菩薩藏佛教學會
20
背景
翻譯
下載 ▾

MLP0150001.心髓續部讀誦法之竅訣.深義顯現.大譯師達瑪師利g2.0f

================== 第 1 段 ================== 【原始藏文】

སྙིང་པོའི་རྒྱུད་བཀླག་ཐབས་ཀྱི་མན་ངག་ཟབ་དོན་སྣང་བ། ལོ་ཆེན་དྷརྨ་ཤྲཱི།

སྙིང་པོའི་རྒྱུད་བཀླག་ཐབས་ཀྱི་མན་ངག་ཟབ་དོན་སྣང་བ་ཞེས་བྱ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།

སྙིང་པོའི་རྒྱུད་བཀླག་ཐབས་ཀྱི་མན་ངག་ཟབ་དོན་སྣང་བ་ཞེས་བྱ་བ་བཞུགས་སོ། ༀ་སྭསྟི། རིགས་བདག་དྲུག་པའི་གནས་ཐོབ་རྒྱུར་གྱུར་པའི། །བླ་མའི་ཞབས་ཀྱི་པདྨོར་ཕྱག་བྱས་ཏེ། །དང་པོའི་ལས་ཅན་རྣམས་ལ་ཉེར་མཁོ་བའི། །ཟབ་མོའི་རྒྱུད་ཀྱི་བཀླག་ཐབས་མན་ངག་བཤད། །དེ་ཡང་ཚེ་འདི་ཁོ་ན་ལ་སངས་རྒྱས་ཐོབ་པར་འདོད་པས། ཟབ་མོའི་རྒྱུད་རྣམས་ལ་རྟོགས་གོམས་ཀྱི་སྦྱོར་བས་འབད་པར་བྱ་ཞིང་། གལ་ཏེ་དེ་ཙམ་མི་ནུས་པའི་བློ་ཆུང་བ་དག་གིས་ཀྱང་། རྒྱུད་ལ་མོས་པའི་སྒོ་ནས། ལྟ་བ་དང་། འདྲི་བ་དང་། ཀློག་པ་སོགས་ལ་ཅི་ནས་ཀྱང་འབད་པར་བྱ་སྟེ། ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་པའི་ཕྱིར་རོ། །དེ་སྐད་དུའང་། རྩ་རྒྱུད་ལས། གང་གིས་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་དང་། བཤད་རྒྱུད་རྒྱ་མཚོ་ལས། བཤད་རྒྱུད་རྒྱ་མཚོའི་རྒྱུད་ཆེན་འདི། །མོས་དང་མཐོང་དང་བྲིས་པ་དང་། །བཀླག་པ་ཙམ་གྱིས་འགྲུབ་འགྱུར་ན། །རྟོགས་དང་གོམས་པའི་སྦྱོར་བ་ཡིས། །འབྲས་བུ་ཐོབ་པ་སྨོས་ཅི་དགོས། །ཞེས་གསུངས་སོ། །དེ་དག་ལས། འདིར་རེ་ཞིག་རྒྱུད་བཀླག་པའི་མན་ངག་གི་རིམ་པ་ནི། ཐོག་མར་མཆོད་གཏོར་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། སྔོན་འགྲོ་རྒྱུད་སྦྱང་བའི་ཡན་ལག་ནི། བཛྲ་ས་མཱ་ཛཿས་ཚོགས་ཞིང་རྣམས་མཁའ་ཁྱབ་ཀྱི་འཁོར་ལོར་སད་པ་ལ། བདག་དང་མཁའ་མཉམ་སེམས་ཅན་རྣམས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་བའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་

དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་བརྗོད་ནས། ཚོགས་ཞིང་རྣམས་རང་

【漢語翻譯】 心髓續部讀誦法之竅訣,深義顯現。大譯師達瑪師利。

心髓續部讀誦法之竅訣,名為深義顯現之論著。大譯師達瑪師利。

心髓續部讀誦法之竅訣,名為深義顯現之論著。嗡 索斯帝。(藏文:ༀ་སྭསྟི།) 祈願吉祥!成為六族之主獲得果位之因,頂禮上師足蓮。爲了最初之有緣者,宣說甚深續部之讀誦法竅訣。因此,想要在此生獲得佛果者,應當以證悟串習之瑜伽來努力修持甚深續部。如果無能做到如此,心智狹小者也應當以信奉續部之心,在見解、請問、讀誦等方面盡力而爲,因為經中宣說了不可思議之利益。如是說道,根本續部中說:無論誰對它生起信心,所有佛陀壇城,在一切方時中,都將視其為親近之子。又如,講解續部《大海》中說:講解續部《大海》之大續部,僅僅是信奉、見到、書寫和讀誦,就能成就,那麼通過證悟和串習的瑜伽,獲得果位更不用說了。在這些之中,此處略述讀誦續部之竅訣次第:首先,準備好供品、朵瑪等所需之物。前行續部修習之支分是,以班雜薩瑪扎(藏文:བཛྲ་ས་མཱ་ཛཿ)使會供壇城覺醒為遍佈虛空之輪。我與虛空等同之眾生,頂禮金剛上師正等覺,於三時安住者。皈依三寶成為之田,以無二之心而皈依。以實物和意幻變現之,清凈之供品祈請享用。斷除成就之河流之障礙,懺悔所有罪業。隨喜十方三輪清凈之法,不執著之行。生起無有清凈四邊之垢染,圓滿菩提之心。于善逝菩提心

勇士,奉獻清凈三之身體。總集無數世之業,迴向大菩提。如是念誦三遍后,會供壇城自身

【英語翻譯】 The Profound Meaning Illumination, a Manual for Reading the Heart Essence Tantra. The Great Translator Dharmashri.

Herein is the treatise called The Profound Meaning Illumination, a Manual for Reading the Heart Essence Tantra. The Great Translator Dharmashri.

Herein is the treatise called The Profound Meaning Illumination, a Manual for Reading the Heart Essence Tantra. Om Svasti. Having prostrated to the lotus feet of the Lama, who is the cause for attaining the state of the sixth Lord of the Lineage, I will explain the manual for reading the profound Tantra, which is essential for those with initial karma. Therefore, those who wish to attain Buddhahood in this very life should strive with the yoga of realization and familiarization with the profound Tantras. If even those of small intellect who are unable to do so, should still strive in every way through faith in the Tantra, in terms of view, inquiry, reading, and so on, because the benefits are said to be inconceivable. As it is said in the Root Tantra: “Whoever has faith in this, all the mandalas of the Buddhas, in all directions and times, will regard him as a close son.” And as it is said in the Explanatory Tantra Ocean: “If this great Tantra of the Explanatory Tantra Ocean is accomplished merely by faith, seeing, writing, and reading, what need is there to mention the attainment of the result through the yoga of realization and familiarization?” Among these, here for the time being, the order of the manual for reading the Tantra is as follows: First, gather all the necessary materials such as offerings and tormas. The preliminary branch of studying the Tantra is: With Vajra Samaja (藏文:བཛྲ་ས་མཱ་ཛཿ), awaken the assembly field into a wheel pervading the sky. I and all sentient beings equal to space, prostrate to the Vajra Master, the glorious Buddha, who abides in the three times. I take refuge with unwavering mind in the field of refuge, the Three Jewels. Please accept the pure offerings, manifested by means of actual wealth and mental transformation. I confess all misdeeds, the obstacles that cut off the river of accomplishments. I rejoice in the unattached conduct, the pure Dharma of the ten directions and the three circles. I generate the mind of perfect enlightenment, without the stains of the four pure extremes. To the Sugata, the Bodhicitta

Hero, I offer the body of the three purities. Gathering all the actions of countless lifetimes, I dedicate them to great enlightenment. Having recited this three times, the assembly field itself

============================================================

================== 第 2 段 ================== 【原始藏文】 ལ་བསྟིམ་མོ། །དེ་ནས་བསྲུང་བའི་འཁོར་ལོར་བསྒོམ་པ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །རང་ཉིད་སྐད་ཅིག་དྲན་རྫོགས་སུ། །རྡོ་རྗེ་ཁྲག་འཐུང་ཀྲོ་དྷིར་བཅས། །ཁྲོ་གཏུམ་མི་བཟད་སྲིན་པོའི་གཟུགས། །བསྐལ་པའི་མེ་དཔུང་ཀློང་ན་གསལ། །ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུཾ། ཁྲག་འཐུང་ཡབ་ཡུམ་སྦྱོར་མཚམས་ནས། །ཁྲོ་ཚོགས་དཔག་མེད་སྤྲོས་པ་ཡིས། །གསང་སྤྱོད་ལྟ་བར་མི་དབང་བའི། །ལོག་འདྲེན་གདོན་བགེགས་མཐར་བསྐྲད་གྱུར། །ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་དཱ་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། སླར་འདུས་ཁྲོ་བོའི་རང་བཞིན་གྱིས། །རྡོ་རྗེའི་གུར་གྱུར་དེ་ཡི་ཕྱིར། །མེ་རླུང་རྒྱ་མཚོའི་ར་བས་གཏམས། །གཞོམ་མེད་བསྲུང་བའི་གུར་དུ་གྱུར། །བཛྲ་པཉྩ་ར། རཾ་ཡཾ་ཁཾ། དེ་ནས་སེམས་བསྐྱེད་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །དེ་ནས་སྣོད་བཅུད་དག་པའི་འཁོར་ལོ་བསྒོམ་པ་ལ། ཐོག་མར་ཏིང་འཛིན་གསུམ་ནི། ཧཱུཾ། མི་དམིགས་ཆོས་ཉིད་དེ་བཞིན་ཉིད། །རང་བཞིན་འོད་གསལ་ཀུན་ཏུ་སྣང་། །ཨ་ཡིག་རྒྱུ་ལས་དཀྱིལ་འཁོར་འབྱུང་། །ཞེས་

