རྔམས་པའི་ང་རོས་འབྲུག་སྟོང་ལྡིར་བ་བཞིན། །ཨ་ལ་ཧ་ལའི་གད་རྒྱང་ཕྱོགས་བཅུར་སྒྲོགས། །བཤུག་པའི་གླུ་ལེན་དྲག་པོའི་འཐོར་རླུང་འབུད། །གསུང་གི་དབང་ཕྱུག་ཁྱོད་ལ་བདག་བསྟོད་དོ། །ཁྱོད་ཐུགས་ཀ་དག་ནམ་མཁའ་ལྟ་བུ་ལ། །ལྷུན་གྲུབ་རོལ་མོའི་ཆོ་འཕྲུལ་ཤར་བ་ལས། །རྣམ་བཞིའི་ལས་ཀུན་སྒྲུབ་པའི་ལྷ་གཅིག་པོ། །སྒྲུབ་ལ་བུ་བཞིན་སྐྱོང་མཛད་ཁྱོད་ལ་བསྟོད། །ཧཱུྃ་ཧྲཱིཿ །སྤྱི་བོ་དུང་ཁང་འབར་བའི་གཞལ་ཡས་ནས། །མེ་ལོང་ཡེ་ཤེས་དབྱིངས་ལས་ཁྲོས་པའི་སྐུ། །སྐུ་ཡི་སྤྲུལ་པའི་རྟ་ཕག་ཡབ་ཡུམ་ཀྱི། །བཀའ་ཡི་ལས་མཁན་སྙིང་རྗེ་ཚད་མེད་བདག །ཞི་བའི་ལས་མཛད་གྲི་བཙན་མཐུ་བོ་ཆེ། །ཟླ་ལྟར་དཀར་བའི་ཞལ་གདང་ཡ་ལ་ལ། །མི་མཐུན་བར་ཆད་རྐྱེན་ངན་མཐའ་དག་མཀུན། །ཞི་བ་ཆེན་པོའི་ཕྲིན་ལས་མཛད་ལ་བསྟོད། །ལྟེ་བ་སྤྲུལ

【漢語翻譯】 您是調伏微細者的象徵。 威嚴的法螺十地的莊嚴是: 真實義中安住十地的象徵。 三眼怒視十方是: 將三有收攝為己用的象徵。 張口齜牙,威猛顯現是: 將有傘者收攝為己用的象徵。 披著人皮的護身衣是: 從根斬斷五毒煩惱的象徵。 以虎皮做裙子是: 未沾染三界輪迴過患的象徵。 右手拿著紅色利矛是: 刺向違背誓言者的心臟的象徵。 左手拿著紅色罥索是: 束縛並解脫他方邪魔的象徵。 雙足右伸左屈是: 將厲鬼妖魔摧毀成灰塵的象徵。 坐騎是紅色野驢是: 事業比天空還快的象徵。 您是清凈無戲論的自性。 顯現眾多,亦是世間怙主。 示現各種幻化形象。 向您頂禮,於一切法性中得見。 以極忿怒、無盡食肉的頭顱, 極度壓制不悅意的魔眾。 以極忿怒、顯現猛烈的行為, 極度摧毀您,讚頌大能者。 不可思議之身如末劫之火般燃燒, 光芒勝過億萬太陽之身。 怒容如天空閃電般舞動, 讚頌具力傲慢的自在者。 以威猛的吼聲如千龍轟鳴, 阿拉拉的狂笑聲響徹十方。 吹奏尖厲的歌聲,猛烈的暴風, 讚頌語自在您。 您清凈的心如同虛空, 從中顯現任運成就的嬉戲神變, 成辦四種事業的唯一本尊。 讚頌您如子般守護修行者。 嗡 舍。 從頭頂法螺燃燒的宮殿中, 從如鏡智慧界中顯現忿怒之身。 身之化現馬豬父母尊, 語之使者無量慈悲者。 行持寂靜事業的持刀大力者, 如月般潔白的張口呀啦啦。 所有不順違緣惡緣, 讚頌您行持廣大的寂靜事業。 臍輪化現

【英語翻譯】 You are the symbol of subduing the subtle ones. The majestic conch shell, the adornment of the ten grounds, is: The symbol of abiding in the ten grounds in the true meaning. The three eyes glaring in the ten directions are: The symbol of gathering the three realms into one’s own use. The open mouth and bared fangs, the fierce display, are: The symbol of gathering those with umbrellas into one’s own use. Wearing the human skin as a protective garment is: The symbol of cutting off the five poisons of affliction from the root. Using the tiger skin as a skirt is: The symbol of not being tainted by the faults of the three realms of samsara. Holding the red lance in the right hand is: The symbol of piercing the heart of those who break vows. Holding the red lasso in the left hand is: The symbol of binding and liberating the other’s demons. The two feet, right extended and left bent, are: The symbol of destroying the evil spirits and demons into dust. The mount is the red wild donkey is: The symbol of the activity being faster than the realm of the sky. You are the pure nature, free from elaboration. Manifesting in many ways, you are also the lord of the world. Showing various illusory forms. I prostrate to you, seeing you in the nature of all things. With the extremely wrathful, inexhaustible flesh-eating head, Extremely suppressing the unpleasant hosts of demons. With extremely wrathful, manifesting fierce actions, Extremely destroying you, I praise the great powerful one. The inconceivable body burns like the fire of the end of time, The body whose rays exceed a billion suns. The wrathful frown moves like lightning in the sky, Praise to you, the powerful and arrogant自在者. With a fierce roar like a thousand dragons thundering, The laughter of Alala resounds in the ten directions. Playing a sharp song, blowing a fierce storm, Praise to you, the lord of speech. Your pure heart is like the sky, From which spontaneously arise the magical displays of play, The only deity who accomplishes all four actions. Praise to you who protect practitioners like a child. Om Shri. From the palace of the burning conch shell on the crown of the head, From the realm of mirror-like wisdom, the wrathful body manifests. The emanation of the body, the horse and pig father and mother, The messenger of speech, the immeasurable compassionate one. The great powerful one who holds the knife and performs peaceful actions, The moon-like white open mouth, ya la la. All unfavorable obstacles and bad conditions, Praise to you who perform the vast peaceful actions. The navel wheel manifests

