菩薩藏佛教學會
20
背景
翻譯
下載 ▾

DZC001_0125.金剛護法諸護持者之讚頌.梵天之歌g2.0f

================== 第 1 段 ================== 【原始藏文】 རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་མངོན་པར་བསྟོད་པ་ཚངས་པའི་གླུ་དབྱངས། རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་མངོན་པར་བསྟོད་པ་ཚངས་པའི་གླུ་དབྱངས། ༄༅། །རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་མངོན་པར་བསྟོད་པ་ཚངས་པའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ།། ན་མ་ཤྲི་བཛྲ་དྷརྨཱ་པཱ་ལ་ཡེ། ཚངས་པ་མགྲིན་སྔོན་ཁྱབ་འཇུག་དང་ནི་དབང་པོ་ཉེ་དབང་བཙུན་མོར་བཅས། །ལྷ་ཆེན་ཀུན་གྱིས་མངོན་པར་བསྟོད་པ་དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། །ལྷ་མིན་ཚོགས་དང་ལྷ་མིན་ཡིད་ཅན་བསྟན་དགྲ་མ་ལུས་བརླག་མཛད་པ། །ཧེ་རུ་ཀ་ཡི་སྤྲུལ་པའི་མཆོག་གྱུར་ཀྲོ་དྷི་ཡུམ་གྱི་བདག་པོར་འདུད། །ཁྲོས་པའི་ཞལ་གྱི་སྤྲིན་ནག་འཁྲིག་ལས་སྡང་མིག་གློག་ཞགས་རྣམ་གཡོ་ཞིང་། །ཚེམས་ཀྱི་མྱུ་གུ་གངས་རིའི་མདངས་འཛིན་སྐྱིན་ཐང་ཟོལ་གྱིས་དགྲ་ལ་འབེབས། །ལྕགས་ཀྱི་སྡེར་མོ་གནམ་ལྕགས་འབར་བས་ཉམས་པའི་ཙིཏྟ་དྲུང་འབྱིན་པའི། །སྲིད་རྒྱལ་མ་ཞེས་སྔགས་སྲུང་གཙོ་མོ་ནམ་མཁའི་རལ་གཅིག་འཛིན་ལ་བསྟོད། །སྡིག་ཅན་དགྲ་བོའི་སྙིང་ཁྲག་རྫིང་བུར་མི་སྡུག་གཟུགས་ཀྱི་ཚང་ཚིང་འཁྲིགས། །སྲིད་གསུམ་སྲོག་དབུགས་གཅིག་ཆར་རྔུབས་པའི་ལྟོ་ཞལ་འཇིགས་རུང་མཁའ་ལ་གདངས། །ལེགས་ཉེས་འབྱེད་པའི་སྤྱན་སྟོང་བསྒྲད་ལས་དམ་ཉམས་སྙིང་ལ་དུག་ཆར་འབེབས། །ལས་བྱེད་མུན་པའི་རླུང་ནག་དང་འགྲོགས་སྦུད་པའི་གཟུགས་དང་རྡོ་རྗེའི་མདའ། །ལྷན་ཅིག་རྦད་པས་དགྲ་སྙིང་གཏོར་ཞིང་དགྲ་བོའི་ཀླད་པ་འགེམས་མཛད་པའི། །སྒྲོལ་གིང་ལས་ཀྱི་ཤན་པ་མཆོག་དང་དམ་ཅན་མ་མོ་ངན་ནེ་མ། །དཀོར་ནོར་སྲུང་བའི་བྱེད་པོ་ཀུན་ལ་རབ་ཏུ་དངས་བས་བདག་ཕྱག་འཚལ། །གནོད་སྦྱིན་གཏེར་གྱི་རྒྱ་མཚོ་ཆེ་ལས་དགོས་འདོད་ནོར་བུའི་མཆོག་སྦྱིན་པའི། །རྣམ་མང་ཐོས་སྲས་ལྷ་མོར་བཅས་པ་གང་དག་བུ་མང་ལྡན་པའི་ཚོགས། །ཐུགས་རྗེའི་གདེངས་ཀ་རྣམ་པར་གཡོ་ཞིང་བྱམས་པའི་ཕྱག་གིས་ཉུལ་མཛད་པའི། །དེ་དག་ཀུན་ལ་གུས་པས་འདུད་དོ་འབྲུ་ནོར་ལོངས་སྤྱོད་ཆར་ལྟར་ཕོབ། །དཔལ་ལྡན་བླ་མའི་བྱིན་རླབས་སྤྲིན་འཁྲིགས་ཡི་དམ་དངོས་གྲུབ་ཆར་རྒྱུན་འབེབས། །མཁའ་འགྲོའི་ཕྲིན་ལས་འབྲས་བུ་གཡུར་ཟ་ཆོས་སྐྱོང་སྲུང་མའི་ར་བ་བརྟན། །དུས་གསུམ་དགེ་བའི་བཀྲ་ཤིས་གཡང་འཁྱིལ་ཕུན་ཚོགས་ཕྱོགས་ལས་རྣམ་རྒྱལ་བའི། །གཡར་དམ་གཉེན་པོ་འགྲུབ་པར་མཛོད་ཅིག་སྐྱབས་འོས་རྣམས་ཀྱི་མཐུན་གྱུར་མཛོད། །ཅེས་རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་མངོན་པར་ཡིད་ཆས་པའི་བསྟ

