MLP0100014.圓滿講述之事業g2.0f
================== 第 1 段 ================== 【原始藏文】
བཤད་པ་ཡོངས་སུ་རྫོགས་པའི་བྱ་བ།
གསུམ་པ་བཤད་པ་ཡོངས་སུ་རྫོགས་པའི་བྱ་བ་ནི་མཛད་བྱང་སྨོས་པ་ལ་སོགས་ཏེ་གོ་སླའོ། །ཚུལ་འདིར་སྒོ་གསུམ་འབད་སོགས་རྣམ་དཀར་འབྲས། །ཇི་སྙེད་མཆིས་ཀུན་ཡོངས་སུ་སྨིན་པའི་མཐུས། །རིགས་ཀུན་ཁྱབ་བདག་དོན་གྱི་ཐམས་ཅད་མཁྱེན། །སྐལ་བཟང་རྒྱ་མཚོ་བསྐལ་བརྒྱར་ཞབས་བརྟན་ཤོག །ལུང་རིགས་རྒྱ་མཚོའི་གྲུ་རྫིངས་ལ་ཞུགས་ཏེ། །མཁྱེན་གསུམ་ནོར་བུའི་ཕྲེང་བ་སྦྱོར་བ་བཞིའི། །སྲད་བུར་རྣམ་དཔྱོད་བློ་ཡིས་བརྒྱུས་ཟིན་གྱིས། །བློ་གསལ་སྒེག་མོའི་རྒྱན་དུ་ད་ལོངས་ཤིག །སྨྲ་བསམ་བརྗོད་འདས་ཕ་རོལ་ཕྱིན་པའི་དོན། །ཤིང་རྟའི་སྲོལ་འབྱེད་ཟུང་གིས་གསལ་བྱས་གང་། །སྐུ་གསུམ་གཏན་ལ་འབེབས་བྱེད་ཉེར་ལེན་དུ། །མཚུངས་མོད་སྦས་དོན་མངོན་རྟོགས་ཚུལ་གྱིས་འཕགས། །རྒྱ་ཆེན་ཐོས་པའི་ཆུ་གཏེར་མ་བརྒལ་ཡང་། །བླ་མའི་དྲིན་གྱིས་བདག་རྒྱུད་བྱིན་རླབས་པས། །ཤེར་ཕྱིན་ཉུང་ངུའི་ཚིག་གིས་གསལ་བྱས་གང་། །ཤེས་རབ་གསུམ་གྱི་ཞིང་ས་གཤིན་པོ་རུ། །དངོས་བརྒྱད་ལུས་ཀྱི་ལྗོན་ཤིང་རྩ་བ་བརྟན། །མཚོན་བྱེད་ཡན་ལག་མེ་ཏོག་བདུན་ཅུའི་གྲངས། །ལྡན་པའི་རྒྱན་འགྲེལ་སྡོང་པོ་གཡུར་ཟ་བ། །བློ་ལྡན་འཆི་མེད་སྒེག་མོའི་དཔལ་དུ་བསྐྲུན། །ཚུལ་འདིར་མ་རྟོགས་ལོག་རྟོག་ནོངས་པའི་ཆ། །འཕགས་དང་མཁས་པའི་ཚོགས་ཀྱིས་བཟོད་མཛད་རིགས། །འདི་ལས་རྣམ་དཀར་དགེ་ཚོགས་གང་མཆིས་མཐུས། །འགྲོ་ཀུན་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ནི་སྨིན་གླིང་གྲྭ་པའི་ཐ་ཤལ་དུ་གྱུར་པ་དགེ་སློང་ཨོ་ཌཱི་དྷརྨ་ཀིརྟིས་ཆུང་ངུའི་
དུས་ནས་འབྲས་ཡུལ་སྐྱེད་ཚལ་གྱི་གྲྭ་སར་བསླབ་སྦྱོང་གིས་ཕར་ཕྱིན་གྱི་སྤྱི་དོན་ལུང་རིགས་རྒྱ་མཚོའི་པུསྟིའི་ཚིག་རྒྱུགས་རྗེ་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་སྤྱན་སྔར་ཕུལ་བས་དགྱེས་པའི་དབུགས་དབྱུང་གིས་རྗེས་སུ་བཟུང་བས་སྤྲོ་བར་གྱུར་ཏེ། སླར་ཡང་འདུལ་མངོན་སྡོམ་གསུམ་བཅས་པའི་གཞུང་རྩ་འགྲེལ་ལ་ཐོས་བསམ་བགྱིས་ཏེ་རིགས་ལམ་ནས་སྦྱངས་བཤད་ཀྱིས་མཐར་དཔལ་ལྡན་ས་སྐྱར་རབ་འབྱམས་ཀྱི་མིང་བཏགས་ཀྱང་གོ་དོན་འོལ་སྤྱི་ཙམ་དུ་ཟད། དེ་རྗེས་རང་དགོན་དུ་མཁན་ཆེན་ངག་དབང་ཆོས་དཔལ་རྒྱ་མཚོས་སྡོམ་གསུམ་དང་གསང་བ་སྙིང་པོའི་འཆད་ཉན་དབྱར་དགུན་གྱི་ཆོས་གྲྭ་བསྟར་ཆགས་སུ་གནང་བའི་བཀའ་དྲིན་དང་། རྗེ་བླ་མའི་གསུང་ཐོར་བུར་དཀའ་གནད་ཀྱི་ཟབ་དོན་ཅི་རིགས་བློ་ཡུལ་དུ་ལོངས་པར་བརྟེན། ཕ་རོལ་ཏུ་ཕྱིན་པའི་དོན་ལ་དད་མོས་ལྷ
【漢語翻譯】 圓滿講述之事業。
第三,圓滿講述之事業,如題記所述等,易於理解。於此,身語意三門精進等善業之果,所有的一切皆能圓滿成熟之力,愿遍佈一切有情之主,具意義之遍知者,嘉瓦格桑嘉措(四世達賴喇嘛,1589-1617)千劫安住!進入經論理證之舟,以三智寶鬘,四種結合之,以理智之線貫穿,愿成為聰慧佳人之飾品!言思表達皆超勝,度母之義,由開創車軌之雙尊所闡明,為確立三身之近取因,雖相似,然以證悟隱義之方式超勝。雖未超越廣大學習之水藏,然因上師之恩,加持我之相續,以簡短之般若經文所闡明,于智慧三者之肥沃田地中,八事之身體樹木根基穩固,象徵支分七十之花朵數,具備莊嚴註釋之樹木果實纍纍,愿成為具慧不死佳人之榮耀。於此,未理解、邪解、錯誤之處,祈請聖者與智者眾寬恕。以此所生之善業,愿一切眾生速得佛果!此乃敏珠林寺僧眾之末者,比丘鄔金達瑪格爾諦,自幼于錫金花園之寺院學習,將般若波羅蜜多之總義,經論理證之海之書面考試,于至尊上師大掘藏師法王前呈獻,蒙受歡喜之攝受而喜悅。復又于律、對法、三律儀等之根本論典及註釋進行聞思,最終以理路之辯論于吉祥薩迦寺獲得拉然巴之名,然僅為泛泛之名而已。其後,于自寺中,堪布昂旺曲巴嘉措持續不斷地進行三律儀與秘密藏之講修,蒙受其恩德,且依仗于至尊上師之零星語錄中所包含的深奧意義,對般若波羅蜜多之義生起極大之信心。
【英語翻譯】 The activity of complete explanation.
Third, the activity of complete explanation, such as mentioning the title, is easy to understand. Here, may the power of the complete maturation of all the results of virtuous deeds, such as striving with the three doors, cause the master who pervades all beings, the omniscient one of meaning, Kelsang Gyatso (the Fourth Dalai Lama, 1589-1617), to remain steadfast for hundreds of kalpas! Having entered the vessel of the ocean of scripture and reasoning, with the garland of the three jewels of knowledge, and the four combinations, strung together with the thread of discerning intelligence, may