============================================================

================== 第 5 段 ================== 【原始藏文】 ་པའི་འཁོར་ལོའི་གཞལ་ཡས་ནས། །མཉམ་ཉིད་ཡེ་ཤེས་དབྱིངས་ལས་ཁྲོས་པའི་སྐུ། །ཡོན་ཏན་སྤྲུལ་པའི་རྟ་ཕག་ཡབ་ཡུམ་གྱི། །བཀའ་ཡི་ལས་མཁན་བྱམས་པ་ཚད་མེད་བདག །རྒྱས་པའི་ལམ་མཛད་གྲི་བཙན་མཐུ་བོ་ཆེ། །སྐུ་མདོག་སེར་སོ་གཙོ་མ་གསེར་གྱི་མདོག །ཚེ་བསོད་དཔལ་འབྱོར་སྙན་གྲགས་གཟི་བརྗིད་སོགས། །རྒྱས་པའི་ཕྲིན་ལས་རྫོགས་མཛད་ཁྱོད་ལ་བསྟོད། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་གཞལ་ཡས་ནས། །སོར་རྟོག་ཡེ་ཤེས་དབྱིངས་ལས་ཁྲོས་པའི་དཔལ། །གསུང་གི་སྤྲུལ་པའི་རྟ་མགྲིན་ཡབ་ཡུམ་གྱི། །བཀའ་ཡི་ལས་མཁན་དགའ་བ་ཚད་མེད་བདག ། །དབང་གི་ལས་མཛད་གྲི་བཙན་མཐུ་བོ་ཆེ། །སྐུ་མདོག་དམར་པོ་པདྨ་ག་འདྲ། །མི་ནོར་ཟས་གསུམ་ཡུལ་ཁམ་རྒྱལ་བཙུན་སོགས། །དབང་དུ་སྡུད་པའི་ལྷ་མཆོག་ཁྱོད་ལ་བསྟོད། །གསང་གནས་བདེ་བ་ཆེན་པོའི་ཕོ་བྲང་ནས། །བྱ་གྲུབ་ཡེ་ཤེས་དབྱིངས་ལས་གྲུབ་པའི་ལྷ། །ཕྲིན་ལས་སྤྲུལ་པའི་རྟ་ཕག་ཡབ་ཡུམ་གྱི། །བཀའ་ཡི་ལས་མཁན་བཏང་སྙོམས་ཚད་མེད་བདག། །དྲག་པོའི་ལས་མཛད་གྲི་བཙན་མཐུ་བོ་ཆེ། །སྐུ་མདོག་ལྗང་ནག་མར་གད་ཞུན་མའི་མདོག །ཕ་རོལ་རྦོད་གཏོང་བྱད་མ་གདོན་གྱི་རིག །མངོན་སྤྱོད་དྲག་པོའི་སྒྲོལ་མཛད་ཁྱོད་ལ་བསྟོད། །མཆེད་ཟླ་ལྷ་སྲས་དགྱེས་སྡེ་ཡུམ་དང་བཅས། །གཞན་ཡང་དྲེགས་པ་ཁྱོད་ཀྱི་བཀའ་འཁོར་ན། །བཙན་གྱི་དམག་ཚོགས་འབུམ་སྡེ་ཉི་ལི་ལི། །རྔམས་བྱེད་མི་རིང་དམར་པོ་རང་སེ་རང་། །གླད་ན་བཙན་བྱ་མང་པོ་སྤྲིན་ལྟར་གཏིབ། །རྗེས་ནས་བཙན་ཁྱི་དམར་པོ་རྒྱུག་འདུར་བྱེད། །གྲི་བཙན་མི་ཟན་དམར་པོ་འཁོར་དང་བཅས། །ཁྱོད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི། ཆེ་བའི་ཡོན་ཏན་བསྟོད་པའི་བྱིན་རླབ་ཀྱི། །དེ་ནས་བྱང་ཆུབ་སྙིང་པོ་མ་ཐོབ་པར། །སྟོབས་ལྡན་དྲེགས་པའི་དབང་པོ་ཁྱོད་ཉིད་ཀྱི། སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་ལ། །བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པའི་བགེགས། །མི་མཐུན་ཉམས་པའི་ཚོགས་རྣམས་མཐའ་དག་ཀུན། །མངོན་སྤྱོད་དྲག་པོ་རོལ་པའི་ཚར་གཅོད་ཅིག །མདོར་ན་བདག་གི་བཞེད་པའི་དོན་རྣམས་ཀུན། །ཡིད་ལ་གང་འདོད་དྲན་པ་ཙམ་གྱིས་ཀྱང་། །བུམ་པ་བཟང་ལས་དངོས་གྲུབ་འབྱུང་བ་བཞིན། །འབད་མེད་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ནི་གད་པདྨ་དགེ་ལེགས་ནས་བསྐུལ་བའི་ངོར་མེ་སྦྲུལ་ཟླ་ཚེས་ལ་མགོན་ཁང་དབང་དྲག་རོལ་པ་ནས་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་བྲིས་པ་འདིའི་ཀྱང་བསྟན་ལ་ཕན་པའི་རྒྱུར་གྱུར་ཅིག སར

