菩薩藏佛教學會
20
背景
翻譯
下載 ▾

KMC014_0005.聖觀自在儀軌明鑑解脫大路之九尊合修法記錄g2.0f

================== 第 1 段 ================== 【原始藏文】 དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས་ལྷ་དགུའི་དྲིལ་སྒྲུབ་ཀྱི་ཟིན་བྲིས། དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས་ལྷ་དགུའི་དྲིལ་སྒྲུབ་ཀྱི་ཟིན་བྲིས། དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས། ལྷ་དགུའི་དྲིལ་སྒྲུབ་ཀྱི་ཟིན་བྲིས་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭཱ་ར་པཉྩ་ཡེ། །འཇིག་རྟེན་དབང་ཕྱུག་ལྷ་དགུའི་ཞབས་ལ་འདུད། །དགོངས་པ་འགྲོལ་ཞིང་བྱིན་རླབས་དངོས་གྲུབ་སྩོལ། །ལྷ་དགུ་དྲིལ་ཏེ་སྒྲུབ་པའི་གདམས་པ་ནི། སྔོན་དུ་ཕྱི་ནང་གསང་གསུམ་སྒྲུབ་ཐོན་ལེགས། །མ་ཐོན་ན་ཡང་འདི་ལ་གསུམ་ཀ་ཚང་། །བཙན་ཐབས་མྱུར་དུ་འགྲུབ་ཕྱིིར་རླུང་སྒྲུབ་ཟེར། །སྟ་གོན་ཚར་རྗེས་བདག་མདུན་ཚར་གཅིག་འདོན། །དེ་ནས་བདག་མདུན་ཐུགས་ཀར་པདྨའི་སྟེང་། །ཡབ་ཀྱི་ཐུགས་ཀར་ཧྲཱིཿམཐར་ཡིག་ བཅུས་བསྐོར། །ཡུམ་ཐུགས་ཆོས་འབྱུང་ཧྲཱིཿམཐར་ཡུམ་སྔགས་བསྐོར། །བདག་བསྐྱེད་ཡབ་ཡུམ་ཐུགས་ཀའི་སྔགས་ཕྲེང་ནས། །འོད་ཟེར་སྣ་ཚོགས་འཇའ་སྤྲིན་ལྟ་བུར་འཕྲོས། །འོད་ཟེར་དེ་དག་ཕྱི་ནང་གསང་བ་ཡི། །མཆོད་སྤྲིན་གྱུར་ནས་མདུན་བསྐྱེད་ལྷ་ཚོགས་མཆོད། །མདུན་བསྐྱེད་གཙོ་འཁོར་ཀུན་གྱི་ཐུགས་ཀ་ཡི། །སྔགས་ཕྲེང་དྲག་འཁོར་འོད་ཟེར་སྣ་ཚོགས་པ། །འཇའ་ཚོན་ལྟ་བུ་ཕྱོགས་བཅུ་ཁྱབ་པར་འཕྲོས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ། །འོད་ཀྱི་རྣམ་པར་བསྡུས་ནས་མདུན་བསྐྱེད་ཀྱི། །ལྷ་ཚོགས་རྣམས་དང་དབྱེར་མེད་གཅིག་ཏུ་གྱུར། །མདུན་བསྐྱེད་ལྷ་ཚོགས་རྣམས་ལས་བྱིན་རླབས་དང་། །དངོས་གྲུབ་འོད་ཟེར་ཁ་དོག་སྣ་ཚོགས་པ། །འཇའ་སྤྲིན་ལྟར་འཕྲོས་རང་ལ་ཐིམ་པར་བསྒོམ། །འདི་ནི་འདི་ཡི་ལུགས་ཀྱི་བསྙེན་པ་ཡིན། །དེ་ནས་རང་གི་ཐུགས་ཀའི་སྔགས་འཁོར་ལས། འོད་ཟེར་དམར་པོ་འོད་ལྔའི་མདངས་ལྡན་པ། །རང་གི་ཞལ་ཐོན་མདུན་བསྐྱེད་ཞལ་དུ་ཞུགས། །མཆོད་པར་གྱུར་ཏེ་ཟག་མེད་བདེ་བས་དགྱེས། །ཐུགས་ཀར་ཐིམ་པས་སྔགས་ཕྲེང་དྲག་ཏུ་འཁོར། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དམ་བཅའ་དྲན། །ཐུགས་རྗེ་བྱིན་རླབས་དངོས་གྲུབ་མ་ལུས་པ། །འོད་ཟེར་ཚུལ་དུ་འཕྲོས་ནས་སྦྱོར་མཚམས་ཐོན། །ཚུར་བྱོན་རང་གི་སྦྱོར་མཚམས་ནས་ཞུགས་ཏེ། །སྙིང་གར་ཐིམ་པས་ཐུགས་རྗེ་བྱིན་རླབས་ཞུགས། །དེ་ ནས་འོད་ཟེར་དེ་ཡང་སྔགས་ཕྲེང་གྱུར། །དེ་ལྟར་སྔགས་ཕྲེང་འགལ་མེའི་

【漢語翻譯】 聖觀自在儀軌明鑑解脫大路之九尊合修法記錄。 聖觀自在儀軌明鑑解脫大路之九尊合修法記錄。 聖觀自在儀軌明鑑解脫大路。九尊合修法記錄在此。 那摩咕嚕洛給夏瓦ra班匝耶。(藏文:ན་མོ་གུ་རུ་ལོ་ཀེ་ཤྭཱ་ར་པཉྩ་ཡེ།,梵文天城體:नमो गुरु लोकेश्वराय पञ्चये,梵文羅馬擬音:namo guru lokeśvarāya pañcaye,漢語字面意思:頂禮上師觀自在五尊) 頂禮觀自在九尊足下。 祈請開解心意,賜予加持成就。合修九尊之訣竅是,首先外內密三修習圓滿為佳。若未圓滿,此法具足三者。為令迅速成就,故稱風修。準備完畢后,自前各誦一遍。之後,于自前心間蓮花之上,父尊心間,(ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:舍),周圍繞以十字明咒。母尊心間法生(ཆོས་འབྱུང་),(ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:舍),周圍繞以母咒。自生父尊母尊心間咒鬘中,光芒萬丈,如彩虹雲霧般放射。彼等光芒化為外內密之供云,供養前生本尊壇城。前生本尊主眷一切心間之咒鬘猛烈旋轉,光芒萬丈,如彩虹般遍佈十方。十方諸佛菩薩一切身語意之加持無餘,攝集為光之形象,與前生本尊壇城無別合一。觀想從前生本尊壇城中,加持與成就之光芒,顏色各異,如彩虹雲霧般放射,融入自身。此乃此法之修習。之後,從自身心間咒輪中,放射紅色光芒,具有五彩光澤,從自身口中出去,進入前生本尊口中。化為供品,以無漏之樂而歡喜。融入心間,咒鬘猛烈旋轉。憶念往昔發心之誓願。慈悲加持成就無餘,以光芒之形式放射,從結合處出來。返回,從自身結合處進入,融入心間,慈悲加持融入。之後,彼光芒亦化為咒鬘。如是咒鬘無有阻礙的

