菩薩藏佛教學會
20
背景
翻譯
下載 ▾

LT40_0019.聖法降魔斷境之三根本護法等之朵瑪供養精華飽滿g2.0f

================== 第 1 段 ================== 【原始藏文】 དམ་ཆོས་བདུད་ཀྱི་གཅོད་ཡུལ་གྱི་རྩ་གསུམ་ཆོས་སྲུང་བཅས་པའི་གཏོར་འབུལ་སྙིང་པོ་བཅུད་ལྡན། དམ་ཆོས་བདུད་ཀྱི་གཅོད་ཡུལ་གྱི་རྩ་གསུམ་ཆོས་སྲུང་བཅས་པའི་གཏོར་འབུལ་སྙིང་པོ་བཅུད་ལྡན། དམ་ཆོས་བདུད་ཀྱི་གཅོད་ཡུལ་གྱི་རྩ་གསུམ་ཆོས་སྲུང་བཅས་པའི་གཏོར་འབུལ་སྙིང་པོ་བཅུད་ལྡན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ། གཅོང་ཡུལ་བརྒྱུད་པའི་རྩ་གསུམ་ཆོས་སྲུང་དང་བཅས་པ་ལ་སྤྱི་གཏོར་འབུལ་བར་སྤྲོ་ན། གཏོར་མ་དཀར་དམར་སྤྱི་ལྟར་བཤམ། མ་འཛོམ་ན་ཕྱེ་མར་རམ། ཟས་ཕུད། གསེར་སྐྱེམས་ཙམ་ལ་ཆུ་ཆང་བྲན་ཏེ། རཾ་ཡཾ་ཁཾ། །ཡེ་ཤེས་མེ་རླུང་ཆུ་ཡིས་དངོས་འཛིན་སྦྱངས། །བནྡྷའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ། །འོད་ཞུ་དམ་ཡེ་གཉིས་མེད་བདུད་རྩིའི་མཚོ། །འདོད་ཡོན་སྤྲིན་ཕུང་མཁའ་ཁྱབ་འཕྲོ་བར་གྱུར། ཨོཾ་ཨཿཧཱུྃ། ལན་གསུམ། ཏ་ཧོ་ཧྲཱི། ཿཞེས་བྱིན་བརླབས། ཧཱུྃ། འོག་མིན་མཁའ་སྤྱོད་གནས་ཡུལ་དུར་ཁྲོད་བརྒྱད། །སྲིད་གསུམ་རང་རང་བཞུགས་པའི་ཞིང་རྣམས་ནས། །གཅོད་ཡུལ་བརྒྱུད་པའི་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་འཁོར་དང་བཅས། །འདིར་གཤེགས་རང་མཐུན་དགྱེས་པའི་གདན་ལ་བཞུགས། །གུས་པས་ཕྱག་འཚལ་ཉམས་ཆགས་སྡིག་སྒྲིབ་བཤགས། །ཕྱི་ནང་གསང་བ་བླ་མེད་མཆོད་སྤྲིན་འབུལ། །ཁྱད་པར་དགྱེས་སྐོང་དམ་ཚིག་མཆོག་གི་རྫས། །སྨན་གཏོར་རཀྟ་ཚོགས་ཀྱི་འཁོར་ལོས་མཆོད། །དབྱངས་སྙན་ཡན་ལག་རྒྱ་མཚོས་གུས་པས་བསྟོད། །གཉིས་འཛིན་འཁྲུལ་རྟོག་རྩད་ནས་ཆོད་པ་དང་། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། བཛྲ་ས་མཱ་ཛཿ པདྨ་ཀཱ་མ་ལཱ་ ཡ་སྟྭཾ། ན་མོ་ན་མཱ་མི། ཨོཾ་གུ་རུ་དྷེ་བ་ཌཱ་ཀི་ནཱི་དྷརྨཱ་པཱ་ལ་བྷཱུ་མི་པ་ཏི་ས་པཱ་རི་པཱ་ར་ཨི་དམ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྔགས་ལན་བདུན་ནམ་གསུམ་གྱིས་ཕུལ་ལ། ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། །དམ་ཆོས་ཟབ་མོ་བདུད་ཀྱི་གཅོད་ཡུལ་ཉིད། །གང་ལས་བརྒྱུད་པའི་དཔལ་ལྡན་བླ་མ་མཆོག །སྟོན་པ་ཤཱཀ་ཐུབ་འཇམ་དབྱངས་སྨྲ་བའི་སེང་། །ཨརྱ་དེ་བ་མཁའ་སྤྱོད་སུམ་ཅུ་དྲུག །དམ་པ་རྒྱ་གར་སྐྱོ་སྟོན་བསོད་ནམས་སོགས། །ཕ་རྒྱུད་ཐབས་ཀྱི་བརྒྱུད་པའི་བླ་མ་དང་། །ཡུམ་ཆེན་ཤེར་ཕྱིན་རྫུ་འཕྲུལ་འཕགས་མ་སྒྲོལ། །མཁའ་འགྲོ་ཉེར་བཞི་སུ་ཁ་སིདྡྷི་སོགས། །མ་རྒྱུད་ཤེས་རབ་བརྒྱུད་པའི་བླ་མ་དང་། །རྡོ་རྗེ་འཆང་ཆེན་སངས་རྒྱས་སྐུ་བཞི་པོ། །གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་སོགས། །གཉིས་མེད་དོན་གྱི་བརྒྱུད་པའི་བླ་མ་དང་།