【漢語翻譯】 從增長之輪的宮殿中,從平等性智慧的虛空中顯現忿怒身,功德化身的馬豬父母的,教令執行者慈無量我。行增長事業的格贊大威力,身色黃亮主尊金色相,壽命福德財富名聲光榮等,圓滿增長事業您讚頌。從喉嚨受用輪的宮殿中,從妙觀察智慧的虛空中顯現忿怒威光,語之化身馬頭明王父母的,教令執行者樂無量我。行懷柔事業的格贊大威力,身色紅蓮花之色,人財食三及國土王妃等,懷攝自在之神您讚頌。從秘密處大樂的宮殿中,從成所作智慧的虛空中成就之神,事業化身的馬豬父母的,教令執行者舍無量我。行降伏事業的格贊大威力,身色綠黑融化酥油色,誅殺怨敵詛咒惡魔鬼怪類,現行降伏之神您讚頌。兄弟眷屬天子喜眾與母等,其他傲慢您之教令輪中,讚的軍隊百萬隊尼利利,威嚇長人紅色讓色讓,頭上贊鳥眾多如雲聚,後面贊犬紅色奔跑著,格贊食肉紅色眷屬等,您之身語意功德事業的,偉大功德讚頌之加持力,從此直至菩提心未得,具力傲慢之主您自己,修持之持明瑜伽我等,菩提修持之間作障礙的魔,不順衰損之眾全部都,現行降伏遊戲而誅滅。總而言之我之所愿諸事都,心中所想僅是憶念也,如從妙瓶中成就涌出般,不費力氣任運成就之事業祈請您成辦。此乃噶巴白瑪德勒勸請,火蛇年(1917)月日在護法殿威猛遊戲者,由圓滿化身五世圖丹確吉多杰所書,愿此亦成利教之因。薩瓦芒嘎拉姆

【英語翻譯】 From the palace of the wheel of increase, from the expanse of equality wisdom, the wrathful form appears. The command executor, immeasurable love, of the merit emanation horse-pig father and mother. Great power, Gri Tsen, who performs the path of increase. The main body color is yellowish-gold. Longevity, merit, wealth, fame, glory, etc. You are praised for completing the increasing activities. From the palace of the throat enjoyment wheel, from the expanse of discriminating wisdom, the wrathful splendor appears. The command executor, immeasurable joy, of the speech emanation Hayagriva father and mother. Great power, Gri Tsen, who performs the activities of subjugation. The body color is red like a lotus. Humans, wealth, the three foods, the country of Kham, queens, etc. You are praised, supreme deity who subdues and gathers. From the secret place, the palace of great bliss, the deity accomplished from the expanse of accomplishing wisdom. The command executor, immeasurable equanimity, of the activity emanation horse-pig father and mother. Great power, Gri Tsen, who performs fierce activities. The body color is greenish-black, like melted butter. Enemies, curses, black magic, demonic races. You are praised, the one who liberates through fierce activities. Brothers, divine sons, the joyous assembly with the mother, etc. Furthermore, in your command wheel of arrogance. The army of Tsen, hundreds of thousands of troops, Ni Li Li. Terrifying tall people, red Rang Se Rang. Many Tsen birds on the head, gathering like clouds. Red Tsen dogs running and chasing from behind. Gri Tsen, the flesh-eating red one, with attendants. The greatness of your body, speech, mind, qualities, and activities. By the blessing of praising the great qualities. Until the heart of enlightenment is not attained. You, the powerful lord of arrogance. For us, the vidyadhara yogis who practice. All the obstructing demons who interrupt the practice of enlightenment. Completely cut off the groups of unfavorable degeneration through fierce activities. In short, all the things I desire. Even just by remembering whatever you want in your mind. Like the accomplishment arising from a good vase. Please accomplish the activities that are effortlessly and spontaneously accomplished. This was written by the fifth emanation Thubten Chokyi Dorje from Gonkhang Wang Drak Rolpa on the day of the fire snake month (1917), at the request of Ghad Padma Gelek, may this also become a cause for benefiting the doctrine. Sarva Mangalam.

