KMC014_0010.大悲勝者海五尊之極密心要修法.三身四身引導合集之筆記g2.0f
================== 第 1 段 ================== 【原始藏文】 ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་ཡང་གསང་སེམས་ལ་བཀོད་པའི་སྒྲུབ་ཐབས་སྐུ་གསུམ་སྐུ་བཞི་ངོ་སྤྲོད་རྣམས་གཅིག་ཏུ་བསྡོམ་པའི་ཟིན་བྲིས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་ཡང་གསང་སེམས་ལ་བཀོད་པའི་སྒྲུབ་ཐབས་སྐུ་གསུམ་སྐུ་བཞི་ངོ་སྤྲོད་རྣམས་གཅིག་ཏུ་བསྡོམ་པའི་ཟིན་བྲིས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་ཡང་གསང་སེམས་ལ་བཀོད་པའི་སྒྲུབ་ཐབས་སྐུ་གསུམ་སྐུ་བཞི་ངོ་སྤྲོད་རྣམས་གཅིག་ཏུ་བསྡོམ་པའི་ཟིན་བྲིས་བཞུགས་སོ། ། ན་མོ་ལོ་ཀེ་ཤྭ་ར་ཀཱ་ཡ་ཙ་ཏུར་ཡེ། །སྐུ་བཞིའི་བདག་ཉིད་བཅོམ་ལྡན་འདས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བཀའ་གནང་བྱིན་གྱིས་བརླབ་ཏུ་གསོལ། །རྡོ་རྗེ་སྙིང་པོའི་རྒྱ་གཞུང་ལས། །ཕྱི་ལྟར་རྒྱལ་བ་རྒྱ་མཚོའི་ཚོགས། །མ་ལུས་ཕྱི་རུ་འགོད་པ་དང་། །ནང་ལྟར་ལུས་ལ་འགོད་པ་དང་། །གསང་བ་རྩ་ལ་འགོད་པ་དང་། །ཡང་གསང་དེ་ཉིད་སེམས་ལ་འགོད། །དེ་ཡང་བསྙེན་སྒྲུབ་ལས་གསུམ་སྟེ། །ཡང་གསང་འབྲས་བུར་ངོ་སྤྲོད་བྱ། །གསུངས་པའི་ ངོ་སྤྲོད་དེ་ཉིད་ནི། །སྐུ་གསུམ་སྐུ་བཞིའི་ངོ་སྤྲོད་ཡིན། །ཟབ་ཆོས་སྐུ་གསུམ་ངོ་སྤྲོད་དེ། །ཏཻ་ལོ་ནཱ་རོ་ནས་བརྒྱུད་ཏེ། །སྙན་བརྒྱུད་ཡི་གེ་མེད་པ་ཡིན། །རིན་ཆེན་གླིང་པའི་ཤོག་སེར་ལས། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ཀྱི། །རྒྱ་བོད་ཧོར་གསུམ་འདུལ་བ་ཡི། །དུས་གསུམ་མཁྱེན་པ་མཚུར་ཕུ་ཞེས། །གྲགས་པ་ཀརྨའི་མིང་ཅན་འབྱུང་། །ཨོ་རྒྱན་ང་ཡི་ཟབ་ཆོས་ལས། །རྩལ་དང་ཡོན་ཏན་རྫོགས་པར་སྟོན། །ཞེས་གསུངས་ལུང་ བསྟན་ཇི་བཞིན་ཏུ། །རང་བྱུང་རྡོ་རྗེས་ཡིག་གེར་བཀོད། །དེ་རྗེས་ཡབ་སྲས་ན་རིམ་རྣམས། །ཁྲིད་ཡིག་རྒྱས་བསྡུས་མང་དུ་མཛད། །ཟིན་བྲིས་བསྐྱེད་རྫོགས་ཆ་ཚང་ཕྱིར། །རྩ་ཚིག་ཉམས་སུ་བླང་བདེར་བཀོད། །དབང་པོ་ཐ་མའི་གང་ཟག་ལ། །སྐྱབས་སེམས་ཡིག་བརྒྱ་མཎྜལ་ཏེ། །ལྷ་ལྔའི་ཆོ་ག་དོན་གྱིས་ཚང་། །དབང་པོ་འབྲིང་གི་གང་ཟག་ལ། །གནད་བཞི་ཆོས་ཀྱི་འཁོར་ལོ་བསྐོར། །བཅའ་བ་ལུས་ཀྱི་གནད་དང་གཅིག །མོས་གུས་བླ་མའི་གནད་དང་གཉིས། །སྲོག་རྩོལ་རླུང་གི་གནད་དང་གསུམ། །རྩོལ་བ་ལུས་སྦྱོང་གནས་དང་བཞི། གནད་བཞི་ལྡན་པའི་གཏུམ་མོ་བསྒོམ། །གསང་སྒྲུབ་རྣམས་ལ་དོན་གྱིས་ཚང་། །རྒྱས་པར་གཞན་དུ་གསལ་ལྟར་ཡིན། །རྫོགས་རིམ་བསྐྱེད་རིམ་འདི་རྣམས་ཀྱང་། །རྣམ་པར་རྟོག་པའི་བསྐྱེད་རིམ་མིན། །རྣམ་པར་མི་རྟོག་བསྐྱེད་རིམ་སྟེ། །སྟོང་ཉིད་ལ
【漢語翻譯】 大悲勝者海五尊之極密心要修法,三身四身引導合集之筆記。 大悲勝者海五尊之極密心要修法,三身四身引導合集之筆記。 大悲勝者海五尊之極密心要修法,三身四身引導合集之筆記 完畢。 那摩 洛給 效啦 嘎雅 匝 德爾耶。(藏文:ན་མོ་ལོ་ཀེ་ཤྭ་ར་ཀཱ་ཡ་ཙ་ཏུར་ཡེ། ,梵文天城體:नमो लोकेश्वर काय चतुरे,梵文羅馬擬音:namo lokeśvara kāya cature,漢語字面意思:頂禮 觀自在 身 四)。四身自性薄伽梵,觀世音菩薩我頂禮。祈請賜予加持。金剛藏續部中說,外為勝者海之眾,無餘安置於外境,內為安置於身,秘密安置於脈,極密即是安置於心。彼即是念誦修持事業三者,極密引導至果。所說之引導即是,三身四身之引導。甚深法三身引導者,乃自泰洛巴、那若巴所傳,口耳傳承無文字。仁欽林巴之黃紙中說,大悲觀世音,勝者海之事業,調伏漢藏蒙三地者,三世知者名「楚布」,具名噶瑪者將出現。鄔金我之甚深法中,將示現功德與能力圓滿。如是授記之語,讓炯多杰書于文字。其後父子相續諸位,著有廣略引導文甚多。為使筆記生圓次第完整,故將根本詞句易於修持而著。對於下根之人,皈依發心百字明,壇城即是,五尊儀軌意義圓滿。對於中根之人,四要法輪轉。安立身體之要為一,虔誠上師之要為二,命勤風之要為三,勤奮身鍛鍊住處為四。具足四要修習拙火定。秘密修持等意義圓滿。廣說如其他處所明。此等圓滿次第生起次第亦非,分別念之生起次第。乃是不分別之生起次第,空性中
【英語翻譯】 A compilation of notes on the practice method of the secret mind instruction of the five deities of the Great Compassionate Gyalwa Gyatso, introducing the three kayas and four kayas. A compilation of notes on the practice method of the secret mind instruction of the five deities of the Great Compassionate Gyalwa Gyatso, introducing the three kayas and four kayas. A compilation of notes on the practice method of the secret mind instruction of the five deities of the Great Compassionate Gyalwa Gyatso, introducing the three kayas and four kayas. Completed. Namo Lokeshvara Kaya Cature (Tibetan: ན་མོ་ལོ་ཀེ་ཤྭ་ར་ཀཱ་ཡ་ཙ་ཏུར་ཡེ།, Sanskrit Devanagari: नमो लोकेश्वर काय चतुरे, Sanskrit Romanization: namo lokeśvara kāya cature, Literal Chinese meaning: Homage to Avalokiteśvara, Body, Four). The Bhagavan who is the nature of the four kayas, I prostrate to Avalokiteshvara. Please grant your blessing and empowerment. In the root text of the Vajra Essence, it says, “Outwardly, the assembly of the Gyalwa Gyatso, is placed entirely in the