菩薩藏佛教學會
20
背景
翻譯
下載 ▾

KMC016_0010.六法座間祈願文及四句祈願文釋g2.0f

================== 第 1 段 ================== 【原始藏文】 ཆོས་དྲུག་ཐུན་མཚམས་སྨོན་ལམ་དང་སྨོན་ལམ་ཚིག་བཞིའི་འགྲེལ་པ། ཆོས་དྲུག་ཐུན་མཚམས་སྨོན་ལམ་དང་སྨོན་ལམ་ཚིག་བཞིའི་འགྲེལ་པ། སྔགས་ལམ་རྩ་རླུང་ཐིག་ལེའི་འབར་ཞུ་དང་འབྲེལ་བའི་སྨོན་ལམ་ཚིག་བཞིའི་བསྡུས་འགྲེལ་འཆི་མེད་དོན་གྱི་ཐིག་ལེ་ཞེས་བྱ་བ། རྩ་དག་རླུང་ཐིམ་ཐིག་ལེ་འཕོ་མེད་དུ་བརྟན་པའི་རྟོགས་ལྡན་གྱི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །དགྲོལ་བྱའི་རྩ་བ་ནི། དགེ་འདིས་འགྲོ་བ་མ་ལུས་རྡོ་རྗེ་སེམས། །རྟག་བདེའི་ཐབས་ཤེས་སྦྱོར་བས་འཆི་མེད་ཅིང་། །ནང་གི་ལམ་ནས་རྡོ་རྗེའི་འགྲོ་བ་ཡི། །སངས་རྒྱས་ཉིད་ཀྱི་གོ་འཕང་སྩོལ་ཕྱིར་བསྔོ། །ཞེས་པ་དགེ་བ་འདིས་བདག་གཞན་འགྲོ་བ་སེམས་ཅན་མ་ལུས་པ་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་སྟེ། དྲང་དོན་བརྡ་ཐབས་ལྟར་ན་ལྷ་ཡབ་ཡུམ། ངེས་པའི་དོན་དུ་སྣང་སྟོང་ཟུང་འཇུག་འཕོ་མེད་རྟག་པའི་བདེ་བ་ཆེན་པོའི་ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་སྦྱོར་བས་འཆི་མེད་དམ་འགག་མེད་ཀྱི་ལམ་འབྱོར་བས། ནང་གི་ལམ་སྟེ་དབུ་མའི་ལམ་ནས་རྡོ་རྗེའི་འགྲོས་ཀྱིས་འགྲོ་བ་སྟེ། རླུང་ ཀུན་ཡེ་ཤེས་ཀྱི་རླུང་དུ་འགྲོ་བའམ་རླུང་གི་འགྲོས་ཐིམ་པས། སྒྲིབ་གཉིས་བག་ཆགས་དང་བཅས་པ་སངས་ཤིང་ཡེ་ཤེས་དང་ཡོན་ཏན་ཐམས་ཅད་ཡོངས་སུ་རྒྱས་པས། དེ་ཁོ་ན་ཉིད་ཀྱི་གོ་འཕང་འབད་མེད་དུ་སྩོལ་བའི་ཕྱིར་བསྔོ་བ་སྟེ། ཞིབ་པར་རྩ་རླུང་ཐིག་ལེ་དང་སྦྱར་ན། དེ་ཡང་རང་ལུས་ལྷ་སྐུ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་སོགས་སྒྱུ་མའི་དཔེས་མཚོན་པ་དེ་བཞིན་གསལ་བའི་ནང་དབུས་རྡོ་རྗེ་ལུས་ལ་ནཱ་ཌཱི་སྟེ་རྩ་ཐམས་ཅད་ཀྱི་རྩ་བ་དང་ཁྱབ་བྱེད་དུ་གྱུར་པ་དབུ་མའམ་ཨ་ཝ་དྷཱུ་ཏི་ཚངས་བུག་ནས་ལྟེ་འོག་ཏུ་ཟུག་པ་དེ་ལས་རོ་རྐྱང་གཉིས་སུ་གྱེས་པའི་གཡོན་དུ་ལཱ་ལ་ན་ཏེ་ཐིག་ལེ་འབབ་པ་དབྱངས་ཀྱིས་མཚན་པ་རྐྱང་མ། གཡས་སུ་རཱ་ས་ན་སྟེ་ཁྲག་འབབས་པ་གསལ་བྱེད་ཀྱིས་མཚན་པ་རོ་མ། རླུང་ཕྱི་ནང་གི་འགྲོ་འོང་བྱེད་པ་ཅན། དེ་གཉིས་འོག་ཏུ་ཀུན་འདར་མའི་གནས་སུ་འཛོམ་པའི་སུམ་མདོར་རྒོད་མ་ཁའི་མེ་རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་བདག་ ཉིད་དུ་གྲགས་པ་ཨཾ་ངམ། ཨ་ཤད་རྡོ་རྗེ་ཕག་མོ་བཞུགས་པ། སྙིང་གའི་ནང་དུ་རྩ་འཁོར་འདབ་མ་བརྒྱད་པ་སྙིང་པོ་དང་བཅས་པ་ནང་དུ་ས་པའི་ཆུ་ཤིང་གི་མེ་ཏོག་ལྟར་ཁ་འོག་ཏུ་ཕྱོགས་པའི་ནང་དུ་མི་ཤིགས་པའི་ས་བོན་ཧཱུྃ་ཡུངས་ཀར་གྱི་ཚད་ཙམ་པ་ཧེ་རུ་ཀའི་ཡེ་ཤེས་ཀྱི་རང་བཞིན། རླུང་ཁ་སྦྱོར་དུ་སུམ་མདོར་འཆིང་བ་སྟེ། འབྱུང་བ་ལྔའི་ར

