菩薩藏佛教學會
20
背景
翻譯
下載 ▾

JLAZ014_0003.大圓滿自在金剛義之傳記.名曰《道歌之莊嚴》g2.0f

================== 第 1 段 ================== 【原始藏文】 རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་དོན་གྱི་རྣམ་ཐར་དོ་ཧའི་རྒྱན། རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་དོན་གྱི་རྣམ་ཐར་དོ་ཧའི་རྒྱན། རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་དོན་གྱི་རྣམ་ཐར་དོ་ཧའི་རྒྱན་ཅེས་བྱ་བ་བཞུགས། སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །ཟད་དང་མི་སྐྱེ་ཤེས་པ་ཡི། །ཆོས་ཉིད་མངོན་དུ་མ་བྱས་པར། །གཟུང་འཛིན་རྣམ་རྟོག་རྗེས་སོན་པའི། །འཁོར་བའི་རྣམ་ཐར་བརྗོད་མི་ལང་། །ཀུན་གཞི་ལུང་མ་བསྟན་གྱི་ཁམས། །དམིགས་པ་དང་ནི་མཚུངས་ལྡན་གྱིས། །ཟག་པ་བསྐྱེད་ཅིང་འཕེལ་བྱས་པ། །རྣམ་པར་ཤེས་པའི་ཚོགས་དག་དང་། །ཁམས་དང་སྐྱེ་མཆེད་འདུས་བྱས་ལ། །འཇིག་རྟེན་སྲིད་པའི་འཁོར་ལོར་གྲགས། །དེ་ལས་ད་རེས་འདོད་པའི་ཁམས། །ང་ཡིར་འཛིན་པའི་གནས་སྐབས་ཀྱི། །ཡུལ་ནི་ཤྲི་པརྤ་ཏ། །རུས་ནི་ཆོས་རྗེ་རྒྱ་ཡགས་པ། །མངའ་རིས་ཅན་དུ་མ་སྐྱེས་པས། །གཞན་འབྱོར་ཚང་བའི་གེགས་མ་ བྱས། །རྣམ་རིག་གཙང་བའི་བུར་སྐྱེས་པས། །རང་འབྱོར་ཡན་ལག་བྱང་མ་ཉམས། །བྱ་རོག་དཀྲོགས་མིན་གཞོན་ནུ་ལ། །སྡོམ་པ་སྐྱེ་བ་མ་ཡིན་ཀྱང་། །དྲུག་པའི་ལོ་ནས་གྲྭ་ཁྱུར་ཞུགས། །ཆོས་སྤྱོད་བསླབ་པའི་བརྡུང་འཐག་དང་། །འབད་རྩོལ་ཆུང་བའི་ཐོས་བསམ་སྒོམ། །རྒྱུ་འབྲས་འགལ་བ་ཅན་དུ་ཤར། །བཅོ་ལྔའི་ལོ་ལ་རབ་བྱུང་ཡང་། །རྩ་བ་བཞི་ཙམ་མ་ལགས་པའི། །བླང་འདས་ཤེས་པའང་ཡོད་མིན་ན། །ཁྲིམས་ཀྱི་བསླབ་པ་ག་ལ་ཆགས། །ལེགས་སྨོན་འབའ་ཞིག་དོན་གཉེར་ལ། །ཉེས་སྤྱོད་སྡོམ་པ་ཡིན་སྙམ་ནས། །དཀོར་ལ་དགར་སྤྱོད་པ་ཡི། །བཙུན་གཟུགས་རྣམ་ཐར་སྤྱི་མཐུན་བསྐྱངས། ། དེ་ལྟ་ན་ཡང་སྐྱོ་ཤས་དང་། །ངེས་འབྱུང་སྙིང་རྗེ་ཆེན་པོའི་བློ། །ཤུགས་འབྱུང་དྲན་ཙམ་ཉིད་ནས་ཡོད། །སྤྱོད་པ་བྱ་བྲལ་དག་ལ་སྨོན། །ལྟར་སྣང་རིག་པ་ཧུར་སྤྱོད་ཅན། །བྱིས་པའི་རྣམ་ཐར་བསྐྱངས་ཆེ་ཡང་། །བྱི་ལའི་བརྟུལ་ཞུགས་ངན་པ་ཡི། །རྣམ་ཐར་ཁོང་ན་ཡོད་མི་སྲིད། །ལུས་སེམས་གཉིས་ཀ་ནར་ཚེ། །མི་ཕྱེད་བསམས་ཀྱང་གཞན་རྐྱེན་དང་། །མཐུན་པར་འཆར་བའི་གྲྭ་ཚོགས་ཀྱི། །ཆགས་སྡང་གནས་ལ་སྐྱོ་བ་སྐྱེས། །གཅིག་པུར་སྡོད་ཚེ་མ་ཆོས་དྲན། །ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཡི། །རྣམ་ཐར་དང་རྟེན་གསུམ་ལ་བརྟེན་ནས། ས་ཚུགས་མེད་པའི་དད་སྟོབས་འབར། །དུས་ད་ལྟ་ཟངས་མདོག་དཔལ་གྱི་རིར། །སླེབ་ན་སྙམ་པའི་གདུང་བ་འཕེལ། །དེ་ཚེ་བདག་རྒྱུད་བྱིན་གྱིས་རློབས། །རྔོན་པས་རི་དྭགས་འདེད་པ་དང་། །འབྲོག་པས་ལུག་ཁྱུ་བདའ་བ་དང་། །ཁྲིམས་ཀྱིས་འཇིགས་པས་མནར

【漢語翻譯】 大圓滿自在金剛義之傳記,名曰《道歌之莊嚴》。 大圓滿自在金剛義之傳記,名曰《道歌之莊嚴》。 名為《大圓滿自在金剛義之傳記·道歌之莊嚴》之著作。

向主尊佛陀頂禮!了知滅盡與不生之,未曾顯現法性之前,隨逐能取所取分別念之,輪迴傳記難以言盡。阿賴耶未授記之界,以對境與相應,造作增長諸漏,與識之蘊等,界與處聚合已,稱為世間有之輪轉。其中今生欲界,執著為我之境況,處所乃室利帕爾瓦塔(Śrīparvata),種姓乃法主嘉雅格巴(rgya yags pa)。未生於有領地之人,故無圓滿順緣之阻礙。生為明智清凈之子,故自生順緣支分未損。對於非烏鴉攫取之童子,雖非生來具足律儀,然於六歲時進入僧團。學習行持之捶打,與勤奮微小之聞思修,顯現為因果相違。十五歲時雖受沙彌戒,然因未具足四根本,故亦未有知取捨,律之學處又怎能守護?僅于良好發願中求義,誤以為惡行即是律儀,對於僧眾財物隨意享用之,以僧人形象行持共同之傳記。

即便如此,厭離與,出離心大悲之意,自然生起,僅憶念時便有。渴望無為之行持。雖極力運用看似聰慧之,然孩童之傳記雖多行持,然如貓般之惡劣行為,不可能存在於心中。身心二者成熟時,雖曾想堅定不移,然與他緣,相符顯現之僧眾之,于貪嗔所住之處生起厭惡。獨自居住時憶念母親之教誨。依靠鄔金大士(蓮花生大師)之,傳記與三所依,生起不可動搖之信心。此時此刻心想若能到達銅色吉祥山,渴望增長。彼時祈願加持我之相續。如獵人追逐野獸,牧民驅趕羊群,為律所懼所逼迫。

【英語翻譯】 The biography of Dzogchenpa Rangjung Dorje’s meaning, called “The Ornament of Dohas.” The biography of Dzogchenpa Rangjung Dorje’s meaning, called “The Ornament of Dohas.” This is the work called “The Biography of Dzogchenpa Rangjung Dorje’s Meaning: The Ornament of Dohas.”