============================================================

================== 第 6 段 ================== 【原始藏文】 ྦ་མངྒ་ལཾ། །།། །གྲི་བཙན་བསྐང་བ་བཞུགས། ཧཱུྃ། པདྨ་དབང་གི་བཀའ་ཉན་པ། །གྲི་བཙན་རོལ་པ་རྐྱ་བདུན་ནི། །བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས། །ཞིང་ཆེན་གདན་ལ་བཞུགས་སུ་གསོལ། །གུས་པས་འདུད་དོ་དགྱེས་སྐོང་རྫས། །དབང་ལྔའི་མེ་ཏོག་ཚིལ་གསུར་སྤོས། །ཞུན་ཆེན་སྒྲོན་མེ་དྲི་ཆུའི་ཆབ། །ཤ་ཁྲག་རུས་པའི་ཞལ་ཟས་དང་། །རྐང་གླིང་རོལ་མོའི་ཐུགས་དམ་བསྐང་། །ཞིང་བཅུ་བསྒྲལ་བའི་རཀྟ་དང་། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན། །དམ་རྫས་བྷ་ལིང་བརྒྱན་ལྡན་བཅས། །བླ་མེད་མཆོད་པས་ཐུགས་དམ་བསྐང་། །མདའ་གདུང་རལ་གྲི་གོ་ཁྲབ་རྨོག །ལྕགས་ཀྱུ་ཞགས་པ་ལ་སོགས་པ། །དྲག་པོའི་ཉིར་སྤྱོད་མ་ཚང་མེད། །བརྔམ་བརྗིད་འབར་པས་ཐུགས་དམ་བསྐང་། །སྟག་གཟིགས་དམ་དྲེད་འཕར་སྤྱང་ཁྱི། །མི་དམར་རྟ་དམར་བྱ་དམར་དང་། །ཤ་བ་ར་བཅུ་ལ་སོགས་པ། །དཀོར་ཆའི་ཚོགས་ཀྱི་ཐུགས་དམ་བསྐང་། །མདོར་ན་རྣལ་འབྱོར་ཏིང་འཛིན་གྱི། །ཡིད་སྤྲུལ་སྣང་སྲིད་ཡོང་བསྐང་བའི། །དངོས་དང་དངོས་མེད་མཆོད་པའི་སྤྲིན། །དུ་མར་སྤྲོས་པའི་ཐུགས་དམ་བསྐང་། ཧཱུྃ། །དེ་ལྟར་ཐུགས་དམ་བསྐང་བའི་མཐུས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །རུ་ང་ཕྲག་དོག་མི་མཛད་ཅིང། །ཚེ་སྲིང་དཔལ་འབྱོར་དབང་ཐང་སྤེལ། །མི་རུང་བསམ་སྦྱོར་བརྣག་པ་ཡི། །བསྟན་དང་རྣལ་འབྱོར་ལ་འཚེ་བའི། །དམ་ཉམས་སྒྲོལ་ལ་དུས་ཀུན་ཏུ། །སྲུང་སྐྱོབས་འཕྲིན་ལས་མ་གཡེལ་མཛོད། །རིག་དང་མ་རིག་དབང་གྱུར་པས། །ཐུགས་དང་འགལ་གྱུར་བཟོད་པར་གསོལ། །ཅེས་གཞན་ཡང་བཤགས་པ་དང་ཡིག་བརྒྱ་བརྗོད། ཉི་སྤྲུལ་བཞི་པས་སོ། མངྒ་ལཾ། གྲི་བཙན་ཆེན་པོ་ནང་ལྟར་གནོད་སྦྱིན་རིགས་ཀྱི་ཕྲིན་ལས་དགོས་འདོད་རེ་བསྐོང་བཞུགས་སོ། །ཧཱུྃ་བྷྲཱུྂ། །དཀོར་མཛོད་རིན་ཆེན་ལས་གྲུབ་གཞལ་ཡས་དབུས། །དབང་ཆེན་པད་མའི་བཀའ་སྡོད་མ་ཚིག་ཅན། །གྲི་བཙན་ཆེན་པོ་ནང་ལྟར་ནོར་བུའི་ཚུལ། །སྐུ་མདོག་དམར་པོ་པདྨ་ར་གའི་འདོག །གཞོན་ནུ་ལོ་བརྒྱད་ན་ཚོད་ཡིད་དུ་འོང་། །དར་གྱི་ན་བཟའ་རིན་ཆེན་དུ་མས་བརྒྱན། །ཕྱག་གཡས་གསེར་མར་ལྕགས་ཀྱུའི་ཕྱྭ་གཡང་འགུགས། །གཡོན་པས་རླུང་ཞགས་གཞན་སྣང་དྲན་བཞིན་སྒུལ། །སྐུ་ལས་ཛཿཛའི་སྒྲ་འབྱིན་རླུང་དམར་གྱི། །དྲེགས་ལྡན་ཆེ་དགུའི་ཁེངས་སེམས་ཟིལ་གྱིས་གནོན། །སྙིང་ནོར་བདོག་དགུ་འཕྲོག་པའི་ཆོམ་རྐུན་འགྱེད། །བཙུན་མོ་སྲས་དག་བཀའ་འཁོར་ཕོ་ཉར་བཅས། །སྣང་སྲིད་དབང་དུ་སྡུད་པའི་དགོངས་པ་ཅན། །འཁོར་བཅས་རང་བཞིན་གནས་ནས་སྤྱན་

