JLAZ010_0020.《龍欽心髓》中.蓮花生大士的明妃.益西措嘉佛母所化現的 措嘉旺姆·大樂女王之根本修法《大樂妙鬘》g2.0f
================== 第 1 段 ================== 【原始藏文】 ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡུམ་ཀ་འཚོ་རྒྱལ་བདེ་ཆེན་རྒྱལ་མོའི་རྩ་བའི་སྒྲུབ་པ་བདེ་ཆེན་དཔལ་ཕྲེང་། ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡུམ་ཀ་འཚོ་རྒྱལ་བདེ་ཆེན་རྒྱལ་མོའི་རྩ་བའི་སྒྲུབ་པ་བདེ་ཆེན་དཔལ་ཕྲེང་། ༂ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡུམ་ཀ་འཚོ་རྒྱལ་བདེ་ཆེན་རྒྱལ་མོའི་རྩ་བའི་སྒྲུབ་པ་བདེ་ཆེན་དཔལ་ཕྲེང་བཞུགསཿ མཁའ་འགྲོ་བདེ་ཆེན་རྒྱལ་མོར་བདུདཿ དཀྱིལ་འཁོར་ཟླ་གམ་སྒོ་གཅིག་དབུསཿ ཆོས་འབྱུང་དམར་པོ་ལྷ་མཚན་ཅནཿ དེ་སྟེང་བདེ་སྐྱོང་མ་དཱ་ནཿ ཡང་ན་རིན་ཆེན་སྨན་བཅུད་གཏམསཿ ཤེལ་དང་མེ་ལོང་སྲོག་གི་རྟེནཿ ཕྱི་ནང་མཆོད་པས་མཐའ་ནས་བསྐོརཿ ནུབ་གྱིས་ཕྱོགས་སུ་ཁ་བསྟན་ལཿ དང་པོ་སྐྱབས་སུ་འགྲོ་བ་ནིཿ ན་མོཿ སྐྱེ་མེད་ཡེ་ཤེས་མཁའ་འགྲོའི་སྐུཿ འགགས་མེད་རང་བྱུང་རྣལ་འབྱོར་མཿ རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལཿ འདུ་འབྲལ་མེད་པར་སྐྱབས་སུ་མཆིཿལན་གསུམ་གཉིས་པ་སྨོན་འཇུག་སེམསཿ ཧོཿའདི་ནས་བྱང་ཆུབ་མ་ཐོབ་པརཿ ཡེ་ཤེས་མཁའ་འགྲོ་ཁྱོད་བསྒྲུབ་ ནསཿ ཕྱོགས་རིས་བྲལ་བའི་སེམས་ཅན་རྣམསཿ བདེ་ཆེན་ས་ལ་འགོད་པར་བགྱིཿ ལན་གསུམ་གསུམ་པ་མཆོད་གཏོར་བརླབཿ ཨོཾ་ཨཱཿཧཱུྃཿདངོས་པོ་འཛིན་པའི་རྣམ་རྟོག་ཀུནཿ ཕྱི་ནང་གསང་གསུམ་མཆོད་པའི་སྤྲིནཿ ཀུན་ཏུ་བཟང་པོའི་འདོད་ཡོན་ནིཿ ནམ་མཁའ་ལྟ་བུར་འཛད་པ་མེདཿ སརྦ་པཱུ་ཛ་ས་མ་ཡ་ཧོཿབཞི་པ་བསྐྱེད་རིམ་ཨ་ཏིར་སྒོམཿ ཨཱཿསྣང་བ་ཐམས་ཅད་ཡུམ་ལྔའི་ཀློངཿ སྲིད་པ་ཐམས་ཅད་མཁའ་འགྲོའི་དལཿ རྒྱུ་རྐྱེན་ལས་འདས་གཞལ་ཡས་ཁངཿ ཐིག་ལེ་ཉག་གཅིག་ཆོས་དབྱིངས་སྒོཿབདེ་ཆེན་འབར་བའི་ཕོ་བྲང་དབུསཿ ཆུ་སྐྱེས་གེ་སར་བཞད་པའི་སྟེངཿ ཉི་མའི་གདན་ལ་མཁའ་འགྲོའི་གཙོཿ ཆོས་སྐུའི་ཀློང་ན་ཀུན་བཟང་མོཿ ལོངས་སྐུའི་ ཞིང་ན་ཝཱ་རཱ་ཧཱིཿ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མཿ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམརཿ གཅེར་མོ་མཉམ་པའི་དོར་སྟབས་ཅནཿ ཤིན་ཏུ་ཆགས་དང་བཞད་པའི་ཞལཿ ཕྱག་གཡས་ཐོད་པའི་ཅང་ཏེའུཿ སྙན་གྱི་ཐད་ཀར་གཏོད་ཅིང་འཁྲོལཿ གཡོན་པ་གྲི་གུག་ཡུ་བ་ནིཿ དཀུ་ལ་བརྟེན་ནས་མཆོག་ཏུ་འགྱིངཿ བྷ་ག་རྒྱས་ཤིང་ནུ་མ་འབུརཿ རིན་པོ་ཆེ་དང་གཞོན་ནུའི་བརྒྱནཿ པུཎྜ་རི་ཀའི་དོ་ཤལ་འཕྱངཿ རུས་པའི་རྒྱན་དྲུག་སྐུ་ལ་མཛེསཿ གནག་སྣུམ་དབུ་སྐྲའི་ལན་ཚར་ཅནཿ རིན་པོ་ཆེ་ཡི་རྩེ་བྲན་བརྗིདཿ དབུ་མའི་སྤྱན་ནི་དབྱིངས་གྱེན།ལ་གཟིགསཿ ལོངས་སྐུའི་སྤྱན་གྱིས་གཡོན་ཐད་ཀ །འགྲོ་བ་འདུལཿ སྤྲུལ་སྐུའི་སྤྱན་གྱིས་གཡས་འོག །ཁམས
【漢語翻譯】 《龍欽心髓》中: 蓮花生大士的明妃,益西措嘉佛母所化現的 措嘉旺姆·大樂女王之根本修法《大樂妙鬘》。 《龍欽心髓》中: 蓮花生大士的明妃,益西措嘉佛母所化現的 措嘉旺姆·大樂女王之根本修法《大樂妙鬘》。 ༂ 《龍欽心髓》中: 蓮花生大士的明妃,益西措嘉佛母所化現的 措嘉旺姆·大樂女王之根本修法《大樂妙鬘》 敬錄。 空行母大樂女王敬禮。 壇城月形門一中央, 法生紅色具天相, 其上安樂護佑母, 又或珍寶藥精華, 琉璃明鏡為命依, 內外供品四周繞, 面朝西方而立定, 首先皈依頌念: 納摩! 無生俱生智慧空行身, 無礙自生瑜伽母, 皈依蓮花生大士佛母金剛亥母, 無有聚散永皈依。(唸誦三遍) 第二發願入道心: 吼! 從今直至菩提果, 修持智慧空行母, 愿諸無有偏袒之眾生, 安置於大樂之地。(唸誦三遍) 第三供養食子作加持: 嗡(藏文,梵文天城體:ॐ,梵文羅馬音:oṃ,漢語字面意思:嗡),阿(藏文,梵文天城體:आ,梵文羅馬音:ā,漢語字面意思:阿),吽(藏文,梵文天城體:हूँ,梵文羅馬音:hūṃ,漢語字面意思:吽)! 執著事物之分別念, 皆為內外密三種供云, 普賢供養之慾妙, 如虛空般無有窮盡。 薩瓦 布扎 薩瑪雅 吽(藏文,梵文天城體:,梵文羅馬音:sarva pūja samaya ho,漢語字面意思:一切 供養 誓言 吽) 第四生起次第修阿底: 嗡(藏文,梵文天城體:ॐ,梵文羅馬音:oṃ,漢語字面意思:嗡)! 一切顯現皆為五母之界, 一切有寂皆為空行之舞, 超離因緣之莊嚴宮殿, 一點明點法界之門, 大樂熾燃之宮殿中央, 蓮花花蕊綻放之上, 日輪座上空行之主, 法身界中普賢佛母, 報身 剎土金剛亥母, 化身益西措嘉母, 一面二手身紅色, 赤裸平等之姿態, 極其貪戀而微笑之面容, 右手持顱骨鼓, 對著耳邊搖動, 左手彎刀刀柄, 依靠于腰間而傲立, 蓮宮飽滿乳房隆起, 珍寶及妙齡之裝飾, 懸掛白蓮花之項鍊, 六種骨飾嚴身, 烏黑髮辮之發綹, 珍寶頂飾極莊嚴, 中脈之眼向上凝視法界, 報身之眼向左直視, 調伏眾生, 化身之眼向右向下, 調伏
【英語翻譯】 From the Longchen Nyingtik: The Root Sadhana of Yumka Tsogyal Dechen Gyalmo, Dechen Pal Treng. From the Longchen Nyingtik: The Root Sadhana of Yumka Tsogyal Dechen Gyalmo, Dechen Pal Treng. ༂ From the Longchen Nyingtik: The Root Sadhana of Yumka Tsogyal Dechen Gyalmo, Dechen Pal Treng is present. Homage to the Dakini Dechen Gyalmo. In the center of the mandala, a crescent-shaped one-door, A red dharma source with divine markings, Upon it, the Bliss-Protecting Mother Da-na, Or filled with precious medicinal essence, A crystal and mirror, the support of life, Surrounded on all sides by outer and inner offerings, Facing towards the west, First, taking refuge: Namo! The unborn wisdom dakini’s form, The unceasing, self-arisen yogini, To the Queen Mother, Vajravarahi, Without separation, I take refuge. (Recite three times) Second, generating the mind of aspiration and entry: Ho! From now until enlightenment is attained, Having practiced you, wisdom dakini, May all sentient beings, free from partiality, Be placed upon the ground of great bliss. (Recite three times) Third, blessing the offering torma: Om(藏文,梵文天城體:ॐ,梵文羅馬音:oṃ,漢語字面意思:嗡), Ah(藏文,梵文天城體:आ,梵文羅馬音:ā,漢語字面意思:阿), Hum(藏文,梵文天城體:हूँ,梵文羅馬音:hūṃ,漢語字面意思:吽)! All conceptual thoughts of grasping at objects, Are clouds of outer, inner, and secret offerings, The desirable qualities of Samantabhadra, Are like the sky, without exhaustion. Sarva Puja Samaya Ho(藏文,梵文天城體:,梵文羅馬音:sarva pūja samaya