【漢語翻譯】 六法座間祈願文及四句祈願文釋。 六法座間祈願文及四句祈願文釋。 與密道脈氣明點之燃滴相關的四句祈願文簡釋名為《不死義之明點》。頂禮脈清氣融明點不動之證悟自在王。 所解脫之根本為:以此善行,愿一切眾生金剛心,以常樂之方便智慧結合而不死,從內道金剛之行,為賜予佛陀之果位而回向。 此言即以此善,愿自他一切眾生,皆成吉祥金剛薩埵黑汝嘎。 如從正義表示方法而言,為父母雙尊。 若從實義而言,以顯空雙運、不動常樂大樂之方便與智慧無離合之結合,而得不死或無滅之道。 從內道,即中脈道,以金剛之行而行,即氣 皆入于智慧氣中,或氣之行融入,二障及其習氣皆凈,一切智慧與功德皆得圓滿,為毫不費力地賜予彼空性之果位而回向。 若細言之,與脈氣明點結合,即自身如明鏡中之佛像等,以幻化之譬喻所表示之清明中,于中脈金剛身中,那迪,即成為一切脈之根本與遍佈者,從中脈或阿瓦都帝,從梵穴至臍下,由此分為左右二脈,左為拉拉那,即明點降落之處,以元音表示之空脈。 右為拉薩那,即血降落之處,以輔音表示之紅脈。 氣作內外之執行。 此二者于下部昆達里尼處彙集之三岔路口,如母狗口中之火,金剛日光明亮之自性,被稱為ཨཾ་(藏文),अं(梵文天城體),aṃ(梵文羅馬擬音),(種子字,無義)。 阿夏達金剛亥母安住于彼處。 於心間脈輪八瓣,連同心髓,其內如薩拉樹之花朵般口朝下,其內有不壞之種子吽,如芥子般大小,為黑汝嘎之智慧自性。 氣於三岔路口結合,即五大之