པའི་དོན་སྒོམ་མོ། །དེ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། རྒྱུ་ཡི་ཡི་གེ་ཨ་དཀར་ལས། །ཨེ་ཡཾ་བཾ་ལཾ་སུཾ་རཾ་ཆད། །མཁའ་རླུང་ཆུ་ས་རི་རབ་སྟེང་། །མེ་དཀྱིལ་ཁོར་ཡུག་དབུས་སུ་བྷྲུཾ། །བྷྲུཾ་བི་ཤྭ་བི་ཤུདྡྷེ། ཡོངས་གྱུར་རིན་ཆེན་གཞལ་ཡས་ཁང་། །མཚན་ཉིད་ཀུན་རྫོགས་ལྟེ་བ་རུ། །སེང་གེེས་བཏེག

【漢語翻譯】 融入其中。然後觀想守護輪:班雜嘛哈西日黑汝嘎(藏文:བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ),自己剎那間憶念圓滿,與金剛飲血忿怒尊(藏文:རྡོ་རྗེ་ཁྲག་འཐུང་ཀྲོ་དྷིར་བཅས)一起,化現為忿怒兇猛、令人恐懼的羅剎形象,在劫末的火焰中顯現。吽(藏文:ཧཱུཾ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)吽(藏文:ཧཱུཾ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)吽(藏文:ཧཱུཾ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)維希瓦班雜格熱達扎拉曼達拉帕特(藏文:བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ),帕特(藏文:ཕཊ)帕特(藏文:ཕཊ)哈拉(藏文:ཧ་ལ་)哈拉(藏文:ཧ་ལ་)哈拉(藏文:ཧ་ལ་)吽(藏文:ཧཱུཾ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)!從飲血父母的結合處,以無量忿怒眾的顯現,使那些無權觀看秘密行境的,邪引魔障被徹底驅逐。嗡(藏文:ༀ,梵文天城體:ॐ,梵文羅馬擬音:oṃ,漢語字面意思:嗡)班雜嘛哈西日黑汝嘎嘛哈贊扎薩瓦杜斯當達嘎哈納達哈巴匝吽(藏文:ཧཱུཾ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)吽(藏文:ཧཱུཾ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)吽(藏文:ཧཱུཾ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)帕特(藏文:ཕཊ)!再次聚集為忿怒尊的自性,因此化為金剛帳篷,被火焰、風、海洋的圍墻所環繞,成為不可摧毀的守護帳篷。班雜班雜拉(藏文:བཛྲ་པཉྩ་ར)。讓(藏文:རཾ,梵文天城體:रं,梵文羅馬擬音:raṃ,漢語字面意思:火)揚(藏文:ཡཾ,梵文天城體:यं,梵文羅馬擬音:yaṃ,漢語字面意思:風)康(藏文:ཁཾ,梵文天城體:खं,梵文羅馬擬音:khaṃ,漢語字面意思:空)。然後是發菩提心:我和無邊眾生,本來就是佛,但因妄念的支配而流轉于輪迴,故發起無上菩提心。唉瑪吙!稀有奇妙之法,是圓滿佛陀的一切秘密,從無生中生出一切,生起之時即無生。唉瑪吙!稀有奇妙之法,是圓滿佛陀的一切秘密,從無滅中滅盡一切,滅盡之時即無滅。唉瑪吙!稀有奇妙之法,是圓滿佛陀的一切秘密,從無住中安住一切,安住之時即無住。唉瑪吙!稀有奇妙之法,是圓滿佛陀的一切秘密,從無緣中緣起一切,緣起之時即無緣。唉瑪吙!稀有奇妙之法,是圓滿佛陀的一切秘密,從無去來中去和來,去來之時即無去來。然後觀想清凈器情世間的輪涅,首先是三三摩地:吽(藏文:ཧཱུཾ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)!不可見之法性如是,自性光明遍照,從阿字為因生起壇城。觀想這些意義。然後生起所依和能依的壇城:從因的白色阿字中,生出埃揚邦朗松讓恰,虛空、風、水、地、須彌山頂,火壇城環繞,中央是仲(藏文:བྷྲུཾ,梵文天城體:भ्रुं,梵文羅馬擬音:bhrūṃ,漢語字面意思:仲)。仲(藏文:བྷྲུཾ,梵文天城體:भ्रुं,梵文羅馬擬音:bhrūṃ,漢語字面意思:仲)維希瓦維蘇提(藏文:བྷྲུཾ་བི་ཤྭ་བི་ཤུདྡྷེ)。完全變成珍寶宮殿,一切特徵圓滿,在中心,由獅子抬起。

【英語翻譯】 Merge into it. Then, visualize the protective wheel: Vajra Mahashri Heruka. Instantly remember and perfect yourself, together with the Vajra Blood-Drinking Wrathful One, manifesting as a fierce and terrifying Rakshasa form, appearing in the midst of the flames of the eon’s end. Hūṃ Hūṃ Hūṃ Vishva Vajra Krodha Jvala Mandala Phat Phat Phat Hala Hala Hala Hūṃ! From the union of the Blood-Drinking Father and Mother, through the manifestation of immeasurable wrathful hosts, those who are not entitled to see the secret conduct are completely expelled. Oṃ Vajra Mahashri Heruka Maha Chanda Sarva Dushtanta Ka Hana Daha Pacha Hūṃ Hūṃ Hūṃ Phat! Reassembling into the nature of the wrathful one, it transforms into a vajra tent, surrounded by a wall of fire, wind, and ocean, becoming an indestructible protective tent. Vajra Panjara. Raṃ Yaṃ Khaṃ. Then, generate the mind of enlightenment: I and limitless sentient beings, although we are inherently Buddhas, due to the power of delusion, we wander in samsara. Therefore, we generate the supreme mind of enlightenment. Emaho! Wonderful and amazing Dharma, the secret of all perfect Buddhas, from the unborn, all is born, in the very birth, there is no birth. Emaho! Wonderful and amazing Dharma, the secret of all perfect Buddhas, from the unceasing, all ceases, in the very cessation, there is no cessation. Emaho! Wonderful and amazing Dharma, the secret of all perfect Buddhas, from the un abiding, all abides, in the very abiding, there is no abiding. Emaho! Wonderful and amazing Dharma, the secret of all perfect Buddhas, from the unconditioned, all is conditioned, in the very conditioning, there is no conditioning. Emaho! Wonderful and amazing Dharma, the secret of all perfect Buddhas, from the no-going and no-coming, there is going and coming, in the very going and coming, there is no going and no-coming. Then, visualize the pure wheel of the vessel and its contents. First, the three samadhis: Hūṃ! The invisible Dharma nature is such, the self-nature is clear light, universally illuminating. From the letter A as the cause, the mandala arises. Meditate on these meanings. Then, generate the mandala of the support and the supported: From the white A, the causal letter, arise E Yam Bam Lam Sum Ram Cha. Space, wind, water, earth, the summit of Mount Meru, surrounded by a fire mandala, in the center is Bhrūṃ. Bhrūṃ Vishva Vishuddhe. Completely transformed into a precious palace, complete with all characteristics, in the center, supported by lions.