ho,漢語字面意思:一切 供養 誓言 吽) Fourth, meditating on the generation stage Ati: Ah! All appearances are the realm of the five mothers, All existence is the dance of the dakinis, A celestial mansion beyond cause and condition, The single thigle, the door of the dharmadhatu, In the center of the palace blazing with great bliss, Upon a lotus blooming with pistils, On a sun seat, the chief of the dakinis, In the realm of the dharmakaya, Samantabhadri, In the sambhogakaya’s field, Varahi, The nirmanakaya, Yeshe Tsogyal, One face, two arms, body red in color, Naked, in an equal posture, A face of great desire and smiling, The right hand holds a skull drum, Directing it towards the ear and playing it, The left hand holds a curved knife, its handle Leaning on the hip, supremely elegant, The bhaga full and breasts protruding, Adorned with jewels and youthfulness, A garland of Pundarika hanging down, Six bone ornaments beautiful on the body, Thick, black, oiled hair in braids, A jeweled topknot majestic, The central channel’s eye gazes upwards at the expanse, The sambhogakaya’s eye looks straight to the left, taming beings, The nirmanakaya’s eye looks down to the right, taming
============================================================
================== 第 2 段 ================== 【原始藏文】 ་གསུམ་འགུགཿ སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་རྫོགསཿ ཐུགས་ཀ་དཔལ་གྱི་བེའུའི་དབྱིངསཿ མ་བསྐྱེད་རང་བྱུང་ཡོངས་གྲུབ་ལྷཿའཁོར་ལོ་རྩིབས་ལྔའི་ལྟེ་བ་རུཿཀུན་གཞིའི་ཡིད་ཆོས་གནས་དག་པའིཿཁྱབ་གདལ་རིག་པ་ཀུན་ཏུ་བཟངཿ སྣང་སྟོང་གཉིས་མེད་ཡུམ་དང་སྦྱོརཿ རྩིབས་ལྔར་གཟུགས་ཚོར་འདུ་ཤེས་དངཿ འདུ་བྱེད་རྣམ་ཤེས་དག་པའི་ལྷཿརྣམ་སྣང་རིན་འབྱུང་སྣང་མཐའ་དངཿ དོན་གྲུབ་རྡོ་རྗེ་མི་བསྐྱོད་པརཿ ས་ཆུ་སྤྱན་དང་མཱ་མ་ ཀཱིཿ མེ་རླུང་གོས་དཀར་དམ་ཚིག་སྒྲོལཿ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་ལྔརཿ གནས་དག་རིགས་ཀྱི་ཡུམ་ལྔས་འཁྲིལཿ གཡས་ཕྱོགས་དབང་པོའི་རྩ་བཞི་ལཿ རྣམ་ཤེས་དག་པའི་ནང་སེམས་བཞིརཿ ཡུལ་བཞི་དག་པའི་སེམས་མས་འཁྲིལཿ མིག་ལ་ས་སྙིང་སྒེག་མོ་མཿ རྣ་བར་ཕྱག་རྡོར་གླུ་མ་གཉིསཿ སྣ་ལ་ནམ་སྙིང་ཕྲེང་བ་མོཿ ལྕེ་ལ་སྤྱན་རས་གཟིགས་གར་མཿ གཡོན་ཕྱོགས་དབང་པོའི་རྩ་བཞི་ལཿ དབང་པོ་དག་པའི་ཕྱི་སེམས་བཞིརཿ དུས་བཞི་དག་པའི་སེམས་མས་འཁྲིལཿ མིག་ལ་བྱམས་པ་བདུག་སྤོས་མཿ རྣ་བར་སྒྲིབ་སེལ་མེ་ཏོག་ཅནཿ སྣ་ལ་ཀུན་བཟང་ཨཱ་ལོ་ཀེཿལྕེ་ལ་འཇམ་དཔལ་དྲི་ཆབ་མཿ དཔྲལ་བ་ལྕེ་དག་སྙིང་ག་དངཿ ལྟེ་བ་གསང་གནས་རྐང་མཐིལ་གཡོནཿ འཇིག་རྟེན་དྲུག་དང་ཉོན་མོངས་ལྔཿསེར་སྣར་ལྟ་བ་གནས་དག་པའིཿརིག་པའི་སྐྱེས་བུ་ཐུབ་པ་དྲུགཿ ཡན་ལག་བཞི་ལ་སེམས་ཅན་གྱིཿ ལུས་ཀྱི་རྣམ་པར་ཤེས་པ་དངཿ དབང་པོ་རེག་བྱ་རེག་ཤེས་བཞིཿགནས་དག་སྒོ་བ་ཡབ་བཞི་ལཿ རྟག་ཆད་ལྟ་དང་བདག་ལྟ་དངཿ མཚན་མར་ལྟ་བ་གནས་དག་ཡུམཿ ལག་གཡས་གཤིན་རྗེ་ལྕགས་ཀྱུ་མཿ གཡོན་པར་སྟོབས་ཆེན་ཞགས་པ་མོཿ རྐང་གཡོན་རྟ་མགྲིན་ལྕགས་སྒྲོག་མཿ གཡས་པར་བདུད་རྩི་འཁྱིལ་དྲིལ་བུཿཚད་མེད་བཞི་ཡི་ཕྲིན་ལས་ཅནཿ དག་བྱ་དག་བྱེད་རྫོགས་པ་ལསཿ ཡོངས་གྲུབ་གདན་གསུམ་ཚང་བའི་ལྷཿསྣང་ལ་རང་བཞིན་མེད་པར་གསལཿ དེ་ཡི་བ་སྤུའི་བུ་ག་ལ། །ཁྲག་འཐུང་རྒྱུད་སྡེའི་དཀྱིལ་འཁོར་ནིཿ མ་ལུས་ལུས་པ་མེད་པར་རྫོགསཿ ཀུན་ཀྱང་སྐུ་མདོག་ཕྱག་མཚན་དངཿ རྣམ་འགྱུར་མ་ངེས་སྒྱུ་འཕྲུལ་ནིཿ རང་བྱུང་རང་ཤར་ཆེན་པོའོཿའབུམ་ཕྲག་ཡངས་པའི་མཁའ་འགྲོས་བསྐོརཿ རིག་བདག་པདྨ་ཐོད་ཕྲེང་རྩལཿ ཨཱ་ཙཱརྱ་གཞོན་དཀར་གསལ་འཛུམཿ ཧེ་རུ་ཀ་པ་ཅང་དྲིལ་འཁྲོལཿ དམ་ཚིག་ཡེ་ཤེས་གཉིས་སུ་མེདཿ བསྒོམས་པ་ཙམ་གྱིས་དངོས་གྲུབ་ཐོབཿ ས་མ་ཡཿལྔ་པ་སྤྱན་འདྲེན་གདུང་བའི་བློསཿ ཧཱུྃཿཡུལ་གྱི་མིང་ནི་རྒྱ་གར་ཡུལཿ གནས་ཀྱི་མཆོག་གྱུར་ཨོ་རྒྱན་གནསཿ དྷུ་མ་ཐ་ལ་མཁའ་འ
【漢語翻譯】 三者迎請。身具續部壇城圓滿,心間光輝蓮胎之界,不生自成圓滿成就之神。於法輪五輻之中心,一切之基意識法處清凈,遍佈廣大覺性普賢王。顯空無二與母合,五輻為色受想與,行識清凈之神。毗盧遮那寶生無量光,不空成就金剛不動。地水眼及摩摩 枳。火風白衣誓度母。虛空界之五自在,處清凈種之五母纏。右方根四脈上,識清凈之內心四者,境四清凈之心母纏。眼為地藏嬌媚母,耳為金剛手歌女二者,鼻為虛空藏鬘母,舌為觀世音舞女。左方根四脈上,根清凈之外心四者,時四清凈之心母纏。眼為慈氏香母,耳為除蓋障花母,鼻為普賢阿洛給,舌為文殊香水母。額頭舌清凈心間與,臍輪密處足心左。六道與五毒,于慳吝見地清凈處,覺性之士夫能仁六者。四肢上眾生之,身之識與,根觸所觸識四者,處清凈門父四者。常斷見與我見及,有相見地清凈母。右手閻羅鐵鉤母,左手大力絹索母。 左足馬頭明王鐵索母,右為甘露盈滿鈴。具足無量四之事業,從凈所凈圓滿中,圓成具足三座之神,顯現而無自性光明。其之毛孔中,飲血續部之壇城,無餘皆圓滿。一切身色與手印,變化不定幻化者,自生自成大者。百萬廣闊之空行圍繞,覺性主蓮花顱鬘力,阿阇黎童子白光明笑,嘿汝嘎敲擊鈴聲,誓言智慧二無別,僅是觀修便得成就。薩瑪雅。第五迎請以渴念之心,吽。境之名為印度境,處之殊勝鄔金處(約公元8世紀的烏仗那,今巴基斯坦境內),杜瑪塔拉空行
【英語翻譯】 Invite the three. The body is complete with the mandala of the tantras, the heart is the realm of the glorious lotus womb, the uncreated, self-arisen, perfectly accomplished deity. In the center of the five spokes of the wheel, the pure abode of the mind-dharmas of the basis of all, the all-pervading awareness, Samantabhadra. The union of appearance and emptiness with the mother, the five spokes are form, feeling, perception, formation, and consciousness, the pure deities. Vairochana, Ratnasambhava, Amitabha, and Amoghasiddhi, Vajra Akshobhya. Earth, water, eye, and Mama ki. Fire, wind, white-clad Samaya Tara. In the five masters of the sphere of space, the five mothers of the pure lineage