external realm. Inwardly, it is placed in the body. Secretly, it is placed in the channels. Most secretly, it is placed in the mind itself.” That is, the three aspects of recitation, practice, and action, the most secret is introduced to the result. The introduction that is spoken is the introduction to the three kayas and four kayas. The profound Dharma, the introduction to the three kayas, is transmitted from Tailopa and Naropa, an oral transmission without writing. In the yellow scroll of Rinchen Lingpa, it says, “The Great Compassionate Avalokiteshvara, the activity of the Gyalwa Gyatso, the one who tames the three regions of China, Tibet, and Mongolia, the one who knows the three times, named ‘Tsurphu,’ the one with the name Karma will appear. In my profound Dharma of Orgyen, he will fully manifest skill and merit.” As the prophecy was spoken, Rangjung Dorje wrote it down. After that, the successive fathers and sons wrote many extensive and concise guidebooks. In order to make the notes complete with the generation and completion stages, the root words are written down for easy practice. For individuals of the lowest capacity, refuge, bodhicitta, the hundred-syllable mantra, and the mandala, the ritual of the five deities is complete in meaning. For individuals of intermediate capacity, the four essentials turn the wheel of Dharma. Establishing the essential of the body is one, devotion to the guru is two, the essential of the life-force wind is three, and diligent physical training is four. Practice tummo with the four essentials. The meaning of secret practice and so on is complete. The extensive explanation is as explained elsewhere. These completion stage and generation stage are also not the generation stage of conceptual thought. It is the generation stage of non-conceptual thought, in emptiness.
============================================================
================== 第 2 段 ================== 【原始藏文】 ྟ་བའི་ངང་ནས་བསྒོམ། །ཉི་ཟླ་པདྨ་བརྩེགས་པའི་སྟེང་། །དྲན་ རྫོགས་རང་ཉིད་བཅོམ་ལྡན་འདས། །ཤཱཀ་ཐུབ་གཙོ་མ་གསེར་གྱི་མདོག །མཚན་དཔེའི་རྒྱན་ལྡན་སྐྱིལ་ཀྲུང་བཞུགས། །ཆོས་གོས་རྣམས་གསུམ་སྐུ་ལ་གསོལ། །ཐུགས་ཀར་ཟླ་སྟེང་ཧཱུྃ་སེར་མཚན། །རླུང་ནི་ཕར་ལ་གཏོང་བའི་དུས། །སྐུ་ལས་སངས་རྒྱས་སྟོང་རྩ་གཉིས། །ཤཱཀ་ཐུབ་བྱེ་བ་གྲངས་མེད་འཕྲོས། །འཇིག་རྟེན་ཐམས་ཅད་སེར་ལྟེམ་གང་། །དེ་དག་ཀུན་གྱི་ཆོས་གསུངས་པས། །འགྲོ་ཀུན་ཤཱཀ་ཐུབ་དེ་འདྲ་བ། །ཁོ་ནའི་སྐུ་རུ་གྱུར་པ་དེ། །རླུང་ཞིག་ཚུར་ལ་རྔུབ་པ་ཡིས། །ཐམས་ཅད་ཚུར་འདུས་དབུ་མར་ཐིམ། །མི་དམིགས་ངང་ལ་མཉམ་པར་བཞག །སྟོང་ཉིད་ངང་ནས་སྙིང་རྗེ་བསྒོམ། །རིག་པ་ལྟེ་བའི་དབུས་སུ་གཏད། །དེ་ལྟར་ཡང་ཡང་བསྒོམ་པ་ཡིས། །ཆོས་ཀུན་སྤྲུལ་སྐུར་རྟོགས་པར་གསུངས། །དེ་དོན་ཕ་བརྒྱུད་གསང་འདུས་ལས། །མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །སྐྱེ་མཆེད་ ཁམས་དང་དབང་པོ་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་གསུངས་རྒྱལ་བ་བྱམས་པས་ཀྱང་། །རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་འགྲོ་བ་སེམས་ཅན་རྣམས། །ཡི་དམ་ལྷ་ཡི་ཡང་སྤྲུལ་དུ། །དགོངས་འདུས་རྒྱུད་ལས་གསུངས་པའི་ཕྱིར། །འགྲོ་དྲུག་སྤྲུལ་སྐུ་ཉིད་ཡིན་ཀྱང་། །མ་རྟོགས་ཐ་མལ་ཞེན་པས་བསྒྲིབས། །བསྒོམ་པས་ཐ་མས་འཁྲུལ་པ་སྦྱོང་། །སྣང་སྲིད་སྤྲུལ་སྐུར་རྟོགས་པར་བཤད། །དེ་དོན་རྡོ་རྗེའི་ཚིག་རྐང་ལས། །པུལླ་ཧ་རིའི་འོག་ཁང་དུ། །སྤྲུལ་སྐུ་ཐོགས་མེད་ཆར་རྒྱུན་འབེབས། །རྡོ་རྗེའི་ཚིག་རྐང་གཉིས་དེའོ། ༈ པདྨ་ཟླ་བའི་ཉི་མའི་སྟེང་། །དྲན་རྫོགས་རང་ཉིད་སྐད་ཅིག་ནི། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །ཡབ་རྐྱང་མངོན་རྟོགས་བཞིན་དུ་བསྒོམ། །ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་ མཐར། །ཡི་གེ་དྲུག་པས་བསྐོར་བར་བསམ། །རླུང་ཞིག་ཕྱི་རུ་བུས་པའི་ཚེ། །སྣ་བུག་བ་སྤུའི་བུ་ག་ནས། །འོད་ཟེར་ཁ་དོག་སྣ་ལྔའི་ཚོགས། །ཕྱོགས་བཅུའི་འཇིག་རྟེན་ཁྱབ་པར་འཕྲོས། །རིགས་དྲུག་བར་དོར་བཅས་པ་ཡི། །འགྲོ་བ་སེམས་ཅན་མ་ལུས་པ། །ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས། །རྒྱལ་བ་རྒྱ་མཚོ་ཤ་སྟག་གྱུར། །རླུང་ཞིག་ཚུར་ལ་རྔུབ་པ་ཡིས། །ཐམས་ཅད་ཚུར་འདུས་རང་ལ་ཐིམ། །ངོ་བོ་རྗེན་པའི་ངང་ལ་བཞག །ཡང་གཅིག་འོད་ཟེར་འཕྲོས་པ