Homage to the principal Buddha! Before realizing the nature of phenomena, which is knowing exhaustion and non-arising, the biographies of samsara, which follow after the grasping and apprehending thoughts, are endless to tell. The unmanifested realm of the alaya, with its objects and concomitants, creates and increases defilements, and with the aggregates of consciousness, etc., the realms and sense bases having assembled, it is known as the wheel of worldly existence. Among these, in this life, in the desire realm, in the state of clinging to “I,” the place is Śrīparvata. The lineage is Dharma Lord Gyayakpa. Not having been born in a land with dominion, there were no obstacles to complete favorable conditions. Having been born as a son of pure intelligence, the limbs of self-arising favorable conditions were not diminished. For a youth who was not snatched by a crow, although he was not born with vows, he entered the monastic community at the age of six. The hammering of learning religious practices, and the hearing, thinking, and meditating with little effort, appeared as contradictory cause and effect. Although he received novice ordination at the age of fifteen, since he did not possess the four root vows, he also did not know what to accept and reject, so how could he keep the precepts of discipline? Only seeking meaning in good aspirations, thinking that bad conduct is discipline, he maintained the common biography of a monk, freely using the property of the sangha.

Even so, the mind of weariness and great compassion of renunciation, arose naturally, even from just remembering. He longed for the conduct of hermits. Although he exerted himself with seemingly intelligent, but childish behavior, it was impossible for the bad behavior of a cat to exist in his heart. When both body and mind matured, although he thought of being unwavering, he became disgusted with the attachment and aversion of the monastic community, which appeared in accordance with other circumstances. When living alone, he remembered his mother’s teachings. Relying on the biography and the three supports of the great teacher of Oddiyana (Padmasambhava), unwavering faith blazed. At this time, longing increased, thinking, “If only I could reach the Copper-Colored Glorious Mountain.” At that time, may I be blessed by your grace. Like a hunter chasing wild animals, a nomad driving a flock of sheep, tormented by the fear of the law.

============================================================

================== 第 2 段 ================== 【原始藏文】 ་བ་གསུམ། །མཐོང་ན་ལྟ་ཅི་ཐོས་ན་ཡང་། །བཟོད་བླག་མེད་པའི་སྙིང་རྗེ་སྐྱེས། །ཉི་ཤུ་རྩ་ལྔ་ལོན་པའི་ཚེ། །འདུ་འཛིའི་ཉེས་དམིགས་འབའ་ཞིག་དྲན། །ཕྱོགས་མེད་དུ་ཆོས་ལ་བྲོས་སྙམ། །གཅིག་པུར་ལུང་སྟོང་འགྲིམས་ན་སྙམ། །རང་ཡུལ་ལ་ཞེན་པ་གཅོད་འདོད་བློ། །རྒྱུན་ཆད་མེད་པ་ཡིད་ལ་ཤར། །སྣང་བ་དགྲ་རུ་མི་སྡང་བས། ། བླ་མའི་མིང་དུ་ཆགས་པ་དང་། །སྒོམ་ཆེན་བྱ་བ་ཉུང་བ་དང་། །ཞི་དུལ་བསམ་པ་དགེ་བ་ཡི། །ཆོས་དང་གང་ཟག་ཐམས་ཅད་ལ། །རྟོག་དཔྱོད་མེད་པའི་རིམ་གྲོ་བསྐྱེད། །སྦྱངས་བའི་ཡོན་ཏན་བཅུ་གཉིས་ཀྱི། །དྲི་མས་གོས་པ་མ་ལགས་ཀྱང་། །ཁྱིམ་དང་བསམ་སྦྱོར་ཐ་དད་ཅིང་། །སྐྱོ་ཤས་ངེས་འབྱུང་ཚད་མེད་པས། །ཤེས་རྒྱུད་སོ་སོ་ཐར་པ་དང་། །ཆ་མཐུན་འབྱོར་བའི་གནས་སྐབས་དེར། །སྔགས་སྡོམ་གཟུགས་བརྙན་ཙམ་དང་བཅས། །ཤྲཱི་པརྥ་ཏ་དང་ནི། །དཔལ་གྱི་བསམ་ཡས་མཆིམས་ཕུ་རུ། །ལོ་བདུན་བསྐྱེད་རྫོགས་རྩེ་གཅིག་སྒོམ། །ཀུན་ནས་ཉོན་མོངས་དབང་པོ་ལྔའི། །ཉེར་ལེན་རྣམ་བྱང་རྒྱུར་གྱུར་པས། །ཤེས་པ་ཉམས་འུར་བག་ཕེབས་ཤིང་། །སྟོང་ཉིད་སྙིང་རྗེ་གོང་ནས་གོང་། །འཕེལ་བས་ཆགས་རེ་དོགས་ཀྱི། །རྣམ་རྟོག་རང་གྲོལ་ལམ་དུ་ལྷོངས། །རྩ་བ་གསུམ་གྱི་བྱིན་རླབས་དང་། །རྡོ་རྗེ་ལམ་གྱི་ཉེ་རྒྱུ་ལས། །རྣམ་བྱང་ཡོན་ཏན་ཀུན་གྱི་མཛོད། །སྐུ་གདུང་འབར་བ་མཁའ་འགྲོའི་བརྡ། སོ་སོ་ཡང་དག་རིག་པའི་གཏེར། །རྒྱལ་དབང་པདྨའི་ལུང་གིས་ཕྱེ། །རྩ་ཁམས་ཡི་གེའི་འཁོར་ལོའི་སྤྲིན། །དམ་པ་ཆོས་ཀྱི་རོལ་མོ་རུ། །འཁྲོལ་ལ་གནས་གསུམ་མཁའ་འགྲོ་དང་། །ཀུན་དུ་ཐོགས་མེད་སྤྱན་ལྡན་གྱིས། ། དབང་གྱུར་མངོན་སུམ་ཚད་མའི་ཕྱིར། །རྟོག་གེའི་གནས་ལ་འཇིགས་པ་དང་། །གོར་མའི་སེར་ཀ་འདྲུ་པ་དང་། །ཆོས་བདག་རྐྱེན་ལ་རེ་བ་དང་། །རྟེན་འབྲེལ་རྫས་ལ་འཆོལ་པ་ཡི། །སྤང་བླང་དགག་སྒྲུབ་དབྱིངས་སུ་སངས། །བདག་ཅག་ལམ་མཐོན་པོ་རུ། །སོན་པའི་ཁས་ལེན་མི་འགྲུབ་ཀྱང་། །མདོ་སྡེ་དྲན་པ་ཉེར་གཞག་ནས། །ཆོས་གཏེར་ཆེན་པོ་བརྒྱད་གསུངས་པའི། །དོན་ལ་རྟོན་པ་གང་ཞིག་ནི། །ལས་དང་དངོས་བསྒྲུབ་པ་ལ། །བསླུ་བ་མེད་པའི་ཁྱད་ཆོས་ཡིན། །ཁྱད་པར་སྔོན་གྱི་སྨོན་ལམ་མཐུས། །ཀུན་མཁྱེན་ཆེན་པོའི་མན་ངག་ལ། །བརྟན་ནས་སེམས་ཀྱི་གནས་ལུགས་ཤེས། །མཆིམས་ཕུའི་དགེའུ་འོག་མ་རུ། །དངོས་ཞལ་མཇལ་ནས་བདེན་པ་མཐོང་། །གྲུབ་མཐའ་རྒྱ་མཚོ་སྨོས་ཅི་དགོས། །དལ་འབྱོར་བཅོ་བརྒྱད་གྲངས་ངེས་དང་། །སྐྱེས་བུ་གསུམ་གྱི་སྐྱབས་འགྲོ་