============================================================

================== 第 3 段 ================== 【原始藏文】 ས་པའི་རིན་ཆེན་ཁྲི། །དེ་སྟེང་པད་ཉི་ཟླ་བར་བཅས། །རང་རིག་ཨ་དཀར་གདན་སྟེང་བབས། །དེ་ཉིད་ཧཱུཾ་ལས་རྡོ་རྗེར་གྱུར། །ཧཱུཾ་བཛྲ་དྷྲིཀ྄འཕྲོ་འདུས་ཡོངས་གྱུར་བཅོམ་ལྡན་འདས། །རྡོར་སེམས་ཨིནྡྲ་ནཱི་ལའི་མདོག །ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་དྲིལ་དཀུར་བརྟེན་ཡུམ་ལ་འཁྱུད། །ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་ཅན། །ཐུགས་ལས་མཱུཾ་ཆད་དྲིལ་བུར་གྱུར། །མཱུཾ་དྷཱ་ཏྭཱེ་ཤྭ་རཱི། ཡོངས་གྱུར་ཕང་གཡོན་དབྱིངས་ཕྱུག་སྔོ། །གཡས་པའི་དྲིལ་བུས་ཡབ་མགུལ་འཁྱུད། །གཡོན་པས་རྡོ་རྗེ་ཐུགས་ཀར་གཏོད། །བརྟུལ་ཞུགས་སྐྱིལ་མོ་ཀྲུང་གིས་འཁྲིལ། །གཉིས་ཀ་རྒྱན་ཆས་བཅུ་གསུམ་གྱིས། །རབ་བརྒྱན་ཞི་བའི་ཚུལ་དགུས་བརྗིད། །བྱེ་བ་དྲུག་ཕྲག་དྲུག་འཕྲོ་བའི། །འོད་ཟེར་ཀློང་བཞུགས་གཉིས་ཀ་ཡིས། །སྲོག་སྒོར་རང་འདྲའི་ཡེ་ཤེས་སེམས། །དེ་ཐུགས་རང་རང་ཕྱག་མཚན་དབུས། །ཐུགས་སྲོག་དྭངས་མའི་ཡི་གེ་གསལ། །དེ་ནས་དབང་བསྐུར་ཞིང་བྱིན་གྱིས་རློབ་པ་ནི། ༀ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་དུ། ཨ་དཪྴ། ས་མ་ཏཱ། པྲ་ཏྱཱ་བེཀྵ་ཎཱ། ཀྲྀ་ཏྱཱ་ནུཥྛཱ་ན་རྣམས་ལ་སྦྱར་བའི་སྔགས་ཚན་ལྔ་དང་། ཡེ་ཤེས་ལྔ་ཡི་བདུད་རྩིའི་ཆུས། །དབང་བསྐུར་རིགས་ལྔས་དབུ་བརྒྱན་གྱུར། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་དུ་ཝཱཀྐ་དང་ཙིཏྟ་ལའང་སྦྱར་བས། སྤྱི་མགྲིན་སྙིང་གའི་གནས་གསུམ་དུ། །བྱིན་རླབས་རྡོ་རྗེ་གསུམ་དུ་གསལ། །དེ་ནས་སྤྱན་དྲངས་ཤིང་བསྟིམ་པ་ནི། རང་གི་ཐུགས་སྲོག་ཧཱུཾ་ཡིག་ལས། །འོད་འཕྲོས་ཡེ་ཤེས་འཁོར་ལོར་དབབ། །ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་པས། ༀ་ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀཱ་རུ་ཎཱི་ཀ་དྲྀ་ཤྱ་ཧོཿས་མཱ་ཡ་སྟྭཾ་ཞེས་པས་སྙན་གསན་དབབ། རང་གི་ཐུགས་ཀ་ནས་འཕྲོས་པའི། །ཛཿཧཱུཾ་བཾ་ཧོཿས་སྤྱན་དྲངས་ནས། མདུན་མཁར་དམ་ཚིག་འཁོར་ལོ་དང་། །མེ་རི་འདབ་འབྱོར་ཚུལ་གྱིས་བཞུགས། །ཛཿཧཱུཾ་བཾ་ཧོཿཞེས་ཕྱག་རྒྱ་དང་བཅས་ཏེ་སྤྱན་དྲང་ངོ་། །ༀ་བཛྲ་ས་མ་ཡ་ༀ། ཨཱཿབཛྲ་ས་མ་

ཡ་ཨཱཿཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་རིག་པའི་མེ་ཏོག་དོར་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་གཉིས་སུ་མེད་པར་བསམ། དངོས་གྲུབ་སྐུལ་བ་ནི། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག

【漢語翻譯】 地面的珍寶座,其上蓮花日月相連。 自明阿白墊上降臨,其即從吽字化為金剛。 吽 班匝 德熱(藏文,梵文天城體:हूँ वज्र धृक्,梵文羅馬擬音:hūṃ vajra dhṛk,漢語字面意思:吽 金剛 持),光芒四射,收攝圓滿,薄伽梵。 金剛薩埵,因陀羅藍之色,右手金剛持於心間,左手鈴置於腰際擁抱明妃,雙足等分的跏趺坐。 心間吽字消逝化為鈴,哞 達瓦 依西瓦熱(藏文,梵文天城體:मूँ धात्वीश्वरी,梵文羅馬擬音:mūṃ dhātvīśvarī,漢語字面意思:哞 界自在母),圓滿化現,左擁明妃藍色,右手的鈴擁抱明父頸間,左手金剛抵於心間,以禁行跏趺坐相擁。 二者以十三種飾品,善妙莊嚴,以九種寂靜之態威嚴,放射出六十俱胝光芒,光芒之中安住,二者以命門中自身相同的智慧心,彼心各自手印之中,心命清凈的字明顯。 之後灌頂並加持:嗡 嘛哈 舜亞 達 嘉納 班匝 梭巴瓦 阿瑪 郭杭(藏文,梵文天城體:ॐ महाशून्यताज्ञानवज्रस्वभावात्माकोऽहम्,梵文羅馬擬音:oṃ mahāśūnyatājñānavajrasvabhāvātmako’ham,漢語字面意思:嗡 大空性智金剛自性我),如是,明鏡,平等,觀察,成所作,與此等相連的五種咒語,以及五種智慧的甘露之水,灌頂,五部頂戴。 嗡 薩瓦 達塔嘎達 嘛哈 嘎雅 班匝 梭巴瓦 阿瑪 郭杭(藏文,梵文天城體:ॐ सर्वतथागतमहाकायवज्रस्वभावात्माकोऽहम्,梵文羅馬擬音:oṃ sarvatathāgatamahākāyavajrasvabhāvātmako’ham,漢語字面意思:嗡 一切如來大身金剛自性我),如是也與語和意相連,頂喉心三處,加持顯現為金剛三處。 之後迎請並融入:從自心命吽字中,光芒四射,降下智慧輪,以鐵鉤手印,嗡 誒 嘿 誒 班嘎萬 嘛哈 嘎汝尼嘎 德熱夏 吼 薩瑪雅 斯瓦(藏文,梵文天城體:ॐ एह्येहि भगवन् महाकारुणिक दृष्य होः समय स्त्वम्,梵文羅馬擬音:oṃ ehyehi bhagavan mahākāruṇika dṛśya hoḥ samaya stvam,漢語字面意思:嗡 來吧 來吧 薄伽梵 大悲者 顯現 吼 三昧耶 你)以此令聞。 從自心間放射,匝 吽 邦 霍(藏文,梵文天城體:जः हुं बं होः,梵文羅馬擬音:jaḥ hūṃ baṃ hoḥ,漢語字面意思:匝 吽 邦 霍)迎請,前方空中,以誓言輪和火焰山蓮花盛開之姿安住,匝 吽 邦 霍(藏文,梵文天城體:जः हुं बं होः,梵文羅馬擬音:jaḥ hūṃ baṃ hoḥ,漢語字面意思:匝 吽 邦 霍)以手印迎請。 嗡 班匝 薩瑪雅 嗡(藏文,梵文天城體:ॐ वज्र समय ॐ,梵文羅馬擬音:oṃ vajra samaya oṃ,漢語字面意思:嗡 金剛 誓言 嗡),阿 班匝 薩瑪雅 阿(藏文,梵文天城體:आः वज्र समय आः,梵文羅馬擬音:āḥ vajra samaya āḥ,漢語字面意思:阿 金剛 誓言 阿),吽 班匝 薩瑪雅 吽(藏文,梵文天城體:हुं वज्र समय हुं,梵文羅馬擬音:hūṃ vajra samaya hūṃ,漢語字面意思:吽 金剛 誓言 吽),梭 班匝 薩瑪雅 梭(藏文,梵文天城體:स्वा वज्र समय स्वा,梵文羅馬擬音:svā vajra samaya svā,漢語字面意思:梭 金剛 誓言 梭),哈 班匝 薩瑪雅 哈(藏文,梵文天城體:हा वज्र समय हा,梵文羅馬擬音:hā vajra samaya hā,漢語字面意思:哈 金剛 誓言 哈),如此投擲智慧之花,思維與一切如來的身語意功德事業無二無別,祈請成就:嗡,智慧之王身語意,功德事業甚稀奇,于彼之中平等合,愿我合於大手印。