【漢語翻譯】 在觀想的狀態中禪修。在日月蓮花層疊之上, 憶念圓滿自身為薄伽梵,釋迦牟尼為主尊,金色身,具足妙相莊嚴,結跏趺坐。身披三法衣,心間月輪上,有黃色吽(藏文:ཧཱུྃ།,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)字。當向外呼氣時,從身體中發出千二百尊佛,無數億釋迦牟尼佛放射而出,整個世界充滿金黃色。由於他們都在宣說佛法,一切眾生都變得像釋迦牟尼佛一樣,完全融入他的身體中。當吸氣時,一切都收攝融入中脈。安住在無所緣的狀態中。從空性的狀態中修慈悲。將覺性安住在臍輪的中央。像這樣反覆禪修,據說一切法都能證悟為化身。其意義在父續密集金剛中說,總而言之,五蘊就是五佛,廣為人知。十二處、 十八界和六根是菩提薩埵的殊勝壇城。彌勒菩薩也說,圓滿佛身爲了放射,以及法性無二無別,因為具有佛性,一切有情眾生,恒常具有如來藏。如是說,觀想一切有情眾生,都是本尊的化身。因為在《意集經》中說,六道眾生實際上就是化身,但由於未證悟而被平凡的執著所遮蔽。通過禪修來凈化平凡的錯覺,宣說能證悟顯有為化身。其意義在金剛句中說,在普拉哈里的下層房間里,化身無礙地降下法雨,這就是兩句金剛句。蓮花、月亮、太陽之上,憶念圓滿自身剎那間為觀世音菩薩,如父續單獨尊顯現證悟般禪修。心間月輪上,有舍(藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:舍)字,周圍環繞著六字真言。當向外吹氣時,從鼻孔和毛孔中,放射出五顏六色的光芒,遍佈十方世界。六道和中陰的所有眾生,都變成圓滿報身觀世音菩薩,完全成為觀音。當吸氣時,一切都收攝融入自身。安住在赤裸本覺的狀態中。再次放射光芒
【英語翻譯】 Meditate in the state of contemplation. On top of the stacked sun, moon, and lotus, remember and perfect yourself as the Bhagavan. Shakyamuni is the main deity, with a golden body, adorned with excellent marks and signs, sitting in the vajra posture. Wear the three Dharma robes on your body. In your heart, on the moon, there is a yellow Hūṃ (藏文:ཧཱུྃ།,梵文天城體:हुं,梵文羅馬擬音:hūṃ,漢語字面意思:Seed syllable Hūṃ). When exhaling, a thousand and two Buddhas emanate from your body, and countless billions of Shakyamuni Buddhas radiate out, filling the entire world with golden light. Because they all preach the Dharma, all beings become like Shakyamuni Buddha, and they merge into his body. When inhaling, everything is gathered and dissolved into the central channel. Rest in a state of non-objectification. Meditate on compassion from the state of emptiness. Focus awareness in the center of the navel. By meditating in this way again and again, it is said that all phenomena will be realized as the Nirmāṇakāya. The meaning of this is found in the Father Tantra Guhyasamaja. In short, the five aggregates are known as the five Buddhas. The twelve sources, eighteen elements, and six faculties are the supreme mandala of the Bodhisattvas. As Maitreya Buddha also said, the complete Buddha body is for the sake of emanation, and because the Dharmatā is inseparable, and because it has the Buddha-nature, all sentient beings constantly have the essence of the Tathāgata. It is said that all sentient beings are emanations of the Yidam deity. Because it is said in the Gongdü Tantra that the six realms of beings are actually Nirmāṇakāyas, but they are obscured by the ordinary clinging of non-realization. By meditating, purify the illusion of ordinariness, and it is taught that phenomena and existence will be realized as the Nirmāṇakāya. The meaning of this is found in the Vajra verses. In the lower room of Pullāhari, the Nirmāṇakāya pours down a continuous rain of Dharma without obstruction. These are the two Vajra verses. On top of the lotus, moon, and sun, remember and perfect yourself in an instant as Avalokiteśvara, the Gyalwa Gyatso, meditate as in the Father Tantra single deity manifestation. In your heart, on the moon, there is the Hrih (藏文:ཧྲཱིཿ,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:Seed syllable Hrīḥ) syllable, surrounded by the six-syllable mantra. When blowing air outwards, from the nostrils and pores, a collection of five-colored rays of light radiates out, pervading the ten directions. All sentient beings in the six realms and the intermediate state become the Sambhogakāya Avalokiteśvara, completely becoming Avalokiteśvara. When inhaling, everything is gathered and dissolved into yourself. Rest in the state of naked awareness. Again, radiate light.