【漢語翻譯】 三者。 見到固然不必說,聽到也一樣。 生起難以忍受的悲心。 二十五歲時。 僅僅憶念起世俗的過患。 想要毫無目的地逃向佛法。 想要獨自一人遊蕩在空曠之地。 想要斷除對故鄉的貪戀之心。 持續不斷地在心中顯現。 因為不憎恨顯現為敵人。 對上師之名生起愛戀, 禪修之事甚少, 寂靜調柔之念善良, 對於一切佛法和補特伽羅。 生起毫無分別的恭敬。 雖然沒有被十二種修習的功德的 垢染所沾染。 但在家和思維行為各異, 由於厭離和出離心無量。 故於各自解脫的知續, 在具備順緣的境地中。 伴隨著咒律的些微形象。 在吉祥山(Śrī Parvata)和, 吉祥的桑耶青浦(bsam yas mchims phu)。 七年一心專注于生圓次第的禪修。 從根本上來說,五種煩惱的 近取成為清凈之因。 覺性變得鬆緩而舒適, 空性和悲心越來越 增上的緣故,貪戀和疑惑的 念頭自然消融于道中。 三根本的加持和, 金剛道之近因。 清凈功德一切的寶藏。 身像燃燒是空行母的表示。 個別正見智慧的寶藏。 由蓮花生大師的預言開啟。 脈輪文字之輪的云。 在殊勝佛法的樂音中。 演奏,於三處空行母和, 普遍無礙具眼者以。 成為自在現量之因。 對辯論之處感到恐懼, 挖掘冰雹般的冰塊, 依賴護法助緣, 混雜于緣起事物中。 斷證取捨於法界中清凈。 我們在高的道路上。 雖然不能成就成佛的誓言。 但從《經部念住》中。 所說的八大佛法寶藏的 意義上來說, 無論依賴於哪一個。 對於事業和實物的成辦。 具有不會被欺騙的特點。 特別是依靠往昔的願力。 對於一切智者的竅訣。 堅定而了知心的本性。 在青浦(mchims phu)下方的靜處。 親見尊顏而見到真諦。 何須贅述宗派如海洋。 暇滿十八的數目確定和。 三士夫的皈依

【英語翻譯】 The three. Needless to say, seeing it, hearing it is the same. A compassion arises that is unbearable. When I was twenty-five years old. I only remembered the faults of worldly affairs. I thought of fleeing to the Dharma without any direction. I thought of wandering alone in the empty wilderness. I wanted to cut off the attachment to my homeland. It constantly appeared in my mind. Because I don’t hate appearances as enemies. Attachment to the name of the Lama, Little practice of meditation, Peaceful and gentle thoughts are virtuous, To all Dharma and individuals. Generate respect without discrimination. Of the twelve qualities of purification, Although not stained by defilements. But the home and thoughts and actions are different, Because of immeasurable weariness and renunciation. The knowledge stream is individually liberated, In that situation of harmonious prosperity. With just the image of mantra vows. In Śrī Parvata and, In glorious Samye Chimphu. For seven years, I meditated single-mindedly on the generation and completion stages. From the root, the five disturbing emotions The near attainment becomes the cause of purification. Consciousness becomes relaxed and comfortable, Emptiness and compassion are more and more. Because of increasing, attachment and doubt The thoughts naturally dissolve into the path. The blessings of the three roots and, From the near cause of the Vajra path. The treasure of all pure qualities. The burning body is a sign of the Dakinis. The treasure of individual correct knowledge. Opened by the prophecy of the victorious Padma. The clouds of the wheel of letters in the channels. In the music of the sacred Dharma. Playing, with the Dakinis of the three places and, Universally unobstructed, with the eyes. For the sake of direct valid cognition. Fear of the place of debate, Digging up hail-like ice, Relying on Dharma protectors for help, Mixing with interdependent things. Abandoning, adopting, negating, establishing, purified in the realm of Dharma. We are on the high road. Although the vow to attain Buddhahood cannot be accomplished. But from the Sutra of Mindfulness. Of the eight great Dharma treasures spoken of, In terms of meaning, whichever one relies on. For the accomplishment of actions and objects. It has the characteristic of not being deceived. Especially through the power of past aspirations. For the instructions of the all-knowing great one. Steadfast and knowing the nature of the mind. In the lower retreat of Chimphu. Having met face to face, seeing the truth. What need is there to mention the ocean of tenets. The number of eighteen leisures and endowments is certain and. The refuge of the three types of individuals.

============================================================

================== 第 3 段 ================== 【原始藏文】 ཡན། །འདི་ལ་བརྟེན་ནས་ཤེས་པའི་ཕྱིར། །རྒྱལ་བ་བདེན་པར་སྨྲ་བ་དེས། །གང་ལས་ཆོས་ནི་རྣམ་ཤེས་པས། །དེ་ལ་གུས་པས་ཕྱག་བྱ་སྟེ། །བྲམ་ཟེ་གཙང་མས་མེ་ལ་བཞིན། །ཞེས་པའི་དོན་ལ་རབ་སྦྱར་བས། །བསྟན་པ་ཀུན་གྱི་དེ་ཉིད་དང་། །རྫོགས་པ་ཆེན་པོའི་ཁྱད་ཆོས་རྟོགས། །དངོས་ཉམས་རྨི་ལམ་ཐམས་ཅད་དུ། །རྒྱལ་བ་དགྱེས་པའི་ལུང་ བསྟན་ཐོབ། །ཆོས་དང་གཟུགས་བརྙན་མི་ཕྱེད་ཅིང་། །བློ་གྲོས་བདུད་སྡེས་བཅོམ་པ་དག །དགེ་སྦྱོང་གོའུ་ཏ་མ་ནི། །མུ་སྟེགས་ཅན་གྱི་དཀའ་ཐུབ་ལས། །ཉམས་པའི་སྡིག་ཏོ་ཅན་ནོ་ཞེས། །འཁུ་ཞིང་གཤུང་བའི་རྣམ་ཐར་བསྐྱང་། །ཨེ་མ་མ་ལ་སྙིང་རེ་རྗེ། །སྔོན་ཚེ་འོད་སྲུངས་རྒྱལ་བ་ལས། །སེམས་ཀྱི་དམ་པ་ཐོབ་པ་ནས། །བདེ་གཤེགས་སྙིང་པོའི་མཐོང་སྒོམ་གྱི། །སྒྲིབ་གཉིས་སྤངས་རྒྱས་པའི་རྒྱལ་བ་ཅན། །བྱང་ཆུབ་ཤིང་དྲུང་གཤེགས་ཀྱི་བར། །རྒྱལ་སྲས་སྤྱོད་པ་མི་ཉམས་ཤིང་། །སོ་སོའི་སྐྱེ་བོའི་གཞན་དབང་ལ། །ལྟོས་པ་མེད་པའི་མངོན་རྟོགས་ནི། །རང་བྱུང་རྡོ་རྗེར་ལྷུན་གྱིས་གྲུབ། །དེ་ལྟ་ན་ཡང་བློ་གྲོས་ནི། །ཤིན་ཏུ་གཟུ་བོར་གྱུར་པའི་ཕྱིར། །ཆོས་དང་ཆོས་ཀྱི་གང་ཟག་གི། །གཟུགས་བརྙན་ཙམ་ལའང་མི་བསྐུར་ན། །འབྲལ་བ་ཅན་ལ་སྨོས་ཅི་དགོས། །རྒྱ་བོད་ཀུན་ན་དབང་རྣོན་གྱི། །གང་ཟག་ཆོས་ཀྱི་རྗེས་འབྲང་བའི། །མཚན་ཉིད་རྨོངས་པས་ག་ལ་རིག །སྲིད་རྩེའི་སེམས་དང་བརྗོད་མེད་བདག །རྣམ་འབྱེད་ཤེས་རབ་ཀྱིས་ལྡོག་པས། །དཔའ་བོའི་ཞབས་དང་ཕྱོགས་གླང་སོགས། །བསྟན་པའི་ཉིན་བྱེད་ཆེན་པོ་རུ། །གྱུར་པའང་རྒྱལ་བའི་ཕྲིན་ལས་ཡིན། །བསྟན་པ་ཀུན་ལ་དད་གྱུར་ཀྱང་། །བྱང་ ཆུབ་སེམས་དཔའི་སྡེ་སྣོད་ནི། །སྔགས་ཀྱི་གཞི་མ་ལྟར་མཐོང་ནས། །ཇོ་བོ་ཤཱཀྱ་མུ་ནེའི་དྲུང་། །བྱང་སྡོམ་ཞུ་བར་ཆེད་ཀྱིས་ཕྱིན། །རིགས་ལས་སད་པའི་སྨོན་འཇུག་བླངས། །སྔ་འགྱུར་རང་ལུགས་ཉམས་དམས་པར། །མཐོང་ནས་རྒྱུད་འབུམ་གླེངས་བམ་བཞེངས། །ལུང་མཉན་ཆོས་འབྱུང་དཀར་ཆག་བརྩམས། །ལོག་རྟོག་བསལ་བའི་ཐལ་འགྱུར་བཀོད། །དཔེ་ལུང་གཉིས་ཀའི་རྒྱུན་འཕེལ་བའི། །རྟེན་འབྲེལ་མངོན་སུམ་གནས་ལ་སྦྱར། །མདོ་སྒྱུ་སེམས་དང་སྙིང་ཏིག་བཞིའི། །།དོན་ལ་མི་རྟོན་གྱ་ཚོམ་གྱིས། །སྔགས་གཞུང་རྙོག་མར་གྱུར་པ་ལ། །མཁས་པ་གཞན་གྱིས་གཞུང་བའི་ཚེ། །སྨིན་གྲོལ་གམ་འཁྲུགས་ཤིང་། །རྒྱུད་དང་མན་ངག་མི་འགལ་ལ། །སྦྱང་གཞི་སྦྱོང་བྱེད་གནད་ཚང་བས། །སྐུ་ལྔའི་འབྲས་བུ་འབྱིན་ནུས་པ། །གང་དག་རྣམས་དང་བཀའ་མའི་གཞ

【漢語翻譯】 因此,爲了通過此(方法)來了解,勝者真實語者,從何處以智慧來辨別法,就對此以恭敬頂禮,如同婆羅門以純凈(之心)對待火。通過對這個意義的徹底運用,領悟所有教義的真諦,以及大圓滿的殊勝特質。在所有顯現、體驗和夢境中,獲得勝者歡喜的授記。不區分法與形象,那些智慧被魔眾摧毀的人,沙門喬達摩,從外道苦行中,墮落的罪人啊,進行誹謗和貶低的行徑。唉瑪瑪拉,真是可憐啊!從前世光明的勝者那裡,獲得心之殊勝(加持)之後,直到菩提樹下成佛之間,具有如來藏的見修行,斷除二障,成為圓滿證悟的勝者,菩薩行持沒有衰減,對於各自的凡夫的他人控制,沒有依賴的現證,自然而然地成就了金剛身。即使如此,智慧也因為極其公正的緣故,對於法和法的補特伽羅的形象也不信任,更何況是分離者呢?在整個漢藏地區,具有敏銳根器的,追隨法的人的特徵,愚昧者怎麼能理解呢?有頂天的意識和不可言說的我,被分別智慧所遮止,如勇士足和陳那等,成為教法的偉大太陽,這也是勝者的事業。即使對所有教法都具有信心,菩薩藏,如同密咒的基礎一樣看待,因此特意前往喬沃釋迦牟尼處,請求菩薩戒。從種姓中覺醒,受持願心和行心。認為前譯自宗衰敗,因此撰寫了《續部十萬頌》的目錄,聆聽傳承,撰寫法源目錄,運用駁斥邪見的辯論,使經教和理證二者的傳承得以發展,將緣起顯現應用於實處。對於經部、幻化部、心部和心髓四部,不依賴於隨意的臆測,當其他智者校正變得混亂的密咒典籍時,成熟解脫或者混亂,續部和口訣不相違背,所調伏的對境和調伏的方法要點齊全,能夠產生五身之果,哪些人以及噶瑪的基