【漢語翻譯】 聖法降魔斷境之三根本護法等之朵瑪供養精華飽滿。 聖法降魔斷境之三根本護法等之朵瑪供養精華飽滿。 名為聖法降魔斷境之三根本護法等之朵瑪供養精華飽滿之文在此。 那摩咕嚕。若欲對斷境傳承之三根本護法等作共同朵瑪供養,則陳設白色紅色朵瑪如常。若不齊備,則以麵團或食物精華,少許金飲,灑以水酒。 རཾ་(藏文,梵文天城體:रं,梵文羅馬擬音:raṃ,漢語字面意思:讓) ཡཾ་(藏文,梵文天城體:यं,梵文羅馬擬音:yaṃ,漢語字面意思:揚) ཁཾ།(藏文,梵文天城體:खं,梵文羅馬擬音:khaṃ,漢語字面意思:康) 以智慧火風水凈化實執。 于班雜器皿中,五肉五甘露。 光融誓智二無別甘露之海。 欲妙云聚遍佈虛空。 嗡 阿 吽。三遍。 ཏ་ཧོ་ཧྲཱི། 如此加持。 吽! 自在宮空行剎土八大尸林,三界各自安住之諸剎土中,斷境傳承之諸上師本尊與,空行護法及眷屬等,於此降臨安住于自適悅意之座。 恭敬頂禮懺悔違犯罪障,奉獻內外秘密無上供云。 尤獻悅意圓滿誓言殊勝物,以藥朵人血會供之輪供養。 以妙音支分如海恭敬讚頌,愿二取迷妄從根斬斷,祈請加持獲得勝共諸成就。 班雜 薩瑪扎。 蓮花 噶瑪拉 雅 斯瓦。 納摩 納瑪彌。 嗡 咕嚕 德瓦 達吉尼 達瑪 帕拉 布彌巴地 薩巴熱巴拉 額當 巴林達 卡卡 卡嘿 卡嘿。 唸誦七遍或三遍此咒供養。 從涂香至音聲,受納 梭哈。 吽! 深奧聖法降魔之斷境,從彼所傳之具德上師尊,導師釋迦能仁文殊語獅子,聖天三十六空行,聖者印度覺敦索南等,父續方便傳承之上師與,大母般若度母幻化聖母度,二十四空行蘇卡悉地等,母續智慧傳承之上師與,金剛持大佛四身者,成就男女五十四等,二無別義之傳承上師與。

