GJN002_0026.大手印遷識g2.0f
================== 第 1 段 ================== 【原始藏文】 ཕྱག་ཆེན་འཕོ་བ། ཕྱག་ཆེན་འཕོ་བ། ༄༅། ཕྱག་རྒྱ་ཆེན་པོའི་འཕོ་བ་ནི། ཁྱབ་བདག་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ཏེ་ལོ་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །ནཱ་རོ་ཡེ་ཤེས་དངོས་གྲུབ་ལ་གསོལ་བ་འདེབས། །མར་པ་ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས། །མི་ལ་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས། །དྭགས་པོ་ཟླ་འོད་གཞོན་ནུ་ལ་གསོལ་བ་འདེབས། །མི་མཆོག་དུས་གསུམ་མཁྱེན་པ་ལ་གསོལ་བ་འདེབས། །འབྲུག་པ་པདྨ་དཀར་པོ་ལ་གསོལ་བ་འདེབས། །ཕྱག་ཆེན་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཡི་དམ་རྒྱུད་སྡེ་བཞི་དྲུག་ལ་གསོལ་བ་འདེབས། །མཁའ་སྤྱོད་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །ཕྱག་དྲུག་ཡེ་ཤེས་མགོན་པོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་བའི་གནས་ཁང་ནས། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །འཕོ་བྱ་འཕོ་བྱེད་འཕོ་ཡུལ་ཀུན་རྫོབ་ཆོས། །ཡོད་མེད་ལ་སོགས་མཐའ་ལ་མི་གནས་པ། །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །དོན་དམ་ཆོས་ཉིད་འཕོ་བ་མངོན་གྱུར་ཤོག ཅེས་གོང་བཞིན་སྤར་རོ།། ཕྱག་ཆེན་འཕོ་བ།
【漢語翻譯】 大手印遷識。 大手印遷識。 ༄༅། 大手印遷識是:祈請遍主金剛持大尊!祈請帝洛巴賢慧!祈請那若巴智慧成就!祈請瑪爾巴曲吉洛哲!祈請米拉日巴笑金剛!祈請達波月光童子!祈請人中殊勝三世知!祈請竹巴白蓮!祈請大手印傳承上師!祈請恩重根本上師!祈請本尊四續六續!祈請空行金剛亥母!祈請六臂智慧怙主!加持通達甚深道遷識!如幻城市無常水泡身,從不凈業惑迷亂之房中,自明光明心性法身,愿遷至顯現無邊之剎土!所遷、能遷、遷處世俗法,有無等等不住于邊,具四身五智自性者,愿證悟勝義法性遷識!如是如上刊印! 大手印遷識。
【英語翻譯】 Mahamudra Transference. Mahamudra Transference. ༄༅། The Mahamudra Transference is: I pray to the all-pervading Lord Vajradhara! I pray to Tilopa Sherab Zangpo! I pray to Naropa Yeshe Dngodrub! I pray to Marpa Chokyi Lodro! I pray to Milarepa Shepa Dorje! I pray to Dakpo Dawa Shonnu! I pray to the supreme being, Knower of the Three Times! I pray to Drukpa Pema Karpo! I pray to the lineage lamas of Mahamudra! I pray to the kind root lama! I pray to the yidam tantras, the four and six sections! I pray to the sky-going Vajravarahi! I pray to the six-armed wisdom protector! Bless me to master the profound path of transference! This illusory city, the impermanent bubble-like body, From the unclean house of karma and delusion, May the self-aware, clear light, the mind itself, the Dharmakaya, Be transferred to the realm of endless appearance! The object of transference, the agent of transference, the place of transference are all conventional dharmas, Not abiding in extremes such as existence and non-existence, Possessing the nature of the four kayas and five wisdoms, May the transference of ultimate reality, the nature of reality, be realized! Thus, printed as above. Mahamudra Transference.
============================================================
同部經論
與本文同名或相近的其他版本、科判、譯文與註疏。