【英語翻譯】 A record of the combined practice of the nine deities from the Clear Elucidation of the Path to Liberation, a written record of the ritual of the glorious Lord of the World. A record of the combined practice of the nine deities from the Clear Elucidation of the Path to Liberation, a written record of the ritual of the glorious Lord of the World. From the Clear Elucidation of the Path to Liberation, a written record of the ritual of the glorious Lord of the World. Herein lies the record of the combined practice of the nine deities. Namo Guru Lokeshvara Panchaye. I prostrate at the feet of the nine deities, the Lord of the World. May you release your intention and bestow blessings and siddhis. The key to combining and practicing the nine deities is that it is best to have previously completed the outer, inner, and secret practices. If not, this method contains all three. It is called the Wind Practice because it forcefully and quickly accomplishes the goal. After the preparations are complete, recite the self-generation and front-generation once each. Then, on a lotus in the heart of the self-generation and front-generation, in the heart of the Father, HRIH (藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:舍), surrounded by the ten syllables. In the heart of the Mother, a dharma origin, HRIH (藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:舍), surrounded by the Mother’s mantra. From the mantra garlands in the hearts of the self-generated Father and Mother, various rays of light radiate like rainbows and clouds. These rays of light become clouds of offerings for the outer, inner, and secret, and offer to the assembly of deities in the front-generation. From the mantra garlands in the hearts of all the main figures and retinue of the front-generation, a fierce wheel of light radiates in various colors like a rainbow, pervading the ten directions. The blessings of the body, speech, and mind of all the Buddhas and Bodhisattvas of the ten directions are completely gathered in the form of light and become inseparable and one with the assembly of deities in the front-generation. Meditate that blessings and siddhis, rays of light of various colors, radiate like rainbows and clouds from the assembly of deities in the front-generation and dissolve into oneself. This is the practice of this method. Then, from the mantra wheel in one’s own heart, red light radiates with the brilliance of the five lights, emerging from one’s own mouth and entering the mouth of the front-generation. It becomes an offering and delights with uncontaminated bliss. As it dissolves into the heart, the mantra garland spins fiercely. Remember the vows of aspiration from the past. Compassion, blessings, and all siddhis radiate in the form of light and emerge from the point of union. Returning, they enter from one’s own point of union and dissolve into the heart, and compassion and blessings enter. Then, that light also becomes a mantra garland. Thus, the mantra garland is unobstructed.

============================================================

================== 第 2 段 ================== 【原始藏文】 འཁོར་ལོ་ལྟར། །རྒྱུན་ཆད་མེད་པར་གྱི་ལི་ལི་འཁོར་བས། །འོད་ཟེར་དེ་དང་མདུན་བསྐྱེད་ལྷ་ཚོགས་ལས། །འོད་ཟེར་འཇའ་ཡི་ཟེར་ལྟར་ཕྱོགས་བཅུར་འཕྲོས། །ཞིང་ཁམས་རྒྱ་མཚོར་བཞུགས་པའི་རྒྱལ་བ་ལ། །ཕྱི་ནང་གསང་བའི་མཆོད་པར་གྱུར་པས་མཉེས། འགྲོ་བ་ཀུན་གྱི་སྒྲིབ་གཉིས་བག་ཆགས་སྦྱངས། །རྒྱལ་བ་ཀུན་གྱི་ཐུགས་རྗེ་བྱིན་རླབས་དང་། འགྲོ་བའི་བསོད་ནམས་འབྱུང་བའི་བཅུད་ལ་སོགས། །འོད་ཀྱི་རྣམ་པར་ཚུར་བསྡུས་མདུན་བསྐྱེད་ཐིམ། བྱིན་རླབས་བཅུད་དང་འོད་ཟེར་དབྱེར་མེད་པ། །ཚུར་བྱུང་རང་ལ་ཐིམ་པས་དངོས་གྲུབ་ཐོབ། །དེ་ལྟར་བསྒོམ་ཞིང་སྔགས་རིང་བཟླས་པ་ནི། །འདི་ཡི་ལུགས་ཀྱི་ཉེ་བར་བསྙེན་པ་ཡིན། །དེ་ནས་བདག་མདུན་གཙོ་བོའི་སྐུ་ཡི་ནང་། །སྟོང་གསལ་ཕྲུ་མ་ཕུས་བཏབ་ལྟ་བུའི་ནང་། །རྩ་གསུམ་འཁོར་ལོ་ལྔ་པོ་ གསལ་བཏབ་སྟེ། །སྤྱི་བོར་ༀ་དཀར་མགྲིན་པར་ཧྲཱིཿདམར་པོ། །ཐུགས་ཀར་ཧཱུྃ་སྔོན་ལྟེ་བར་ཏྲཱཾ་སེར་པོ། །གསང་གནས་ཨཱཿལྗང་རྣམས་ལས་འོད་འཕྲོས་པས། །བདག་དང་འགྲོ་བའི་དུག་ལྔའི་སྒྲིབ་པ་ཀུན། །ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བསྡུས་བཞིན་ཐིམ། །དབུ་མའི་ཡར་སྣེ་ཐུགས་རྗེ་ཆེན་པོ་ཡི། །ངོ་བོ་ཐིག་ལེ་དཀར་པོ་ཧྃ་ཡིག་མཚན། །དབུ་མའི་མར་སྣེར་ཕག་མོའི་ངོ་བོ་ནི། །ཐིག་ལེ་དམར་པོ་རྩེ་མོ་སུམ་འཁྱོག་གོ །བར་རླུང་ཞེས་པ་གསུས་པ་ཐེར་བྱས་པས། །ཐིག་ལེ་དམར་པོར་གཏུམ་མོའི་མེ་འབར་ནས། །དུག་ལྔའི་ས་བོན་ཡི་གེ་བཅུ་པོ་བསྲེགས། །རིགས་ལྔའི་སྤྱན་གཟིགས་ཡབ་ཡུམ་བཅུ་པོ་ནི། རིགས་ལྔ་སོ་སོའི་དབུ་རྒྱན་རང་ཆས་ཅན། །རྒྱན་དང་ཆ་ལུགས་ཡོངས་རྫོགས་གཞུང་ལྟར་རོ། །རྩ་འདབ་གྲངས་མཉམ་ཌཱ་ཀི་ཐམས་ཅད་ཀྱང་། །རང་རྟགས་སྐུ་མདོག་ཕྱག་མཚན་གྲི་ཐོད་འཛིན། །གཙོ་ལ་ཞལ་གཟིགས་གར་སྟབས་ཟླ་སྟེང་བཞུགས། ། བདག་མདུན་ཡབ་བཅུའི་ཐུགས་ཀར་པད་ཟླའི་སྟེང་། །རང་མདོག་ཧྲཱིཿལ་ཡིག་བཅུ་གཡས་སུ་འཁོར། །ཡུམ་བཅུའི་ཐུགས་ཀར་ཆོས་འབྱུང་རྐྱང་པའི་སྟེང་། །རང་མདོག་ཧྲཱིཿམཐར་ཡུམ་སྔགས་གཡོན་ཏུ་འཁོར། །འཁོར་རྣམས་ཐུགས་ཀར་ཧ་རི་ནི་ས་དང་། །སྤྱི་བོའི་འཁོར་རྣམས་ཐུགས་ཀར་ཧྲཱིཿདཀར་རེ། །བདག་གི་ཐུགས་ཀའི་སྔགས་ཕྲེང་དྲག་འཁོར་བས། སྔགས་ཕྲེང་རྩེ་ལས་སྔགས་ཀྱི་ཕྲེང་བ་འཕྲོས། །ཐུགས་ཀྱི་སྤྱན་རས་གཟིགས་ཀྱི་ཞལ་ནས་ཐོན། །མགྲིན་པའི་ཡབ་ཡུམ་སྦྱོར་མཚམས་ནས་ཞུགས་ཏེ། །ཡབ་ཀྱི་ཐུགས་ཀའི་སྔགས་ལས་གཡས་བསྐོར་བྱས། །དཔེར་ན་སྦྲུལ་ནི་གཅུད་ཅིང་འགྲོ་བ་ལྟར། །ཞལ་ནས་ཐོན་ཏེ་སྤྱ