【英語翻譯】 Therefore, in order to understand through this (method), the Victorious One, the speaker of truth, from where does wisdom discern the Dharma, to that one I pay homage with reverence, just as a Brahmin treats fire with purity (of heart). Through the thorough application of this meaning, one comprehends the true essence of all teachings, as well as the special qualities of the Great Perfection. In all appearances, experiences, and dreams, one receives the prophecies that please the Victorious Ones. Not distinguishing between Dharma and appearances, those whose wisdom is destroyed by the hordes of demons, the Shramana Gautama, from the asceticism of the heretics, a fallen sinner, engages in acts of slander and belittlement. Alas, how pitiful! From the previous life of the luminous Victorious One, after obtaining the supreme (blessing) of the mind, until becoming enlightened under the Bodhi tree, possessing the view, practice, and conduct of the Tathagatagarbha, eliminating the two obscurations, becoming a fully enlightened Victorious One, the conduct of a Bodhisattva does not diminish, without dependence on the control of others by ordinary individuals, the direct realization that arises naturally accomplishes the Vajra body. Even so, wisdom, because of being extremely impartial, does not trust even the image of the Dharma and the individuals of the Dharma, let alone those who are separated? Throughout the entire Sino-Tibetan region, those with sharp faculties, the characteristics of those who follow the Dharma, how can the ignorant understand? The consciousness of the peak of existence and the inexpressible self, being obstructed by discriminating wisdom, such as the feet of the hero and Dignāga, becoming the great sun of the teachings, this is also the activity of the Victorious Ones. Even if one has faith in all teachings, the Bodhisattva treasury, is regarded as the foundation of mantra, therefore, one specifically goes to Jowo Shakyamuni, to request the Bodhisattva vows. Awakening from the lineage, one takes the vows of aspiration and engagement. Considering the early translation tradition to be declining, therefore, one compiles the catalog of the “Hundred Thousand Tantras,” listens to the transmissions, compiles the catalog of the source of Dharma, employs the arguments that refute wrong views, so that the transmissions of both scriptures and reasoning can develop, applying the manifestation of dependent origination to reality. Regarding the four sections of the Sutra, Illusion, Mind, and Essence, without relying on arbitrary speculation, when other wise individuals correct the confused tantric texts, maturation and liberation or confusion, the tantras and instructions are not contradictory, the objects to be tamed and the methods of taming are complete with essential points, capable of producing the fruit of the five bodies, which individuals and the basis of Karma.

============================================================

================== 第 4 段 ================== 【原始藏文】 ུང་། །སངས་རྒྱས་མཉམ་སྦྱོར་ཡང་ཕུར་དང་། །དོར་སྤྲུགས་དཀའ་བརྒྱད་གཤིན་རྗེ་སོགས། །ཉན་ནས་བཤད་སྒྲུབ་ཅི་ནུས་བགྱིས། །སློབ་དཔོན་ཤྲཱི་སིདྷ་ཡི། །བྱིན་བརླབས་དབང་གི་ཉེ་བརྒྱུད་ལ། །བརྟེན་ནས་ཕུར་པ་རྒྱུད་ལུགས་ཀྱི། །བཀའ་ཡི་བསྡུ་བ་གསར་དུ་བྱས། །གནས་རིའི་ཁྲོད་ཀྱི་རིང་ལུགས་པ། །ཅི་ཡང་རླུང་སྟེ་སངས་རྒྱས་པའི། །གྲུབ་ མཐའ་འཛིན་པ་ཡིན་ཕྱིན་ཆད། །དེ་ཡི་བསྟན་པ་མདོ་སྔགས་ཀྱི། །སྡེ་སྣོད་ལེགས་པར་ཤེས་དགོས་ན། །རྒྱལ་བའི་གསུང་དང་དཀོན་ཅོག་འགྲེལ། །ཤིང་རྟ་གསུམ་དང་མཛོད་བདུན་གྱི། །རྗེས་སུ་འབྲངས་ལ་བཀའ་བསྟན་གྱི། །ལུང་གསར་མང་པོའི་རྒྱན་དང་བཅས། །ཡོན་ཏན་རིན་པོ་ཆེ་ཡི་མཛོད། །འགྲེལ་པ་བདེན་རྣམས་ཤིང་རྟ་གཉིས། །གསར་དུ་བརྩམས་ནས་རང་སྡེ་ཡི། །གྲུབ་མཐའ་གཞུང་ལམ་གསར་བྱས་བྱས། །དམ་ཆོས་མངོན་པའི་སྡེ་སྣོད་ཀྱི། །རྣམ་ཤེས་ཁམས་རྣམས་ལེགས་ཕྱེད་པས། །སྐྱེ་འགག་སྟོང་པར་སྒོམ་པའི་ལུགས། །དོར་ནས་འཕགས་ལམ་རྫོགས་ཆེན་གྱི། །ཡེ་ཤེས་སྒོམ་སྟོབས་ཀྱིས་ཐོབ་ལ། །དོན་དམ་བྱང་ཆུབ་སེམས་སུ་གྲགས། །ཀུན་རྫོབ་སྨོན་འཇུག་རྣམ་གཉིས་ནི། །བསྐྱེད་ལས་སྐྱེས་པ་གཙོ་ཆེ་བའི། །བསླབ་བྱ་གོང་དུ་འཕེལ་བའི་ཕྱིར། །ཕྱུགས་ལུག་བརྒྱ་ཕྲག་གཉིས་ཙམ་དང་། །སྲོག་ཆགས་ཕྲ་མོ་གྲངས་མེད་ལ། །འཇུངས་པ་མེད་པའི་སྲོག་སྦྱིན་བྱས། །དད་གཤིན་རྫས་རྣམས་ལོག་འཚོ་རུ། །སྦྱར་ནས་གཟི་བྱིན་མ་བསྒྲུབས་པས་སྡེ་སྣོད་བཞུགས་པའི་གཙུག་ལག་ཁང་། །པདྨ་འོད་ཀྱི་གླིང་བསྒུན་ཅིང་། །བདག་སྦྱར་སྒོམ་གྲྭ་འཛུགས་པ་དང་། །སྟོང་ དངུལ་ཐལ་བའི་རྒྱུ་ཚོགས་ལས། །དཀོན་མཆོག་རྟེན་གསུམ་བཞེངས་པ་དང་། །མེས་དབོན་གནས་ལ་ཁྲི་མཆོད་དང་། །བཀའ་འགྱུར་ཡོན་གྱིས་བསླུ་སྒྲོགས་སོགས། །སྦྱིན་པའི་ཕ་རོལ་ཕྱིན་ལ་བསླབས། །རྩ་རླུང་ཁམས་གསུམ་ལས་རུང་ནས། །རྡོ་རྗེ་ཐེག་པའི་འདུལ་བ་དང་། །སྔགས་ཀྱི་ཚུལ་ཁྲིམས་དང་དུ་བླངས། །གླེན་པ་རྣམས་ཀྱིས་སྒྲོ་སྐུར་ལ། །ཉམ་པ་མེད་པའི་གདེང་ཐོབ་ཅིང་། །ཟབ་མོའི་དོན་ལ་བཟོད་པ་ཡི། །རྣམ་ཐར་ངོ་ལྐོལ་མེད་པར་བསྐྱངས། །བྱ་བ་ལས་ཀྱི་འཁོར་ལོ་དང་། །འཇུག་པའི་སྤྱོད་པ་མཐའ་དག་གི། །གྲོགས་སུ་བརྩོན་འགྲུས་ཕ་རོལ་ཕྱིན། །དྲངས་པས་བར་མདོར་མ་འཁྱམས། །བསྐྱེད་རྫོགས་སྤྲོས་པ་རང་ཞིག་ནས། །བསམ་གཏན་དང་དུ་ཡིད་བསྡུད་ཀྱང་། །ཤེས་རབ་ཕ་རོལ་ཕྱིན་པ་ནི། །ལྷག་མཐོང་རྫོགས་པ་ཆེན་པོར་སོང་། །དེ་ལྟས་རྙེད་དང་མི་རྙེད་སོགས། །ལོ་ཀའི་ཆོས་བར

