菩薩藏佛教學會
20
背景
翻譯
下載 ▾

DZC001_0095.向具誓者多杰列巴祈禱簡要g2.0f

================== 第 1 段 ================== 【原始藏文】 དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་ལ་ཕྲིན་བཅོལ་ཉུང་བསྡུས། དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་ལ་ཕྲིན་བཅོལ་ཉུང་བསྡུས། ཧོཿ འཛམ་བུའི་གླིང་གི་སྐྱེས་མཆོག །རིག་པ་ཅན་གྱི་རྒྱལ་པོ། །ཉི་མ་ནུབ་ཕྱོགས་ཀྱི་སྲོག་བདག །རྣལ་འབྱོར་ཡོངས་ཀྱི་སྲུང་མ། རིན་ཆེན་གཏེར་གྱི་བདག་པོ། རྡོ་རྗེ་ལེགས་པ། རྡོ་རྗེ་བདེ་ལྡན། རྡོ་རྗེ་འབར་བ། རྡོ་རྗེ་ཁྱུང་གཤོག་རྩལ། རྡོ་རྗེ་ཐིག་ལེ་རྩལ། སྐུ་མདོག་དམར་ནག་འཇིགས་སུ་རུང་བ། རལ་པའི་རྩེ་ནས་དུ་བ་ཕྱུར་བ། སྤྱན་གསུམ་སྡང་མིག་དགྲ་ལ་གཟིགས་པ། སྨ་ར་ཨག་ཚོམ་མེ་སྟག་འཕྲོ་བ། མཆེ་བ་ཟངས་ཡག་ཧ་ཧ་རྒོད་པ། ཕྱག་གཡས་རྡོ་རྗེ་རྩེ་དགུ་གསོར་བ། གཡོན་པས་དགྲ་སྙིང་ཞལ་དུ་གསོལ་བ། སྐུ་སྟོད་ཞིང་ཆེན་གཡང་གཞི་གསོལ་བ། སྐུ་སྨད་སྟག་གི་ཤམ་ཐབས་གསོལ་བ། སྦྲུལ་དང་ཐོད་པས་སེ་རལ་འཕྱང་བ། སེང་གེ་དཀར་མོའམ་ར་སྐྱེས་ཁམས་པ་ལ་འཆིབས་པ། ཐུགས་ཀྱི་དགྱེས་སྡེ་བཙུན་མོས་བསྐོར་བ། བཀའ་བློན་ལྷ་སྲིན་སྡེ་བརྒྱད་དང་བཅས་པ། སྒྲོལ་གིང་བྱེ་བའི་ཚོགས་ཀྱིས་བསྐོར་བ། ཕོ་ཉ་ལྕགས་སྤྱང་དོམ་དྲེད་འགྱེད་པ། རྒྱ་ཡི་ཨ་བསེ་ཆེན་པོ། ཁམས་ཀྱི་གནོད་སྦྱིན་ཆེན་པོ། བོད་ཀྱི་ཨ་ཇོ་ཆེན་པོ། །མགར་བ་ནག་པོ། །མོན་པ་ནག་པོ། །གའུ་ནག་པོ། །སེར་སྐྱ་ནག་པོ། །མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་གཙོ་བོ། །སྐྱེ་བོ་ཡོངས་ཀྱི་དགྲ་ལྷ། བན་བོན་ཡོངས་ཀྱི་སྲུང་མ། དམག་དཔོན་ཆེན་པོ། །ཇག་དཔོན་ཆེན་པོ། །ཚོང་དཔོན་ཆེན་པོ། །སྟོང་དཔོན་ཆེན་པོ། །མཁན་དཔོན་ཆེན་པོ། །གྲལ་དཔོན་ཆེན་པོ། །ལས་མཁན་ཆེན་པོ། །སྒྲོལ་གིང་ཆེན་པོ། །ཕོ་ཉ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །ལེགས་པ་ཆོས་ཤིག །ཉེས་པ་བཟློག་ཅིག །བསམ་པ་སྒྲུབས་ཤིག །རེ་བ་སྐོངས་ཤིག །མི་ལ་ན་ཚ་མ་བཏང་། ཕྱུགས་ལ་གོད་ཁ་མ་བཏང་། ཁ་སྨྲས་དང་གླེང་བརྗོད་མ་བཏང་། མི་་ཁ་དང་དལ་ཡམས་མ་༤༠༠་བཏང་། དགྲ་རྐུན་དང་འཚེ་བ་མ་བཏང་། གཞན་ཡང་གཞི་ལ་འདུག་ན་ལེགས་པར་སྲུངས་ཤིག །བྱེས་སུ་འགྲོ་ན་མགོན་སྐྱབས་མཛོད་ཅིག །ལམ་འཕྲང་འཇིགས་པར་སྐྱེལ་བསུ་གྱིས་ཤིག །ཆུ་ལ་འགྲོ་ན་སྒྲོལ་འདོན་མཛོད་ཅིག །ཚོང་ལ་འགྲོ་ན་ཚོང་དཔོན་གྱིས་ཤིག །དམག་ལ་འགྲོ་ན་དམག་དཔོན་གྱིས་ཤིག །ཇག་ལ་འགྲོ་ན་ཇག་དཔོན་གྱིས་ཤི། །དགྲ་དང་བརྩོད་ན་ཕ་རོལ་གནོན་ཅིག །མི་མཉམ་པ་དང་མཉམས་སུ་ཆུག་ཅིག །མཉམ་གཉིས་གོང་དུ་ལེགས་པར་ཐོན་ཅིག །བཅོལ་བའི་ཕྲིན་ལས་སྒྲུབས་ཤིག །བསྒྲུབ་པའི་