【漢語翻譯】 如輪一般,無有間斷地旋轉,從那光芒和麵前生起的本尊眾,如彩虹的光芒般向十方放射。令安住于諸佛剎土大海中的諸佛,以外內秘密的供養而歡喜。清凈一切眾生的二障習氣。諸佛的慈悲加持和眾生的福德生起之精華等,以光的形式收回,融入面前生起的本尊。加持精華和光芒無有分別,從外而來融入自身而獲得成就。如此觀修並唸誦長咒,是此法的近修。之後,在自前主尊的身內,如空明中撒入芥子一般,明觀三脈五輪。頂輪白色嗡(藏文:ༀ,梵文天城體:ओ,梵文羅馬擬音:oṃ,漢語字面意思:嗡),喉輪紅色舍(藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:舍),心輪藍色吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽),臍輪黃色幢(藏文:ཏྲཱཾ,梵文天城體:त्रां,梵文羅馬擬音:trāṃ,漢語字面意思:幢),密處綠色阿(藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,漢語字面意思:阿),從這些字放射光芒,如磁石吸鐵粉般,融入自身和眾生的五毒之障。中脈上端是大悲尊的體性,以白色明點吽字為標誌。中脈下端是金剛亥母的體性,紅色明點頂端三彎。中間風息猛烈鼓動,紅色明點燃起拙火之火,焚燒五毒的種子十個字。五部佛的明妃和佛父佛母十尊,各自具有五部的頭飾作為自身特徵,裝飾和服飾完全按照儀軌。數量與脈瓣相同的空行母們,也都手持自印、身色、法器、鉞刀和顱碗。面朝主尊,以舞姿安住在月墊之上。自前十位佛父的心間,在蓮花月輪之上,各自顏色的舍(藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:舍)字和十字向右旋轉。十位佛母的心間,在單獨的法源之上,各自顏色的舍(藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:舍)字末尾的佛母咒語向左旋轉。眷屬們的心間是哈日尼薩,頂輪的眷屬們心間是白色舍(藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:舍)字。自身心間的咒鬘猛烈旋轉,從咒鬘頂端放射出咒語之鬘,從心間的觀世音菩薩的口中發出,進入喉間的佛父佛母交合之處,從佛父心間的咒語開始右旋,譬如蛇蜷曲而行一般,從口中發出,遍

【英語翻譯】 Like a wheel, continuously spinning, from that light and the assembly of deities generated in front, rays of light like rainbow rays radiate in ten directions. May it please the Victorious Ones residing in the ocean of Buddha-fields, through outer, inner, and secret offerings. May it purify the habitual imprints of the two obscurations of all beings. The compassion and blessings of all the Victorious Ones, and the essence of the accumulation of merit of beings, etc., are gathered back in the form of light, dissolving into the generated front. Blessings, essence, and light are inseparable, coming back and dissolving into oneself, attaining accomplishment. Meditating in this way and reciting the long mantra is the close retreat according to this tradition. Then, within the body of the main deity in front of oneself, in a space clear like mustard seeds scattered, visualize the three channels and five chakras. At the crown, white Oṃ (藏文:ༀ,梵文天城體:ओ,梵文羅馬擬音:oṃ,漢語字面意思:Oṃ), at the throat, red Hrīḥ (藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:Hrīḥ), at the heart, blue Hūṃ (藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:Hūṃ), at the navel, yellow Trāṃ (藏文:ཏྲཱཾ,梵文天城體:त्रां,梵文羅馬擬音:trāṃ,漢語字面意思:Trāṃ), at the secret place, green Āḥ (藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,漢語字面意思:Āḥ). From these letters, light radiates, like a magnet attracting iron filings, dissolving all the obscurations of the five poisons of oneself and beings. At the upper end of the central channel is the essence of Great Compassion, marked by a white bindu and the letter Hūṃ. At the lower end of the central channel is the essence of Vajravārāhī, a red bindu with a three-curved tip. The intermediate wind is vigorously stirred, and the fire of inner heat blazes in the red bindu, burning the ten seed letters of the five poisons. The consorts and consorts of the five families, the ten Buddhas of the five families, each have their own head ornaments as their own characteristics. The ornaments and attire are all according to the texts. All the ḍākinīs, with the same number of petals as the channels, also hold their own symbols, body color, implements, curved knives, and skull cups. Facing the main deity, they reside in a dancing posture on a moon seat. At the heart of the ten male deities in front of oneself, on a lotus and moon seat, the Hrīḥ (藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:Hrīḥ) letter of their own color and the ten letters rotate to the right. At the heart of the ten female deities, on a single dharmodaya, the Hrīḥ (藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:Hrīḥ) letter of their own color and the mantra of the female deities rotate to the left. At the heart of the retinue are Hari Nisa, and at the heart of the retinue at the crown are white Hrīḥ (藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:Hrīḥ) letters. The mantra garland at one’s own heart spins fiercely, and from the tip of the mantra garland emanates a garland of mantras, coming out from the mouth of Avalokiteśvara at the heart, entering the junction of the male and female deities at the throat, and rotating to the right from the mantra at the heart of the male deity, like a snake coiling and moving, coming out from the mouth, pervading