【漢語翻譯】 嗡。 聽聞佛陀合修與金剛橛,朵瓊、難八、閻魔等,盡力講修。 依止上師吉祥成就者的加持灌頂近傳承,新做了金剛橛續部的教敕彙集。 只要是安住山居中的宗派,一切皆是風,是成佛的, 只要是秉持宗義者, 那麼就必須善知顯密教藏, 追隨勝者之語和功德釋, 三大車和七藏, 以及具足許多新教敕之莊嚴的, 功德寶藏, 釋論真理二大車, 新著作后,自宗的, 宗義正路新造作。 善於分辨法與俱舍的教藏的, 諸識蘊界, 捨棄觀修生滅空性的宗規, 從而以聖道大圓滿的, 智慧禪定力獲得, 稱為勝義菩提心。 世俗願行二者, 爲了使生起次第所生的, 學處更增上, 毫不吝惜地做了約兩百頭牛羊和, 無數微小生命的放生。 將信施財物用於邪命, 不求威嚴,建造了安放經藏的寺廟, 擴建蓮花光洲, 以及建立自修禪院, 從空 銀灰的資具聚中, 建造了三寶所依, 在祖孫處做千供, 以及用酬謝來勸請翻譯經典等, 修學佈施波羅蜜多。 從調理脈氣明點三者, 受持金剛乘的律儀和, 密咒的戒律。 獲得了不被愚者誹謗所動搖的定解, 並且毫無隱瞞地弘揚了安忍甚深義的, 解脫。 以行事業之輪和, 一切趣入之行, 勤奮波羅蜜多作為助伴, 故未曾迷失於中陰。 生圓次第的戲論自滅后, 雖然以禪定攝集心意, 但智慧波羅蜜多卻成了, 勝觀大圓滿。 因此對於得與不得等, 世間八法,

【英語翻譯】 Om. Having listened to the Buddha’s union with Vajrakila, Dorje Drolo, the Eight Difficult Ones, Yama, etc., I practiced teaching and accomplishment to the best of my ability. Relying on the close lineage of blessings and empowerments of the master Shri Singha, I newly compiled the collection of teachings of the Vajrakila lineage. As long as one adheres to the tradition of those who dwell in the mountains, everything is wind, and one is a Buddha. As long as one upholds the tenets, one must have a good understanding of the scriptural collections of Sutra and Tantra. Following the words of the Victorious One and the commentaries of the Jewel, the Three Chariots and the Seven Treasures, and adorned with many new scriptural citations, the Treasury of Qualities, the two Chariots of Commentary Truths, having newly composed them, I newly created the doctrinal path of my own school. By well distinguishing the aggregates and elements of the Abhidharma Pitaka, abandoning the tradition of meditating on the emptiness of arising and ceasing, one obtains through the power of wisdom meditation of the Great Perfection of the Noble Path, which is known as the ultimate Bodhicitta. The two aspects of conventional aspiration and engagement, in order to further increase the precepts arising from the generation stage, I gave life releases of about two hundred cattle and sheep, and countless small creatures, without stinginess. Using the offerings of faithful patrons for wrong livelihood, without seeking glory, I built temples to house the scriptures, expanded the Lotus Light Continent, and established self-cultivation monasteries. From empty silver-ash resources, I erected the three supports of the Rare and Supreme Ones, made thousand offerings at the ancestral sites, and encouraged the translation of scriptures with rewards, etc., training in the perfection of generosity. From working with the three elements of channels, winds, and essences, I accepted the discipline of the Vajrayana and the vows of mantra. I obtained unwavering confidence in the face of slander by fools, and I propagated the liberation of enduring the profound meaning without concealment. With the wheel of action and all engaging conduct, diligence as a companion, I was not lost in the intermediate state. After the elaborations of the generation and completion stages self-pacified, although I gathered my mind with meditative concentration, the perfection of wisdom became the Great Perfection of Insight. Therefore, regarding gain and loss, etc., the eight worldly dharmas,