entwine. On the four roots of the right side of the senses, the four inner minds of pure consciousness, the four pure object mind-mothers entwine. The eye is the earth-essence seductive mother, the ear is Vajrapani, the two singers, the nose is Akashagarbha, the garland mother, the tongue is Avalokiteshvara, the dancer. On the four roots of the left side of the senses, the four outer minds of pure senses, the four pure time mind-mothers entwine. The eye is Maitreya, the incense mother, the ear is Nivarana-vishkambhin, the flower holder, the nose is Samantabhadra, Aloke, the tongue is Manjushri, the perfume water mother. Forehead, tongue, pure heart, navel, secret place, left foot sole. The six realms and the five poisons, in the pure abode of stinginess and views, the six Buddhas, the men of awareness. On the four limbs of sentient beings, the consciousness of the body, the four senses, touch, and touch-consciousness, the four pure abode gatekeeper fathers. Eternalist and nihilist views, self-view, and the view of characteristics, the pure abode mother. The right hand is Yama, the iron hook mother, the left hand is Mahabala, the rope mother. The left foot is Hayagriva, the iron chain mother, the right is nectar-filled bell. Possessing the activity of the four immeasurables, from the purification of what is to be purified, the perfectly accomplished deity complete with the three seats, appearance is clear without inherent existence. In the pores of its skin, the mandala of the blood-drinking tantras is completely without remainder. All body color and hand gestures, uncertain transformations, illusions are self-arisen, self-manifest great ones. Surrounded by a hundred thousand vast dakinis, the awareness-holder Padma Totreng Tsal, Acharya Youth White Clear Smile, Heruka plays the bell, samaya and wisdom are non-dual, accomplishment is attained by merely meditating. Samaya. Fifth, invite with a longing mind, Hum. The name of the country is India, the supreme place is Oddiyana (Ujjain, around the 8th century AD, now in Pakistan), Dhuma Thala Dakini.
============================================================
================== 第 3 段 ================== 【原始藏文】 གྲོའི་གྲོངཿ གླིང་གི་གླིང་མཆོག་རྔ་ཡབ་གླིངཿ དོན་ལ་འོག་མིན་བདེ་ཆེན་ཞིངཿ རྣམ་པ་མཁའ་སྤྱོད་སྤྲུལ་པའི་གནསཿ དགྱེས་ཤིང་བཞུགས་པའི་ཡུལ་ཀུན་ནསཿ ཆོས་སྐུ་ཡུམ་ཆེན་འཚོ་རྒྱལ་མཿ འབུམ་ཕྲག་མཁའ་འགྲོའི་འཁོར་དང་བཅསཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ གནས་ མཆོག་འདི་རུ་བྱིན་ཕོབ་ལཿ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུརཿ བགེགས་དང་ལོག་འདྲེན་བར་ཆད་སོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ཌཱཀྐི་ནི་ཨེ་ཨ་རལླི་ཕེཾ་ཕེཾ་ཛཿདྲུག་པ་བཞུགས་གསོལ་ཕྱག་འཚལ་བཿ ཧོཿགདོད་ནས་དམ་ཚིག་ཡེ་ཤེས་པཿགཉིས་སུ་མེད་པ་རྡོ་རྗེའི་བསྟནཿ མཁའ་འགྲོ་སེམས་ཀྱི་ཆོ་འཕྲུལ་དུཿ ལྷན་ཅིག་སྐྱེས་ལ་ཕྱག་འཚལ་ལོཿན་མོ་ན་མ་ཧཱུྃཿབདུན་པ་འདོད་ཡོན་མཆོད་པ་འབུལཿ ཧོཿ སྣང་ཞིང་སྲིད་པའི་ཆོས་སོ་ཅོགཿ འདོད་ཡོན་ལྔ་ཡི་རྒྱན་དུ་ཤརཿ སེམས་ཀྱི་ཡིད་བཞིན་གཏེར་ཆེན་པོཿབླང་དོར་མེད་པའི་དགྱེས་མཆོད་འབུལཿ བཛྲ་ཛྙཱ་ན་ཌཱཀྐི་ནི་པུཥྤེ་ནས་ཤཔྟ་མ་ཧཱུ་མུ་དྲ་རཀྟ་པཉྩ་བ་ལིངྟ་སརྦ་པཱུ་ཛ་ཨཱཿཧཱུྃཿབརྒྱད་པ་བསྟོད་ཅིང་སྨོན་ལམ་བཏབཿ ཧཱུྃཿརྒྱལ་བ་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མཿ སྣ་ཚོགས་ཡུམ་གྱུར་ཤེས་རབ་ཕ་རོལ་ཕྱིནཿ དགྱེས་ཆགས་བཞད་པའི་རྣམ་འགྱུར་མཚོ་རྒྱལ་ཡུམཿ སངས་རྒྱས་པདྨའི་ལྕམ་ལ་ཕྱག་འཚལ་བསྟོདཿ མཐོང་བས་ཡིད་འཕྲོག་མཚན་དཔེའི་ལང་ཚོ་ཅནཿ ཐོས་པས་རྣམ་གྲོལ་འགག་མེད་བརྡ་ཡི་གསུངཿ དྲན་པས་བདེ་སྟོང་ཡེ་ཤེས་བསྐྱེད་པའི་ཐུགསཿ ཌཱཀྐིའི་རྗེ་མོ་མཁར་ཆེན་བཟའ་ལ་བསྟོདཿ བཅུ་དྲུག་ དགའ་སྟེར་མཆོག་གི་ཕོ་ཉ་མོའིཿགསལ་སྣང་སྒྱུ་མའི་ཏིང་འཛིན་དང་འགྲོགས་པསཿ ཕྱི་ནང་གཞན་གསུམ་རྩ་རླུང་ཐིག་ལེའི་ཁམསཿ ཀུན་ཏུ་བཟང་མོའི་ཀློང་དུ་དག་གྱུར་ཅིགཿ འདི་ལྟར་སྒྲུབ་པའི་འཛབ་དགོངས་ནིཿ རང་ཉིད་མཁའ་འགྲོའི་ཐུགས་ཀ་རུཿཕག་མོ་མཐིང་ནག་གྲི་ཐོད་ཅནཿ སྙིང་དབུས་དགའ་འཁྱིལ་བཾ་མཚན་མཐརཿ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིསཿ ལྷ་སྐུའི་སྣང་ཞེན་གསལ་བར་བྱསཿ རིགས་བདག་བླ་མའི་ཐུགས་རྒྱུད་བསྐུལཿ དེ་ལས་འོད་འཕྲོས་དོན་གཉིས་བྱསཿ བླ་མའི་སྐུ་ལས་བདུད་རྩིའི་རྒྱུནཿ ཟག་མེད་བདེ་བ་ཆེན་པོར་བབསཿ དགའ་བ་བཞི་ཡི་བྱེད་ལས་ཀྱིསཿ དབང་བཞིའི་ཡེ་ཤེས་ཉམས་སུ་མྱོངཿ ཨོཾ་པདྨོ་ཡི་གི་ནི་ཛྙཱ་ན་ཝཱ་རཱ་ཧཱི་ཧཱུྃཿཞེས་རྩ་སྔགས་དངཿ ལུས་དཀྱིལ་ལ་དམིགས་ནསཿ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿརྒྱལ་ཐབས་སྤྱི་བླུགས་ཚ
【漢語翻譯】 གྲོའི་གྲོངཿ 洲之勝洲羅剎洲,實為色究竟天大樂土,形象空行化身之地。從歡喜安住之處,法身大母措嘉瑪,與百萬空行眷屬俱,為作加持祈請降臨。於此勝地請降臨,祈請賜予我四種灌頂,遣除邪魔外道諸障礙,賜予勝共諸成就。嗡啊吽 班雜 嘉納 達吉尼 誒阿 Ra li 苯 苯 雜 第六 安住 祈請 頂禮。 吼!本初誓言智慧者,無二金剛之教法,空行心之幻化中,頂禮俱生之母。那摩 那摩 吽!第七 供養欲妙。吼!顯現世間諸萬法,化為五欲之莊嚴,心中如意大寶藏,供養無取捨之歡喜。班雜 嘉納 達吉尼 布貝 至 夏達 瑪哈 姆扎 惹達 班雜 巴林達 薩瓦 布扎 阿 吽!第八 讚頌與祈願。吽!諸佛之母金剛瑜伽母,化為種種佛母般若波羅蜜,歡喜貪戀微笑之措嘉佛母,頂禮讚頌蓮花生之妃。見之奪意具相好之妙齡,聞之解脫無礙表義之語,念之生起樂空智慧之心,讚頌空行之主母卡欽薩。十六 喜樂賜予勝妙之使者,與明空幻化之禪定相伴,內外他三脈氣明點之界,愿皆清凈于普賢佛母之界。如是修持之念誦:自身空行母之心間,黑藍豬母持鉞刀顱器,心間喜旋 瓦姆 字為首,咒鬘環繞之光芒,明觀本尊之顯現,催動種姓主上師之意續,彼處放光作二利,上師身中降下甘露流,降下無漏大樂,以四喜之作用,體驗四灌之智慧。嗡 貝瑪 益給尼 嘉納 瓦拉嘿 吽!如是根本咒,于身壇城而觀想:嗡 咕雅 嘉納 菩提 質達 瑪哈 蘇卡 汝汝 汝汝 吽 炯 吽!如是總集灌頂