【漢語翻譯】 向具誓者多杰列巴祈禱簡要。 向具誓者多杰列巴祈禱簡要。 霍!贍部洲之殊勝者,具明智之國王,太陽西方的命主,瑜伽士眾之守護者,珍寶寶藏之主,多杰列巴,多杰德丹,多杰巴瓦,多杰瓊秀策,多杰提列策,身色紅黑可怖畏,頭髮尖端冒出濃煙,三眼怒視敵人,鬍鬚髭鬚火星四射,獠牙銅色哈哈大笑,右手高舉九尖金剛杵,左手將敵心獻入口中,上半身穿著田野豐收衣,下半身穿著虎皮裙,蛇和顱骨垂掛為飾,騎乘白色獅子或拉杰康巴,心之喜悅眷屬由明妃圍繞,包括大臣天魔八部眾,由十萬俱胝度母護法眷屬圍繞,派遣鐵狼熊瞎為使者,漢地之阿貝欽波,康地之大夜叉,藏地之阿覺欽波,鐵匠黑,門巴黑,嘎烏黑,僧俗黑,三百六十眷屬之主,一切眾生之戰神,苯教一切之護法,大將軍,大盜首,大商主,大千戶,大堪布,大官員,大工匠,大度母護法,祈請使者化身及手印,供養,頂禮,祈願吉祥,遣除罪惡,成辦所想,圓滿所愿,莫讓人得病,莫讓牲畜遭災,莫讓人議論和爭吵,莫讓人得人口病和瘟疫,莫降敵盜和損害,此外,安住于住處時請好好守護,去往異鄉時請做怙主救護,在險峻道路上請護送迎接,去往水中請救度,去經商時請做商主,去打仗時請做將軍,去盜竊時請做盜首,與敵人爭鬥時請壓制對方,使不平等者平等,使平等二者順利提升,請成辦所託之事,所成辦的