【英語翻譯】 Six Yogas Interlude Prayer and Commentary on the Four-Line Prayer. Six Yogas Interlude Prayer and Commentary on the Four-Line Prayer. A concise commentary on the four-line prayer related to the blazing and melting of the channels, winds, and bindus of the mantra path, entitled “The Deathless Essence Bindu.” Homage to the King of Realization who has stabilized the pure channels, absorbed winds, and immovable bindu. The root of liberation is: By this merit, may all beings have the Vajra Mind, and by the union of constant bliss, skillful means, and wisdom, may they become immortal. From the inner path of the Vajra conduct, I dedicate this for the sake of bestowing the state of Buddhahood. This means that by this virtue, may all sentient beings, self and others, become glorious Vajrasattva Heruka. According to the direct meaning and symbolic method, it is the Father and Mother deities. In the definitive meaning, by the inseparable union of appearance and emptiness, the unchanging, constant great bliss, skillful means, and wisdom, one attains the path of immortality or non-cessation. From the inner path, that is, the middle path, one proceeds with the Vajra conduct, that is, the winds all go into the wisdom wind, or the movement of the wind is absorbed. The two obscurations, along with their imprints, are purified, and all wisdom and qualities are fully developed. Therefore, I dedicate this for the effortless bestowal of the state of Suchness. In detail, if combined with the channels, winds, and bindus, it means that one’s own body, like the Buddha image in a mirror, is represented by examples of illusion. In the clear center of the Vajra body, the nadis, which are the root and pervader of all channels, the middle channel or Avadhuti, extends from the Brahma aperture to below the navel. From this, it divides into two channels, left and right. On the left is Lalana, where the bindu descends, marked by vowels, the empty channel. On the right is Rasana, where blood descends, marked by consonants, the red channel. It is the place where the winds move in and out. These two meet at the junction in the lower Kundalini, like fire in the mouth of a bitch, the nature of the great light of the Vajra Sun, known as Aṃ (藏文), अं (梵文天城體), aṃ (梵文羅馬擬音), (seed syllable, no meaning). Ashada Vajravarahi resides there. In the heart chakra, with eight petals and the heart essence, inside, like the flower of a Sapa tree, facing downwards, there is the indestructible seed syllable Hūṃ, the size of a mustard seed, the wisdom nature of Heruka. The winds are bound at the junction in union, that is, the five elements

============================================================

================== 第 2 段 ================== 【原始藏文】 ླུང་གིས་རྡོ་རྗེ་ཕག་མོའམ་ཨ་ཤད་བསྐུལ་བས་རྗེས་སུ་ཆགས་པའི་མེས། དཔའ་བོ་ཧེ་རུ་ཀ་དགྱེས་པའི་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་ཞུ་བ་འབར་འཛག་ཟུང་འཇུག་ཡབ་ཡུམ་སྙོམས་པར་འཇུག་པའི་བདེ་བས་ལྷ་མོ་མཉེས་པར་གྱུར་ཅིང་ཕྱི་རུ་ལུས་འཕར་ཞིང་གཡོ་བ་དང་། དྲོད་འབྱུང་བ་དང་། ནང་དུ་འབྱུང་བའི་རླུང་ཞུགས་པའི་རྟགས་ལྔ་སྟེ། རྡོ་རྗེ་གུར་ལས། དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་འདྲ་བ་ཉིད། །གསུམ་པ་མེ་ཁྱེར་རྣམ་པ་སྟེ། །བཞི་པ་མར་མེ་ཉེར་འདྲ་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་ མེད་ནམ་མཁའ་འདྲ་བ་ཉིད། །ཅེས་སོ། །དེ་ལྟར་རྣལ་འབྱོར་དུ་བྱེད་པའི་ལམ་རླུང་དང་འཁྲུལ་འཁོར་དང་དམིགས་པའི་གནད་ཟབ་མོས་རྩ་མདུད་རྣམས་གྲོལ་ནས་རྩ་ཐམས་ཅད་ཨ་ཝ་དྷཱུ་ཏིའི་རང་བཞིན་དུ་དག་ནས་ལྟེ་བའི་གཏུམ་མོ་སྦར་བས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རགས་པའི་དངོས་པོ་ཐམས་ཅད་སྤངས་ཏེ་དྭངས་མའི་ལུས་ཅན་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའོ། །འདི་དག་གི་རྒྱབ་སྐྱོར་ལུང་འདྲེན་སོགས་ནི་མང་དུ་དོགས་པས་མ་བྲིས་ཤིང་ནང་གི་ས་ལམ་བགྲོད་ཚུལ་སྤྱིར་བླ་མེད་མཐའ་དག་དང་ཁྱད་པར་དགྱེས་རྡོར་རྩ་བཤད་ཀྱི་གཞུང་འགྲེལ་དང་། ཟབ་མོ་ནང་གི་དོན་ལས་ཤེས་པར་གྱིས་ཤིག །ཅེས་པ་འདིའང་རི་པ་དགེ་སློང་བཟོད་པའི་ངོར་འདུལ་འཛིན་ཀརྨ་རཏྣས་ཀརྨའི་དབེན་གནས་སུ་བྲིས་པ་དགེ་ལེགས་འཕེལ། ཤུ་བྷཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་ པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །། ཆོས་དྲུག་ཐུན་མཚམས་སྨོན་ལམ་དང་སྨོན་ལམ་ཚིག་བཞིའི་འགྲེལ་པ།