============================================================
================== 第 3 段 ================== 【原始藏文】 ་ཡིས། །དག་པའི་ཞིང་ཁམས་རབ་འབྱམས་ན། །ལོངས་སྤྱོད་རྫོགས་སྐུ་ཐམས་ཅད་ལ། །མཆོད་པའི་སྤྲིན་ཕུང་རྒྱ་མཚོས་མཆོད། །དེ་ཀུན་རྒྱལ་བ་རྒྱ་མཚོར་གྱུར། །རླུང་ཞིག་ཚུར་ལ་རྔུབ་པ་ཡིས། །ཐམས་ཅད་ཚུར་འདུས་བདག་ལ་ཐིམ། །ངོ་བོའི་སྟེང་དུ་ལྷང་ངེར་བཞག །རིག་པ་མགྲིན་པའི་གནས་སུ་གཏད། །དེ་ལྟར་ཡང་ཡང་བསྒོམ་བྱས་པས། །ཆོས་ཀུན་ལོངས་སྤྱོད་རྫོགས་ སྐུར་རྟོགས། །ཡོན་ཏན་དཔག་ཏུ་མེད་པ་འབྱུང་། །ལོངས་སྐུའི་ལྷ་ཚོགས་ཞལ་མཐོང་ཞིང་། །རང་ཉིད་མ་འོངས་ལོངས་སྐུ་ཡིས། །སེམས་ཅན་དོན་བྱེད་ནུས་པར་གསུངས། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །ངོ་བོ་སྟོང་ལ་རང་བཞིན་གསལ། །གསལ་སྟོང་ཟུང་འཇུག་ལོངས་སྐུ་ཡི། །རྟོགས་པ་ཤུགས་ཀྱིས་འཆར་བར་འགྱུར། །དེ་དོན་རྡོ་རྗེའི་ཚིག་རྐང་ལས། །པུལླ་ཧ་རིའི་བར་ཁང་དུ། །ལོངས་སྤྱོད་རྫོགས་སྐུའི་བརྡ་ཡིས་མཚོན། །ཞེས་པའི་དོན་གྱི་ཉམས་ལེན་ནོ། ༈ །རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས། །ཡང་གསང་སེམས་ལ་འགོད་པ་དང་། །དྲན་རྟོགས་ཐུགས་ཀྱི་ཁྱེར་སོ་དང་། །དབུ་ཕྱག་རྫོགས་གསུམ་ཉམས་ལེན་རྣམས། །དོན་གཅིག་མིང་གི་རྣམས་གྲངས་ཡིན། །རྡོ་རྗེ་སྙིང་པོའི་རྒྱ་གཞུང་ལས། །ཡང་གསང་སེམས་ལ་འགོད་པ་ནི། །དབེན་གནས་ཕྱི་རོལ་མི་བཙལ་ཏེ། །ལུས་འདི་གཞལ་ཡས་ཁང་ཉིད་ཡིན། །ལྷ་སྐུ་གཞན་དུ་མི་བཙལ་ཏེ། ། སེམས་ཉིད་སྐྱེ་འགགས་མེད་པ་དེ། །རིགས་ཀྱི་བདག་པོ་བླ་མ་ཡིན། །མ་རྟོགས་ཉོན་མོངས་གཏི་མུག་སྟེ། །རང་གྲོལ་ཐུགས་རྗེ་ཆེན་པོ་ཡིན། །ཡིད་བྱེད་རྟོགས་ཚོགས་འཕྲོ་བ་དེ། །རྟོགས་པས་སངས་རྒྱས་སྟོང་རྩ་ཡིན། །ཞེ་སྡང་གདུག་སེམས་ལྡན་པ་དེ། །གཞི་མེད་རྟོགས་པ་རྟ་མགྲིན་ཡིན། །འདོད་ཆགས་གདུང་སེམས་ཏུར་ཏུར་དེ། །རྩ་བྲལ་ཤར་བ་གསང་ཡེ་ཡིན། །ཉོན་མོངས་ང་རྒྱལ་རྟོག་ཚོགས་རྣམས། །ངར་འཛིན་བྲལ་བ་དཔའ་བོ་ཡིན། །ཕྲག་དོག་རླུང་ལྟར་འཚུབས་པ་དེ། །རེ་དོགས་ཟད་པ་དཔའ་མོ་ཡིན། །ཆུ་ཁམས་ཁྲག་དང་རྣམ་ཤེས་དེ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཡིན། །ས་ཁམས་ཤ་དང་ཚོར་བ་ནི། །རིན་ཆེན་མཁའ་འགྲོ་མ་ཞེས་གྲགས། །མེ་ཁམས་དྲོད་དང་འདུ་ཤེས་དེ། །པདྨ་རིགས་ཀྱི་མཁའ་འགྲོ་ཡིན། །རླུང་ཁམས་དབུགས་དང་འདུ་བྱེད་དེ། །ལས་ཀྱི་མཁའ་འགྲོ་ཞེས་སུ་བཤད། །ནམ་མཁའི་ཁམས་དང་སེམས་ ཉིད་དེ། །གཟུགས་ཀྱི་ཕུང་པོ་བདེ་གཤེགས་རིགས། །མཁའ་འགྲོ་པདྨ་དྲྭ་བའོ། །སྐྱེ་མཆེད་ཚོགས་དྲུག་དེ་ཡི་ཡུལ། །འདོད་ཡོན་མཆོད་པའི་ལྷ་མོ་ཡིན། །དགེ་དང་མི་དགེའི་རྟོག་ཚོགས
【漢語翻譯】 以……。清凈的剎土無邊中,對所有圓滿報身,以供養的雲團如海供養。彼等皆化為勝者海。以一口氣吸入,一切聚集融入我。于本體之上明朗安住。覺性置於喉間。如是再三修習,一切法皆證悟為圓滿報身。生起無量功德。面見報身之本尊眾,自身未來成為報身,被說能成辦有情之義。顯有輪迴涅槃諸法,本體空而自性明。明空雙運報身之,證悟自然生起。彼義于金剛句中,于普拉哈日之房中,以圓滿報身之表詮示。是為如是之義的修持。༈。勝者海之本尊眾,于極密心中安立,憶念覺受心之行相,以及身語意三圓滿修持等,是為一義之異名。于金剛藏續中,于極密心中安立者,不住尋覓外境之寂靜處,此身即是壇城。不住尋覓他處之本尊身,心性無生滅者,即是種姓之主上師。未證悟之煩惱愚癡,即是自解脫大悲。作意覺受生起者,以證悟即是千尊佛。嗔恨惡念具足者,無基證悟即是馬頭明王。貪慾苦悶擾擾者,離根生起即是秘密智慧。煩惱我慢分別念等,離我執即是勇士。嫉妒如風般猛烈者,離希望與恐懼即是勇母。水界血與識,即是金剛部之空行母。土界肉與感覺,即是寶生空行母。火界暖與想,即是蓮花部之空行母。風界氣息與行,即是事業空行母。虛空界與心性,色蘊即是善逝部。空行蓮花網。六處之聚即是彼之境,欲妙即是供養天女。善與非善之分別念
【英語翻譯】 With… In the vast expanse of pure realms, To all the Sambhogakaya, Offerings of clouds, like an ocean, are offered. All of them become victorious oceans. By inhaling a breath, Everything gathers and dissolves into me. Clearly abide on the essence. Place awareness in the throat. By meditating like this again and again, All dharmas are realized as the Sambhogakaya. Immeasurable qualities arise. Seeing the face of the Sambhogakaya deities, Oneself in the future becomes the Sambhogakaya, It is said to be able to accomplish the meaning of sentient beings. All phenomena of existence, samsara, and nirvana, The essence is emptiness, and the nature is clarity. The union of clarity and emptiness, the Sambhogakaya, Realization will naturally arise. That meaning, in the Vajra words, In the room of