【英語翻譯】 Gro’i grong: The supreme island of islands, the Rakshasa Island, in reality, the Akanishta Great Bliss realm, in appearance, the place of emanation of Khechara. From all the places where you joyfully reside, Dharma Body Great Mother Tsogyal, together with hundreds of thousands of Dakinis, please come to bestow blessings. Please bestow blessings in this supreme place, grant me the four empowerments for supreme accomplishment, dispel obstacles and wrong guidance, grant supreme and common siddhis. Om Ah Hum Vajra Jnana Dakini E Ah Ra Li Phem Phem Dzah. Sixth, abiding, requesting, prostrating. Ho! Primordial Samaya Wisdom Being, the non-dual Vajra Teachings, in the miraculous display of the Dakini’s mind, I prostrate to the Co-emergent One. Namo Namo Hum! Seventh, offering desirable objects. Ho! All phenomena of appearance and existence, arise as ornaments of the five desires, the great treasure of the mind’s wish-fulfilling jewel, offering the joy without acceptance or rejection. Vajra Jnana Dakini Pushpe to Shapta Maha Mudra Rakta Pancha Balingta Sarva Puja Ah Hum! Eighth, praising and making aspirations. Hum! Mother of all Buddhas, Vajrayogini, transformed into various Buddha Mothers, Prajnaparamita, Tsogyal Mother with a joyful, attached, and smiling expression, I prostrate and praise the consort of Padmasambhava. Seeing her captivates the mind with the beauty of her marks and signs, hearing her liberates with unobstructed symbolic speech, remembering her generates the wisdom of bliss and emptiness, I praise the queen of Dakinis, Kharchenza. Sixteen The giver of joy, the supreme messenger, accompanied by the clear appearance of illusory Samadhi, may the inner, outer, and other three realms of channels, winds, and bindus be purified in the space of Samantabhadri. Thus, the recitation intention of the practice is: In the heart of the Dakini of oneself, the dark blue Vajravarahi holding a curved knife and skull cup, in the center of the heart, the syllable Bam at the end of the joyful swirl, with the light of the mantra garland revolving, clearly visualize the appearance of the deity, stimulate the mindstream of the lineage master, from there, radiate light to accomplish the two benefits, from the body of the Lama, a stream of nectar descends, descending into the great bliss of non-leakage, through the activity of the four joys, experience the wisdom of the four empowerments. Om Pemo Yige Ni Jnana Varahi Hum! This is the root mantra. Focusing on the body mandala: Om Guhya Jnana Bodhicitta Maha Sukha Ruru Ruru Hum Bhyo Hum! Thus, the general pouring of royal methods.
============================================================
================== 第 4 段 ================== 【原始藏文】 ངས་པའི་དབངཿ བསྐུར་ཐོབ་མེད་པའི་ཆོས་ཉིད་ལཿ མཉམ་པར་གཞག་པ་གནད་ཀྱི་གཟེརཿ བསྐྱེད་རྫོགས་རྣམས་གྲངས་མང་མི་དགོསཿ འདི་ཉིད་གཅིག་པུ་དངོས་གྲུབ་ཐོབཿ ས་མ་ཡཿརྟགས་ཀྱི་རིམ་པ་བསམ་ཡས་ཀྱངཿ མཆོག་ལ་དགོངས་པ་གཡོ་འགུལ་མེདཿ ཐུན་མོང་མཁའ་འགྲོ་འདུ་བ་དངཿ ཇི་སྙེད་མཁྱེན་པའི་ཀློང་རྡོལ་བསཿ སྣང་བ་བརྡ་དང་ཆོས་སྐུར་འཆརཿ ཉམས་དགའ་བག་ཕེབ་རིག་པ་དྭངསཿ མཁའ་སྤྱོད་གྲུབ་སོགས་ཡོན་ཏན་བརྒྱདཿ དངོས་སུ་གྲུབ་ཅིང་རྨི་ ལམ་དུཿ བུད་མེད་དམར་མོ་འདུ་བ་དངཿ མེ་ཏོག་དུང་མགྲོན་ཤེལ་དཀར་རྙེདཿ མདའ་དང་ཕྱག་མཚན་མཐོང་བ་སོགསཿ མཁའ་འགྲོ་འགྲུབ་པའི་རྟགས་སུ་བཤདཿ ཕྲིན་ལས་ཁ་བསྒྱུར་གཞན་དུ་ཤེསཿ ས་མ་ཡཿརྗེས་ཀྱི་རིམ་པའི་ཚོགས་སྐོང་ནིཿ བསོད་ནམས་ནང་ནས་ཚོགས་འཁོར་མཆོགཿ མཁའ་འགྲོ་འདུ་བའི་དམ་ཚིག་རྫསཿ ནང་མཆོད་ཁྱད་པར་བཟང་དུ་བཤམཿ ཧོཿ བདེ་བ་ཆེན་པོའི་སྣོད་མཆོག་ཏུཿཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ནིཿ བླང་དོར་མེད་པའི་དམ་ཚིག་རྫསཿ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་གྱུརཿ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོསཿ ཧཱུྃཿའོག་མིན་གནས་དང་མཁའ་སྤྱོད་ཞིངཿ དཔའ་བོ་མཁའ་འགྲོ་འདུ་བའི་གནསཿ ཉི་ཤུ་རྩ་བཞི་སྤྲུལ་པའི་ཡུལཿ ནང་ལྟར་རྡོ་རྗེ་ཕུང་པོའི་གྲོངཿ སྤྱི་བོ་ཛ་ལནྡྷ་ར་དངཿ སྨིན་མཚམས་པུལླི་ར་མ་ལཿ ལྟག་པའི་རྩ་ཁམས་ཨརྦུ་ཏཿམཛོ་སྤུ་རཱ་མེ་ཤྭ་རཱ་དངཿ རྣ་བ་གཡས་པ་ཨོ་རྒྱན་ཡུལཿ གཡོན་པ་གོ་དྷ་ཝ་རཱའི་ཞིངཿ མིག་གཉིས་དེ་ཝཱི་ཀོ་ཊཱ་དངཿ ཕྲག་པ་མ་ལཱ་ཝ་བརྒྱད་ནཿ བཞུགས་པའི་དཔའ་བོ་རྣལ་འབྱོར་མཿ མཁའ་འགྲོ་དང་ནི་མཁའ་འགྲོ་མཿ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམཿ ལྕང་ལོའི་ཟར་བུ་ཏ་ལ་ལཿ སྙན་ཆ་གདུ་བུ་ཀྱི་ལི་ལིཿ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོཿ ཅང་ཏེའུ་ དྲིལ་བུའི་སྒྲ་དང་བཅསཿ རྡོ་རྗེའི་གླུ་དང་གར་ལ་རོལཿ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལཿ དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ ཕྱི་ནང་བར་གཅོད་དབྱིངས་སུ་སྒྲོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ལོངས་སྤྱོད་འཁོར་ལོར་ལམ་པཱ་ཀཿ མཆན་དང་མཁའ་ཁུང་ཀཱ་མཱ་རུཿ ནུ་མ་གཉིས་ནི་ཨོ་ཊི་སྟེཿ ལྟེ་བ་ཏྲི་ཤ་ཀུན་ནའི་གྲོངཿ སྣ་ཡི་རྩེ་མོ་ཀོ་ས་ལཿ ཡ་རྐན་ཀ་ལིངྐ་ཡི་ཡུལཿ སྙིང་ག་ཀཉྩི་ཀ་དང་ནིཿ ཧི་མཱ་ལ་ཡི་གྲོང་འཁྱེར་ནཿ བཞུགས་པའི་དཔའ་བོ་རྣལ་འབྱོར་མཿ མཁའ་འགྲོ་དང་ནི་མཁའ་འགྲོ་མཿ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམཿ ལྕང་ལོ