============================================================

================== 第 5 段 ================== 【原始藏文】 ྒྱད་ལ་ཐལ་བའི། །ཆེན་པོ་བསྙེན་ལ་མི་མཁས་ན། །རྒྱལ་པོའི་བླ་མཆོད་ཕྲང་དོ་གཅིང་། །རྒ་དང་ནད་ཀྱི་བར་ཆད་ལའང་། །དཔྱད་ནས་སྐྱོང་སྡེ་དགེ་ཡི། །སྤྱན་འདྲེན་ལན་དུ་སྤྲིང་ཡིག་བྱས། །ཆོས་རྗེ་དཔལ་ལྡན་ས་སྐྱ་པའི། །སྤྱན་འདྲེན་ནན་ཏན་ཆེ་བའི་སྟེང་། །མགོན་པོ་ཞལ་གྱི་བརྡ་དོན་ལ། །ཡང་སྲིད་སྔ་ཕྱིའི་རྟེན་འབྲེལ་མཐོང་། །ཤུལ་རིང་ ལམ་ཐོག་ཁེལ་བ་ཡི། །རྟེན་གསུམ་མཇལ་ཞིང་བསྟི་སྟར་བྱས། །ལྷ་ཁང་ཆེན་པོར་མཇལ་འཛོམ་ནས། །བཟུང་སྡེ་དགུན་ཟླ་གསུམ་གྱི་བར། །རྟེན་གསུམ་སྤྱི་ལ་རབ་གནས་དང་། །བྱེ་བྲག་སྐྱེས་བུའི་ལྷག་གནས་ནི། །གསར་རྙིང་རྒྱུད་ལུང་དབང་ཆེན་བརྒྱད། །རྗེས་གནང་སྲུང་མའི་སྲོག་གཏད་དང་། །བྱང་སྡོམ་ཐུགས་བསྐྱེད་ཆེན་མོ་དང་། །འབྲེལ་པར་འཁྲིད་ཚུལ་ནན་ཏན་གྱིས། །ཐུགས་རྒྱུད་བྱང་ཆུབ་སེམས་གཉིས་སུ། །སྨིན་པའི་ཐབས་ལ་ནན་ཏན་བྱས། །ཆེན་པོ་དག་གི་ཆོས་རྒྱུན་ནི། །བླ་ལ་དྲང་བའི་རྟེན་འབྱུང་ཕྱིར། །འོག་མའི་སྣོད་དུ་འབབ་དཀའ་ཡང་། །རྒྱལ་ཁམས་ཡོངས་ཀྱི་བླ་མ་རུ། །བསྐུར་བའི་ཐུགས་རྒྱུད་ཐེག་ཆེན་དང་། །ཆོས་ཉིད་དོན་ལ་རབ་སྦྱར་ནས། །འདྲེན་བའི་དེད་དཔོན་དོན་མཐུན་དུ། །འགྱུར་བའི་སྨོན་ལམ་བཟང་པོ་བཏབ། །དམན་པ་རྣམས་ལ་ཆེ་འགྱིང་དང་། །ནོར་ལྡན་རྗེས་སུ་འཛིན་པ་ཡི། །ལྷག་བསམ་ཟོལ་མ་སྤངས་བྱས་ཏེ། །བསྡུས་དངོས་བཞི་ལ་སེམས་བསྐྱེད་ནས། །ཚོགས་བཤད་མོས་སློབ་ཙམ་མིན་པར། །བརྒྱ་ཕྲག་གཉིས་ཐལ་ཁྲིད་ན་ཡང་། །ད་ནི་སྒྲུབ་པའི་དུས་ཀྱི་མཐར། །ངེས་འབྱུང་ར་རིས་རྒྱུད་བསྐུལ་ནས། །ཆོས་དོན་གཉེར་བ་ཕལ་མོ་ཆེ། །སྙིགས་མ་ལྔ་ཡི་གདོན་ཆེན་གྱིས། །ཤེས་རྒྱུད་ཟིལ་ གྱིས་ནོན་ཆེས་པས། །ལོ་ཟླ་དུས་ཀྱི་སྒྲུབ་ཚུགས་ལ། །དཔག་པའི་ཡོན་ཏན་སྐྱེས་ནས་ཀྱང་། །སླར་ལ་ཐུར་དུ་ལྷུང་བའི་ཕྱིར། །ལམ་དུ་འགྲོ་བ་ཤིན་ཏུ་དཀོན། །དེ་ལྟས་བདག་ཉིད་དབེན་པ་ལ། །ཐེ་ཐང་བྱེད་པའི་རྒྱུ་ཡང་འདི། །ཁྱད་པར་སྔགས་ཀྱི་སྡེ་སྣོད་ནི། །ལམ་སྟོན་བྱེད་པ་ཕལ་ལ་ཡང་། །ལྷོངས་སུ་གྱུར་པའི་གནས་ཉུང་ནས། །རྫིང་མ་མཆིས་ཝ་ནང་དུ། །འདྲོང་བ་རྒྱུ་འབྲས་འགལ་བ་ཅན། །དེ་ཕྱིང་བསྟན་པའི་འཕེལ་འགྲིབ་ཀྱང་། །ཆོས་ཀྱི་དེ་ཉིད་རིག་པ་དང་། །ཆོས་བཞིན་སྤྱོད་པ་ཡོད་མིན་ལ། །དགོངས་ཀྱིས་གང་ཟང་མང་ཉུང་དང་། །རིགས་གཟུགས་དབང་ཕྱུག་ཆེ་ཆུང་ལ། །འཛིན་བ་རྨོངས་པའི་འཁྲུལ་སྣང་ཙམ། རྒྱན་དྲུག་དབང་ཕྱུག་བརྒྱད་ཅུ་དང་། །རྒྱ་གར་དམ་པ་སངས་རྒྱས་དང་། །དགེ་བཤེས་ཁ་རག་སྒ

【漢語翻譯】 對於低劣的。 如果不擅長侍奉偉人, 國王的供養上師關係疏遠。 對於衰老和疾病的障礙, 考察后爲了護持德格(四川德格)的, 迎請的回信寫完成的書信。 法王吉祥薩迦派的, 迎請非常慇勤之上, 對於怙主面容的暗示意義, 見到轉世前後世的緣起。 在漫長的 路途中遇到的, 朝拜三寶並依次供養。 在大殿中會面后, 從藏曆冬季三個月的時間裡, 對於共同的三寶進行開光, 以及對於個別士夫的特別安住是, 新舊續部傳承灌頂八大, 隨許護法的命根交付和, 菩提心戒大發菩提心和, 關聯的引導方式慇勤地, 使心相續成熟為二菩提心。 對於偉人們的法脈是, 爲了引導上師的緣起, 雖然難以流入下等者的器皿中, 但成為整個國家的上師, 灌輸的心相續大乘和, 法性意義徹底結合后, 成為引導的舵手意義一致地, 發願美好的願望。 對於卑劣者傲慢自大和, 對於富裕者隨順執著的, 虛偽的利他心拋棄后, 以四攝法生起菩提心后, 不僅僅是集會講述意樂學習, 即使引導兩百多次, 現在是修行的末期, 從輪迴中解脫出來鞭策心相續後, 追求佛法意義的大多數, 被五濁的魔障所壓制, 識相續被壓倒。 因為年月時節的修行方式, 即使生起可衡量的功德, 又再次向下墮落的緣故, 走上正道非常稀少。 因此自己處於寂靜處, 這也是製造障礙的原因。 特別是密咒的法藏是, 即使對於大多數引導者來說, 成為精通之處很少, 沒有水池的旱地裡, 筆直前進具有因果相違。 因此,佛教的興衰也, 在於是否證悟佛法的真如, 以及是否如法行持, 認為眾生多少和, 種姓相貌權勢大小, 執著是愚癡的錯覺而已。 六莊嚴八自在和, 印度聖者佛陀和, 格西喀喇共

【英語翻譯】 For the inferior. If you are not good at serving the great, the king’s offering guru’s relationship is distant. Regarding the obstacles of old age and disease, After investigation, in order to protect Dege (Sichuan Dege), The letter of invitation was written as a letter. The Dharma Lord, glorious Sakya school’s, Invitation is very attentive, on top of that, Regarding the implied meaning of the Protector’s face, Seeing the connection between the previous and subsequent rebirths. On the long way, encountered, Visiting the Three Jewels and offering them in order. After meeting in the Great Hall, From the three months of the Tibetan winter, Consecrating the common Three Jewels, And the special abiding of individual gentlemen is, The new and old tantra lineage empowerment eight great, Subsequent permission, the life entrustment of the protectors and, The Bodhisattva vows, great generation of Bodhicitta and, The associated guidance methods diligently, Make the mind stream mature into two Bodhicittas. For the Dharma lineage of the great ones, In order to guide the origin of the guru, Although it is difficult to flow into the vessels of the lower ones, But becoming the guru of the whole country, The mind stream of empowerment, the Great Vehicle and, After thoroughly combining the meaning of Dharma nature, Becoming the helmsman of guidance, with consistent meaning, Making good wishes. For the inferior, arrogance and, For the wealthy, following attachment, After abandoning hypocritical altruism, After generating Bodhicitta with the four means of gathering, Not just gathering to speak and learn with intention, Even if guiding more than two hundred times, Now is the end of practice, After liberating from samsara and urging the mind stream, The majority of those who seek the meaning of Dharma, Oppressed by the great demons of the five degenerations, The consciousness stream is overwhelmed. Because of the practice methods of years, months, and seasons, Even if measurable merits arise, Again, because of falling downwards, It is very rare to embark on the right path. Therefore, being in solitude, This is also the reason for creating obstacles. Especially the Dharma treasury of mantras is, Even for most guides, Becoming a proficient place is very rare, In a dry land without a pool, Going straight ahead has conflicting causes and effects. Therefore, the rise and fall of Buddhism also, Lies in whether or not one realizes the true nature of the Dharma, And whether or not one practices according to the Dharma, Thinking that the number of sentient beings and, The size of lineage, appearance, and power, Attachment is just a foolish illusion. Six Ornaments and Eight Freedoms and, Indian Saint Buddha and, Geshe Kharak Gom