============================================================

================== 第 3 段 ================== 【原始藏文】 ི་བོའི་ཡབ་ཡུམ་གྱི། །སྦྱོར་མཚམས་ནས་ཞུགས་ཡབ་ཀྱི་ཐུགས་ཀར་གཅུད། །ཞལ་ནས་ཐོན་ཏེ་ཕྱིར་འབྱུང་རང་ཉིད་ཀྱི། །ཞལ་ནས་ཐོན་ཏེ་མདུན་བསྐྱེད་ཞལ་དུ་ཞུགས། །ཡར་བྱོན་སྤྱི་བོའི་ཡབ་ཀྱི་ཞལ་ཞུགས་ཏེ། ། ཐུགས་ཀར་གཡས་སུ་བསྐོར་ཞིང་སྦྱོར་མཚམས་ཐོན། །མར་བྱུང་མགྲིན་པའི་ཡབ་ཀྱི་ཞལ་དུ་ཞུགས། །ཐུགས་ཀར་གཡས་སུ་འཁོར་ཏེ་སྦྱོར་མཚམས་ནས། །ཐོན་ཏེ་ལྟེ་བའི་ཡབ་ཀྱི་ཞལ་དུ་ཞུགས། །ཐུགས་ཀར་གཡས་འཁོར་སྦྱོར་མཚམས་ནས་ཐོན་པ། །གསང་བའི་ཡབ་ཀྱི་ཞལ་དུ་ཐུགས་ཀར་བསྐོར། །སྦྱོར་མཚམས་ནས་ཐོན་མདུན་གྱི་སྦྱོར་མཚམས་ནས། །ཚུར་བྱོན་རང་གི་སྦྱོར་མཚམས་ནས་ཞུགས་ཏེ། །གསང་བའི་སྦྱོར་མཚམས་ནས་ཞུགས་ཐུགས་ཀར་འཁོར། །ཞལ་ནས་ཐོན་ཏེ་ལྟེ་བའི་སྦྱོར་མཚམས་ཞུགས། །ཐུགས་ཀར་གཡས་བསྐོར་ཞལ་ནས་ཐོན་པ་སྟེ། །ཐུགས་ཀའི་ལྷ་ཡི་སྦྱོར་མཚམས་ནས་ཞུགས་ཏེ། །ཐུགས་དབུས་སྔགས་ལ་གཡས་བསྐོར་གཅིག་བྱས་ནས། །ཐུགས་སྲོག་ཧྲཱིཿཡིག་མཐིང་ག་ལ་ཐིམ་ནས། །སྤྱན་རས་གཟིགས་དབང་རིགས་ལྔའི་བྱིན་རླབས་དང་། །དངོས་གྲུབ་ཐམས་ཅད་བདག་གིས་ཐོབ་པར་བསྒོམ། །དེ་ལྟར་ སྔགས་རིང་བརྒྱ་སྟོང་སྦྲེལ་བ་ཡི། །ཕྲེང་བ་གཅུད་བཅུ་བརྒྱབ་ཅིང་འཁོར་བ་ནི། །དཔེར་ན་སྲོག་ཆགས་སྦྲུལ་གྱི་འགྲོས་ལྟ་བུ། །མྱུར་བའི་ཚད་ནི་འགལ་མེའི་འཁོར་ལོ་བཞིན། །གཅུད་བརྒྱབ་ནུས་པས་བདག་མདུན་བཅུ་པོ་ཡི། །ཐུགས་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །ཕྱོགས་བཅུའི་བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་བྱང་སེམས་ཐམས་ཅད་འོད་དེས་མཆོད། །དེ་དག་སྐུ་ལས་སྤྱན་གཟིགས་ཡབ་ཡུམ་སྐུ། །དཀར་སེར་དམར་ལྗང་མཐིང་ག་ཆེ་ཕྲའི་ཚོགས། །གསུང་ལས་སྔགས་སྒྲ་ཨ་ལཱི་ཀཱ་ལི་དང་། །ཐུགས་ལས་ཕྱག་མཚན་པདྨ་ཧྲཱིཿས་མཚན་པ། །བུན་ནེ་ཆིལ་ལེ་ཕྱོགས་བཅུ་ཀུན་ནས་བྱོན། །མཚོ་ལ་ཆར་དྲག་བབས་བཞིན་བདག་མདུན་ལ། །སིབ་སིབ་ཐིམ་པས་བྱིན་རླབས་དངོས་གྲུབ་ཐོབ། །དེ་ནི་སྒྲུབ་པའི་དམིགས་རིམ་གཙོ་བོ་ཡིན། །དེ་ནས་སྔགས་ཕྲེང་དེ་ཉིད་འཁོར་བཞིན་ལས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུ་ ཁྱབ་པར་འཕྲོས། །སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ངོ་བོར་གྱུར། །བཅུད་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་ལྷ། །རྒྱལ་བ་རྒྱ་མཚོ་ལྷ་དགུའི་ཚོགས་སུ་གྱུར། །ཀུན་གྱིས་བདག་གི་རམ་བུ་བཀྱག་བྱེད་ཅིང་། །འབྱུང་བའི་སྒྲ་སོགས་སྒྲ་ཀུན་སྔགས་ཀྱི་སྒྲ། །བུང་བ་ཚང་ཞིག་ལྟ་བུར་ཟི་རི་རི། །དེ་ལྟར་སྒོམ་མཁན་རྣམས་ཀྱང་རང་གི་ས