【漢語翻譯】 唉!未得灌頂之法性,等住要訣之釘橛,生圓次第無需多,此一即能獲成就。薩瑪雅。(藏文:ས་མ་ཡ།)雖有無量次第之徵相,然于勝義無有動搖。共同空行會聚時,如所有智之蘊界現,顯現為表詮與法身。樂受適悅覺性明,空行成就等八功德,真實成就且於夢中,與紅衣女眾相會合,得遇花朵海螺與白水晶,見箭與手印等,是為空行成就之徵相。事業轉變於他處知。薩瑪雅。(藏文:ས་མ་ཡ།)後續次第之會供乃,福德之中會供最殊勝,空行會聚之誓言物,內供尤為殊妙陳。 吽!(藏文種子字)大樂之勝妙器皿中,會供輪之受用乃,無取捨之誓言物,嗡啊吽(藏文:ཨོཾ་ཨཱཿཧཱུྃ།)令成甘露。會供食子分三層。 吽!(藏文種子字)鄔金剎土與空行凈土,勇士空行會聚之所,二十四境化身地,內如金剛身之城。頭頂扎蘭達拉,眉間布利拉瑪拉,後頸脈輪阿布達,肩胛拉美夏瓦拉,右耳鄔金境,左耳郭達瓦拉之土,雙眼德威郭達,八肩馬拉瓦,安住勇士瑜伽母,空行以及空行母,祈請降臨會供處。髮髻蓬鬆飄動搖,柳葉鬢髮達拉拉,耳飾環釧吉利利,骨飾搖曳綽羅羅,鐃鈸 鈴鐺之聲相伴隨,嬉戲金剛歌舞中,欲妙受用獻于會供,誓言違犯皆懺悔,遣除內外諸障礙,賜予勝共諸成就。受用輪中藍巴嘎,腋窩與空行嘎瑪茹,雙乳乃是歐迪,肚臍扎西滾乃之城,鼻尖郭薩拉,顎骨嘎林嘎之境,心間嘎則嘎,以及雪山之城中,安住勇士瑜伽母,空行以及空行母,祈請降臨會供處。髮髻蓬鬆飄動搖,柳葉
【英語翻譯】 Alas! The Dharmata without empowerment, The nail of the essential point of equipoise, The generation and completion stages need not be many, This one alone attains accomplishment. Samaya. Although there are countless signs of the stages, There is no wavering in the ultimate meaning. When common dakinis gather, The realm of omniscience bursts forth, Appearances arise as symbols and the Dharmakaya. Joyful experience, comfortable ease, clear awareness, Eight qualities such as the attainment of sky-faring, Actually accomplished and in dreams, Gather with red-clad women, Find flowers, conch shells, and white crystals, Seeing arrows and hand gestures, etc., Are said to be signs of dakini accomplishment. Transform activities elsewhere, know. Samaya. The subsequent gathering of the assembly of stages is, Among merits, the supreme tsokhor, The samaya substance of dakini gatherings, Arrange the inner offering especially well. Ho! In the supreme vessel of great bliss, The enjoyment of the tsokhor wheel is, The samaya substance without acceptance or rejection, Transformed into nectar by Om Ah Hum. Distribute the tsok offerings in three layers. Hum! The Akanishta realm and the pure land of sky-faring, The place where heroes and dakinis gather, The land of the twenty-four places of manifestation, Internally, like the city of the Vajra body. Crown of the head, Jalandhara, Between the eyebrows, Pulliramala, Back of the neck, Arbuta chakra, Shoulder blades, Rameshwara, Right ear, the land of Oddiyana, Left ear, the land of Godavari, Two eyes, Devikota, Eight shoulders, Malawa, Residing heroes and yoginis, Dakinis and dakinis, Please come to the gathering of the assembly. Loose hair flowing and swaying, Willow-leaf tresses Dalarala, Earrings, bracelets, Kilili, Bone ornaments jingling, Trololo, Cymbals Accompanied by the sound of bells, Playing in Vajra songs and dances, Offering desirable enjoyments to the assembly, Confessing all violations of samaya, Liberating outer, inner, and intermediate obstacles, Granting supreme and common siddhis. In the enjoyment wheel, Lampaka, Armpits and sky-holes, Kamaru, The two breasts are Oti, Navel, the city of Trisha Kunna, Tip of the nose, Kosala, Jawbone, the land of Kalinga, Heart, Kanchika, And in the city of the Himalayas, Residing heroes and yoginis, Dakinis and dakinis, Please come to the gathering of the assembly. Loose hair flowing and swaying, Willow-leaf
============================================================
================== 第 5 段 ================== 【原始藏文】 འི་ཟར་བུ་ཏ་ལ་ལཿ སྙན་ཆ་གདུ་བུ་ཀྱི་ལི་ལིཿརུས་རྒྱན་གཡེར་ཁ་ཁྲོ་ལོ་ལོཿཅང་ཏེའུ་དྲིལ་བུའི་སྒྲ་དང་བཅསཿ རྡོ་རྗེའི་གླུ་དང་གར་ལ་རོལཿ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལཿ དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ ཕྱི་ནང་བར་ཆད་དབྱིངས་སུ་སྒྲོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ མཚན་མ་པྲེ་ཏ་པུ་རིའི་ཞིངཿ བཤང་ལམ་གྲྀ་ཧ་དེ་ཝཱིའི་ཡུལཿ མཐེ་བོང་མ་རོ་བརླ་རཥྟཿབྱིན་པ་སུ་ཝརྞ་དྭཱི་པཿསོར་མོ་བཅུ་དྲུག་ནཱ་ག་རཿ པུས་མོ་ཀུ་ལནྟཱ་དང་ནིཿ བོལ་གོང་སིནྡྷུའི་གྲོང་ཁྱེར་ནཿ བཞུགས་པའི་དཔའ་བོ་རྣལ་འབྱོར་ མཿ མཁའ་འགྲོ་དང་ནི་མཁའ་འགྲོ་མཿ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམཿ ལྕང་ལོའི་ཟར་བུ་ཏ་ལ་ལཿ སྙན་ཆ་གདུ་བུ་ཀྱི་ལི་ལིཿརུས་རྒྱན་གཡེར་ཁ་ཁྲོ་ལོ་ལོཿ ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅསཿ རྡོ་རྗེའི་གླུ་དང་གར་ལ་རོལཿ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལཿ དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ ཕྱི་ནང་བར་ཆད་དབྱིངས་སུ་སྒྲོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཚོགས་སྐོང་སྤྲེལ་མ་བྱེད་ནཿ ཧོཿཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དགོངས་སུ་གསོལཿ འདོད་ཆགས་ཞེ་སྡང་གཏི་མུག་དབང་གྱུར་བསཿ ལུས་ངག་སེམས་ཀྱི་སྡིག་སྤྱད་མཐོལ་ཞིང་བཤགསཿ ཐེག་པ་དམན་པའི་དབང་དུ་གྱུར་པས་ནཿ ཡང་དག་དོན་མ་རྟོགས་པ་མཐོལ་ལོ་བཤགསཿ སྙིང་རྗེ་ཆུང་ཞིང་ཞེ་སྡང་དབང་གྱུར་པསཿ འགྲོ་བའི་དོན་མ་བགྱིས་པ་མཐོལ་ཞིང་བཤགསཿ ལེ་ལོ་གཉིད་ཀྱི་དབང་དུ་གྱུར་པ་ཡིསཿ སྒོམ་དང་སྒྲུབ་པ་གཡེལ་བ་མཐོལ་ཞིང་བཤགསཿ སེར་སྣ་འཇུར་གེགས་དབང་དུ་གྱུར་པས་ནཿ མཆོད་པ་ལོ་ཟླར་འདས་པ་མཐོལ་ཞིང་བཤགསཿ ང་རྒྱལ་ཁེངས་སེམས་དབང་དུ་གྱུར་པས་ནཿ བླ་མའི་སྐུ་གསུང་ཐུགས་དང་འགལ་བ་བཤགསཿ བརྩེ་གདུང་ ཆུང་བའི་དབང་དུ་གྱུར་པས་ནཿ གྲོགས་མཆེད་ཐུགས་དང་འགལ་བ་མཐོལ་ཞིང་བཤགསཿ ཟླ་གྲོགས་ངན་པའི་དབང་དུ་གྱུར་པས་ནཿ ཕུད་དང་ལྷག་མར་གྱུར་པ་མཐོལ་ཞིང་བཤགསཿ ཕུད་དང་ལྷག་མ་ཉམས་པའི་སྐྱོན་དབང་གིསཿ ཕུད་ཉུལ་ཐུགས་དང་འགལ་བ་མཐོལ་ཞིང་བཤགསཿ ཕུད་ཉུལ་ཐུགས་དང་འགལ་བའི་སྐྱོན་དབང་གིསཿ མཁའ་འགྲོའི་བཀའ་ཆད་གནས་གྱུར་མཐོལ་ལོ་བཤགསཿ སྒྲོལ་བའི་དུས་ན་སྙིང་རྗེ་ཆུང་བ་ཡིསཿ སེམས་ཅན་གནས་མ་སྟོབས་པ་མཐོལ་ལོ་བཤགསཿ ཉོན་མོངས་གནས་མ་སྟོབས་པའི་སྐྱོན་དབང་གིསཿ ཡུན་གྱི་སྒྲིབ་པར་གྱུར་པ་མཐོལ་ལོ་བཤགསཿ སྦྱོར་བའི་དུས་སུ་ཏིང་འཛིན་མ་གསལ་བསཿ གཟུངས་མའི་ཐུགས་དག་འགལ་བ་
【漢語翻譯】 འི་ཟར་བུ་ཏ་ལ་ལཿ,耳飾環釧吉利利ཿ,骨飾搖曳卓羅羅ཿ,伴隨鉦鼓鈴鐺之聲,享受金剛歌舞,供養欲妙受用之聚,坦白懺悔違犯誓言,救度內外障礙於法界,賜予勝共成就,墓地布熱達布日的剎土,糞道格哩哈德威的境域,拇指瑪若喇達,脛骨蘇瓦爾納德威巴,十六指那嘎拉,膝蓋古蘭達,踝骨辛度的城市,安住的勇士瑜伽母,空行以及空行母,祈請降臨會供之聚。頭髮蓬鬆飄動,柳枝འི་ཟར་བུ་ཏ་ལ་ལཿ,耳飾環釧吉利利ཿ,骨飾搖曳卓羅羅ཿ,伴隨鉦鼓鈴鐺之聲,享受金剛歌舞,供養欲妙受用之聚,坦白懺悔違犯誓言,救度內外障礙於法界,賜予勝共成就。會供時不要做猴子,吽!祈請智慧空行母眾垂念。因貪嗔癡所使,身語意所造罪業坦白懺悔。因受低劣乘之影響,未證真實義坦白懺悔。因慈悲心小且受嗔恨控制,未做利益眾生之事坦白懺悔。因受懶惰睡眠控制,懈怠禪修與實修坦白懺悔。因受吝嗇慳吝控制,供養過期坦白懺悔。因受我慢傲慢控制,違背上師身語意坦白懺悔。因慈愛 心小受其控制,違背道友之心坦白懺悔。因受惡友控制,變成殘食剩食坦白懺悔。因殘食剩食損壞之過患,違背食子神之心坦白懺悔。因違背食子神之心的過患,空行母之懲罰降臨坦白懺悔。于度化之時因慈悲心小,未穩固有情眾生之位坦白懺悔。因未穩固煩惱之位的過患,變成長久之障礙坦白懺悔。于合修之時因三摩地不清晰,違背明妃之心
【英語翻譯】 Ei zarbu ta la la, ear ornaments and bracelets kyi li li, bone ornaments swaying tro lo lo, accompanied by the sound of cymbals and bells, enjoying the vajra song and dance, offering the desired enjoyment to the assembly, confessing and repenting the broken vows, liberating inner and outer obstacles into the dharmadhatu, bestowing supreme and common siddhis. The field of the charnel ground Preta Puri, the realm of the goddess Griha Devi in the path of feces, thumb Maro Rashta, shinbone Suvarna Dvipa, sixteen fingers Nagara, knee Kulanta, ankle Sindhura city, the residing hero yogi, dakinis and dakinis, please come to the gathering of the assembly. Hair disheveled and swaying, willow Ei zarbu ta la la, ear ornaments and bracelets kyi li li, bone ornaments swaying tro lo lo, accompanied by the sound of cymbals and bells, enjoying the vajra song and dance, offering the desired enjoyment to the assembly, confessing and repenting the broken vows, liberating inner and outer obstacles into the dharmadhatu, bestowing supreme and common siddhis. When making the tsok, don’t act like a monkey. Hum! Please, assembly of wisdom dakinis, be mindful. Being controlled by desire, hatred, and ignorance, I confess and repent the sins committed by body, speech, and mind. Being influenced by the inferior vehicle, I confess and repent not realizing the true meaning. Being small in compassion and controlled by hatred, I confess and repent not doing the benefit of beings. Being controlled by laziness and sleep, I confess and repent neglecting meditation and practice. Being controlled by stinginess and miserliness, I confess and repent the offerings being overdue. Being controlled by pride and arrogance, I confess and repent going against the body, speech, and mind of the lama. Being small in love and affection and controlled by it, I confess and repent going against the heart of dharma friends. Being controlled by bad companions, I confess and repent becoming leftovers and remnants. Due to the fault of the damaged leftovers and remnants, I confess and repent going against the heart of the food deity. Due to the fault of going against the heart of the food deity, I confess and repent the punishment of the dakinis descending. At the time of liberation, due to small compassion, I confess and repent not stabilizing the position of sentient beings. Due to the fault of not stabilizing the position of afflictions, I confess and repent becoming a long-lasting obscuration. At the time of union, due to the samadhi not being clear, I confess and repent going against the heart of the consort.