Pullahari, Is symbolized by the Sambhogakaya. This is the practice of such meaning. ༈. The deities of the victorious ocean, Establishing in the innermost mind, The aspect of remembering and realizing the mind, And the practice of the three complete body, speech, and mind, Are different names for the same meaning. In the Vajra Essence Tantra, Establishing in the innermost mind, Do not seek a solitary place outside, This body itself is the mandala. Do not seek the deity’s body elsewhere, The mind itself, without birth or death, Is the guru, the lord of the family. Unrecognized afflictions and ignorance, Is self-liberated great compassion. Arising from intentional realization, With realization, it is a thousand Buddhas. Those with hatred and malice, Groundless realization is Hayagriva. Desire and tormenting thoughts, Rootless arising is Guhyajnana. Afflictions, arrogance, and conceptual thoughts, Without self-grasping are heroes. Jealousy, like a raging wind, Without hope and fear are heroines. The water element, blood, and consciousness, Is the Dakini of the Vajra family. The earth element, flesh, and feeling, Is known as the Ratna Dakini. The fire element, warmth, and perception, Is the Dakini of the Padma family. The wind element, breath, and formation, Is said to be the Karma Dakini. The space element and mind itself, The form aggregate is the Sugata family. Dakini, the lotus net. The six aggregates of sense objects are its realm, Desirable qualities are the offering goddesses. Thoughts of virtue and non-virtue
============================================================
================== 第 4 段 ================== 【原始藏文】 ་རྣམས། །དམ་ཅན་བཀའ་སྡོད་སྲུང་མར་བཤད། །དེ་ལྟར་སེམས་ཀྱི་ངོ་བོ་དེ། །མ་རྟོགས་འཁྲུལ་པ་འཁོར་བ་སྟེ། །དེ་ཤེས་རྟོགས་པ་མྱང་ངན་འདས། །ལྷ་སྐུ་སེམས་ཀྱི་རིག་རྩལ་དེ། །དངོས་པོར་བཟུང་ན་འཁྲུལ་པ་ཡིན། །ལྷ་ཡང་སེམས་ཉིད་ཆོས་སྐུར་གསལ། །སྔགས་ནི་སྨྲ་བརྗོད་བྲལ་བའི་ཕྱིར། །ཕྱི་ནང་རླུང་གི་རྒྱུ་བ་ཡང་། །སྨྲ་ཚད་གྲགས་སྟོང་བརྗོད་མེད་ཡིན། །གདོད་ནས་དག་པའི་རིག་པ་འདི། །ཡེ་ནས་ཆོས་སྐུར་གནས་པ་ལ། །ངོ་སྤྲོད་དེ་ངོ་ཤེས་པ་ལ། །ཆོས་དབྱིངས་ཡེ་ཤེས་རྟོགས་པ་དེ། །སངས་རྒྱས་ཞེས་སུ་གྲགས་པའོ། །གོམས་འདྲིས་བརྟན་ན་དྲོད་རྟགས་འཆར། །དེ་ལྟར་ཆོས་སྐུའི་ངོ་བོ་ལ། །གཟུང་བར་བྱ་བའི་ཡུལ་ཡང་མེད། །ཁམས་དྲོད་རྟགས་དང་ ཉམས་མྱོང་མེད། །མ་ཆགས་རང་བྱུང་རྩ་ནས་དག །རང་དོན་ཆོས་སྐུ་མངོན་གྱུར་སྟེ། །གཞན་དོན་གཟུགས་སྐུ་ལྷུན་འགྲུབ་འགྱུར། །འཁོར་བ་མྱང་ངན་འདའ་བར་འགྱུར། །སྙན་བརྒྱུད་དྲི་མ་མེད་པའོ། །དེ་བཞིན་དགྱེས་རྡོར་རྒྱུད་ལས་ཀྱང་། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་ནས་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཡིན། །ཞེས་གསུངས་སེམས་ལ་ལྷ་ཚོགས་ཚང་། །འོན་ཀྱང་གཟུགས་དང་དངོས་པོ་མེད། །དེ་དོན་བརྟག་པ་གཉིས་པ་ལས། །གཟུགས་མེད་མཐོང་བ་པོ་ཡང་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བའང་མེད། །དེ་ཉིད་ཉམས་སུ་ལེན་པའི་ཚུལ། །པདྨ་རྒྱལ་པོའི་རྒྱུད་ཉིད་ལས། །དེ་ལ་མ་ཡེངས་ནང་དུ་བདེ། །སེམས་ལ་ཡེ་ཤེས་ཆེན་པོ་སྐྱེ། །སེམས་དབེན་རྟོགས་པ་ངན་ པ་མེད། །སྣང་ལ་རང་བཞིན་མེད་པར་མཐོང་། །སྒྱུ་མ་ལྟ་བུས་བསྡུས་པ་ཡིན། །གསལ་ལ་མི་རྟོག་འོད་གསལ་ལོ། །ཐམས་ཅད་སྤྲོས་པ་མེད་པར་རྟོགས། །བདེ་དང་སྟོང་པ་གཅིག་ཏུ་སྣང་། །འབྲས་བུ་ཞེས་བྱ་ཟུང་འཇུག་ཡིན། །དེ་དོན་རིག་ཐོག་ངོ་སྤྲོད་པ། །མཁའ་སྤྱོད་དབང་པོས་གསུངས་པའི་དོན། །བསྡུས་ཏེ་བརྗོད་ན་འདི་ལྟ་སྟེ། །འཁོར་འདས་ཐམས་ཅད་སེམས་སུ་རྟོགས། །དེ་ནི་དགའ་བའི་ཡེ་ཤེས་སོ། །སེམས་ཉིད་སྤྲོས་དང་བྲལ་བར་རྟོགས། །དེ་ནི་མཆོག་དགའི་ཡེ་ཤེས་སོ། །སེམས་ཉིད་སྐུ་ལྔ་ལྷུན་གྲུབ་རྟོགས། །དེ་ནི་ཁྱད་དགའི་ཡེ་ཤེས་སོ། །འཁོར་འདས་དབྱེར་མེད་ཟུང་འཇུག་རྟོགས། །ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སོ། །དབང་བཞི་སྐུ་བཞི་ཡེ་ཤེས་བཞི། །སེམས་ཉིད་སྟེང་དུ་སྐད་ཅིག་རྫོ