【英語翻譯】 Upon a precious throne of earth, Adorned with lotus, sun, and moon above, Self-aware, white A descends upon the seat, Which transforms from Hūṃ into a vajra. Hūṃ Vajra Dhṛk (Tibetan, Devanagari: हूँ वज्र धृक्, Romanized Sanskrit: hūṃ vajra dhṛk, Literal meaning: Hūṃ Vajra Holder), radiating and gathering, completely transformed, Blessed One. Vajrasattva, the color of Indra-nila, Right hand holding a vajra at the heart, Left hand holding a bell at the hip, embracing the consort, With legs in equal lotus posture. From the heart, Mūṃ dissolves into a bell, Mūṃ Dhātvīśvarī (Tibetan, Devanagari: मूँ धात्वीश्वरी, Romanized Sanskrit: mūṃ dhātvīśvarī, Literal meaning: Mūṃ Realm Mistress), Completely transformed, the left side embraces the blue space mistress, The right hand’s bell embraces the father’s neck, The left hand’s vajra touches the heart, Embracing in the posture of asceticism. Both adorned with thirteen ornaments, Beautifully adorned, majestic with nine peaceful qualities, Radiating sixty million rays of light, Dwelling in the expanse of light, both, With wisdom mind like themselves in the life gate, That heart in the center of their respective hand symbols, The letter of pure heart-life is clear. Then, empowerment and blessing: Oṃ Mahāśūnyatājñānavajrasvabhāvātmako’ham (Tibetan, Devanagari: ॐ महाशून्यताज्ञानवज्रस्वभावात्माकोऽहम्, Romanized Sanskrit: oṃ mahāśūnyatājñānavajrasvabhāvātmako’ham, Literal meaning: Oṃ Great emptiness wisdom vajra nature self I), Likewise, Mirror, Equality, Observation, Accomplishing Activity, And the five mantras associated with these, And with the nectar of the five wisdoms, Empowerment, crowned with the five families. Oṃ Sarvatathāgatamahākāyavajrasvabhāvātmako’ham (Tibetan, Devanagari: ॐ सर्वतथागतमहाकायवज्रस्वभावात्माकोऽहम्, Romanized Sanskrit: oṃ sarvatathāgatamahākāyavajrasvabhāvātmako’ham, Literal meaning: Oṃ All Tathagata great body vajra nature self I), Likewise, also associated with speech and mind, In the three places of crown, throat, and heart, The blessing manifests as the three vajras. Then, inviting and dissolving: From the Hūṃ letter of one’s own heart-life, Rays radiate, bringing down the wisdom wheel, With the iron hook mudra, Oṃ Ehyehi bhagavan mahākāruṇika dṛśya hoḥ samaya stvam (Tibetan, Devanagari: ॐ एह्येहि भगवन् महाकारुणिक दृष्य होः समय स्त्वम्, Romanized Sanskrit: oṃ ehyehi bhagavan mahākāruṇika dṛśya hoḥ samaya stvam, Literal meaning: Oṃ Come Come Blessed One Great Compassionate One Appear Hoḥ Samaya You) thus causing to hear. Radiating from one’s own heart, Jaḥ Hūṃ Baṃ Hoḥ (Tibetan, Devanagari: जः हुं बं होः, Romanized Sanskrit: jaḥ hūṃ baṃ hoḥ, Literal meaning: Jaḥ Hūṃ Baṃ Hoḥ) inviting, In the space in front, abiding in the form of the samaya wheel and the lotus of the mountain of fire, Jaḥ Hūṃ Baṃ Hoḥ (Tibetan, Devanagari: जः हुं बं होः, Romanized Sanskrit: jaḥ hūṃ baṃ hoḥ, Literal meaning: Jaḥ Hūṃ Baṃ Hoḥ) inviting with the mudra. Oṃ Vajra Samaya Oṃ (Tibetan, Devanagari: ॐ वज्र समय ॐ, Romanized Sanskrit: oṃ vajra samaya oṃ, Literal meaning: Oṃ Vajra Samaya Oṃ), Āḥ Vajra Samaya Āḥ (Tibetan, Devanagari: आः वज्र समय आः, Romanized Sanskrit: āḥ vajra samaya āḥ, Literal meaning: Āḥ Vajra Samaya Āḥ), Hūṃ Vajra Samaya Hūṃ (Tibetan, Devanagari: हुं वज्र समय हुं, Romanized Sanskrit: hūṃ vajra samaya hūṃ, Literal meaning: Hūṃ Vajra Samaya Hūṃ), Svā Vajra Samaya Svā (Tibetan, Devanagari: स्वा वज्र समय स्वा, Romanized Sanskrit: svā vajra samaya svā, Literal meaning: Svā Vajra Samaya Svā), Hā Vajra Samaya Hā (Tibetan, Devanagari: हा वज्र समय हा, Romanized Sanskrit: hā vajra samaya hā, Literal meaning: Hā Vajra Samaya Hā), thus throwing the flower of knowledge, thinking of the body, speech, mind, qualities, and activities of all the Tathagatas as inseparable. Urging accomplishment: Oṃ, King of Wisdom, body, speech, and mind, Qualities and activities are most wondrous, In that, equally uniting, May I unite with the Great Seal.

============================================================

================== 第 4 段 ================== 【原始藏文】 །ༀ་བཛྲ་ས་མ་ཡ་ཧཱུཾ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧོཿཛཿཧཱུཾ་བཾ་ཧོཿཞེས་རྒྱ་བཞིས། ཆུ་ལ་ཆུ་བཞག་ཇི་བཞིན་དུ། །དམ་ཚིག་ཡེ་ཤེས་གཉིས་མེད་གྱུར། །སྐབས་འདིར་སྤྲོ་ན་མཆོད་བསྟོད་སོགས་བྱས་པས་ཆོག་ལ། མ་བྱས་ཀྱང་མི་འགལ་ལོ། །དེ་ནས། ཡང་དག་དོན་གྱི་སྙིང་པོ་ནི། །ཇི་སྙེད་བརྗོད་པའི་ཁ་བརྒྱུད་ཀྱང་། །གང་ནས་བཙལ་ཀྱང་མི་རྙེད་པས། །རང་རིག་དྲི་མེད་དག་པ་ཡིན། །དེ་ལ་རྟག་ཏུ་མོས་པ་ནི། །བསྙེན་པའི་དམ་པ་མཆོག་ཡིན་ནོ། །སེམས་ཉིད་ཐེག་པར་རང་མོས་ན། །སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲ་བའི་དཀྱིལ་འཁོར་མངོན་རྫོགས་པ། །ད་ལྟ་ཉིད་དུ་མངོན་གྱུར་ཅིག །ཅེས་བརྗོད་ནས་བཟླས་པ་ལ་འཇུག་སྟེ། བདག་ཉིད་དམ་ཚིག་སེམས་དཔའ་ལས། །ཡེ་ཤེས་འཁོར་ལོ་མདུན་དུ་དབྱེ། །གཉིས་ཀའི་ཐུགས་སྲོག་ཡི་གེའི་མཐར། །སྔགས་ཕྲེང་གཡས་སུ་འཁོར་བ་ལས། །འོད་ཟེར་མགལ་མེའི་འཁོར་ལོ་ལྟར། །ཕར་འཕྲོས་མཆོད་ཅིང་ཚུར་བྱུང་བའི། །ཡེ་ཤེས་འོད་ཟེར་བདག་ལ་ཐིམ། །དེ་ལྟར་དམིགས་ལ་བཟླ་བྱའི་སྔགས་ནི། ཧཱུཾ་བཛྲ་དྷྲིཀ྄མཱུཾ་དྷཱ་ཏི་ཤྭཱ་རཱི། ཞེས་ཡབ་ཡུམ་གྱི་སྔགས་དང་། ཞི་བ་སྤྱིའི་སྔགས། བོ་དྷི་ཙིཏྟ་ཡང་ཅི་རིགས་པ་བཟླས་པའི་མཐར། ཛཿཧཱུཾ་བཾ་ཧོཿཞེས་ཕྱག་རྒྱ་དང་བཅས་པས་སླར་ཡང་དམ་ཡེ་དབྱེར་མེད་དུ་བྱའོ། །དེ་ནས་སྐབས་འདིར་རྒྱུད་གཏོར་བསྔོ་བ་ནི། རཾ་ཡཾ་ཁཾ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས། །དཔག་ཡས་ནམ་མཁའ་གང་བར་གྱུར། །ན་མསྶ་མནྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱཧཱ། ༀ་ཤྲཱི་བཛྲ་རཱ་ག་དྷུ་པེ་དྷུ། དེ་བཞིན་སྦྱར་བས། པུཥྤེ་པུ། ཨ་ལོ་ཀེ་ཧྲཱིཿགནྡྷེ་གན། དང་། ༀ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱི་ཋ། ༀ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བཱ་དྱ་གུ་ཧྱ་ས་མ་ཡ་སྭཱཧཱ། ༀ་མཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱི་ཋ། ཞེས་པས་བྱིན་གྱིས་བརླབས་ནས། མཆོད་ཡུལ་རྣམས། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ། །སྤྱན་

འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཨེ་ཧྱེ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲི་ཤྱ་ཧོཿས་མ་ཡ་སྟྭཾ། ཞེས་པས་སྤྱན་དྲངས་ལ། ན་མསྶརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པས་ཀུན་བཟང་། ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ན་མསྶ་མན