【漢語翻譯】 嗡 芒嘎拉姆!祈願吉祥! 格贊(神名)供養儀軌。 吽!蓮師權力的聽命者, 格贊遊戲七兄弟, 祈請降臨於此供養處, 恭請安坐于殊勝法座。 恭敬頂禮,供養悅意物, 五根之花,油脂薰香供, 明亮燈燭,香水沐浴液, 血肉骨骼之佳餚美食, 腿骨號筒樂器供誓言。 降伏十方之血供, 八萬藥草調和甘露藥, 誓言物食子,裝飾圓滿具, 無上供品供養諸誓言。 箭、矛、寶劍、盔甲、頭盔, 鐵鉤、繩索等等物, 所有猛厲之用具齊全, 威嚴熾燃供養諸誓言。 虎、豹、熊、狼、犬, 紅人、紅馬、紅鳥等, 以及十隻夏瓦拉等, 財物之眾供養諸誓言。 總而言之,瑜伽禪定之, 意幻顯有皆供養, 實有無實供養云, 變化多端供養諸誓言。 吽! 如是供養誓言之威力, 瑜伽我等眷屬眾, 莫生嗔恨嫉妒心, 增延壽命財富權勢。 對於心懷不軌惡意者, 損害佛法瑜伽士之徒, 違背誓言者,於一切時, 守護救護事業莫懈怠。 有知無知所控制, 若有違背心意祈寬恕。 如是,另念懺悔文及百字明。由日化身四者所著。芒嘎拉姆!大格贊如內續部所說,圓滿夜叉部之事業,滿足一切所需所愿。 吽 班! 珍寶所成寶藏嚴飾之宮殿中央, 蓮師大權印持明之不退轉者, 大格贊如內續部所說如珍寶之形相, 身色紅亮如紅寶石之光澤, 年方八歲之童顏令人歡喜, 絲綢天衣及諸多珍寶所莊嚴, 右持金剛鐵鉤勾招福祿祥瑞, 左持風索搖動他顯令憶念, 身發匝匝之聲放出紅色之風, 以威勢壓服傲慢九大魔之驕氣, 施予奪取心之珍寶九種財富之盜賊, 與眷屬妃子王子及使者等眾, 懷有攝伏輪涅一切顯有之意樂, 與眷屬從自性處祈請降臨。

【英語翻譯】 Om Mangalam! Auspiciousness!

The Fulfillment Ritual for Gri Tsen. Hūṃ! Listener to the command of Padma’s power, Gri Tsen, the playful seven brothers, I invite you to come to this place of fulfillment. Please be seated on the great field throne. I humbly prostrate and offer pleasing substances. Flowers of the five senses, fat, incense, and fragrance, Bright lamps, scented water for bathing, Food of flesh, blood, and bones, I fulfill your heart’s commitment with thighbone trumpets and music. The blood of those who have crossed the ten realms, The nectar medicine mixed with eighty thousand roots, Oath substances, bali offerings, adorned and complete, I fulfill your heart’s commitment with unsurpassed offerings. Arrows, spears, swords, armor, helmets, Iron hooks, lassos, and so on, Complete with all fierce implements, I fulfill your heart’s commitment with terrifying and majestic flames. Tigers, leopards, bears, wolves, dogs, Red people, red horses, red birds, and Ten Shavaras and so on, I fulfill your heart’s commitment with a collection of treasures. In short, I fulfill all appearances and existences, Which are mind-emanations of yogic samadhi, Clouds of offerings, both real and unreal, I fulfill your heart’s commitment by elaborating in many ways. Hūṃ! Through the power of fulfilling your heart’s commitment in this way, May you not be angry or jealous towards us yogis and our retinues, But extend our lives, increase our wealth and power. Towards those with evil thoughts and intentions, Who harm the Dharma and yogis, And those who break their vows, at all times, May you protect and guard them without neglecting your activities. Forgive us for any actions, knowingly or unknowingly, That may have gone against your heart. Thus, recite the confession and the Hundred Syllable Mantra. Written by the four emanations of the sun. Mangalam! May the great Gri Tsen, according to the inner tantra, fulfill the activities of the Yaksha lineage and grant all desired wishes. Hūṃ Bhrūṃ! In the center of a palace made of precious treasures, The unretreating one who holds the power of Padma, The great Gri Tsen, in the form of a jewel according to the inner tantra, His body is red like the color of a ruby, A youthful eight-year-old, pleasing to the mind, Adorned with silk garments and many precious jewels, His right hand holds a golden iron hook, attracting fortune and auspiciousness, His left hand holds a wind lasso, shaking other appearances and causing remembrance, From his body emanates the sound of dzah dzah, releasing a red wind, Subduing the arrogance of the proud nine great demons, Giving to thieves who steal the heart’s jewel, the nine kinds of wealth, Together with his retinue of consorts, princes, and messengers, With the intention of subduing all appearances and existences of samsara and nirvana, Together with your retinue, please come from your natural abode.

