菩薩藏佛教學會
20
背景
翻譯
下載 ▾

LT20_0011.竅訣藏第十一函.勝樂金剛之皈依與發心g2.0f

================== 第 1 段 ================== 【原始藏文】 གདམས་ངག་མཛོད་པོད་བཅུ་གཅིག་པ། བདེ་མཆོག་གི་སྐྱབས་སེམས། གདམས་ངག་མཛོད་པོད་བཅུ་གཅིག་པ། བདེ་མཆོག་གི་སྐྱབས་སེམས། སྐྱབས་འགྲོ་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། །ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ །དམ་པའི་ཆོས་རྣམས་ལ འཕགས་པའི་དགེ་འདུན་རྣམས་ལ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ་མམ་བདུན་ནམ་ཉེར་གཅིག །སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་གྱི་གོ་འཕང་འཐོབ་པར་བྱ། །དེའི་ཆེད་དུ་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་བསྒོམ་བཟླས་ལ་འཇུག་པར་བགྱིའོ། །ལན་གསུམ། །ལས་བུམ་གྱི་ནང་དུ་པད་ཉིའི་གདན་ལ་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་ནག་ཁྲོས་པའི་ཉམས་ཅན། གཡས་སྣ་ཚོགས་རྡོ་རྗེའི་དབྱུག་པ་ཕྱར་ཞིང་གཡོན་སྡིགས་མཛུབ་ཐུགས་ཀར་གཏོད་པ། ཁྲོ་བོའི་ཆ་ལུགས་ཅན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་གསལ་བའི་ཐུགས་ཀར་ཉི་མ་ལ་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། སུམྦྷ་ནི་བཟླ། མཐར། ཁྲོ་བོའི་དབང་པོས་བགེགས་ཐམས་ཅད་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། །ཞེས་ཕྲིན་ལས་བཅོལ་ལོ། ། གདམས་ངག་མཛོད་པོད་བཅུ་གཅིག་པ། བདེ་མཆོག་གི་སྐྱབས་སེམས།

【漢語翻譯】 竅訣藏第十一函,勝樂金剛之皈依與發心。 竅訣藏第十一函。 勝樂金剛之皈依與發心。 皈依是:我與如虛空般無邊無際的一切有情,從此時起直至證得菩提果之間,十方三世一切如來之身語意功德事業,總集為一之自性。八萬四千法蘊之源。一切聖者僧眾之主宰。至尊具德根本及傳承上師們,我等皈依。本尊壇城之諸尊眾,我等皈依。圓滿正等覺薄伽梵們,于正法,于聖者僧眾,空行護法守護者,具足智慧眼者們,我等皈依。三遍或七遍或二十一遍。發心是:爲了一切有情之利益,我當獲得一切種智佛陀之果位。為此,我當投入薄伽梵吉祥勝樂金剛之修習唸誦。三遍。於事業寶瓶之中,蓮花日輪之座上,忿怒甘露漩,身色綠黑,具忿怒相。右手高舉各色金剛杵,左手忿怒印指向心間。具忿怒者之裝束,于智慧火燃燒之中,於心間,日輪上,(ཧཱུྃ,hūṃ,吽,種子字)字之外圍繞咒語之鬘。唸誦松巴哈尼。最後,祈請忿怒尊主作遣除一切障礙之事業。如是委託事業。

【英語翻譯】 The Eleventh Volume of the Instructions Treasury: Refuge and Bodhicitta of Chakrasamvara. The Eleventh Volume of the Instructions Treasury. Refuge and Bodhicitta of Chakrasamvara. Refuge is: I and all sentient beings as limitless as the sky, from this time until reaching the essence of enlightenment, the nature that embodies all the body, speech, mind, qualities, and activities of all the Tathagatas of the ten directions and three times. The source of the eighty-four thousand collections of Dharma. The lord of all noble Sangha. To the venerable and glorious root and lineage lamas, I take refuge. To the deities of the mandala of Yidam, I take refuge. To the perfect Buddhas, the Bhagavat, to the sacred Dharma, to the noble Sangha, to the Dakinis, Dharma protectors, guardians, those who possess the eye of wisdom, I take refuge. Three times, or seven times, or twenty-one times. Bodhicitta is: For the sake of all sentient beings, I shall attain the state of a fully enlightened Buddha. For that purpose, I shall engage in the practice and recitation of the Bhagavan, the glorious Chakrasamvara. Three times. Inside the action vase, on a lotus and sun seat, is the wrathful nectar swirl, green-black in color, with an angry expression. The right hand raises a multi-colored vajra club, and the left hand points a threatening finger towards the heart. With the appearance of an angry one, in the midst of blazing wisdom fire, at the heart, on the sun, the syllable (ཧཱུྃ,hūṃ,吽,seed syllable)is surrounded by a garland of mantra. Recite Sumbhani. Finally, I request the wrathful lord to perform the activity of averting all obstacles. Thus, the activity is entrusted.

============================================================