【漢語翻譯】 這些,被稱為是受誓者、奉命者和守護者。如此這般,心的自性,若不證悟便是迷亂的輪迴;了知證悟便是寂滅。本尊是心的明覺力量,若執為實有便是迷亂。本尊也是心性,顯現為法身。咒語是由於不可言說之故,內外氣息的執行也是,所有言說都是聲空無言。本來清凈的覺性,本初安住於法身,介紹它,認識它,證悟法界智慧,就被稱為佛。如果串習穩固,便會生起暖相。如是法身的自性,也沒有可執取的對境。沒有暖相的體驗。無有造作,自然本凈。自利法身得以顯現,利他色身自然成就,輪迴與寂滅得以轉化。這是無垢的口耳傳承。同樣,在《喜金剛續》中也說,無論在世間的哪個地方,都不可能從其他地方找到佛,心就是圓滿的佛。這樣說,心具有完整的本尊壇城,然而沒有形色和實體。關於這個意義,在第二品考察中說:沒有形色,也沒有能見者;沒有聲音,也沒有能聽者;沒有氣味,也沒有能嗅者;沒有味道,也沒有能嘗者;沒有觸覺,也沒有能觸者;沒有心,也沒有心所生。這就是修持的方法,在蓮花王續中說:不散亂於此,內心安樂,心中生起大智慧,心無偏頗,沒有惡劣的證悟,見到顯現而無自性,被視為如幻。明澈而不分別,光明燦爛。了知一切皆無戲論,樂與空性顯現為一,所謂果,就是雙運。爲了介紹那個意義,在覺性之上,空行自在者所說之義,簡而言之是這樣的:了知輪迴與寂滅皆是心,那是喜悅的智慧。了知心性遠離戲論,那是勝喜的智慧。了知心性五身自然成就,那是特喜的智慧。了知輪迴與寂滅無別雙運,那是俱生喜的智慧。四灌頂、四身、四智慧,剎那之間在心性之上圓滿。
【英語翻譯】 These are said to be the oath-bound ones, the appointed ones, and the protectors. Thus, the nature of mind, if not realized, is the confused samsara; knowing and realizing it is nirvana. The deity is the mind’s cognitive power, and grasping it as real is confusion. The deity is also the nature of mind, appearing as the Dharmakaya. Mantra is because it is beyond expression, and the movement of inner and outer breath is also, all speech is sound-emptiness, inexpressible. This originally pure awareness, from the beginning abides as the Dharmakaya, introducing it, recognizing it, realizing the wisdom of the Dharmadhatu, is called Buddha. If practice is stable, the sign of heat will arise. Thus, in the nature of the Dharmakaya, there is no object to be grasped. There is no experience of the sign of heat. Without fabrication, naturally pure from the root. The self-benefiting Dharmakaya is manifested, and the other-benefiting Rupakaya is naturally accomplished, samsara and nirvana are transformed. This is the unblemished oral transmission. Similarly, in the Hevajra Tantra, it is said that nowhere in the world can a Buddha be found from elsewhere, mind is the complete Buddha. Thus it is said, mind has the complete mandala of deities, but it has no form or substance. Regarding this meaning, in the second chapter of examination it says: Without form, there is no seer; without sound, there is no hearer; without smell, there is no smeller; without taste, there is no taster; without touch, there is no toucher; without mind, there is nothing arising from mind. This is the way to practice, in the Lotus King Tantra it says: Do not be distracted from this, be happy within, great wisdom arises in the mind, the mind is without bias, there is no bad realization, seeing appearances without inherent existence, it is regarded as illusory. Clear and non-conceptual, radiantly clear. Knowing that all is without elaboration, bliss and emptiness appear as one, the so-called fruit is union. In order to introduce that meaning, on top of awareness, the meaning spoken by the Dakini Lord, in short, is this: Knowing that samsara and nirvana are all mind, that is the wisdom of joy. Knowing that the nature of mind is free from elaboration, that is the wisdom of supreme joy. Knowing that the nature of mind is the five bodies naturally accomplished, that is the wisdom of special joy. Knowing that samsara and nirvana are inseparable union, that is the wisdom of co-emergent joy. The four empowerments, four bodies, four wisdoms, are perfected in an instant on the nature of mind.