【英語翻譯】 The essence-filled Torma offering to the Three Roots and Dharma Protectors of the Holy Dharma, the Demon-Cutting Realm. The essence-filled Torma offering to the Three Roots and Dharma Protectors of the Holy Dharma, the Demon-Cutting Realm. This is the text called “The Essence-Filled Torma Offering to the Three Roots and Dharma Protectors of the Holy Dharma, the Demon-Cutting Realm.” Namo Guru. If you wish to offer a common Torma to the Three Roots and Dharma Protectors of the Chö lineage, arrange white and red Tormas as usual. If not complete, sprinkle water and alcohol on flour or the essence of food, or just a little golden drink. Raṃ Yaṃ Khaṃ. Purify the clinging to reality with the wisdom fire, wind, and water. In the vessel of Bandha, the five meats and five amritas. The ocean of amrita where light dissolves, the samaya and wisdom are non-dual. May the clouds of desirable qualities spread throughout the sky. Oṃ Āḥ Hūṃ. Three times. Ta Ho Hriḥ. Bless in this way. Hūṃ! From the Akaniṣṭha Pure Land, the charnel grounds of the eight great cemeteries, and the realms where the three worlds reside, the Gurus, Yidams, and Ḍākinīs of the Chö lineage, together with the Dharma Protectors, oath-bound protectors, and retinue, descend here and sit on a seat that pleases you. I prostrate with reverence and confess my faults and obscurations. I offer outer, inner, and secret unsurpassed clouds of offerings. Especially, I offer the supreme substance of fulfilling the samaya, the wheel of medicine Torma, rakta, and tsok. I praise with reverence with the melodious sounds of the ocean of limbs. May the clinging to duality and delusion be cut from the root, and may I be blessed to attain supreme and common siddhis. Vajra Samājaḥ Padma Kamalā Yā Stvaṃ. Namo Namāmi. Oṃ Guru Deva Ḍākinī Dharmapāla Bhūmipati Sa Parivāra Idaṃ Balita Kha Kha Khāhi Khāhi. Offer with the mantra seven or three times. From Arghaṃ to Śabda Pratīccha Svāhā. Hūṃ! The profound Holy Dharma, the Demon-Cutting Realm itself. The glorious Gurus from whom it is transmitted. The Teacher Śākya Thubpa, Mañjuśrī Siṃhanāda. Āryadeva, the thirty-six Ḍākinīs. The holy Indian Kyotön Sönam, etc. The Gurus of the Father Tantra method lineage. The Great Mother Prajñāpāramitā, the miraculous Holy Mother Tārā. The twenty-four Ḍākinīs, Sukhasiddhi, etc. The Gurus of the Mother Tantra wisdom lineage. Vajradhara, the four bodies of the Great Buddha. The fifty-four male and female siddhas, etc. The Gurus of the non-dual meaning lineage.