【漢語翻譯】 金剛護法諸護持者之讚頌——梵天之歌 金剛護法諸護持者之讚頌——梵天之歌 ༄༅། །金剛護法諸護持者之讚頌——梵天之歌。 頂禮吉祥金剛持護法。(藏文:ན་མ་ཤྲི་བཛྲ་དྷརྨཱ་པཱ་ལ་ཡེ།,梵文天城體:नमः श्री वज्र धर्म पाला ये,梵文羅馬擬音:nama shri vajra dharma pāla ye,漢語字面意思:頂禮吉祥金剛法護)。 梵天、青頸、遍入以及自在天、近自在,連同眷屬妃嬪等, 諸大天神皆讚歎,吉祥金剛黑怙主。 邪魔外道及魔眷,所有教敵盡摧毀, 嘿汝嘎之化身尊,忿怒母之主尊敬。 忿怒尊顏烏雲聚,嗔目電索頻閃爍, 牙齒新芽持雪山,以勝姿態擊敵首。 鐵爪熾燃天鐵火,拔除衰敗之心識, 稱為世間自在母,持執虛空發一綹。 罪惡敵人之心血,化為污穢身之叢, 三界眾生之命氣,一口吞噬怖畏張。 分辨善惡之千眼,怒視毀誓墮落者,降下毒雨入其心。 役使黑暗之風伴,吹火之器金剛箭, 一同拋擲摧敵心,壓碎敵寇之頭顱。 卓滾事業行刑者,以及誓言魔母惡涅瑪, 守護財物之諸尊,以虔誠心我頂禮。 勝於夜叉寶藏之大海,賜予如意珍寶之至尊, 眾多財神及天女,以及具足多子之眷屬, 慈悲目光頻頻顧,以慈愛手作撫慰, 彼等一切我敬禮,穀物財物如雨降。 具德上師之加持,凝成厚重之雲層,本尊成就如雨降。 空行事業果實累,護法護衛之柵欄堅, 三時善妙之吉祥,福德圓滿勝諸方。 祈願誓願速成辦,祈願成為應護者之助伴。