【漢語翻譯】 臍輪父母的,交合處進入,父親的心間收攝。從口中出來,返回自己,從口中出來,進入前生本尊的口中。向上來到頂輪,進入父親的口中,在心中右旋,從交合處出來。向下到喉間,進入父親的口中,在心中右旋,從交合處,出來進入臍輪父親的口中。在心中右旋,從交合處出來,進入密處的父親口中,在心中旋轉。從交合處出來,從前面的交合處,返回從自己的交合處進入,從密處的交合處進入,在心中旋轉。從口中出來,進入臍輪的交合處,在心中右旋,從口中出來,進入心間的本尊交合處,在心中中央,對咒語右旋一週后,心命(ཧྲཱིཿ,hrih,赫利,大種性)字融入藍色中。觀想自己獲得觀世音五部種姓的加持和,一切成就。如此, 長咒百千相連的,念珠收攝十次旋轉,例如像動物蛇的行走一樣。快速的程度像火鐮的輪子一樣。能收攝,自己和麵前十方,心間發出各種光芒,照耀十方。供養十方上師、本尊、空行母和,一切佛菩薩。從他們的身中,觀世音父母身,白色、黃色、紅色、綠色、藍色大小的眾,語中發出咒語的聲音,阿利嘎利等,心中發出手印蓮花(ཧྲཱིཿ,hrih,赫利,大種性)字等。嗡嗡作響,從十方而來。像暴雨落入海中一樣,融入自己和麵前,獲得加持和成就。這是修持的主要次第。之後,咒語念珠如是旋轉,各種光芒照耀十方, 遍佈。所有器世間都變成宮殿,成為大悲觀世音的壇城自性。所有有情眾生都變成本尊,成為如海勝者九尊的集合。一切都為我拉動韁繩,發生的聲音等一切聲音都是咒語的聲音,像蜂巢一樣嗡嗡作響。如是修行者們也

【英語翻譯】 Of the navel chakra father and mother, enter from the union point, and draw into the father’s heart. Coming out of the mouth, returning to oneself, coming out of the mouth, enter the mouth of the front-generated deity. Ascending to the crown chakra, enter the father’s mouth, circling clockwise in the heart, and emerge from the union point. Descending to the throat, enter the father’s mouth, circling clockwise in the heart, from the union point, emerge and enter the navel chakra father’s mouth. Circling clockwise in the heart, emerging from the union point, enter the secret place father’s mouth, circling in the heart. Emerging from the union point, from the front union point, returning and entering from one’s own union point, entering from the secret place union point, circling in the heart. Coming out of the mouth, enter the navel chakra union point, circling clockwise in the heart, coming out of the mouth, enter the heart chakra deity’s union point, in the center of the heart, circle the mantra clockwise once, the heart-essence (ཧྲཱིཿ,hrih,赫利,The Great Cause) syllable dissolves into blue. Contemplate that I have obtained the blessings and all the attainments of the five families of Avalokiteśvara. Thus, The long mantra connected by hundreds of thousands, the rosary is drawn in ten times and rotated, for example, like the movement of a snake. The speed is like a fire wheel. Being able to draw in, oneself and the ten directions in front, from the heart emanate various rays of light, illuminating the ten directions. Offering to the gurus, yidams, dakinis of the ten directions, and all the Buddhas and Bodhisattvas. From their bodies, the forms of Avalokiteśvara father and mother, white, yellow, red, green, blue, large and small groups, from the speech emanate the sounds of mantras, Ali Kali, etc., from the heart emanate hand symbols, lotus (ཧྲཱིཿ,hrih,赫利,The Great Cause) syllable, etc. Humming, buzzing, coming from all ten directions. Like a heavy rain falling into the ocean, dissolving into oneself and in front, obtaining blessings and attainments. This is the main sequence of practice. Then, as the mantra rosary rotates, various rays of light illuminate the ten directions, spreading everywhere. All the container world becomes a palace, becoming the nature of the mandala of Great Compassion Avalokiteśvara. All sentient beings become yidams, becoming the assembly of the nine deities of the Victorious Ones like the ocean. Everything pulls my reins, the sounds that occur, etc., all sounds are the sounds of mantras, buzzing like a beehive. Thus, practitioners also

============================================================

================== 第 4 段 ================== 【原始藏文】 ེམས། །སེམས་འདི་ཡེ་ནས་འགྱུར་མེད་ཆོས་ཀྱི་སྐུ། །ཡིན་ལ་ཡིན་པར་ཤེས་པའི་གདེང་ལྡན་པ། །འདི་ནི་སྒྲུབ་པ་ཀུན་གྱི་སྤྱི་འགྲོས་གསུང་། །དེ་ལྟར་བསྒོམ་པ་སྒྲུབ་པ་ཆེན་པོའོ། །ཟབ་ཁྱད་སྔགས་རིང་བཻ་རོ་ཙ་ནཱི་ཡེ། །ཧ་རི་ནི་ས། རི་ནི་ཧ་ས། །ནི་རི་ས་ཧ། ས་ནི་རི་ཧ། ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླས་དེ་རྣམས་ཐུན་རེར་རྫོགས་པར་བྱ། །དགོང་མོ་ཐུན་མཚམས་ཚོགས་མཆོད་འབུལ་བ་དང་། །ཐུན་གཞན་གསུམ་ལ་ཐུན་མཚམས་གཏོར་བསྔོས་བྱ། །ཐུན་བསྡུ་རྫོགས་རིམ་བསྔོ་ སྨོན་ཚར་བའི་རྗེས། །ཐུན་མཚམས་དགེ་སྦྱོར་ཆགས་མེད་རིགས་རྣམས་བྱ། །དེ་ལྟར་ཐུན་བཞིར་ཞག་དྲུག་བསྒྲུབས་པའི་རྗེས། །སྔ་ཐུན་བདག་མདུན་ཚར་རྗེས་གོང་ལྟར་དུ། །སྔགས་ཕྲེང་མུ་ཏིག་ཕྲེང་བ་ལྟར་འཁོར་བས། །སྐུ་ལས་འོད་ཟེར་དཀར་པོ་སྟོན་ཟླའི་མདོག །ཤི་སོས་བདུད་རྩི་ལྟ་བུ་བྱིན་རླབས་ཅན། །འཕྲོས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་སྡུག་བསྔལ་ཡིད་མི་བདེ་བ་ཀུན། །མུན་པར་ཟླ་ཤར་ལྟ་བུར་སངས་སེ་དག །འོད་ཟེར་དཀར་པོས་ཞི་བའི་དངོས་གྲུབ་ཀུན། །བསྡུས་ནས་བདག་དང་བསྲུང་བྱ་ལ་ཐིམ་པས། །ཞི་བ་ཆེན་པོའི་དངོས་གྲུབ་ཐོབ་པར་བསྒོམ། །སྔགས་རིང་ཧ་རི་ནི་སའི་མཇུག་དེ་རུ། །འཇིགས་བརྒྱད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཅི་ལྕོགས་བཟླས་རྗེས་གཏོར་བསྔོས་ཐུན་བསྡུ་བྱ། །གྲོས་ཆེན་ནས་བཟུང་བདག་མདུན་ཚར་གཅིག་རྗེས། །བདག་མདུན་བར་དུ་སྔགས་ཕྲེང་འཁོར་བཞིན་ལས། ། སྔགས་ཕྲེང་སེར་པོ་རྨ་བྱའི་སྒྲོ་ཆུན་བཞིན། །ཁ་དོག་ལྔ་ཡི་མདངས་དང་ལྡན་པར་འཁོར། །དེ་མཐུན་བདག་མདུན་ལྷ་རྣམས་ཐུགས་བརྒྱུད་བསྐུལ། །ལྷ་ཚོགས་ཀུན་ལས་བཙོ་མ་གསེར་མདོག་འོད། །སྤྲིན་མེད་ཉི་མའི་འོད་བཞིན་ཕྱོགས་ཀུན་ཁྱབ། །བདག་དང་འགྲོ་བའི་བསོད་ནམས་ཡེ་ཤེས་རྒྱས། །འོད་ཟེར་ཚུར་འདུས་བདག་དང་བསྲུང་བྱར་ཐིམ། །དཔལ་འབྱོར་ཉམས་རྟོགས་ཡོན་ཏན་རྒྱས་པར་བསྒོམ། །སྔགས་རིར་བཻ་རོ་ཙ་ནཱི་ཡེ་ཡི་མཇུག །རི་ནི་ཧ་ས་འབྱོར་དྲུག་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཅི་ནུས་བཟླས་རྗེས་གཏོར་བསྔོས་ཐུན་བསྡུ་བྱ། །དེ་ནས་དགོང་མོ་བདག་མདུན་ཚར་གཅིག་རྗེས། །སྔགས་ཕྲེང་བྱེརུའི་མདོག་ཅན་ལྕགས་སྒྲོག་དབྱིབས། །འཁྱོག་ཅིང་གུག་པའི་ཚུལ་དུ་འཁོར་བ་ལས། །བདག་མདུན་ལྷ་ཚོགས་ཀུན་ལས་འོད་ཟེར་ནི། །དམར་པོ་ལྕགས་ཀྱུའི་དབྱིབས་ཅན་ཕྱོགས་བཅུར་འཕྲོས། །སྣོད་བཅུད་འཁོར་འདས་ཀུན་གྱི་དངོས་གྲུབ་བཅུད། ། སིབས་སེ་བསྡུས་ནས་བདག་ལ་ཐིམ་པ་ཡིས། །ཕྲིན་ལས་འགྲོ་དོ