============================================================
================== 第 5 段 ================== 【原始藏文】 གས། །དབང་བཞི་གཅིག་རྫོགས་བཟླས་པར་གསུངས། །ༀ་ཨཱཿཧཱུྃ་ཧྲཱིཿཡིག་འབྲུ་བཞི། །སངས་རྒྱས་ཀུན་གྱི་སྐུ་བཞིའི་སྔགས། །ཡིག་དྲུག་གཅིག་རྩེ་ཡི་གེ་ ལྔ། །འབུམ་ཚོ་གཅིག་ཙམ་བཟླས་ན་ཡང་། །འགྲུབ་རྟགས་རབ་འབྲིང་ཐ་མ་སོགས། །སྣ་ཚོགས་མི་འབྱུང་མི་སྲིད་པས། །སྐུ་བཞི་ངོ་སྤྲོད་ཟབ་མོའི་གནད། །བུ་སློབ་རྣམས་ཀྱིས་ཤེས་བགྱིས་ལ། །གྲུབ་རྟགས་སྣ་ཚོགས་འཛམ་བུའི་གླིང་། །ཁྱབ་པར་སྟོན་ཅིག་པཀྴིས་གསུངས། །དེ་དོན་རྩ་བའི་ཚིག་རྐང་ལས། །པུལླ་ཧ་རིའི་ཡང་ཐོག་ཏུ། །ཆོས་སྐུ་སྤྲོས་མེད་བརྡ་ཡིས་མཚོན། །ཞེས་གསུངས་པ་ཡི་དོན་ཡིན་ནོ། ༈ །རང་ཉིད་རྒྱལ་བ་རྒྱ་མཚོ་ཡི། །ལྟེ་བའི་གཏུམ་མོའི་མེ་སྦར་ལ། །འཁོར་འདས་སྣོད་བཅུད་ཐམས་ཅད་ཀུན། །བྱང་སེམས་དངུལ་ཆུ་ལྟ་བུར་ཞུ། །སྣ་བུག་ནས་རྔུབ་མེ་ལ་བསྟིམ། །རླུང་བཟུང་ཉམས་ལེན་ངང་ལ་བཞག །བདེ་བ་ཆེན་པོའི་སྐུ་ཡི་ནི། །ངོ་འཕྲོད་བདེ་སྟོང་ཟུང་དུ་འཇུག །ཚེ་དང་བསོད་ནམས་ཡེ་ཤེས་རྒྱས། །སྣང་བ་ཐམས་ཅད་དབང་དུ་འདུས། །འགྲོ་འཆག་བཟའ་བཏུང་ཉལ་ལ་སོགས། །སྤྱོད་ལམ་གང་དང་ཅི་བྱེད་ ཀྱང་། །ཉམས་ལེན་དེ་རྣམས་བསྲེ་ཞིང་བསྒོམ། །མཉམ་རྗེས་ཟུང་དུ་འཇུག་པར་གྱུར། །རྒྱུན་དུ་ཡིག་དྲུག་གམ་ནི་ཡིག་བཅུ་འབད། །མཇུག་ཏུ་བསྔོ་སྨོན་རྒྱ་ཡིས་གདབ། །རྫོགས་རིམ་རྩ་ཚིག་མདོར་བསྡུས་འདི། །མཐར་ཕྱིན་ཐབས་མཁས་གཉིས་ཀྱིས་བསྐུལ། །མེ་ལུགས་ས་གའི་བཅུ་དགུ་ཡི། །དགོང་ཐུན་རཱ་ག་ཨ་སྱས་གདམས། །སྒོམ་ཆེན་མཐའ་རུ་ཕྱིན་པས་བྲིས། །ཉེས་འགལ་སྒྲུབ་བརྒྱུད་སྲུང་མར་བཤགས། །དགེ་བས་དྲིན་ཆེན་སྤྲུལ་སྐུ་ཉིད། །མྱུར་དུ་སྐུ་གསུམ་མངོན་མཛད་ཤོག །ཀཾ་པོ་གངས་ཀྱི་སྒྲུབ་བརྒྱུད་པའི། །སྙན་བརྒྱུད་ཆོས་ཀྱི་བཅུད་འདི་ཡིན། །གྲུབ་མཐའ་གཞན་ལ་མ་གྲགས་སོ། །དེ་ཕྱིར་མ་འོངས་རྗེས་འཇུག་ཀུན། །ཉམས་ལེན་སྙིང་པོ་འདི་ལ་དྲིལ། །སྐལ་པ་ཅི་ལྟར་ཞན་ན་ཡང་། །བར་དོ་སྐུ་གསུམ་མངོན་དུ་འགྱུར། །འདི་ལས་ཟབ་པའི་གདམས་པ་ནི། །འཇིག་རྟེན་འདི་ན་མི་སྲིད་པས། །མི་བསྐྱོད་རྒྱལ་པོའི་གསུངས་ལས་ གསལ། །སརྦ་མངྒ་ལཾ། ཤཱ་བྷཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག
【漢語翻譯】 說。完整唸誦四種灌頂。嗡啊吽啥(藏文:ༀ་ཨཱཿཧཱུྃ་ཧྲཱིཿ,梵文天城體:ओम् आः हूँ ह्रीः,梵文羅馬擬音:oṃ āḥ hūṃ hrīḥ,漢語字面意思:嗡啊吽啥)四個字。是所有佛的四身咒語。六字真言或五字真言。 即使唸誦一百萬次,也會出現上、中、下等各種成就的徵兆。因為不可能不出現,所以要知道四身指示的深奧要點。弟子們要了解並做到,各種成就的徵兆將遍佈贍部洲。帕克希如是說。那是根本偈頌的意思。在普拉哈里山頂上,法身以無造作的象徵來表示。這是所說的意思。接下來,自己點燃勝樂金剛臍間的拙火,將輪迴涅槃所有情器世間,都融化成菩提心銀水。從鼻孔吸入,融入火焰中。保持屏氣的修行狀態。證悟大樂之身,結合樂空雙運。壽命和福德智慧增長,所有顯現都聚集於掌控之中。行走、坐臥、飲食等,無論做什麼行為,都要將這些融入修行並觀修。使止觀雙運。經常努力唸誦六字真言或十個字。最後以廣大的發願來封印。這個簡短的圓滿次第根本文,是由兩位通達究竟方便的人所勸請。火猴年(無明確年份)薩嘎月的十九日,傍晚時分,由拉嘎阿亞所傳授。由修行達到究竟者所書寫。向傳承上師和護法懺悔過失和違犯。愿以此功德,使恩重如山的轉世者,迅速證悟三身。噶舉派岡波雪山的口耳傳承法,就是這個法。其他教派沒有流傳。因此,未來的所有追隨者,都要將修行的精髓凝聚於此。無論根器多麼差,也能在中陰時顯現三身。因為沒有比這更深的口訣,不動金剛的教言中已經闡明。薩瓦芒嘎拉姆(藏文:སརྦ་མངྒ་ལཾ།,梵文天城體:सर्व मङ्गलम्,梵文羅馬擬音:sarva maṅgalaṃ,漢語字面意思:一切吉祥)。夏邦(藏文:ཤཱ་བྷཾ།)。雖然具備所需的一切受用,也不積聚;雖然擁有眾多的慾望和眷屬,也不貪戀。將三學和經藏智慧的寶庫,安置於捨棄和閱讀的心中。這也是由大圓滿導師噶瑪涅頓松饒丹貝堅贊所寫,在一次禪定休息時,于卡丁洞穴。
【英語翻譯】 It is said to recite the complete four empowerments. Oṃ āḥ hūṃ hrīḥ (藏文:ༀ་ཨཱཿཧཱུྃ་ཧྲཱིཿ,梵文天城體:ओम् आः हूँ ह्रीः,梵文羅馬擬音:oṃ āḥ hūṃ hrīḥ,漢語字面意思:嗡啊吽啥) are the four syllables. It is the mantra of the four bodies of all Buddhas. The six-syllable mantra or the five-syllable mantra. Even if recited a million times, signs of accomplishment, whether superior, middling, or inferior, will arise. Since it is impossible for them not to arise, know the profound key to the introduction of the four bodies. Disciples should understand and practice this, so that various signs of accomplishment will spread throughout