【英語翻譯】 A Praise to the Dharma-Protecting Guardians: The Song of Brahma A Praise to the Dharma-Protecting Guardians: The Song of Brahma ༄༅།། A Praise to the Dharma-Protecting Guardians: The Song of Brahma. Nama Shri Vajra Dharma Palaye (藏文:ན་མ་ཤྲི་བཛྲ་དྷརྨཱ་པཱ་ལ་ཡེ།,梵文天城體:नमः श्री वज्र धर्म पाला ये,梵文羅馬擬音:nama shri vajra dharma pāla ye,漢語字面意思:Homage to the Glorious Vajra Dharma Protector). Brahma, Nilakantha, Vishnu, and Indra, along with their consorts and retinues, All the great gods praise you, Glorious Vajra Mahakala. You destroy all the heretics, demons, and enemies of the teachings, Supreme emanation of Heruka, Lord of the Wrathful Mother, I bow to you. From the dark clouds of your wrathful face, The lightning of your hateful eyes flashes, The sprouts of your teeth hold the radiance of the snowy mountains, And you strike the enemy with the guise of a sling. Your iron claws burn with the fire of meteoric iron, Uprooting the fallen citta, The principal mantra-protectress, Sridevi, who holds a single lock of hair in the sky, I praise you. The heart’s blood of sinful enemies becomes a pool, Overgrown with a thicket of unsightly forms, Your terrifying mouth, which swallows the life-breath of the three realms in one gulp, Gapes open in the sky. From the thousand eyes that distinguish good from evil, You rain down a poisonous rain of venom on the hearts of those who break their vows. Accompanied by the black wind of karmic action, The bellows-like form and the vajra arrow, Together you hurl, destroying the enemy’s heart, And crushing the enemy’s brain. Dorje Lekpa, the supreme executioner of karma, and the oath-bound demoness Nganne Ma, To all of you who protect wealth and property, I bow with great devotion. From the great ocean of yaksha treasures, You bestow the supreme wish-fulfilling jewel, The many forms of Vaishravana and the goddesses, And the hosts who possess many children, Your compassionate gaze ever watchful, And your loving hands caressing, To all of you I bow with reverence, May you shower down grain, wealth, and prosperity like rain. May the blessings of the glorious lamas gather like clouds, May the rain of the siddhis of the yidams fall, May the fruits of the activities of the dakinis ripen in abundance, May the fence of the dharma-protecting guardians be firm. May the auspiciousness of the three times, the swirling of good fortune, and the perfection of all things be victorious in every direction. May you accomplish the vows and promises, May you be the helpers of those worthy of protection.

============================================================

================== 第 2 段 ================== 【原始藏文】 ོད་པ་འདི་ནི་ཕྲན་རང་དབུས་བསྒྲོད་གཉིས་པའི་སྐབས་དངོས་རྫས་འགའ་ཞིག་རྐུན་པོས་བརྐུས་པ་ཕྱིར་འབྱོར་བས་རྐྱེན་བྱས་པས་མཆེད་གྲོགས་ངེས་དོན་ནོར་བུ་ནས་ཇི་ལྟར་བསྐུལ་བའི་ངོར་མདོ་ཁམས་ཀྱི་བཙུན་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་སུ་འབོད་པས་ཞེའུ་ཉིན་རྫོང་དགོན་ཞོལ་དུ་ཤར་མར་དུ་སྤེལ་བ་འདིས་ཀྱང་བསྟན་དགྲ་མ་ལུས་པ་ཚར་གཅོད་པར་གྱུར་ཅིག །དགེའོ།། རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་མངོན་པར་བསྟོད་པ་ཚངས་པའི་གླུ་དབྱངས།

【漢語翻譯】 此篇乃是,我于第二次前往衛藏(དབུས་གཙང་,泛指西藏地區)時,因一些財物被盜后又尋回之事,由道友確敦諾布(ངེས་དོན་ནོར་བུ་)勸請,故由多康(མདོ་ཁམས་)之僧人,名為嘉色賢遍塔耶(རྒྱལ་སྲས་གཞན་ཕན་མཐའ་ཡས་)者,在秀寧宗(ཞེའུ་ཉིན་རྫོང་)寺院山腳下,書寫而成,愿以此亦能誅滅一切教敵!善哉!

【英語翻譯】 This was written because, during my second trip to Ü-Tsang (dbus gtsang, a general term for the Tibetan region), some belongings were stolen and then recovered. Urged by my Dharma friend, Ngédön Norbu, it was written by a monk from Dokham (mdo khams), named Gyalsé Shyänpen Thaye, at the foot of the monastery in Zhéunying Dzong. May this also destroy all enemies of the teachings! May it be virtuous!

============================================================