【漢語翻譯】 風吹動金剛亥母或阿夏,隨後產生的火。英雄黑汝嘎歡喜的菩提心從頭頂融化,燃燒滴落,雙運父母平等結合的樂,使天女歡喜,外在身體膨脹搖動,產生暖熱,內在進入生起之風的五種徵兆。金剛帳中說:第一是云的形狀,第二像煙一樣,第三是螢火蟲的形狀,第四像接近的酥油燈,第五是恒常顯現,如同無雲的虛空一樣。如此這般,在瑜伽中修持的道路,以風和輪以及專注的甚深要點,使脈結解開,所有脈都清凈為阿瓦都提的自性,燃起臍間的拙火,捨棄蘊、界、處粗大的事物,利益具有清凈之身的有情眾生。這些的後盾,引經據典等,因為顧慮繁多而未寫,內在道次第的行持方式,總的來說是無上瑜伽的全部,特別是喜金剛根本續的論釋,從甚深內在意義中瞭解吧!這段話也是日巴比丘索南面前,由持律者噶瑪仁欽在噶瑪寂靜處所寫,愿吉祥增上! शुभं(梵文天城體,śubhaṃ,梵文羅馬擬音,吉祥)。即使具備所需的一切享受,也不積攢;即使擁有眾多欲妙眷屬,也不貪戀。三學、律藏智慧的寶庫,安置於捨棄和誦讀的心臟中央。這段話也是大圓滿導師噶瑪確定教法幢,在一次禪修時于卡丁洞所寫,愿吉祥增上! सर्व मंगलम् (梵文天城體,sarva maṃgalam,梵文羅馬擬音,一切吉祥)。六法座間祈願文和祈願文四句的註釋。

【英語翻譯】 The fire that arises subsequently from the wind stirring Vajravarahi or Asha. The bodhicitta that pleases the hero Heruka melts from the crown of the head, burning and dripping, the bliss of the union of father and mother equally uniting, making the goddess rejoice, and outwardly the body expands and moves, heat arises, and inwardly there are five signs of the entering arising wind. From the Vajra Tent it says: First is the appearance of clouds, second is like smoke itself, third is the appearance of fireflies, fourth is very similar to a butter lamp, fifth is always appearing, like cloudless sky itself. Thus, the path of practicing in yoga, with the wind, wheels, and profound key points of focus, the knots of the channels are released, and all the channels are purified into the nature of Avadhuti, and by igniting the tummo of the navel, all the coarse objects of the aggregates, elements, and sense bases are abandoned, benefiting all sentient beings with pure bodies. The support for these, quotations from scriptures, etc., are not written because of concern for being too numerous, and the way to traverse the inner stages and paths, in general, is all of unsurpassed yoga, and in particular, understand from the commentary on the root explanation of Hevajra and the profound inner meaning! This was also written by the Vinaya holder Karma Ratna at the Karma solitary place for the monk Sonam, may goodness increase! Shubham (梵文,śubhaṃ,Auspicious!). Even though all desired enjoyments are complete, do not accumulate them; even though there are many desirable retinues, do not be attached to them. The treasury of the three trainings and the Pitaka of knowledge, place them in the center of the heart of renunciation and reading. This was also written by Dzogchen Ponlop Karma Ngedon Sungrap Tenpai Gyaltsen during a meditation session in Khading Cave, may goodness increase! Sarva Mangalam (梵文,sarva maṃgalam,All auspiciousness!). Six Dharmas session aspiration prayer and commentary on the four-line aspiration prayer.

============================================================