============================================================
================== 第 6 段 ================== 【原始藏文】 བཟོད་པར་གསོལཿ གཟུངས་མའི་ཐུགས་དང་འགལ་བའི་སྐྱོན་དབང་གིསཿ ཆགས་ཤིང་འཁོར་བར་སྐྱེ་བ་མཐོལ་ལོ་བཤགསཿ བཤགས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལཿ ཞེས་སྙིང་ཐག་པ་ནས་བཤགས་པས་དམ་ཚིག་ཉམས་ཆགས་སོར་ཆུད་པར་འགྱུར་རོཿདེ་ནས་ལྷག་མ་ནི་ཁ་ཕྲུས་བཏབ་ལཿ ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ་ཨཱདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱཿཕཻཾཿ ལྷག་ལ་དབང་བའི་བཀའ་ཉན་ནིཿ མཁའ་འགྲོ་སུམ་ཅུ་རྩ་གཉིས་དངཿ གིང་ཆེན་ ཁྱོ་ཤུགས་ལངྐ་འབུམཿ ཕོ་ཉ་སུམ་བརྒྱ་དྲུག་ཅུའི་སྡེཿམགྱོགས་མ་བཞི་དང་འབར་མ་བརྒྱདཿ མ་མོ་བདུན་དང་སྲིང་མོ་བཞིཿ ཤུགས་འགྲོ་གནས་ཉུལ་ཕྲ་མེན་རྣམསཿ ལྷག་ལ་གདུང་ཞིང་ཚོགས་ཁང་འགྲིམཿ ཕམ་ཕབ་བཟང་པོ་འདི་བཞེས་ལཿ མི་མཐུན་རྐྱེན་ངན་བར་ཆད་སོལཿ བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོདཿ ཅེས་ཕྱི་རོལ་དུ་དོརཿ ཐུགས་དམ་བསྐུལ་བ་ནིཿ ཧཱུྃཿབཞེངས་ཤིག་མཁའ་འགྲོ་འདུས་པའི་ལྷཿཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལཿ བྱང་ཆུབ་བསྒྲུབ་པའི་བར་ཆད་ཐུལཿ སྣོད་བཅུད་འབྱུང་བའི་རྒུད་པ་སོལཿ རྩ་རླུང་དབང་ཐང་ཉམས་པ་གསོསཿ སྒྲུབ་པའི་འབྲས་བུ་མཆིས་པར་མཛོདཿ ཆད་ཐོ་བྱ་བ་ནིཿ ཧཱུྃཿདུས་གསུམ་ལས་འདས་ཀུན་ཏུ་བཟངཿ རང་བཞིན་རྣམ་དག་འོག་མིན་དུཿ གདན་གསུམ་ཚང་བའི་སྟོན་འཁོར་གྱིསཿ གསང་ཆེན་རྡོ་རྗེའི་ཆོས་འཁོར་བསྐོརཿ དངོས་འཛིན་དག་པའི་ལྷ་གནས་གསུམཿ རྒྱུད་སྡེ་འབྱུང་བའི་གནས་སུ་བསྟནཿ སྔགས་ནི་ལས་ཅན་སྤྲུལ་བའི་ངོརཿ རང་བཞིན་ཉིད་དུ་འབྱུང་བའི་ཚེཿསྒྲགས་མདའ་འཚོ་རྒྱལ་བླ་མཚོ་རུཿདཔལ་ལྡན་རང་བྱུང་རྡོ་རྗེའི་རྒྱུདཿ གནས་གསུམ་མཁའ་འགྲོས་བྱིན་རླབས་ཤིངཿ སྲེད་ལེན་མེད་པའི་བརྡ་ཡིག་ལསཿ འཛད་མེད་གཏེར་གྱི་སྒོ་ ཕྱེ་ཚེཿའཁྲུལ་པ་གཞི་ལ་དག་པ་ཡིཿརྟེན་འབྲེལ་བཞིན་དུ་ཕྲིན་ལས་མཛོདཿ བརྟན་མ་སྐྱོང་བ་ནིཿ ཧཱུྃཿདཔལ་གྱི་བཀའ་ཉན་བོད་ཁམས་སྐྱོངཿ མ་སྲིང་བརྟན་མ་བཅུ་གཉིས་རྣམསཿ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེསཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ རྟ་བྲོ་བྱ་བ་ནིཿ ཧཱུྃཿཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་འདིརཿ ལོག་པར་འདྲེན་པའི་དམ་སྲི་ཀུནཿ མནན་ནོ་ཐེག་པ་རིམ་དགུའི་རྒྱཿནམ་ཡང་ལྡང་བར་མ་གྱུར་ཅིགཿ སྟྭཾ་བྷ་ཡ་ནནཿ དེ་ནས་མཆོད་ཅིང་བསྟོད་ལཿ དངོས་གྲུབ་བླང་བ་ནིཿ ཧོཿ མཁའ་འགྲོ་སྒྲུབ་པའི་དམ་ཚིག་ད་ནངས་ཐེམསཿ དངོས་གྲུབ་སྩོལ་བའི་དུས་ལ་ད་བབ་ནཿ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནསཿ སྐུ་གསུང་ཐུགས་དང་མཉམ་སྦྱོར་དབང་བཅུའ
【漢語翻譯】 祈請寬恕!因與空行母心意相違的過失所致,貪執輪迴中受生,我盡情懺悔!懺悔之後,祈賜身語意之成就!如是至心懺悔,則誓言的破損得以恢復。之後,將殘食以口吹拂,唸誦:嗡 阿 嘎 羅 穆 康 薩 瓦 達 瑪 南 阿 迪 努 帕 達 瓦 達 嗡 阿 吽 帕 梭哈 呸!(藏文:ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ་ཨཱདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱཿཕཻཾཿ,梵文天城體:,梵文羅馬擬音:oṃ ā kā ro mu khaṃ sarva dharmā ṇāṃ ā dya nutpanna tva ta oṃ āḥ hūṃ phaṭ svā hā phaiṃ,漢語字面意思:嗡,啊,啊嘎,羅,口,一切,法,的,原始,不生,性,達,嗡,啊,吽,啪,梭哈,呸!) 對於殘食具有權力的聽命者有:三十二位空行母,以及金剛大力女十萬,三百六十位使者的隊伍,四位速疾母和八位燃母,七位母曜和四位姐妹,具力行者、巡視處所者、女間諜等,對於殘食心懷渴望,出入于會所,享用此殊勝的剩餘,消除不順、違緣、障礙,成辦所託付的事業!如是說后,拋擲于外。 祈請本尊:吽!祈請空行聚會之尊,從法界中請降臨,平息證悟菩提之障礙,遣除外內所生之衰敗,恢復脈氣權勢之衰損,成就修行之果! 降伏之事:吽!超越三時之普賢王如來,自性清凈之密嚴剎土中,以具足三處之導師眷屬,轉動大秘密金剛之法輪。 將實執清凈之三處聖地,顯示為續部生起之處所。 咒語乃于具緣化身者前,于自性中生起之時,于聲達措嘉拉措(藏文:སྒྲགས་མདའ་འཚོ་རྒྱལ་བླ་མཚོ་རུ།)(地名)中,巴丹讓雄多杰(藏文:དཔལ་ལྡན་རང་བྱུང་རྡོ་རྗེ།)之傳承,三處空行母加持,從無有貪戀之文字中,開啟無盡寶藏之門時,愿將錯覺于基位清凈,如緣起般成辦事業! 供養地母:吽! 護持具光輝之聽命者、守護藏地之十二位母神姐妹,請降臨此處享用朵瑪之洗滌水,成辦所託付的事業! 跳神之事:吽! 于智慧空行之壇城中,將引入歧途之誓言邪魔等,鎮壓於九乘次第之基,愿永不復起! 斯瓦姆 巴 亞 南!(藏文:སྟྭཾ་བྷ་ཡ་ནནཿ) 之後,供養讚頌,獲取成就: 吼! 成就空行之誓言於今早成熟,賜予成就之時機已至,從無住智慧心之壇城中,身語意與平等結合之十力。
【英語翻譯】 Please forgive! Due to the faults of disagreeing with the mind of the mantra mother, I confess my attachment and birth in samsara! After confessing, please grant the accomplishments of body, speech, and mind! By confessing from the bottom of my heart like this, the broken vows will be restored. Then, blow on the leftovers with your mouth and recite: Om Ah Ka Ro Mu Kham Sarva Dharma Nam Adya Nutpanna Tva Ta Om Ah Hum Phat Svaha Pheim! (藏文:ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ་ཨཱདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱཿཕཻཾཿ,梵文天城體:,梵文羅馬擬音:oṃ ā kā ro mu khaṃ sarva dharmā ṇāṃ ā dya nutpanna tva ta oṃ āḥ hūṃ phaṭ svā hā phaiṃ,漢語字面意思:Om, Ah, A-ka, Ro, Mouth, All, Dharma, Of, Original, Unborn, Nature, Ta, Om, Ah, Hum, Phat, Svaha, Pheim!) The obedient ones who have power over the leftovers are: Thirty-two dakinis, and the great Kingchen Ten thousand powerful consorts, a group of three hundred and sixty messengers, four swift mothers and eight burning mothers, seven mothers and four sisters, powerful travelers, place inspectors, and spies, longing for leftovers, frequenting the assembly hall, please accept this excellent offering, eliminate disharmony, bad omens, and obstacles, and accomplish the entrusted tasks! Saying this, throw it outside. Invoking the commitment: Hum! Arise, deities of the assembled dakinis, please descend from the realm of Dharma, subdue the obstacles to achieving enlightenment, eliminate the decline of the environment and beings, restore the decline of the power of the channels and winds, and make the fruit of practice manifest! The act of subduing: Hum! Samantabhadra, who transcends the three times, in the pure realm of Akanishta, with the teacher and retinue complete with the three seats, turns the wheel of the great secret Vajra Dharma. The three pure divine abodes of grasping at reality are shown as the place where the tantras arise. When the mantra arises in its own nature before the incarnate ones with karma, in Drakda Tso Gya Lhatso (藏文:སྒྲགས་མདའ་འཚོ་རྒྱལ་བླ་མཚོ་རུ།) (place name), the lineage of Paldan Rangjung Dorje (藏文:དཔལ་ལྡན་རང་བྱུང་རྡོ་རྗེ།), blessed by the dakinis of the three places, from the symbolic letters without attachment, when the door of the inexhaustible treasure is opened, may illusion be purified at the base, and may activities be accomplished like dependent arising! Propitiating the steadfast mothers: Hum! Protect the glorious obedient ones, the twelve mother and sister steadfast ones who protect the land of Tibet, please come here and take the washing water of the torma, and accomplish the entrusted tasks! The act of the horse dance: Hum! In this mandala of wisdom dakinis, all the oath-breakers who lead astray, are suppressed on the basis of the nine successive vehicles, may they never rise again! Svam Bha Ya Nan! (藏文:སྟྭཾ་བྷ་ཡ་ནནཿ) Then, make offerings and praises, and take the accomplishments: Ho! The vows of accomplishing the dakinis have matured this morning, the time to grant accomplishments has come, from the mandala of the non-abiding wisdom mind, the ten powers of uniting body, speech, and mind equally.