============================================================

================== 第 2 段 ================== 【原始藏文】 །བརྒྱུད་གསུམ་གཅིག་འདུས་དམ་པ་རྒྱ་གར་བ། །མ་གཅིག་ལབ་སྒྲོན་སྲས་མཆོག་གླང་ལུང་པ། །ཐོད་སྨྱོན་བསམ་འགྲུབ་སྲས་མོ་རྣམ་པ་གཉིས། །སྤྲུལ་པའི་སྐུར་བྱོན་ལ་འདུས་རྡོ་རྗེ་སྒྲོན། །ཁུ་སྒོམ་ཆོས་སེང་ཁམ་བུ་ཡ་ལེ་དང་། །དོལ་པ་ཟང་ཐལ་རྒྱ་ནག་གཅེར་བུ་སོགས། །བཀའ་བབས་བུ་ཆེན་བཅུ་དྲུག་གཙོར་གྱུར་པའི། །རིང་བརྒྱུད་ཉེ་བརྒྱུད་གཏེར་བརྒྱུད་བླ་མ་ལ། ། རང་བྱུང་ཡེ་ཤེས་མོས་གུས་མཆོད་གཏོར་འབུལ། །སྐྱེ་མེད་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །གསང་འདུས་དགྲ་ནག་གཤིན་རྗེའི་གཤེད་དམར་པོ། །རྡོ་རྗེ་འཇིགས་བྱེད་ལ་སོགས་ཕ་རྒྱུད་དང་། །བདེ་མཆོག་འཁོར་ལོ་ཀྱེ་རྡོར་སྒྱུ་འཕྲུལ་ཆེ། །གདན་བཞི་ཐོད་པ་ལ་སོགས་མ་རྒྱུད་དང་། །གཉིས་མེད་དཔལ་ལྡན་དུས་ཀྱི་འཁོར་ལོ་སོགས། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ལ། །ཕྱི་ནང་གསང་བ་དེ་ཉིད་གཏོར་མ་འབུལ། །དོན་གཉིས་གཅིག་ཅར་འགྲུབ་པའི་དངོས་གྲུབ་སྩོལ། །རྡོ་རྗེ་ཕག་མོ་རྡོ་རྗེ་བདག་མེད་མ། །ཁྲོས་མ་ནག་མོ་རིགས་བཞིའི་མཁའ་འགྲོ་མ། །ཡུལ་ཆེན་ཉེར་བཞི་གནས་མཆོག་སུམ་ཅུ་གཉིས། །དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ཡི། །གནས་གསུམ་དཔའ་བོ་རྣལ་འབྱོར་མ་རྣམས་ལ། །ལྷན་སྐྱེས་ཟག་མེད་བདེ་ཆེན་གཏོར་མ་འབུལ། །བརྟུལ་ཞུགས་ལམ་དུ་ལོང་བའི་གཟི་བྱིན་སྐྱེད། །མྱུར་མཛད་ཡེ་ཤེས་མགོན་པོ་ཨགྷོ་ར། །དུར་ཁྲོད་བདག་པོ་གནོད་སྦྱིན་མཆེད་དེ་བརྒྱད། །འབྲོག་གནས་མཆེད་ལྔ་དཔལ་མགོན་བདུན་ཅུ་གཉིས། །རྒྱལ་ཆེན་བཞི་སོགས་ཆོས་སྐྱོང་པོ་རྒྱུད་ལ། །རྨད་བྱུང་དམ་རྫས་རྒྱན་གྱི་གཏོར་མ་འབུལ། །རེ་དོགས་ཁུ་འཁྲིག་རྩད་ནས་ཆོད་པར་མཛོད། །དཔལ་ལྡན་རེ་མ་ཏི་དང་ཟློག་བྱེད་མ། ། དུར་ཁྲོད་བདག་མོ་སྤྱང་ཞོན་མཆེད་གསུམ་དང་། །ལས་བདག་མཚན་མོ་སྒྲ་སྒྲོགས་དབྱུ་གུ་མཆེད། །ཞིང་སྐྱེས་ཀུན་ཏུ་རི་སོགས་མོ་རྒྱུད་ལ། །སྣང་སྲིད་འདོད་ཡོན་རོལ་པའི་གཏོར་མ་འབུལ། །གློ་བུར་རྐྱེན་ངན་གྲོགས་སུ་འཆར་བར་མཛོད། །གཟའ་བདུད་རཱ་ཧུ་ལ་དང་གདོང་མོ་བཞི། །འབར་བ་སྤུན་བདུན་ཟངས་རི་བཙན་རྒོད་ཆེ། །ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་ལ་སོགས་པ། །མ་གཅིག་བཀའ་ཉན་དམ་ཚིག་ལྡན་རྣམས་ལ། །དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་འབུལ། །ལྟས་ངན་ཐམས་ཅད་གཡང་དུ་ལོན་པར་མཛོད། །ཐང་ལྷ་མཁའ་རི་འོད་དེ་གུང་རྒྱལ་དང་། །ཤམ་པོ་ལ་སོགས་མགུལ་ལྷ་བཅུ་གསུམ་པོ། །བརྟན་མ་བཅུ་གཉིས་གཙོར་གྱུར་གཞི་གནས་བདག །གཅོད་ཡུལ་བསྟན་དང་དཀར་ཕྱོགས་སྐྱོང་རྣམས་ལ