【漢語翻譯】 嗡 班匝 薩瑪雅 吽 (藏文,梵文天城體:,梵文羅馬擬音:,漢語字面意思:金剛誓言 吽)。嗡 班匝 薩瑪雅 斯東(藏文,梵文天城體:,梵文羅馬擬音:,漢語字面意思:金剛誓言 是)。嗡 班匝 薩瑪雅 霍 匝 吽 邦 霍(藏文,梵文天城體:,梵文羅馬擬音:,漢語字面意思:金剛誓言 霍 匝 吽 邦 霍) 以這四個手印。 如水入水一般地,誓言與智慧無二無別。 此時,如果願意,可以進行供養和讚頌等,即使不進行也沒有妨礙。 然後, 真實意義的精髓是,無論說出多少傳承,無論從何處尋找都無法找到,因此,它是自性清凈無垢的。 對此恒常傾慕,是修持的殊勝之最。 如果自心安住於心性乘,那麼四十二尊幻化壇城,網路壇城圓滿顯現,當下即可顯現。 唸誦后開始唸誦,自身從誓言尊中,將智慧輪於前展開,二者心命字之後,咒鬘向右旋轉,如火焰輪般的光芒,向外放射供養,又返回,智慧光芒融入自身。 如此觀想后,應唸誦的咒語是:吽 班匝 德熱格 穆 達地 效熱(藏文,梵文天城體:,梵文羅馬擬音:hūṃ vajra dhṛk mūṃ dhāti śvārī,漢語字面意思:吽 金剛 持 穆 達地 效熱)。這是父母本尊的咒語,以及寂靜本尊的總咒,菩提心也應儘可能地念誦。最後,以匝 吽 邦 霍(藏文,梵文天城體:,梵文羅馬擬音:jaḥ hūṃ vaṃ hoḥ,漢語字面意思:匝 吽 邦 霍)的手印,再次使誓言與智慧無二無別。 然後,此時進行續部食子迴向:讓 央 康。 從清凈法界自性中,自生供養的堆聚,如普賢供云般,充滿無垠虛空。 那摩 薩曼達 布達 南 嘎嘎那 康 薩瑪耶 梭哈(藏文,梵文天城體:,梵文羅馬擬音:namaḥ samanta buddhānāṃ gagana khaṃ samaye svāhā,漢語字面意思:敬禮普遍諸佛,虛空 空間 誓言 梭哈)。嗡 希瑞 班匝 惹嘎 杜貝 杜。 同樣地加上:布貝 布。阿洛給 舍 根德 嘎納。以及,嗡 薩瓦 班匝 阿姆日達 吽 舍 塔。嗡 瑪哈 巴林達 爹 匝 巴林達 巴拉 巴德亞 咕哈亞 薩瑪耶 梭哈。嗡 瑪哈 惹嘎 匝拉 曼達拉 吽 舍 塔。 以此加持后,供養處所,觀想如無所緣的虛空般周遍清凈之身,雖不觀想迎請降臨,然從大悲自性清凈法身中,于智慧幻化中嬉戲而降臨。 誒 嘿 班嘎萬 瑪哈 嘎如尼嘎 德熱效 霍 薩瑪雅 斯東(藏文,梵文天城體:,梵文羅馬擬音:ehy e bhagavan mahā kāruṇika dṛśya hoḥ samaya stvaṃ,漢語字面意思:來 吧 薄伽梵 大 悲者 顯現 霍 誓言 是)。以此迎請,那摩 薩瓦 達塔嘎達 貝友 維效 穆凱 貝 薩瓦 達康 烏嘎 達 薩帕惹納 嘿芒 嘎嘎納 康 梭哈。以此普賢供,嗡 阿哈惹 阿哈惹 薩瓦 維迪亞 達惹 布吉 爹 那摩 薩曼

【英語翻譯】 Oṃ Vajra Samaya Hūṃ. Oṃ Vajra Samaya Tvaṃ. Oṃ Vajra Samaya Hoḥ Jaḥ Hūṃ Vaṃ Hoḥ. With these four mudras. Like water poured into water, the samaya and wisdom become inseparable. At this point, if desired, offerings and praises can be made, but it is not necessary. Then, The essence of true meaning is that no matter how many oral transmissions are spoken, it cannot be found no matter where it is sought. Therefore, it is self-aware, stainless, and pure. To always be devoted to it is the supreme practice. If one is naturally inclined towards the Mind-itself Vehicle, then the forty-two illusory mandalas, the network mandala, will be perfectly manifested, and will manifest in this very moment. After saying this, one engages in recitation. From oneself as the samaya-sattva, the wisdom wheel is opened in front. At the end of the heart-essence syllable of both, from the garland of mantras rotating to the right, like a wheel of firebrands, light radiates outwards, making offerings, and then comes back, the wisdom light dissolves into oneself. Having visualized in this way, the mantra to be recited is: Hūṃ Vajra Dhṛk Mūṃ Dhāti Śvārī (藏文,梵文天城體:,梵文羅馬擬音:hūṃ vajra dhṛk mūṃ dhāti śvārī,漢語字面意思:吽 金剛 持 穆 達地 效熱). This is the mantra of the father and mother deities, as well as the general mantra of the peaceful deities. Bodhicitta should also be recited as much as possible. Finally, with the mudra of Jaḥ Hūṃ Vaṃ Hoḥ (藏文,梵文天城體:,梵文羅馬擬音:jaḥ hūṃ vaṃ hoḥ,漢語字面意思:匝 吽 邦 霍), the samaya and wisdom are made inseparable again. Then, at this point, the tantric torma offering is dedicated: Raṃ Yaṃ Khaṃ. From the nature of pure dharmadhatu, the spontaneously arising heap of offerings, like the clouds of Samantabhadra’s offerings, fills the immeasurable sky. Namaḥ Samanta Buddhānāṃ Gagana Khaṃ Samaye Svāhā (藏文,梵文天城體:,梵文羅馬擬音:namaḥ samanta buddhānāṃ gagana khaṃ samaye svāhā,漢語字面意思:敬禮普遍諸佛,虛空 空間 誓言 梭哈). Oṃ Śrī Vajra Rāga Dhūpe Dhu. Similarly, add: Puṣpe Pu. Aloke Hrīḥ Gandhe Gha. And, Oṃ Sarva Pañca Amṛta Hūṃ Hrīḥ Ṭha. Oṃ Mahā Baliṃta Tejevala Baliṃta Bala Vādya Guhya Samaya Svāhā. Oṃ Mahā Rakta Jvala Maṇḍala Hūṃ Hrīḥ Ṭha. Having blessed in this way, the objects of offering, visualize the body as pervasive and pure like aimless space. Although one does not visualize inviting and requesting to come, from the compassionate nature of the pure dharmakaya, playing in the wisdom illusion, request them to come. Ehy E Bhagavan Mahā Kāruṇika Dṛśya Hoḥ Samaya Tvaṃ (藏文,梵文天城體:,梵文羅馬擬音:ehy e bhagavan mahā kāruṇika dṛśya hoḥ samaya stvaṃ,漢語字面意思:來 吧 薄伽梵 大 悲者 顯現 霍 誓言 是). With this, invite them. Namaḥ Sarva Tathāgata Bhyo Viśva Mukhe Bhyah Sarva Tatkham Utgate Spharaṇa Himaṃ Gagana Khaṃ Svāhā. With this, Samantabhadra. Oṃ Āhāra Āhāra Sarva Vidyādhara Pūjite Namaḥ Saman

============================================================

================== 第 5 段 ================== 【原始藏文】 ྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ཞེས་པས་ཞབས་བསིལ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། ༀ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། ༀ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿༀ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ཞེས་པས་བཞི་བསྣོལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་པས་སྨན་རཀ་དབུལ་ཞིང་། གཏོར་མ་ནི། ལྷ་རྣམས་ཀྱི་ལྗགས་ཧཱུཾ་ལས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ནས་གསོལ་བར་བསམ་ལ། ༀ་གུ་རུ་མཎྜལ་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་བླ་མ་ཡི་དམ་སྤྱི་དང་། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿཨི་དཾ་སོགས་དང་། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨི་དཾ་སོགས་ཀྱིས་ཞི་ཁྲོ་ལ་སྒོས་སུ་འབུལ། དེ་ནས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེར་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་བའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །བདེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་

ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་འདོད་དོན་གསོལ། དེ་ནས་ཆོས་སྐྱོང་དང་གཞི་བདག་གི་གཏོར་མ་སོགས་སོ་སོའི་གཞུང་བཞིན་དུ་བྱའོ། །༈ དེ་ནས་རྒྱུད་བཀླག་པའི་མན་ངག་དངོས་ནི། རང་གི་ལྕེ་ཡི་འདོམ་རྩའི་དབུས། །བྷྲཱུཾ་ལས་འཁོར་ལོ་རྩིབས་བཞི་པ། །གྲུ་བཞི་སྒོ་ལྡན་གཞལ་ཡས་ཁང་། །ལྟེ་བ་རྩིབས་སྟེང་པདྨ་དང་། །ཉི་ཟླ་སྒོ་བཞིར་ཉི་མའི་གདན། །དབུས་སུ་ཧྲཱི་ཡིག་ཡོངས་གྱུར་ལས། །སྣང་མཐའ་གོས་དཀར་མ་དང་སྦྱོར། །རྩིབས་བཞིར་ཤར་ནས་རིམ་པ་བཞིན། །ཧྲཱི་ཡིག་ཟུང་རེ་ཞུ་བ་ལས།