============================================================
================== 第 7 段 ================== 【原始藏文】 ི་སྟོབསཿ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལཿ ཨོཾ་པདྨོ་ཡོ་གི་ནི་ཛྙ་ན་ཝཱ་རཱ་ཧཱི་བཛྲ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ སྒྲུབ་རྫས་གནས་གསུམ་གཏུགས་ཤིང་མྱོངཿ ནོངས་པ་བཤགས་པ་ནིཿ ཧཱུྃཿཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུཿ མཆོད་རྫས་མ་ཚང་སྒྲུབ་པ་གཡེལཿ ཏིང་འཛིན་བྱིང་རྨུགས་འཐིབས་ལ་སོགསཿ འགལ་འཁྲུལ་ནོངས་པ་བཟོད་པར་གསོལཿ ཨོཾ་བཛྲ་ས་ཏྭ་སོགས་བརྗོདཿ རྫོགས་རིམ་ནིཿ ཧོཿ ཆུ་ལས་ཆུ་བུར་རྡོལ་བ་བཞིནཿ རང་ལས་སྤྲུལ་བའི་དཀྱིལ་འཁོར་ལྷཿ ཡེ་ཤེས་དབྱིངས་སུ་བཛྲ་མུཿ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡངཿ བསྔོ་བ་ནིཿ ཧོཿ མཁའ་འགྲོ་མ་ ཡི་དཀྱིལ་འཁོར་དུཿ བསྐྱེད་རྫོགས་བཟླས་བརྗོད་བགྱིས་པ་ཡིཿདགེ་བའི་རྩ་བ་གང་ལགས་པཿའགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོཿསྨོན་ལམ་ནིཿ ཧོཿསྣང་སྲིད་ཐམས་ཅད་དག་པ་མཁའ་སྤྱོད་ཞིངཿ བདེ་ཆེན་འགྱུར་མེད་རྡོ་རྗེ་རྣལ་འབྱོར་མཿ རྣམ་ཀུན་མཆོག་ལྡན་དོན་གྱི་ཕག་མོ་དངཿ རང་ཞལ་མཇལ་ཏེ་མངོན་པར་བྱང་ཆུབ་ཤོགཿ བཀྲ་ཤིས་ནིཿ ཧོཿ རིག་འཛིན་བརྒྱུད་པའི་བྱིན་རླབས་དངཿ དཀོན་མཆོག་གསུམ་གྱི་བདེན་པ་དངཿ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིསཿ འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོགཿ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོགཿ སྣང་བ་དབང་འདུས་བཀྲ་ཤིས་ཤོགཿ ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོགཿ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ སྒྲར་གྲགས་བདེ་ཆེན་སྔགས་སུ་དགཿ དྲན་རྟོགས་འོད་གསལ་ཆོས་སྐུར་སྨིནཿ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོགཿ གཞན་ཡང་བཀྲ་ཤིས་གང་རྒྱས་བྱའོཿས་མ་ཡཿགཏེར་རྒྱཿབརྡ་རྒྱཿཟབ་རྒྱཿརིག་འཛིན་འཇིགས་མེད་གླིང་པས་སྒྲགས་མདའ་འཚོ་རྒྱལ་བླ་མཚོརཿ མཁའ་འགྲོ་རང་བྱུང་རྒྱལ་མོའི་ཐུགས་ཀ་ནསཿ དཔལ་ལེན་པ་མེད་པའི་མཁའ་འགྲོའི་བརྡ་རིས་སྤྱན་དྲངས་པ་ལས་བསྒྱུར་བ་སླད་ནས་ཆོག་ཁྲིགས་སུ་སྡེབས་པའོཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡུམ་ཀ་འཚོ་རྒྱལ་བདེ་ཆེན་རྒྱལ་མོའི་རྩ་བའི་སྒྲུབ་པ་བདེ་ཆེན་དཔལ་ཕྲེང་།
【漢語翻譯】 力量啊!現在就請賜予我吧!嗡 蓮花瑜伽母 智慧金剛亥母 身語意一切成就 帕拉 吽! 將修法物品觸碰三處並享用。懺悔過錯如下:吽!于智慧空行母之壇城中,供品不全,修法散亂,禪定昏沉、黑暗等等,祈請寬恕違背、錯亂之過錯。唸誦嗡 班扎 薩埵等。圓滿次第如下: 霍!如水滴從水中涌出,自身化現之壇城本尊,于智慧法界中 班扎 穆,后得顯現為幻化之本尊身。迴向如下: 霍!于空行母之壇城中,所作生起圓滿次第之念誦,其善根為何,為令一切眾生獲得佛果而回向。發願如下: 霍!愿一切顯現存在皆為清凈空行剎土,不變大樂金剛瑜伽母,具足一切殊勝意義之金剛亥母,得見自面而現前菩提。吉祥文如下: 霍!以持明傳承之加持,與三寶之諦實力,及甚深密咒之緣起力,愿八怖寂滅,吉祥圓滿!愿壽命福德增長,吉祥圓滿!愿顯現自在,吉祥圓滿!愿降伏邪見,吉祥圓滿!愿顯現執著圓滿為本尊身之手印,愿音聲宣揚成為大樂之咒語,愿憶念覺受成熟為光明法身,愿虹身徹底通徹,吉祥圓滿!其他吉祥也應廣為行之。薩瑪雅!封印!手印!甚深印!持明 吉美林巴于扎仲 措嘉拉措(措嘉拉措,公元1730-1788年)的內心深處,從空行母自生女王的心間,迎請到無需迎請之空行母的符號,之後整理成儀軌。 出自《龍欽心髓》中, 蓮師佛母措嘉 益西措嘉 根本修法《大樂蓮鬘》。
【英語翻譯】 Power! Please grant it to me now! Om Padma Yogini Jnana Varahi Vajra Kaya Vak Citta Sarva Siddhi Pala Hum! Touch the three places with the substances for practice and enjoy them. Confession of faults is as follows: Hum! In the mandala of the wisdom dakini, the offerings are incomplete, the practice is distracted, the samadhi is dull, dark, etc., please forgive the faults of contradiction and confusion. Recite Om Vajrasattva etc. The completion stage is as follows: Ho! Like a water bubble emerging from water, the mandala deity manifested from oneself, in the wisdom realm Vajra Mu, the subsequent attainment arises as the illusory deity body. Dedication is as follows: Ho! In the mandala of the dakini, whatever root of virtue is generated by the recitation of the generation and completion stages, may it be dedicated so that all beings attain Buddhahood. Aspiration is as follows: Ho! May all appearances and existences be the pure realm of Khechara, the unchanging great bliss Vajrayogini, the Vajravarahi who possesses all excellent meanings, may I see my own face and attain manifest enlightenment. Auspicious words are as follows: Ho! By the blessing of the Vidyadhara lineage, and the truth of the Three Jewels, and the power of the interdependence of the profound secret mantra, may the eight fears be pacified, auspicious and complete! May longevity and merit increase, auspicious and complete! May appearances be free, auspicious and complete! May wrong views be subdued, auspicious and complete! May appearance and attachment be perfected as the mudra of the deity body, may the sound proclaim be the mantra of great bliss, may remembrance and experience ripen into the clear light Dharmakaya, may the rainbow body be completely transparent, auspicious and complete! Other auspicious things should also be widely practiced. Samaya! Seal! Hand seal! Deep seal! Vidyadhara Jigme Lingpa from the depths of the heart of Tso Gya Latso (Tsogyal Latso, 1730-1788), from the heart of the self-born Queen Dakini, invited the symbols of the Dakini who do not need to be invited, and then arranged them into a ritual. From Longchen Nyingtik, the root practice of Yumka Tsogyal Dechen Gyalmo, Dechen Pal Treng (Great Bliss Garland).
============================================================
同部經論
與本文同名或相近的其他版本、科判、譯文與註疏。