【英語翻譯】 A brief supplication to the oath-bound Dorje Lekpa. A brief supplication to the oath-bound Dorje Lekpa. Ho! Supreme being of Jambudvipa, king of those with knowledge, lord of life in the western direction of the sun, protector of all yogis, owner of precious treasures, Dorje Lekpa, Dorje Deden, Dorje Barwa, Dorje Kyungshuk Tsal, Dorje Tigle Tsal, body color dark red and terrifying, smoke billowing from the tips of your hair, three eyes glaring at enemies, beard and mustache emitting sparks, fangs copper-colored, laughing ha ha, right hand raising a nine-pronged vajra, left hand offering the enemy’s heart to your mouth, upper body wearing a field of abundance, lower body wearing a tiger skin skirt, snakes and skulls hanging as ornaments, riding a white lion or a Ra-skyes Khampa, retinue of joyful consorts surrounding your heart, including ministers, gods, demons, and the eight classes, surrounded by a retinue of a hundred thousand kotis of Drolging, dispatching iron wolves, bears, and grizzlies as messengers, Great Abese of China, Great Yaksha of Kham, Great Ajo of Tibet, Black Blacksmith, Black Monpa, Black Gau, Black Cleric and Layman, lord of three hundred and sixty attendants, war god of all beings, protector of all Bonpos, Great General, Great Bandit Chief, Great Merchant, Great Thousand Chief, Great Abbot, Great Official, Great Artisan, Great Drolging, we beseech the messengers, emanations, and hand-images, we offer, we prostrate, may goodness increase, may evil be averted, may our intentions be accomplished, may our hopes be fulfilled, do not send sickness to people, do not send disasters to livestock, do not send gossip and disputes, do not send epidemics and plagues to people, do not send enemies, thieves, and harm, furthermore, if staying at home, please protect us well, if going to foreign lands, please be our protector and refuge, on dangerous paths, please escort and welcome us, when going on water, please liberate us, when going to trade, please be our merchant, when going to war, please be our general, when going to steal, please be our bandit chief, when fighting enemies, please subdue the opponents, make the unequal equal, make the equal two rise well above, please accomplish the entrusted tasks, the accomplished

============================================================

================== 第 2 段 ================== 【原始藏文】 རྟགས་ཕྱུངས་ཤིག །དགྱེས་པའི་ཞལ་སྟོན་ཅིག །མཐུ་དང་རྫུ་འཕྲུལ་བསྐྱེད་ཅིག །མངའ་ཐང་དང་འབྱོར་པ་སྤེལ་ཅིག །སྙན་པ་དང་གྲགས་པ་སྒྲོགས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཅེས་པའང་དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་ལ་ཕྲིན་བཅོལ་ཉུང་ངུ་བསྡུས་པ་འདི་ནི་ཀུན་མཁྱེན་ངག་གི་དབང་པོ་ཀློང་ཆེན་པ་རབ་འབྱམས་བཟང་པོའི་གསུང་བྱིན་རླབས་ཅན་གཞན་བཅོས་ཀྱིས་མ་བསླད་པར་དག་པར་ཕབ་པའོ། །སྤར་འདི་རྫོགས་ཆེན་དགོན་དུ་བཞུགས། དགེའོ།། །། དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་ལ་ཕྲིན་བཅོལ་ཉུང་བསྡུས།

【漢語翻譯】 請賜予徵兆!請展現喜悅的容顏!請生起威力與神通!請增廣權勢與財富!請宣揚美名與聲譽!請使吉祥與安樂圓滿具足!如是,此乃向具誓者聖士金剛善者所託付的簡略祈請,是全知語自在者龍欽巴饒絳桑波的加持之語,未被他人篡改而如實記錄。此版本存於佐欽寺。善哉! 向具誓者聖士金剛善者所託付的簡略祈請。

【英語翻譯】 Please grant signs! Please show a joyful face! Please generate power and magical abilities! Please increase dominion and wealth! Please proclaim fame and reputation! Please make auspiciousness and well-being complete and abundant! Thus, this is a brief entrustment to the oath-bound holy being Vajra Lekpa, the blessed words of Omniscient Ngakgi Wangpo Longchenpa Rabjam Zangpo, recorded purely without being corrupted by others. This edition is kept in Dzogchen Monastery. Good! A brief entrustment to the oath-bound holy being Vajra Lekpa.

============================================================