【漢語翻譯】 傳承三者合一的印度聖者,瑪吉拉準、勝子朗隆巴,顱鬘瘋子三竹、二位女兒相,化身降臨拉堆多吉卓瑪,庫貢曲森、康布亞列等,多波桑脫、漢人格爾布等,以十六位得加持大弟子為主的,遠傳、近傳、伏藏傳上師, 以自生智慧虔誠供養食子,祈請加持證悟無生法身。秘密集會、黑敵、閻羅死主紅尊勝,金剛怖畏金剛等父續,勝樂輪、黑茹嘎、大幻化網,四座顱鬘等母續,無二吉祥時輪等,本尊四續部的壇城眾,供養內外秘密如是食子,賜予同時成就二利的悉地。金剛亥母、金剛無我母,忿怒黑母、四部空行母,二十四聖地、三十二勝境,八大尸林等,三處勇士瑜伽母眾,供養俱生無漏大樂食子,增長修行道的威光。速作智慧怙主阿格霍拉,尸林主、八部夜叉眷屬,五位牧地兄弟、七十二吉祥怙主,四大天王等護法眾,供養殊妙誓物莊嚴食子,祈願徹底斷除希冀和恐懼。吉祥熱瑪德、回遮母, 尸林主母、騎狼三兄弟,業主夜晚、鳴聲杖兄弟,田生昆都日等女續,供養顯有欲妙嬉戲食子,祈願突發惡緣轉為助伴。曜魔羅睺羅與四面母,燃燒七兄弟、藏日讚歌爾切,龍王猛厲、月護等,瑪吉聽命誓言者眾,供養仇敵血肉骨骼食子,祈願一切兇兆轉為吉祥。唐拉卡日、沃德貢嘉等,香波等十三位頸神,十二丹瑪為主的處所地神,斷法教和白方護法眾

【英語翻譯】 Indian saints who unite the three lineages, Machig Labdrön, the supreme son Langlungpa, Tönyön Samdrub, the two daughters, Appearing as incarnate forms, Lhatö Dorje Drön, Khugom Chösing, Khambu Yale, Dolpa Sangthal, Chinese Naked One, etc., Mainly the sixteen great disciples who received the teachings, To the distant lineage, close lineage, treasure lineage lamas, Offering tormas with spontaneous wisdom and devotion, Bless us to realize the unborn Dharmakaya. Secret Assembly, Black Enemy, Red Yamari, Vajrabhairava and other Father Tantras, Chakrasamvara, Hevajra, Mahamaya, Four Seats, Skull Garland and other Mother Tantras, Non-dual Glorious Kalachakra, etc., To the deities of the four classes of Yidam Tantras, Offering outer, inner, and secret tormas, Grant the siddhi of accomplishing both aims simultaneously. Vajravarahi, Vajrayogini, Krodhakali, the dakinis of the four families, Twenty-four great countries, thirty-two sacred places, The eight great charnel grounds, etc., To the heroes and yoginis of the three places, Offering the torma of coemergent, uncontaminated great bliss, Increase the splendor of those who walk the path of asceticism. Swift-acting Wisdom Protector Aghora, Lord of the Charnel Ground, the eight Yaksha siblings, The five nomadic brothers, the seventy-two glorious protectors, The Four Great Kings and other Dharma protectors, Offering tormas of wonderful samaya substances and ornaments, May hope and fear be cut off at the root. Glorious Remati and the Averter, Lord of the Charnel Ground, the three wolf-riding siblings, The karmic lord Night, the Sound-proclaiming Staff siblings, Field-born Kunturi and other female lineages, Offering tormas of phenomenal existence and desired enjoyments, May sudden bad omens arise as friends. Rahula, the planet demon, and the four-faced mother, The burning seven brothers, the great copper mountain Tsen, Naga King Drakpo, Zlawa Kyong and others, To all the oath-bound MaChig’s attendants, Offering tormas of enemies’ flesh, blood, and bones, May all bad omens be transformed into auspiciousness. Tangla Kharri, Ödé Gungyal, Shampo and the thirteen throat gods, The twelve Tenma, mainly the lords of the place, The Chö-yul teachings and the protectors of the white side