============================================================

================== 第 7 段 ================== 【原始藏文】 འདྲེན་གཤེགས། །ཡིད་འོང་དར་ཟབ་པད་མའི་གདན་ལ་བཞུགས། །ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །མཆོད་རྫས་སྤྱན་གཟིགས་དངོས་འབྱོར་ཡིད་སྤྲུལ་འབུལ། །བྷ་ལིང་གཏོར་མ་ཇ་ཆང་ཕུད་སྐྱེམས་ཀྱིས། །ཐུགས་དམ་བསྐང་ལ་ཉམས་ཆགས་འགལ་འཁྲུལ་བཤགས། ཆོས་ཉིད་དབྱིངས་སུ་འཁོར་འདས་རོ་གཅིག་ཕྱིར། །སྐྱབ་ཀུན་འདུས་པའི་ངོ་བོ་བསྟོད་པར་བགྱིས། །དེ་ལྟར་གསོལ་ཞིང་མཆོད་པའི་བྱིན་རླབས་ཀྱིས། །བདག་ཅག་ལེགས་པའི་དབུ་འཕངས་ནམ་མཁའ་མཉམ། །ཕྱི་ཡི་རྟ་ཕྱུགས་དུད་འགྲོའི་འཕེལ་ཁ་དར། །ནང་དུ་རིན་ཆེན་ཟས་ནོར་བང་མཛོད་བརྟེན། །རྡོ་རྗེའི་སྲོག་སྩོལ་རིག་མཚོའི་རྟེན་འབྲེལ་བསྒྲིགས། །ཕོ་རྒྱུད་རྒྱལ་འབང་དད་པའི་གཏེར་ཁ་ཕྱེས། །མོ་རྒྱུད་ཡ་རབས་ཆགས་པའི་སྲིན་བུ་སློང་། །སྣང་སྲིད་ཐམས་ཅད་བྲེང་བྲེང་དུང་དུང་ཁུག །དབང་གི་ཕྲིན་ལས་ཐོག་མེད་འགྲུབ་པར་མཛོད། བྷཱུྂ་བྷྲཱུྂ་བྷྲཱུྂ། །ཡཀྴ་ཛམ་བྷ་ལ་ཨ་ནྲྀ་ཏྲི་པ་ཤང་ཀུ་རུ་ཛུག་ཛཿཛཿ མ་ཀ་ཡེཿ ཨ་པ་ཡེཿ ཀ་པ་ཡེ་བཛྲ་སིརྷི་ཧཱུྃ། །ཅེས་པའང་ལྷ་རིག་བྱོན་པས་གང་ཤར་བྲིས། མངྒ་ལཾ། ཧཱུྃ་བྷྱོཿ དབང་གི་ལྷ་དམར་འདོད་འབྱུང་རིན་པོ་ཆེ། །པདྨ་ར་ག་བྱེ་རུའི་མདངས་འདྲ་བ། །དྲེགས་པ་སྡེ་བརྒྱད་བཙན་གྱི་ཚུལ་དུ་སྤྲུལ། །གྲིབ་ལ་འཁུ་ལྡོག་ཆེ་བ་ཤ་བའི་དབུ། །རྩ་གསུམ་རྒྱལ་བའི་བསྟན་སྲུང་འཁོར་དང་བཅས། །རྣལ་འབྱོར་བདག་གི་སྒྲུབ་པའི་རྟེན་འབྲེལ་ལ། །གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས། །ཤ་ཁྲག་མཚན་བྱེད་གཏོར་མ་རི་ལྟར་མིགས། །བཟའ་གཅའ་གསེར་སྐྱེམ་སྣ་ཚོགས་མཆོད་པ་བཤམ། །ལྷ་ཀླུ་མི་ལ་ཛུ་བ་ཐོག་པ་མེད། །དྲག་རྩལ་ཅན་རྣམས་ཐུགས་དམ་བསྐང་གྱུར་ཅིག །དྲེགས་པ་ཟིལ་གནོན་དཀྱིལ་འཁོར་བསྟན་པ་སྲུངས། །དཔའ་བོ་མཁའ་འགྲོ་ཐུགས་དམ་བསྐང་གྱུར་ཅིག །རང་སེམས་རང་ངོ་ཤེས་པའི་འཁྲུལ་སྐབས་ལ། །དྲན་པའི་རྩིས་ཙིན་བསྲུང་མའི་ལྷ་ཤར་བ། །ཕྱི་ནང་གསང་གསུམ་ཐུགས་དམ་བསྐང་གྱུར་ཅིག །འདོད་པའི་དོན་ཀུན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པ་འང་དོན་གཉེར་ཅན་རྡོས་ཀྱི་བསྐུལ་ངོར་རྫོགས་སྤྲུལ་བཞི་པས་སྨྲས་པའོ། གྲི་བཙན་རྡོ་རྗེ་དགྲ་འཇོམས་རྩལ་གྱི་སྐོང་བསྡུས་དམ་ཉམས་འཇོམས་པའི་འཁྲུལ་འཁོར་བཞུགས་སོ། ཧྲཱིཿ །དབང་ཆེན་ཐུགས་སྤྲུལ་གྲི་བཙན་དགྲ་འཇོམས་རྩལ། །མཆེད་ཟླ་ཡུམ་སྲས་བློན་འཁོར་རྒྱ་མཚོའི་ཚོགས། །མཆོད་པའི་བྱེ་བྲག་རྣམ་མང་རྒྱ་མཚོ་ཡི། །ཐུགས་དམ་སྐོང་ལ་དངོས་གྲུབ་མ་ལུས་སྩོལ། །རྫོགས་སྤྲུལ་ལྔ་པས་སོགས། དགེའོ།