【漢語翻譯】 ཏ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ།(藏文)以此令足清涼。 嗡 ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ།(藏文,梵文天城體,梵文羅馬擬音,漢語字面意思) 嗡 ཤྲཱི་བཛྲ་རཱ་ག་པུཥྤེ་པུ།(藏文,梵文天城體,梵文羅馬擬音,漢語字面意思) 嗡 ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ(藏文,梵文天城體,梵文羅馬擬音,漢語字面意思) 嗡 ཤྲཱི་བཛྲ་རཱ་ག་གནྡྷེ་གན།(藏文,梵文天城體,梵文羅馬擬音,漢語字面意思)以此四交錯。 嗡 薩爾瓦 達塔嘎達 瑪哈 班雜 阿彌利塔 卡讓 卡嘿。(藏文,梵文天城體,梵文羅馬擬音,漢語字面意思) 嗡 薩爾瓦 達塔嘎達 瑪哈 惹達 卡讓 卡嘿。(藏文,梵文天城體,梵文羅馬擬音,漢語字面意思)以此獻藥血。 食子是,觀想諸神的舌頭從吽(藏文,梵文天城體,梵文羅馬擬音,漢語字面意思)中發出金剛的管子般的光芒,迎請食子的精華享用。 嗡 咕嚕 曼達拉 德瓦 嘎納 薩巴熱瓦ra 伊當 巴林達 卡 卡嘿 卡嘿。(藏文,梵文天城體,梵文羅馬擬音,漢語字面意思)以此供養上師、本尊總集。 嗡 菩提吉大 瑪哈 蘇卡 嘉納 達圖 阿 依當(藏文,梵文天城體,梵文羅馬擬音,漢語字面意思)等,以及嗡 汝汝 汝汝 吽 炯 吽。(藏文,梵文天城體,梵文羅馬擬音,漢語字面意思)依當等,特別供養寂怒尊。 之後, 依靠誰的恩德大樂, 剎那之間顯現的, 猶如珍寶般的上師之身, 我頂禮金剛持的蓮足。 不可言說智慧,不動搖的法身, 大樂圓滿報身,五部主尊, 大悲方便,廣闊嬉戲之神, 我向寂怒化身頂禮。 以此讚頌。 祈請享用此供施食子, 愿瑜伽士我等眷屬, 無病長壽,具足權勢, 榮耀、名聲、善緣, 獲得廣大受用, 以及息增等事業的成就賜予我, 愿持誓者守護我, 作為一切成就的助伴, 愿消除非時死亡和疾病, 以及邪魔鬼怪, 愿消除惡夢和惡兆, 愿消除邪惡行為, 愿世間安樂,五穀豐登, 愿穀物增多,牲畜繁衍, 一切安樂吉祥的根源, 願心中所愿皆能成就。 如是祈禱所愿。 之後,護法和地主的食子等,按照各自的儀軌進行。 之後,讀經的真實口訣是: 在自己舌頭度量單位的中央, 從bhruṁ(藏文,梵文天城體,梵文羅馬擬音,漢語字面意思)中生出四輻輪, 四方形有門的宮殿, 中央輻條上有蓮花, 日月在四門為太陽的坐墊, 中央是ḥrīḥ(藏文,梵文天城體,梵文羅馬擬音,漢語字面意思)字完全變化, 與無邊光白色母結合, 四輻條上從東開始依次, ḥrīḥ(藏文,梵文天城體,梵文羅馬擬音,漢語字面意思)字雙雙融化,

【英語翻譯】 ta bud+d+ha nām ga ga na kham sa ma ye svā hā. (Tibetan) With this, cool the feet. Om shri vajra rāga dhūpe dhū. (Tibetan, Sanskrit Devanagari, Sanskrit Romanized, Literal Chinese meaning) Om shri vajra rāga puṣpe pu. (Tibetan, Sanskrit Devanagari, Sanskrit Romanized, Literal Chinese meaning) Om shri vajra rāga āloke hrīḥ (Tibetan, Sanskrit Devanagari, Sanskrit Romanized, Literal Chinese meaning) Om shri vajra rāga gandhe gan. (Tibetan, Sanskrit Devanagari, Sanskrit Romanized, Literal Chinese meaning) With this, cross four times. Om sarva tathāgata mahā pañca amṛta kharaṃ khāhi. (Tibetan, Sanskrit Devanagari, Sanskrit Romanized, Literal Chinese meaning) Om sarva tathāgata mahā rakta kharaṃ khāhi. (Tibetan, Sanskrit Devanagari, Sanskrit Romanized, Literal Chinese meaning) With this, offer medicine and blood. The torma is, think that the tongues of the deities draw the essence of the torma with rays of light that have vajra tubes from hūṃ (Tibetan, Sanskrit Devanagari, Sanskrit Romanized, Literal Chinese meaning) and enjoy it. Om guru maṇḍala deva gaṇa sapa rivāra idaṃ baliṃta kha khāhi khāhi. (Tibetan, Sanskrit Devanagari, Sanskrit Romanized, Literal Chinese meaning) With this, offer to the guru, yidam, and all. Om bodhicitta mahā sukha jñāna dhātu āḥ idaṃ (Tibetan, Sanskrit Devanagari, Sanskrit Romanized, Literal Chinese meaning) etc., and Om rulu rulu hūṃ bhyo hūṃ. (Tibetan, Sanskrit Devanagari, Sanskrit Romanized, Literal Chinese meaning) Idaṃ etc., especially offer to the peaceful and wrathful ones. Then, By whose kindness is great bliss, What arises in an instant, The body of the guru like a precious jewel, I bow to the lotus feet of Vajradhara. Inexpressible wisdom, unmoving dharmakāya, Great bliss enjoyment sambhogakāya, the chief of the five families, Compassionate skillful means, the god who plays extensively, I prostrate to the nirmāṇakāya of the peaceful and wrathful ones. With this, praise. Please accept this offering torma, For the yogi, myself, and retinue, Without illness, life, and power, Glory, fame, and good fortune, May all vast enjoyments be obtained, And the siddhis of peaceful and increasing, etc., activities, grant to me. May the one with samaya protect me, Be the companion for all siddhis. May untimely death and diseases, And demons and obstacles be removed. May bad dreams and bad omens, And bad actions be removed. May the world be peaceful and the harvest be good, May the grains increase and the livestock increase, The source of all happiness and auspiciousness, May all desires in the mind be fulfilled. Thus, pray for the desired meaning. Then, the torma of the dharma protectors and local deities, etc., should be done according to their respective texts. Then, the actual secret instruction for reading the tantra is: In the center of the base of one’s tongue, From bhrūṃ (Tibetan, Sanskrit Devanagari, Sanskrit Romanized, Literal Chinese meaning) arises a four-spoked wheel, A square palace with doors, In the center, on the spokes, is a lotus, Sun and moon at the four doors as sun cushions, In the center, the letter hrīḥ (Tibetan, Sanskrit Devanagari, Sanskrit Romanized, Literal Chinese meaning) completely transforms, And unites with Amitābha White Mother, On the four spokes, starting from the east in order, Pairs of hrīḥ (Tibetan, Sanskrit Devanagari, Sanskrit Romanized, Literal Chinese meaning) letters dissolve,

============================================================

================== 第 6 段 ================== 【原始藏文】 །རྡོ་རྗེ་ཆོས་དང་པི་ཝཾ་མ། །རྡོ་རྗེ་རྣོན་པོ་མེ་སྒྲོན་དང་། །རྡོ་རྗེ་འཁོར་ལོ་ལྕགས་སྒྲོག་སྟེ། །རྡོ་རྗེ་སྨྲ་བ་གསལ་བཀྲར་བཅས། །ཀུན་ཀྱང་མཉམ་སྦྱོར་པད་རག་མདོག །སྒོ་བཞིར་རང་རང་ས་བོན་ལས། །གཤིན་རྗེ་གཤེད་དང་སྟོབས་པོ་ཆེ། །རྟ་མགྲིན་བདུད་རྩི་འཁྱིལ་བ་བཞི། །ལྕགས་ཀྱུ་མ་སོགས་ཡུམ་དང་འཁྲིལ། །དེ་ནས། ༀ་མ་ཧཱ་པྲ་ཏྱཱ་བེཀྵ་ཎ་དང་པོར་བྱས་པའི་ཨ་དཪྴ་༴ ས་མ་ཏཱ༴ ཤུ་ནྱ་ཏཱ༴ ཀྲྀ་ཏྱ་ནུཥྛ་ན་རྣམས་ལ་འགྲེས་སྦྱར་བའི་སྔགས་ཚན་ལྔས་དབང་བསྐུར། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་སོགས་གསུམ་གྱིས་བྱིན་གྱིས་བརླབས། བཛྲ་ས་མཱ་ཛཿས་སྙན་གསན་དབབ། ༀ་ཨེ་ཧྱེ་ཧིས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཀཱ་ཡ་ཝཀྐ་ཙིཏྟ་ཏིཥྛ་བཛྲ་གྱིས་བརྟན་པར་བྱས། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད་ནས། ས་མ་ཡ་ཧོཿས་མ་ཡ་སྟྭཾ། ཞེས་བསྐུལ་ཏེ། ལྷ་ཚོགས་ཡབ་ཡུམ་རྣམས་སྙོམས་པར་ཞུགས་པས་རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས་རང་ལ་ཐིམ། དེའི་རྐྱེན་གྱིས་རང་ཡང་འོད་དུ་ཞུ་བའི་འོད་ཕུང་དམར་པོ་ལས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་སྣང་བ་མཐའ་ཡས་ཀྱི་སྐུར་གྱུར་པའི་ང་རྒྱལ་དང་བཅས་ཏེ། གང་དག་རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་སྟོན་པས་ཆོས་ཀྱི་ཆར་འབེབས་ཀྱིས། །ཉན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ཅེས་ལྷ་དང་རིག་པ་འཛིན་པ་སོགས་དད་པས་ཆོས་ཀྱི་གཏམ་མཉན་པར་འདོད་པ་རྣམས་བསྡུས་ཏེ། སྒོ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོ་ལས་མི་འདའ་བའི་སྒོ་ནས་རྒྱུད་བཀླག་པར་བྱའོ། །ཚུལ་འདི་ནི་རྒྱུད་ལས། སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། ཞེས་སོགས་འཆད་དབང་གི་བསམ་རྒྱུད་དུ་གསུངས་པའི་རིགས་པ་སྦྱར་བ་སྟེ། གསང་འདུས་ལས་ཀྱང་། མདོ་འདོན་ཆོ་གའི་རིམ་པ་