Jambudvipa. Pakshi said this. That is the meaning of the root verses. On the summit of Pullahari, the Dharmakaya is indicated by a symbol free from elaboration. That is the meaning of what was said. Next, ignite the tummo fire in the navel center of oneself as the victorious ocean, and dissolve all of samsara and nirvana, all containers and contents, into bodhicitta like silver water. Inhale through the nostrils and dissolve it into the fire. Maintain the state of holding the breath in practice. Recognize the nature of the body of great bliss, uniting bliss and emptiness. Increase lifespan, merit, and wisdom. Gather all appearances under control. Walking, sitting, eating, sleeping, and so on, whatever actions are done, blend and meditate on these practices. Transform them into the union of shamatha and vipashyana. Constantly strive to recite the six-syllable mantra or the ten syllables. Seal it at the end with vast aspirations. This condensed root text of the completion stage was urged by two who are skilled in means and have reached the end. On the nineteenth day of the Saka month in the Fire Monkey year (no specific year), at dusk, it was taught by Raga Asya. Written by one who has reached the end of practice. I confess faults and transgressions to the lineage gurus and protectors. May this virtue swiftly enable the kind incarnate lama to manifest the three bodies. This is the essence of the oral transmission dharma of the Kampo snow mountain Kagyu lineage. It is not known in other traditions. Therefore, all future followers should condense the essence of practice into this. No matter how weak one’s capacity, the three bodies will manifest in the bardo. Since there is no more profound instruction than this, it is clearly stated in the words of Akshobhya. Sarva Mangalam (藏文:སརྦ་མངྒ་ལཾ།,梵文天城體:सर्व मङ्गलम्,梵文羅馬擬音:sarva maṅgalaṃ,漢語字面意思:一切吉祥). Shā bhaṃ (藏文:ཤཱ་བྷཾ།). Although possessing all desired enjoyments, do not accumulate them; although having many desires and retinues, do not be attached to them. Place the treasury of the three trainings and the wisdom of the scriptures in the center of the heart of renunciation and reading. This was also written by the Dzogchen master Karma Ngedon Sungrab Tenpai Gyaltsen, during a meditation break in the Khading cave.
============================================================
================== 第 6 段 ================== 【原始藏文】 ་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་ཡང་གསང་སེམས་ལ་བཀོད་པའི་སྒྲུབ་ཐབས་སྐུ་གསུམ་སྐུ་བཞི་ངོ་སྤྲོད་རྣམས་གཅིག་ཏུ་བསྡོམ་པའི་ཟིན་བྲིས།
【漢語翻譯】 書寫完畢,善妙增長! 薩埵 曼嘎拉姆(藏文,梵文天城體:सर्व मङ्गलम्,梵文羅馬擬音:sarva maṅgalam,漢語字面意思:一切吉祥)! 大悲觀世音自在王五尊極密心要修法,身三身四引導等一切總集之筆記。
【英語翻譯】 Written completely, may goodness increase! Sarva Mangalam (藏文,梵文天城體:सर्व मङ्गलम्,梵文羅馬擬音:sarva maṅgalam,漢語字面意思:All auspiciousness)! A compilation of notes on the extremely secret heart essence practice of the five deities of Great Compassionate Avalokiteśvara, Gyalwa Gyatso, including the introduction to the three kayas and four kayas.
============================================================
同部經論
與本文同名或相近的其他版本、科判、譯文與註疏。