【漢語翻譯】 祈請降臨! 安坐于悅意絲綢蓮花座。 以外內秘密無上之, 供品眼觀實物財富意幻供。 以巴陵朵瑪茶酒精華供, 圓滿誓言懺悔違犯錯亂。 為使輪涅於法性界一味一體, 讚頌總集皈依之自性。 如是祈請供養之加持, 令我等善妙運勢等同虛空。 外之馬牛牲畜增益興盛, 內之珍寶食物財富倉庫堅固。 成就金剛命力明妃之緣起, 開啟男嗣國政信仰之寶藏, 喚起女嗣賢善繁衍之生機, 令顯有諸法紛紛涌現聚集, 無礙成就灌頂之事業。 བྷཱུྂ་བྷྲཱུྂ་བྷྲཱུྂ། (藏文) भूं भ्रूं भ्रूं (梵文天城體) bhūṃ bhrūṃ bhrūṃ (梵文羅馬擬音) (種子字,無字面意思) ཡཀྴ་ཛམ་བྷ་ལ་ཨ་ནྲྀ་ཏྲི་པ་ཤང་ཀུ་རུ་ཛུག་ཛཿཛཿ མ་ཀ་ཡེཿ ཨ་པ་ཡེཿ ཀ་པ་ཡེ་བཛྲ་སིརྷི་ཧཱུྃ། (藏文) यक्ष जम्भल अनृत त्रिप शं कुरु जुग जः जः म क ये अप ये क प ये वज्र सिर्धि हुं (梵文天城體) yakṣa jambhala anṛta tripa śaṃ kuru jug jaḥ jaḥ ma ka ye apa ye ka pa ye vajra sirdhi hūṃ (梵文羅馬擬音) 夜叉 贊巴拉 謊言 三 寂 靜 做 抓住 抓住 勿 做 此 勿 彼 此 彼 金剛 成就 吽 (漢語字面意思) 如是云云,乃是拉熱炯巴隨興所書。吉祥! ཧཱུྃ་བྷྱོཿ (藏文) हुं भ्योः (梵文天城體) huṃ bhyoḥ (梵文羅馬擬音) 吽 吼 (漢語字面意思) 灌頂紅神如意寶, 色如紅蓮珊瑚之光彩, 幻化成傲慢八部兇猛之相, 對陰影懷恨在心具野牛首。 三根本諸佛護法眷屬眾, 于瑜伽我之修持緣起上, 色聲香味觸圓滿具足, 血肉供品朵瑪如山積, 飲食金飲各種供品陳, 天龍人等無有阻礙地, 大力勇猛者圓滿誓言吧! 降伏傲慢者守護壇城教法, 勇士空行母圓滿誓言吧! 于自心認識自面目之迷亂時, 憶念之算籌護法神顯現, 外內密三圓滿誓言吧! 成就一切所愿之事業! 此乃應求法者熱吾之請,圓滿化身第四者所說。 格日贊多杰札炯匝之圓滿,乃降伏違誓之幻輪。 舍! 大灌頂心化身格日贊札炯匝, 兄弟眷屬母子臣屬如海眾, 供品差別無量如海之, 圓滿誓言賜予無餘之成就。 圓滿化身第五者等。善哉!