============================================================

================== 第 6 段 ================== 【原始藏文】 ོམ་ཆུང་དང་། །རྒྱལ་བ་ཀློང་ཆེན་རབ་འབྱམས་ལའང་། །ཁྱིམ་ཆུང་སྤང་བའི་ཁྱིམ་ཆེན་གྱི། །དགོན་གནས་སྡིག་པས་འཛིན་པ་དང་། །ཆགས་སྡང་ཆོས་སུ་སྒོམ་པ་ཡི། །གྲ་སློབ་རྒྱུན་ཆགས་མ་མཆིས་པས། །རྟེན་གསུམ་རྣམས་ལ་བསྟི་སྟང་དང་། །ཆོས་ལ་གུས་པའི་ཉམས་ལེན་མཛོད། །འབྲེལ་ཚད་དགེ་ལ་འགྱུར་བ་ཡི། །སྨོན་ལམ་བཟང་པོ་བཏབ་ནས་ཡོད། །ཁོ་ བོའི་རྒྱུད་ནི་ངེས་འབྱུང་དང་། །དྲན་སྣང་ཡེ་ཤེས་རྣམ་པ་གཉིས། །མཉམ་རྗེས་ཅན་དུ་འཆར་བའི་ཕྱིར། །ང་དང་ང་ཡིར་འཛིན་པའི་སེམས། །ཆོས་ཉིད་དོན་ལ་ཡོད་མིན་ན། །མངོན་དང་ལྷག་བའི་ང་རྒྱལ་དང་། །ཕྱོགས་རིས་བདག་སྟོད་གཞན་སྨོད་དང་། །ཁེངས་དང་བརྟུན་ངས་ཆོས་ལས་འདས། །རིགས་གཟུགས་དབང་ཕྱུག་གྲགས་པ་ཡི། །ཚེ་དང་མངོན་རློམ་ཅན་དག་ལ། །སྨོན་དང་ཞུམ་བཅས་ཏེ་དོགས་ཀྱི། །གནས་ལས་ཀྱང་ནི་གྲོལ་བའི་ཕྱིར། །ཀུན་ནས་མཐོང་བ་ཐ་དད་པ། །སྐྱེས་བུ་སོ་སོའི་ལས་སྣང་དང་། །གནས་སྐབས་རྟེན་ཅིང་འབྲེལ་འབྱུང་ཡིན། །གང་ཞིག་ཐེག་པ་ཆེན་པོ་ཡིས། །བྱིན་གྱིས་བརླབས་པའི་གང་ཟག་ནི། །གང་ལ་ཕན་པའི་མཐུ་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་ད། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་པས་གསེར་འགྱུར་རྩི་ལྟ་བུའི། །རིན་ཆེན་སེམས་ལ་རྟག་གུས་པས། །མི་ཚེའི་ལྷག་མའང་དོན་ཡོད་འགྱུར། འདི་ནི་བླ་ཆེན་ས་སྐྱ་བའི། གསུང་གིས་བསྐུལ་ནས་བྲིས་བ་ཡིན། །དགེ་བས་མཐོང་ཐོས་དྲན་རེག་ཀུན། །རྣལ་བྱང་དམ་པའི་རྒྱུར་གྱུར་ཅིག །སརྦ་མངྒལཾ། ཤོག་སྟོང་། རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་དོན་གྱི་རྣམ་ཐར་དོ་ཧའི་རྒྱན།

【漢語翻譯】 對於幼小的僧眾,以及偉大的龍欽饒絳巴(Longchen Rabjam)也是如此, 捨棄小家,建立大家庭的, 寺廟住所被罪惡佔據, 將貪戀嗔恨修習為佛法, 這樣的僧人和弟子不會長久。 因此,對於三寶要恭敬供養, 對於佛法要以恭敬之心修持。 我已立下良愿, 使一切所遇之事皆轉為善。 我的相續是出離心, 以及覺性和智慧這二者, 爲了使其顯現為俱時和隨後的狀態, 對於我和我所的執著之心, 如果不在法性之義中存在, 那麼傲慢和增上的我慢, 以及偏袒自方貶低他方, 驕傲和自負,都已超越了佛法。 對於種姓、美貌、權勢和名聲, 以及擁有財富和自負的人們, 要帶著羨慕和沮喪去提防, 爲了從這些處境中解脫, 一切所見皆是不同的, 是各個眾生的業力顯現, 是暫時的緣起。 任何被大乘加持的補特伽羅, 即使沒有利益他人的能力, 也要常常思念他。 對誰有思念, 那人就以意義進入了他。 因此,對於如金變藥般的, 珍貴的心,要常常恭敬, 使剩餘的人生也變得有意義。 這是應薩迦派大德的勸請而寫。 愿善業使一切所見、所聞、所憶、所觸, 皆成為清凈解脫之因。薩爾瓦芒嘎朗(藏文,梵文天城體:सर्व मङ्गल,梵文羅馬擬音:sarva maṅgalaṃ,漢語字面意思:一切吉祥)!

【英語翻譯】 For the young Sangha, and also for the great Longchen Rabjam, The monastic residence of abandoning the small home for the large home, Is seized by sin, And attachment and hatred are meditated upon as Dharma, Such monks and disciples will not last long. Therefore, towards the Three Jewels, be respectful and offer, Towards the Dharma, practice with reverence. I have made the good aspiration, That all encounters may be transformed into virtue. My mindstream is renunciation, And the two aspects of awareness and wisdom, In order for them to arise as simultaneous and subsequent, The mind that clings to “I” and “mine”, If it does not exist in the meaning of Dharmata, Then arrogance and increased pride, And partiality, praising oneself and denigrating others, Pride and conceit, all have transgressed the Dharma. Towards those with lineage, beauty, power, and fame, And those who possess wealth and conceit, Be wary with envy and dejection, In order to be liberated from these situations, All that is seen is different, It is the karmic appearance of each individual, It is a temporary dependent arising. Any individual blessed by the Great Vehicle, Even if they do not have the power to benefit others, Always think of them. Whoever has that thought, That person enters into them in meaning. Therefore, towards the precious mind, like a gold-transforming elixir, Always be respectful, And make the rest of life meaningful as well. This was written at the urging of the great Sakya lama. May virtue make all that is seen, heard, remembered, and touched, Become the cause of pure liberation. Sarva Mangalam (藏文,梵文天城體:सर्व मङ्गल,梵文羅馬擬音:sarva maṅgalaṃ,漢語字面意思:May all be auspicious!)

============================================================