【漢語翻譯】 唉瑪!此心本即不變法身,確信無疑者,此乃一切修持之總綱。如是禪修乃大修持。甚深殊勝長咒 བཻ་རོ་ཙ་ནཱི་ཡེ། (藏文) ཧ་རི་ནི་ས། (藏文) རི་ནི་ཧ་ས། (藏文) ནི་རི་ས་ཧ། (藏文) ས་ནི་རི་ཧ། (藏文) ཧཱུྃ་ཕཊ་སྭཱ་ཧཱ། (藏文, हूं फट् स्वाहा,hūṃ phaṭ svāhā, 吽 啪 梭哈)如是念誦,每次修法圓滿。傍晚修法間隙,供養會供,其餘三次修法間隙,作朵瑪供養。修法結束,圓滿次第迴向發願后,修法間隙,行無執著之善行。如是四座修法,六日後,早晨修法,自前唸誦圓滿后,如前一般,咒鬘如摩尼寶珠般旋轉,身發白色光芒,如秋月之色,如起死回生之甘露般具加持力,照耀自身及一切眾生,罪障痛苦,一切不悅,如暗中月亮升起般清凈。白色光芒攝集一切寂靜成就,融入自身及守護對象,觀想獲得大寂靜成就。長咒 ཧ་རི་ནི་ས། (藏文)之末尾,加念 འཇིགས་བརྒྱད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། (藏文,अष्ट भय शान्तिं कुरु स्वाहा,aṣṭa bhaya śāntiṃ kuru svāhā,息滅八怖畏 梭哈)盡力唸誦后,作朵瑪供養,結束脩法。從《廣大經》開始,自前唸誦一遍后,自前之間,如前咒鬘旋轉, 黃色咒鬘如孔雀翎羽般,具五彩光芒般旋轉,依此,自前本尊心意相續祈請,從一切本尊眾中,發出純金之色光芒,如無雲晴空之日光般遍佈一切方,自身及眾生之福德智慧增長,光芒收攝融入自身及守護對象,觀想財富、覺受、功德增長。咒語 བཻ་རོ་ཙ་ནཱི་ཡེ། (藏文)之末尾,加念 རི་ནི་ཧ་ས་འབྱོར་དྲུག་པུཥྚིཾ་ཀུ་རུ་སྭཱ་ཧཱ། (藏文,रि नि ह स षड् ऐश्वर्य पुष्टिं कुरु स्वाहा,ri ni ha sa ṣaḍ aiśvarya puṣṭiṃ kuru svāhā,日 尼 哈 薩 六 財富 增長 梭哈)盡力唸誦后,作朵瑪供養,結束脩法。之後,傍晚自前唸誦一遍后,咒鬘如貓眼石之色,如鐵鉤之形,以彎曲之姿態旋轉,從自前本尊眾中發出光芒,紅色如鐵鉤之形,照耀十方,攝集一切器情世間及輪迴涅槃之成就精華, 迅速收攝融入自身,事業成辦。

【英語翻譯】 Ema! This mind is inherently the unchanging Dharmakaya. Having confidence in knowing it as it is, this is said to be the general principle of all practices. To meditate in this way is a great practice. The profound and extraordinary long mantra: Vairocaniye. Hari Nisa. Rini Hasa. Niri Saha. Sani Riha. Hūṃ Phaṭ Svāhā. Recite these completely in each session. In the evening, offer a Tsok offering during the session break, and offer Torma offerings during the breaks of the other three sessions. After completing the session, the completion stage, dedication, and aspirations, engage in virtuous activities without attachment during the session breaks. After practicing in four sessions for six days in this way, after completing the self-visualization in the morning session, as before, the mantra garland rotates like a string of pearls, white rays of light emanate from the body, the color of the autumn moon, like the nectar of resurrection, possessing blessings. By radiating, all the sins, obscurations, sufferings, and unpleasantness of myself and all sentient beings are purified, like the moon rising in the darkness. All the peaceful accomplishments are gathered by the white rays of light and dissolve into myself and the object of protection. Meditate on attaining the great peaceful accomplishment. At the end of the long mantra Hari Nisa, add the recitation of “Aṣṭa Bhaya Śāntiṃ Kuru Svāhā” as much as possible, then make Torma offerings and conclude the session. Starting from the “Extensive Sutra,” after reciting the self-visualization once, between the self and the front, as the mantra garland rotates, The yellow mantra garland rotates like a bunch of peacock feathers, possessing the radiance of five colors. Accordingly, invoke the mind streams of all the deities in the self and the front. From all the deities, rays of pure gold color, like the sunlight of a cloudless sky, pervade all directions. The merit and wisdom of myself and beings increase. The rays of light gather back and dissolve into myself and the object of protection. Meditate on the increase of wealth, experiences, and qualities. At the end of the mantra Vairocaniye, add the recitation of “Ri Ni Ha Sa Ṣaḍ Aiśvarya Puṣṭiṃ Kuru Svāhā” as much as possible, then make Torma offerings and conclude the session. Then, in the evening, after reciting the self-visualization once, the mantra garland, the color of cat’s eye, in the shape of an iron hook, rotates in a curved and bent manner. From all the deities in the self and the front, rays of light, red in color and in the shape of an iron hook, radiate in the ten directions, gathering the essence of all the accomplishments of the container world and its contents, samsara and nirvana, Quickly gathering and dissolving into myself, accomplishing activities.