【英語翻譯】 Come forth, I pray! Seated upon a pleasing silken lotus seat. With outer, inner, and secret unsurpassed, Offerings, sights, real wealth, and mind-emanated offerings. With bhaling, torma, tea, wine, and choice libations, Fulfill your vows and confess transgressions and errors. So that samsara and nirvana are of one taste in the realm of dharmata, I praise the essence of the embodiment of all refuges. By the blessings of such supplication and offering, May my fortunes be equal to the sky. May the increase of outer horses, cattle, and livestock flourish, May inner precious food and wealth fill the storehouse. Establish the auspicious connection of the vajra life-giving wisdom ocean, Open the treasure of faith for male descendants and the kingdom, Arouse the virtuous and reproductive potential of female descendants, May all phenomena of existence be drawn together in a flurry, And may the activity of empowerment be accomplished without beginning. bhūṃ bhrūṃ bhrūṃ (Tibetan, Sanskrit Devanagari, Sanskrit Romanization, Literal Chinese meaning: seed syllable, no literal meaning) yakṣa jambhala anṛta tripa śaṃ kuru jug jaḥ jaḥ ma ka ye apa ye ka pa ye vajra sirdhi hūṃ (Tibetan, Sanskrit Devanagari, Sanskrit Romanization, Literal Chinese meaning: Yaksha, Jambhala, False, Three, Peaceful, Do, Grasp, Grasp, Do not, Do this, Do not that, This, That, Vajra, Accomplishment, Hum) Thus, it was written as it occurred to Lharik Jonpa. Mangalam! huṃ bhyoḥ (Tibetan, Sanskrit Devanagari, Sanskrit Romanization, Literal Chinese meaning: Hum, Hool) The Red God of Empowerment, Wish-Fulfilling Jewel, Whose color is like that of a red lotus and coral, Emanates in the fierce form of the arrogant Eight Classes, With a yak’s head, harboring resentment towards shadows. Together with the Three Roots, Buddhas, and Dharma Protectors, Upon the auspicious connection of my, the yogi’s, practice, Forms, sounds, smells, tastes, and textures are perfectly complete, The torma of meat and blood is piled up like a mountain, Various offerings of food, drink, and golden libations are arranged, Without obstruction to gods, nagas, and humans, May the powerful and courageous ones fulfill their vows! Subdue the arrogant ones and protect the mandala and the teachings, May the heroes and dakinis fulfill their vows! In the moment of confusion when one’s own mind recognizes its own face, The deity of the guardian arises from the rosary of mindfulness, May the outer, inner, and secret three fulfill their vows! Accomplish the activity of fulfilling all desires! This was spoken by the Fourth Complete Incarnation at the request of the seeker of Dharma, Rewo. The completion of Gridzen Dorje Drakjom Tsal is the illusion wheel for subduing those who break their vows. Hrih! Great Empowerment, Mind Emanation, Gridzen Drakjom Tsal, Brotherly retinue, mother and son, ministers, and ocean-like assembly, With various kinds of offerings, like an ocean, Fulfill your vows and bestow all accomplishments without exception. The Fifth Complete Incarnation, etc. Good!

============================================================

================== 第 8 段 ================== 【原始藏文】 །གྲི་བཙན་བསྐང་བསྡུས་ནི། ཧྲཱིཿ །དབང་ཆེན་བཀའ་སྡོད་དྲེགས་པའི་གཙོ། །གྲི་བཙན་རྡོ་རྗེ་དགྲ་འཇོམས་རྩལ། །འཁོར་བཅས་མཆོད་པ་འདི་བཞེས་ལ། །བསམ་དོན་ལྷུན་གྱིས་གྲུབ་པར་མཛོད། རྫོགས་སྤྲུལ་ལྔ་པས་སོ། དགེའོ། ཉི་གྲགས་གྲི་བཙན་གསོལ་བསྡུས་དམ་ཉམས་སྙིང་འབྱིན་བཞུགས་སོ། ཧྲཱིཿ །དབང་ཆེན་བཀའ་སྡོད་གྲི་བཙན་དགྲ་འཇོམས་རྩལ། །མཆོད་ཟླ་ཡུམ་སྲས་བློན་འཀོར་རྒྱ་མཚོའི་ཚོགས། །དམ་རྫས་བརྒྱན་པའི་མཆོད་པ་འདི་འབུལ་བས། །རྣལ་འབྱོར་འདོད་པའི་འབྲས་བུ་མཆིས་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། དགེའོ། ། གྲི་བཙན་ཆེན་པོ་རྡོ་དགྲ་འཇོམས་རྩལ་གྱི་གསེར་སྐྱ་འདོད་དོན་བདུད་རྩིའི་རྦ་རླབས།

【漢語翻譯】 祈請厲猛尊簡略儀軌: 舍(藏文,梵文天城體:ḥrīḥ,梵文羅馬擬音:hrīḥ,漢語字面意思:舍)! 大權誓縛傲慢主, 厲猛金剛摧敵力, 眷屬供品祈受用, 所愿任運愿成就。 圓滿化身第五世所作。 善哉! 日稱厲猛尊祈請簡軌,置於毀誓者剖心處。 舍(藏文,梵文天城體:ḥrīḥ,梵文羅馬擬音:hrīḥ,漢語字面意思:舍)! 大權誓縛厲猛摧敵力, 供養眷屬母子臣眾如海聚, 以誓物莊嚴之供品作供養, 愿瑜伽士所欲之果得以成就。 圓滿化身第五世所作。 善哉!

【英語翻譯】 Abridged Fulfillment Ritual for Dritsen: Hrīḥ! (藏文,梵文天城體:ḥrīḥ,梵文羅馬擬音:hrīḥ,漢語字面意思:Hrīḥ!) Mighty one, bound by oath, chief of the arrogant, Dritsen Vajra, power to conquer enemies, Together with your retinue, accept this offering, And may all wishes be spontaneously fulfilled. By the Fifth Perfected Incarnation. Good! The Abridged Invocation of Nyidrak Dritsen, which extracts the heart of those who break their vows, is present. Hrīḥ! (藏文,梵文天城體:ḥrīḥ,梵文羅馬擬音:hrīḥ,漢語字面意思:Hrīḥ!) Mighty one, bound by oath, Dritsen, power to conquer enemies, The assembly of offering companions, mothers and sons, ministers, and a sea of retinues, By offering this offering adorned with samaya substances, May the fruit desired by the yogi be attained. By the Fifth Perfected Incarnation. Good!

============================================================