============================================================

================== 第 3 段 ================== 【原始藏文】 ། །བཞེད་རྒུར་འཆར་བའི་འདོད་ཡོན་གཏོར་མ་འབུལ། །གཟན་བསྐྱུར་ལམ་དུ་འགྲོ་བའི་ཕྲིན་ལས་སྒྲུབས། །རྩ་གསུམ་ཆོས་སྐྱོང་དགྱེས་པའི་བྱིན་རླབས་ཀྱིས། །བདག་ཅག་འཁྲུལ་གཅོད་ཉམས་ལེན་གནད་ཐོག་ཕེབ། །ཚར་སློང་མཐར་ཕྱིན་ཉག་གཅིག་རྩད་ནས་ཆོད། །ཐོགས་བཅས་ཐོགས་མེད་དགའ་བྲོད་སྙེམས་བྱེད་བདུད། །རང་སར་ཞི་ཞིང་གཟུང་ འཛིན་འཁྲུལ་བ་ཞིག །ལུས་ལ་བདེ་བ་དག་ལ་ནུས་པ་འབར། །སེམས་ཉིད་དོན་རྟོགས་འགྲོ་དོན་ཕྱོགས་མེད་འགྲུབ། །ཆོས་སྐུ་ཡུམ་ཆེན་ཉིད་དང་དབྱེར་མེད་པར། །བློ་འདས་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས། །ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །རང་གནས་གཤེགས་སམ་རྟེན་ལ་ཅི་བདེར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་བཀྲ་ཤིས་ཚོགས། །གོང་ནས་གོང་དུ་འཕེལ་བའི་དགེ་ལེགས་སྩོལ། །ཅེས་བརྗོད། འདི་ནི་སྦྲ་མཐོ་བླ་མ་གཅོད་ཡུལ་གྱི་ཉམས་ལེན་མཐར་ཕྱིན་པ་ཀུན་དགའ་རྒྱལ་མཚན་ནས་གསུང་བསྐུལ་ངོར། བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །། །། དམ་ཆོས་བདུད་ཀྱི་གཅོད་ཡུལ་གྱི་རྩ་གསུམ་ཆོས་སྲུང་བཅས་པའི་གཏོར་འབུལ་སྙིང་པོ་བཅུད་ལྡན།

【漢語翻譯】 祈願如意成就的欲妙朵瑪供養。 請行斷捨身軀前往正道的利生事業。 祈願三根本護法歡喜加持, 令我等斷除錯覺的修持要點得以落實。 徹底斷除一切怨敵。 息滅執著有礙無礙、喜怒傲慢之魔。 自性寂滅,息滅能取所取的錯覺。 愿身體的安樂增長力量。 願心性證悟實義,利生事業無偏圓滿。 祈請加持,與法身大樂母無二無別, 于超離心識的法界中解脫。 祈請諸神寬恕一切過失。 請返回自處,或隨順安住于所依。 祈願世間與出世間的一切吉祥, 由上而上增上的善妙。 如是說。此乃應斯巴托喇嘛斷法修持圓滿者貢噶堅贊之請,由洛哲塔耶于宗雪德謝杜貝頗章所作,愿善妙增長! 殊勝正法斷法之三根本護法等朵瑪供養精華具義。

【英語翻譯】 Offering the Torma of Desired Objects that Appear as Wishes Fulfilled. Please accomplish the activity of going on the path of abandoning the body. By the blessings of the Three Roots and Dharma Protectors, may we Achieve the essential points of practice that cut through delusion. May we completely cut off all enemies. May the demons who cling to attachment and non-attachment, joy, anger, and pride, be pacified in their own place. May the delusion of grasping and clinging be pacified. May the bliss in the body blaze with power. May the mind itself realize the meaning, and may the benefit of beings be accomplished impartially. May we be blessed to be liberated into the realm beyond mind, inseparable from the Dharmakaya Great Mother. We beseech the deities to forgive any faults. Please return to your own abode or remain comfortably in your support. May all the auspiciousness of the mundane and supramundane Increase from above and above, bestowing goodness. Thus it is said. This was done by Lodro Thaye at Dzong Shod Deshek Dubpai Phodrang at the request of Spar Tho Lama Kuntga Gyaltsen, a master of the Chod practice. May goodness increase! The essential and meaningful Torma offering to the Three Roots and Dharma Protectors of the profound Dharma Chod practice.

============================================================