============================================================

================== 第 5 段 ================== 【原始藏文】 ན་ལྷུན་གྲུབ་དངོས་གྲུབ་ཐོབ། །སྔགས་རིང་བཻ་རོ་ཙ་ནཱི་ཡེ་ཡི་མཇུག །ནི་རི་ས་ཧ་ཁམས་གསུམ་བ་ཤངྐུ་རུ་སྭཱ་ཧཱ། ཞེས་བཟླས་གཏོར་བསྔོས་ཐུན་བསྡུ་གོང་ལྟར་རོ། །མུན་རུབ་སླར་ཡང་བདག་མདུན་ཚར་གཅིག་རྗེས། །བདག་མདུན་བར་དུ་སྔགས་ཕྲེང་གོང་ལྟར་ལས། །སྔགས་ཕྲེང་ལྗང་ནག་ཐག་འཁྱུག་ལྟ་བུ་དེས། །བདག་མདུན་ཀུན་གྱི་ཐུགས་དམ་རྒྱུད་བསྐུལ་བས། །འོད་ཟེར་སྔོན་པོའམ་ལྗང་ནག་ཕྱོགས་བཅུར་འཕྲོས། །འོད་ཟེར་རྩུབ་ཅིང་ཚ་བའི་རེག་བྱ་ཡིས། །བདུད་བཞི་ལོག་འདྲེན་དགྲ་བགེགས་ཐམས་ཅད་ནི། །བ་མོར་ཉི་ཟེར་ཕོག་བཞིན་ཚར་བཅད་དེ། །འོད་རྣམས་ཚུར་འདུས་བདག་ལ་ཐིམ་པ་ཡིས། །མཐུ་རྩལ་ནུས་པ་ཐོགས་མེད་དངོས་གྲུབ་ཐོབ། །སྔགས་རིང་བཻ་རོ་ཙ་ནཱི་ཡེ་ཡི་མཇུག །ས་ནི་རི་ཧ་དགྲ་བགེགས་མཱ་ར་ཡ་ཕཊ། །དེ་ནས་གཏོར་བསྔོས་ཐུན་ བསྡུ་ཉལ་བ་ཡིན། །ཕྱིར་ནང་བདག་མདུན་ཚར་གཅིག་ཚར་བའི་རྗེས། །ཕུན་སུམ་ཚོགས་པའི་སྦྱིན་སྲེག་གྲུབ་ན་རབ། །མ་ཐོན་ན་ཡང་ཆད་པའི་སྐྱོན་ནི་མེད། །དེ་ལྟར་ནང་སྒྲུབ་གསང་སྒྲུབ་དྲིལ་སྒྲུབ་གསུམ། །མདུན་བསྐྱེད་གཙོ་བོ་སྤྲོས་བཅས་ཡིན་པའི་ཕྱིར། །མཆོད་པ་ཚོགས་གཏོར་གཟབས་པ་གལ་ཆེ་ཞིང་། །སྒྲུབ་པ་དར་དྲག་ཡུན་ཐུང་བརྩོན་འགྲུས་བསྐྱེད། །གལ་ཏེ་དྲིལ་སྒྲུབ་ཟླ་གཅིག་བྱེད་འདོད་ན། །དངོས་གཞི་བདུན་གསུམ་ལས་སྦྱོར་ཞག་བདུན་བྱ། །ཞག་གཅིག་སྦྱིན་སྲེག་ཞག་གཅིག་བདག་འཇུག་དང་། །ཚོགས་མཆོད་རྗེས་ཆོག་ལ་སོགས་བྱ་བ་ཡིན། །ཕྱི་ནང་གསང་གསུམ་དྲིལ་ཏེ་སྒྲུབ་པའི་ཐབས། །ཟབ་ཅིང་མྱུར་བའི་རླུང་སྒྲུབ་གདམས་པ་འདི། །མཐར་ཕྱིན་ཐབས་མཁས་གཉིས་ཀྱིས་བསྐུལ་བ་དང་། །རིག་འཛིན་སྤྲུལ་སྐུའི་དགོངས་པ་རྫོགས་པའི་ཕྱིར། །ལུག་ལོ་ས་ག་ཟླ་བའི་ཚེས་དགུ་ཡི། །ཕྱི་དྲོའི་ཐུན་ལ་རཱ་ག་ཨ་སྱེས་གདམས། །ཡི་ གེ་པ་ནི་སློབ་བུ་མཐར་ཕྱིན་ནོ། །འདི་བྲིས་འགལ་འཁྲུལ་ཉེས་པ་ལྷ་ལ་བཤགས། །དགེ་བས་སྤྲུལ་སྐུ་ཟག་མེད་ཐུགས་དགོངས་རྫོགས། །འདི་དང་འབྲེལ་པ་ཐོགས་ཚད་འགྲོ་བ་རྣམས། །ཐུགས་རྗེ་ཆེན་པོ་དགོས་སུ་འགྲུབ་གྱུར་ཏེ། །འབྲེལ་ཚད་དོན་ལྡན་མངོན་པར་སངས་རྒྱས་ཤོག །སརྦ་མངྒ་ལཾ།། ༈ །། མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐ

【漢語翻譯】 那,成就所愿。長咒 毗盧遮那 尼耶 的結尾。尼日薩哈,三界,瓦香古汝 梭哈。(藏文:ནི་རི་ས་ཧ་ཁམས་གསུམ་བ་ཤངྐུ་རུ་སྭཱ་ཧཱ།,梵文天城體:निरिसह खम्सगुम् बशङ्कुरु स्वाहा,梵文羅馬擬音:nirīsaha khamsgum baśaṅkuru svāhā,漢語字面意思:尼日薩哈,三界,瓦香古汝,梭哈。)如是念誦、供施、迴向、收攝,如前。昏暗時,再次自身與對生各一次之後。自身與對生之間,咒鬘如前。咒鬘綠黑色,如線旋轉般,策勵自身與對生一切之意誓,發出藍色或綠黑色光芒,射向十方。光芒粗糙熾熱的觸感,令四魔、邪引、仇敵、障礙一切,如陽光照在冰雹上般消滅。光芒收回融入自身,獲得威力、能力、無礙成就。長咒 毗盧遮那 尼耶 的結尾。薩尼日哈,仇敵障礙,瑪拉雅 啪。(藏文:ས་ནི་རི་ཧ་དགྲ་བགེགས་མཱ་ར་ཡ་ཕཊ།,梵文天城體:सनिरिह द्रबगेग्स् मारय फट्,梵文羅馬擬音:saniriha drabgegs māraya phaṭ,漢語字面意思:薩尼日哈,仇敵障礙,瑪拉雅,啪。)之後供施、迴向、收攝而眠。內外自身與對生各一次之後,圓滿的火供成就則妙。未成就亦無中斷之過。如是內修、秘密修、總集修三種,因對生本尊為主,故需詳細供養會供朵瑪,修持興盛、迅速,生起精進。若欲總集修一月,則正行七三二十一,加行七日。一日火供,一日自入,以及會供、後行等事。內外密三種總集而修之法,此甚深迅速之風修訣竅,因最終圓滿方便二者勸請,以及為使持明轉世者之意圓滿,羊年(未確認年份)薩嘎月(藏曆四月)初九之傍晚,由Ra Ga A Sye所傳授。書寫者為弟子最終圓滿。此書寫之錯誤,向諸神懺悔。愿以此善業,使轉世者無漏之意圓滿。與此相關者,凡所觸及之眾生,皆能成就大悲,凡結緣者皆具意義,愿速證菩提。薩瓦 芒嘎拉姆。(藏文:སརྦ་མངྒ་ལཾ།,梵文天城體:सर्व मङ्गलम्,梵文羅馬擬音:sarva maṅgalam,漢語字面意思:一切吉祥。)༈ །། 雖具足所需受用,然不積聚,雖有欲妙眷屬眾多,然不貪執,三學藏經之智慧寶庫,安置於捨棄與讀誦之心中央。此乃大圓滿導師噶瑪 涅頓 孫饒 丹貝 嘉燦所說。

【英語翻譯】 Na, may accomplishments be attained. The conclusion of the long mantra of Vairochana Niye. Niri Saha, three realms, Va Shangku Ru Svaha. (Tibetan: ནི་རི་ས་ཧ་ཁམས་གསུམ་བ་ཤངྐུ་རུ་སྭཱ་ཧཱ།, Sanskrit Devanagari: निरिसह खम्सगुम् बशङ्कुरु स्वाहा, Sanskrit Romanization: nirīsaha khamsgum baśaṅkuru svāhā, Literal Chinese Meaning: Niri Saha, three realms, Va Shangku Ru Svaha.) Recite, offer, dedicate, and gather as before. When darkness falls, repeat the practice once each for oneself and the front visualization. Between oneself and the front visualization, the mantra garland proceeds as before. The green-black mantra garland, like a swirling thread, stimulates the heart commitment lineage of all oneself and the front visualization, emitting blue or green-black rays of light, projecting in the ten directions. The rough and hot touch of the rays eliminates all the four maras, misleading influences, enemies, and obstacles, like sunlight hitting hail. The rays gather back and dissolve into oneself, attaining power, ability, and unobstructed accomplishments. The conclusion of the long mantra of Vairochana Niye. Sa Niriha, enemies and obstacles, Maraya Phet. (Tibetan: ས་ནི་རི་ཧ་དགྲ་བགེགས་མཱ་ར་ཡ་ཕཊ།, Sanskrit Devanagari: सनिरिह द्रबगेग्स् मारय फट्, Sanskrit Romanization: saniriha drabgegs māraya phaṭ, Literal Chinese Meaning: Sa Niriha, enemies and obstacles, Maraya Phet.) After that, offer, dedicate, gather, and sleep. After completing the practice once each for outer and inner self and the front visualization, it is excellent if the fully accomplished fire offering is achieved. Even if it is not achieved, there is no fault of interruption. Thus, the three practices of inner practice, secret practice, and combined practice, because the front visualization is the main focus, it is important to carefully offer the tsok and torma, and generate diligence for a flourishing, powerful, and short-term practice. If one wishes to do the combined practice for a month, then the main practice is seven times three, twenty-one, and the preliminary practice is seven days. One day for fire offering, one day for self-entry, and activities such as tsok offering and subsequent rituals. The method of combining and practicing the three outer, inner, and secret aspects, this profound and swift wind practice instruction, because of the urging of the two, ultimate and skillful means, and in order to fulfill the intention of the vidyadhara tulku, on the ninth day of the Saga month (Tibetan fourth month) of the Sheep year (year not confirmed), in the evening session, it was taught by Ra Ga A Sye. The scribe is the student who has ultimately completed. I confess to the deities the mistakes and errors in this writing. May this virtue fulfill the intention of the stainless tulku. May all beings connected to this, all who are touched by it, achieve great compassion, and may all who are connected be meaningful, may they quickly attain enlightenment. Sarva Mangalam. (Tibetan: སརྦ་མངྒ་ལཾ།, Sanskrit Devanagari: सर्व मङ्गलम्, Sanskrit Romanization: sarva maṅgalam, Literal Chinese Meaning: All auspiciousness.) ༈ །། Although possessing abundant resources, do not accumulate them, although having many desirable qualities and retinues, do not be attached to them, the treasury of wisdom of the three trainings and scriptures, place it in the center of the heart of renunciation and reading. This was said by Dzogchen master Karma Ngedon Sungrap Tenpai Gyaltsen.

============================================================

================== 第 6 段 ================== 【原始藏文】 ུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །། དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས་ལྷ་དགུའི་དྲིལ་སྒྲུབ་ཀྱི་ཟིན་བྲིས།

【漢語翻譯】 在某位鄔僧(音譯)于卡丁(音譯)洞所寫,吉祥增盛。 薩爾瓦 芒嘎朗(藏文,梵文天城體:सर्व मङ्गलम्,梵文羅馬擬音:sarva maṅgalaṃ,漢語字面意思:一切吉祥)。 具光世間自在儀軌筆記,明晰解脫之道大路,九尊神鈴法成就之筆記。

【英語翻譯】 Written at Khading (phonetic) Cave by a certain U Seng (phonetic), may auspiciousness increase. Sarva Mangalam (藏文,梵文天城體:सर्व मङ्गलम्,梵文羅馬擬音:sarva maṅgalaṃ,漢語字面意思:All auspiciousness). A note on the ritual of glorious Lokeshvara, the great path of clear liberation, a note on the bell practice of the nine deities.

============================================================