ལ། །རྟག་པར་རྡོ་རྗེ་ཆོས་སུ་བྱ། །ཞེས་གསུངས་པ་དང་ཡང་དོན་གྱི་གནད་གཅིག་གོ །གཞན་དུ་ན། ཐོག་མ་ནས་བསྲུང་འཁོར་གྱི་རྗེས་སུ། རྒྱུ་ཏིང་ངེ་འཛིན་གསུམ་ལས་འབྲས་བུ་པདྨ་རིགས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བསྐྱེད་དེ། ཆོ་གའི་བྱ་བ་གཞན་རྣམས་ཆིངས་སྔར་ལྟར་ལས། གཏོར་འབུལ་ཐོན་ནས་རྒྱུད་ཉན་པར་བསྐུལ་བ་ལ་འཇུག་སྟེ། འདི་ཡང་གོང་མ་དང་གནད་གཅིག་པ་ཡིན་ནོ། །ཡང་རྣམ་པ་གཅིག་ཏུ་ན། སྔོན་བྱུང་ཇི་ལྟ་བ་བཞིན་དུ་བགྱིས་ཀྱང་མི་འགལ་བར་སེམས་ཏེ། དེའི་ཚུལ་ནི། ཐུབ་པ་དྲུག་མ་གཏོགས་པ་རང་སྣང་ཞི་བའི་དཀྱིལ་འཁོར་སུམ་ཅུ

【漢語翻譯】 金剛法與琵琶女,金剛利器火焰燈,金剛輪和鐵鉤鎖,金剛語宣說明亮。一切皆為合和蓮花色,四門各從自種字,閻羅死神與大力,馬頭明王甘露旋四尊,鐵鉤母等與明妃擁抱。此後,以「嗡 嘛哈 札 貝 納」為首的五種咒語灌頂,將阿達夏…薩瑪達…虛空達…剋日亞努什塔納等混合。以「嗡 薩瓦 達塔嘎達 嘎雅」等三句加持。以「班雜 薩瑪扎」令諦聽。以「嗡 誒嘿誒嘿」迎請。以「扎 吽 邦 霍」融入。以「嘎雅 瓦嘎 澤達 迪叉 班雜」令堅固。普賢,洗足,四交印供養后,以「薩瑪雅 霍 薩瑪雅 斯瓦」勸請。諸佛父母眾平等入定,以慾火融化為光融入自身。以此緣故,自身亦從融化為光之紅色光團中,生起具足慢心之無量光佛身,即一切如來之語金剛自性。凡於無邊十方世界中,所有成為如來弟子者,今日導師降下法雨,所有欲聞法者皆來此處。如是召集諸天與持明等,以信心欲聞法之眾,以身語意不離本尊咒語智慧之輪的方式,讀誦續部。此法即續部中所說「于語輪之宮殿中」等,結合了宣說灌頂之意,亦如《密集金剛》所說:「經文儀軌之次第中,恒常作金剛法。」所說,意義之要點亦相同。于其他處,從一開始於防護輪之後,從因三摩地中生起果蓮花部之壇城,含能依所依。其他儀軌之事如前行,供朵瑪后開始勸請聽續,此亦與前相同。又一種方式,思惟如先前所行亦不相違。其方式為,除了六能仁外,自顯寂靜壇城三十

【英語翻譯】 Vajra Dharma and the Pipa Woman, Vajra Sharp Weapon Flame Lamp, Vajra Wheel and Iron Hook Lock, Vajra Speech Clearly Illuminated. All are of the color of a combined lotus ruby, From the four doors, each from its own seed syllable, Yama, the Slayer, and the Mighty One, Hayagriva, Nectar Swirling, the four, Iron Hook Mother and others embracing their consorts. Then, empower with the five mantras beginning with “Om Maha Pratya Bekshana”, mixing Adarsha… Samata… Shunyata… Kritya Anushthana. Bless with the three phrases “Om Sarva Tathagata Kaya” and so on. Cause to listen with “Vajra Samaja”. Invite with “Om Ehyehi”. Dissolve with “Jah Hum Bam Hoh”. Make firm with “Kaya Vakka Citta Tishta Vajra”. Samantabhadra, foot washing, offering with the four-crossed mudra, then urge with “Samaya Hoh Samaya Tvam”. The assembly of deities, fathers and mothers, enter into equality, and with the fire of desire, melt into light and dissolve into oneself. Because of this, oneself also dissolves into light, and from the red mass of light, arises the pride of being the body of Amitabha, the essence of the speech vajra of all the Sugatas. Whoever in the boundless ten directions of the world, Whoever has become a disciple of the Sugata, Today the teacher pours down the rain of Dharma, May all who wish to listen come here. Thus gathering the gods and vidyadharas and others, who with faith wish to listen to the Dharma, one should read the tantra in a way that does not deviate from the wheel of body, speech, and mind, deity, mantra, and wisdom. This method is from the tantra, “In the palace of the wheel of speech,” etc., combining the reasoning spoken in the intention of explaining empowerment. Also, from the Guhyasamaja, “In the order of the ritual of reciting the sutra, Always perform the Vajra Dharma.” What is said, the essential points of the meaning are also the same. Elsewhere, from the beginning, after the protection wheel, from the cause, the three samadhis, generate the mandala of the result, the Padma family, with its supports and supported. Other ritual activities are as before, and after offering the torma, begin to urge listening to the tantra, this is also the same as before. In another way, think that it does not contradict doing as before. The method is, except for the six Thubpas, the thirty self-manifested peaceful mandalas

============================================================

================== 第 7 段 ================== 【原始藏文】 ་རྩ་དྲུག་གི་རྟེན་དང་བརྟེན་པར་བཅས་པ་དྲ་བའི་གཞུང་ལྟར་ལས། གཙོ་བོ་གོ་འཕོ་སྟེ། ཐལ་བ་ལས། འཁོར་ལོའི་ལྟེ་བར་མི་འཇིགས་སྟེང་། །བདག་པོ་ཀུན་བཟང་འཁོར་རྣམས་ལ། །ཀུན་འབྱུང་སྒྱུ་འཕྲུལ་སྟོན་པའི་ཚེ། །མི་སྐྱོད་རྒྱལ་པོ་མདུན་ན་གནས། །ཞེས་གསུངས་པས། དབུས་ཀྱི་ཁྲིར་ཀུན་བཟང་ཡབ་ཡུམ་བཞུགས་པའི་མདུན་ན། མི་བསྐྱོད་པ་ཡབ་ཡུམ་བཀའ་སྡོད་ཀྱི་ཚུལ་དུ་བཞུགས་པ་དང་། ཐུབ་པ་དྲུག་ནི་སྟོན་པའི་ཐུགས་ལས་སྤྲོས་ཏེ། རང་རང་གི་གདུལ་ཞིང་རིགས་དྲུག་གི་གནས་རིགས་སོ་སོར་འགྲོ་བའི་དོན་མཛད་པ་དང་། ཁྲོ་བོའི་དཀྱིལ་འཁོར་ནི། གདུལ་དཀའ་དྲག་པོ་འདུལ་བར་བྱ་བའི་ཕྱིར་ཞི་བ་ཉིད་ཁྲོ་བོར་སྣང་བར་མཛད་པ་སྟེ་དེ་ལྟར་མོས་པའི་སྒོ་ནས་རྒྱུད་ཀློག་པར་བྱ་ཞིང་། མཐར་རྒྱུད་ཀྱི་མཇུག་ཏུ། སྐུ་གསུང་ཐུགས་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་སོ། །ཞེས་རྒྱུད་རྫོགས་ནས་མཛད་པ་ཆོས་ཉིད་དུ་བཞུགས་ཚུལ་གྱི་ཚིག་ཕྱིར་སེམས་གཞོལ་ཏེ་མཉམ་པར་འཇོག་པ་ལས། དཀྱིལ་འཁོར་ལ་ཉེར་བསྡུ་སོགས་སྤྲོས་པའི་ཆོ་ག་གཞན་བྱ་མི་དགོས་ལ། འོན་ཀྱང་བསྲུང་མའི་གཏོར་འབུལ་དང་། མཐར་ཤིས་བརྗོད་དང་བསྔོ་སྨོན་སོགས་འོག་ནས་འབྱུང་བ་ལྟར་བྱས་ཀྱང་མི་འགལ་ལོ། །འདོན་ཐབས་ཀྱི་མན་ངག་སྔ་མ་གཉིས་ཀྱི་དབང་དུ་བྱས་ན། རྒྱུད་རྫོགས་པའི་རྗེས་སུ། བསྲུང་མའི་གཏོར་མ་གཤེགས། སླར་ཡང་མཆོད་ཅིང་བསྟོད་ནས། ཡིག་བརྒྱ་དང་། མ་རྙེད་ཡོངས་སུ་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་ལྷག་ཆད་ཁ་གསོ། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླ་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿས་ཡེ་ཤེས་ཀྱི་འཁོར་ལོ་དང་། གཏོར་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སྣོད་བཅུད་འོད་ཞུ་དམ་ཚིག་འཁོར་ལོ་ལ། །རིམ་བཞིན་ཐུགས་སྲོག་ནཱ་དའི་བར་དུ་བསྡུ། །ཧཱུཾ་བཛྲ་དྷྲིཀ྄དེ་ལས་སླར་ཡང་སྐད་ཅིག་དྲན་རྫོགས་སུ། །མི་བསྐྱོད་སྣང་སྟོང་སྒྱུ་མའི་སྐུ་རུ་ལངས། །དེ་ཡི་གནས་གསུམ་ༀ་དང་ཨཱཿཧཱུཾ་ལས། །

སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་བཅིངས། །རྒྱ་གྲམ་གྱི་ཕྱག་རྒྱ་སྤྱི་བོར་བཞག་སྟེ། བཛྲ་རཀྵ་ཧཾ། སྤྱི་བོའི་ཧཾ་ཞུ་རྡོ་རྗེའི་འོད་ཟེར་གྱིས། །རང་ལུས་ཀུན་ཁྱབ་རྡོ་རྗེའི་གོ་ཆར་གྱུར། །དེ་ནས་བསྔོ་བ་དང་ཤིས་བརྗོད་ནི། བླ་

【漢語翻譯】 根據六根本及所依之網的經文,主要的是轉移。如《灰燼經》所說:「于輪之中心無畏處,主尊普賢及眷屬眾,示現普生幻化之時,不動明王於前住。」因此,中央的寶座上,普賢父母安住的前方,不動金剛父母以侍者的姿態安住。六能仁是導師的心中化現,爲了各自所化之境,前往六道各自的處所而行利生之事。忿怒尊壇城是爲了調伏難以調伏的暴惡眾生,寂靜自性顯現為忿怒相,如此信解而誦讀經文。最終,于經文末尾,「身語意圓滿莊嚴之飾中安住。」經文圓滿后,將心專注於法性安住之詞句,而入于平等。無需進行壇城的收攝等繁瑣儀軌。然而,護法的朵瑪供養,以及最後的吉祥祈願和迴向等,按照下文所述進行也不相違。如果按照前兩個唸誦方法的口訣,經文圓滿之後,護法的朵瑪迎請降臨。再次供養和讚頌后,唸誦百字明,以及「未得圓滿及不全,任何能力皆無有,於此所作諸過失,祈請汝等皆寬恕。」以此補足遺漏。嗡。您成辦一切有情之利益,賜予隨順之成就。縱然前往佛土之後,亦祈請再次降臨。班雜目(藏文:བཛྲ་མུཿ,梵文天城體:वज्र मुः,梵文羅馬擬音:vajra muḥ,金剛印),觀想智慧之輪和朵瑪賓客返回自性之境。器情光融入誓言輪,次第收攝至心、命、那達之間。吽 班雜智嘎(藏文:ཧཱུཾ་བཛྲ་དྷྲིཀ྄,梵文天城體:हुं वज्र धृक्,梵文羅馬擬音:hūṃ vajra dhṛk,吽 金剛 持),由此再次於剎那間憶念圓滿,升起不動金剛空性幻化之身。其三處嗡(藏文:ༀ,梵文天城體:,梵文羅馬擬音:oṃ,圓滿)、阿(藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,生起)、吽(藏文:ཧཱུཾ,梵文天城體:हुं,梵文羅馬擬音:hūṃ,摧壞)三字。

三門繫縛為三金剛之體性。于頂門放置十字金剛印,班雜ra恰 杭(藏文:བཛྲ་རཀྵ་ཧཾ།,梵文天城體:वज्र रक्ष हं,梵文羅馬擬音:vajra rakṣa haṃ,金剛 保護 杭)。頂門的杭字融化,以金剛的光芒,自身化為遍佈的金剛鎧甲。之後是迴向和吉祥祈願:

【英語翻譯】 According to the net of the six roots and their supports, the main thing is transference. As stated in the Ash Scripture: “In the center of the wheel, in the fearless place, the lord Samantabhadra and all the retinue, at the time of showing the manifestation of all arising, the immovable king abides in front.” Therefore, in front of the throne in the center where Samantabhadra father and mother reside, the immovable ones, father and mother, abide in the manner of attendants. The six Thupas emanate from the heart of the teacher, and for the sake of their respective fields of taming, they go to the respective places of the six realms to accomplish the benefit of beings. The mandala of the wrathful ones is that peacefulness itself appears as wrathful in order to tame the extremely difficult to tame and violent beings, and one should read the tantra with such faith. Finally, at the end of the tantra, “It abides in the adornment of the spontaneously present and dense body, speech, and mind.” After the tantra is completed, focus the mind on the words of how the activity abides in the nature of reality, and remain in equanimity. There is no need to perform other elaborate rituals such as the gathering of the mandala. However, there is no contradiction in making the torma offering to the protectors, and the final auspicious words and aspirations, etc., as will be described below. If one follows the instructions of the first two methods of recitation, after the completion of the tantra, the torma of the protectors departs. Again, after offering and praising, recite the hundred-syllable mantra, and “Whatever is incomplete and deficient, and whatever ability is lacking, whatever faults have been committed here, may you all forgive.” Thus, make up for the deficiencies. Oṃ. May you accomplish all the benefits of sentient beings, and grant the attainments that are in accordance. Even after going to the Buddha-field, may you be pleased to come again. Vajra Muḥ (藏文:བཛྲ་མུཿ,梵文天城體:वज्र मुः,梵文羅馬擬音:vajra muḥ,金剛印), contemplate that the wheel of wisdom and the torma guests return to their natural state. The container and its contents dissolve into light, and the commitment wheel is gradually gathered into the heart, life force, and nada. Hūṃ Vajra Dhṛk (藏文:ཧཱུཾ་བཛྲ་དྷྲིཀ྄,梵文天城體:हुं वज्र धृक्,梵文羅馬擬音:hūṃ vajra dhṛk,吽 金剛 持), from this, again, in an instant, remember the completion, and arise as the illusory body of the immovable emptiness. From the three places of that, Oṃ (藏文:ༀ,梵文天城體:,梵文羅馬擬音:oṃ,圓滿), Āḥ (藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,生起), and Hūṃ (藏文:ཧཱུཾ,梵文天城體:हुं,梵文羅馬擬音:hūṃ,摧壞).

The three doors are bound as the nature of the three vajras. Place the crossed vajra seal on the crown of the head, Vajra Rakṣa Haṃ (藏文:བཛྲ་རཀྵ་ཧཾ།,梵文天城體:वज्र रक्ष हं,梵文羅馬擬音:vajra rakṣa haṃ,金剛 保護 杭). The Haṃ syllable of the crown melts, and with the rays of the vajra, the entire body transforms into a pervasive vajra armor. Then comes the dedication and auspicious words:

============================================================

================== 第 8 段 ================== 【原始藏文】 མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །ཞེས་སོགས་དོང་སྤྲུགས་ལྟར་དང་། ཕུན་སུམ་ཚོགས་པ་ལ་སོགས་པའི་བཀྲ་ཤིས་ཅི་རིགས་ཀྱང་རྒྱ་ཆེར་བརྗོད་པར་བྱའོ། །སྒོ་གསུམ་ལྷ་སྔགས་ཏིང་འཛིན་རོལ་པ་ཡི། །རྣལ་འབྱོར་ངང་ནས་གསང་ཆེན་ཟབ་མོའི་རྒྱུད། །འཆད་དང་ཉན་ནམ་འདྲི་ཀློག་འཆང་རྣམས་ལ། །རྡོ་རྗེ་འཛིན་རྣམས་ལྷག་པར་གཟིགས་པར་འགྱུར། །དེ་སྐད་བཀའ་དྲིན་མཉམ་མེད་ཆོས་ཀྱི་རྗེའི། །བཀའ་ཡི་གནང་བ་ཐོབ་ནས་རྗེ་བཙུན་དེའི། །བཀའ་འབངས་ཆར་གཏོགས་དྷརྨས་ཟིན་བྲིས་སུ། །སྤེལ་བའི་དགེ་བའང་འགྲོ་ཕན་རྒྱུ་རུ་བསྔོ།། །།བཀླག་ཐབས་འདི་སྔ་འགྱུར་བཀའ་མའི་ཁྲོད་བཞུགས་པའི་མ་ཡིག་ལྟར་བསྒྲིགས་པ་ཡིན།

no

【漢語翻譯】 祈請母系本尊眾垂念!如是等等,如同傾囊相授,以及圓滿興盛等各種吉祥,也應廣為宣說。身語意三門,天尊咒語三摩地,瑜伽士于嬉戲中,甚深大秘密之續,對於講說、聽聞、詢問、讀誦、受持者,金剛持者們將格外垂視。如是無與倫比之法王,獲得其教言之許可后,彼至尊之教眾,法(藏文:དྷརྨ།)以筆記形式,所著之善根,亦迴向為利益眾生之因。此讀誦方式,是按照古譯經典中存在的母本整理而成。

【英語翻譯】 Please, assembly of mother deities, heed! Like emptying a bag, and all kinds of auspiciousness such as perfect prosperity should also be widely proclaimed. The three doors of body, speech, and mind, deities, mantras, and samadhi, the yogi in play, the tantra of the great profound secret, to those who explain, listen, ask, read, and hold, the Vajra holders will especially look upon them. Thus, the Dharma King of unparalleled kindness, after obtaining permission from his teachings, the Dharma (Tibetan: དྷརྨ།) of that venerable one’s retinue, in the form of notes, the merit of what was written is also dedicated as a cause for the benefit of beings. This method of reading is arranged according to the original text existing among the ancient translated scriptures.

============================================================