it now become an ornament for the intelligent beauty! The meaning of the transcendent perfection, which is beyond speech, thought, and expression, and which was elucidated by the pair who pioneered the chariot path, although similar as the proximate cause for establishing the three kayas, it is superior in the way it realizes the hidden meaning. Although I have not crossed the vast ocean of learning, through the kindness of the lama, my being has been blessed, and whatever has been elucidated with the few words of the Prajnaparamita, in the fertile field of the three wisdoms, the roots of the tree of the eight realities are firm, the branches that symbolize the seventy flowers, the tree of commentary adorned with adornments is laden with fruit, may it be created as the glory of the wise, immortal beauty. In this, may the assembly of noble ones and scholars forgive any parts that are misunderstood, wrongly understood, or mistaken. Through the virtue of whatever virtuous deeds arise from this, may all beings quickly attain the state of Buddhahood! This was written by the lowest of the monks of Mindroling Monastery, the monk Oḍīdharmakīrti, who from a young age studied at the monastery in the garden of Sikkim, and presented the general meaning of the Prajnaparamita, the written examination of the ocean of scripture and reasoning, to the venerable lama, the great treasure revealer, the Dharma king, and was delighted to be accepted with a breath of joy. Again, after hearing and thinking about the root texts and commentaries of the Vinaya, Abhidharma, and the three vows, and finally obtaining the name of Lharampa at the auspicious Sakya Monastery through logical debate, it was only a general name. After that, at his own monastery, Khenchen Ngawang Chöpal Gyatso continuously gave teachings and studies on the three vows and the Guhyagarbha, and through his kindness, and relying on the scattered words of the venerable lama, which contained various profound meanings of difficult points, great faith arose in the meaning of the Prajnaparamita.
============================================================
================== 第 2 段 ================== 【原始藏文】 ག་པར་བརྟན་པས་རང་མཉམ་གྱི་འགྲོ་བ་ལ་ཕན་པའི་ཕྱིར་དུ་རང་ལོ་ང་བརྒྱད་པ་ཆུ་མོ་གླང་གི་ལོ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉེར་གཉིས་སྐར་མ་རྒྱལ་གྱི་དུས་དགེ་བར་འོག་སྨིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་རྫོགས་པར་བགྱིས་པའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །དགེའོ།། །
previous བཤད་པ་ཡོངས་སུ་རྫོགས་པའི་བྱ་བ། no next
【漢語翻譯】 爲了利益與自己同等的眾生,于自身五十八歲水牛年,在吉祥的勝者天降日二十二星宿吉日,于下敏鄔金敏珠林寺的法學院圓滿完成。愿此亦成為珍貴教法興盛增長之因。善哉!
【英語翻譯】 In order to benefit beings equal to oneself, at the age of fifty-eight, in the Water Ox year, on the auspicious occasion of the twenty-second day of the Festival of the Descent from Heaven, under the constellation Gyal, it was completely accomplished at the Dharma College of Ogmin Orgyen Mindroling. May this also become a cause for the flourishing and increase of the precious teachings. Auspicious!
============================================================
同部經論
與本文同名或相近的其他版本、科判、譯文與註疏。