LT20_0006.《竅訣藏》第十一函.蔣貢喇嘛 ഗുཎ་.古納.之名號的轉世祈請文.名為《天鼓妙音》g2.0f
================== 第 1 段 ================== 【原始藏文】 གདམས་ངག་མཛོད་པོད་བཅུ་གཅིག་པ། འཇམ་མགོན་བླ་མ་གུ་ཎའི་མཚན་གྱི་སྐྱེས་རབས་གསོལ་འདེབས་ལྷ་ཡི་རྔ་བོ་ཆེའི་སྒྲ་དབྱངས། གདམས་ངག་མཛོད་པོད་བཅུ་གཅིག་པ། འཇམ་མགོན་བླ་མ་གུ་ཎའི་མཚན་གྱི་སྐྱེས་རབས་གསོལ་འདེབས་ལྷ་ཡི་རྔ་བོ་ཆེའི་སྒྲ་དབྱངས། འཇམ་མགོན་བླ་མ་གུ་ཎའི་མཚན་གྱི་སྐྱེས་རབས་གསོལ་འདེབས་ལྷ་ཡི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། རིགས་རྣམས་ཀུན་བདག་རྣམ་པར་སྣང་མཛད་དང་། །རྡོ་རྗེ་ཆོས་དང་ཡུལ་འཁོར་སྐྱོང་བའི་སྲས། །ཐ་ཆུང་གཞོན་ནུ་བློ་གྲོས་མཐའ་ཡས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཀུན་དགའ་བོ་དང་ཆོས་རྒྱལ་ཟླ་བ་བཟང་། །རྒྱལ་པོ་ཛ་དང་ཨཱ་དཱེ་བའི་ཞབས། །ཤནྟིཾ་ག་ཟླ་གྲགས་ནག་པོ་པར། །གསོལ་བ འཇམ་དབྱངས་སྤྲུལ་པ་ཐོན་མི་སོམྦྷ་ཊ། །དགེ་སློང་ལོ་ཆེན་བཻ་རོའི་ཞབས། །ཚུལ་ཁྲིམས་ཤེས་རབ་ཡེ་ཤེས་འབྱུང་གནས་ལ། །གསོལ་བ དབང་ཕྱུག་འབར་དང་ཟུར་ཆེན་ཤཱཀྱ་འབྱུང་། །རོང་ཟོམ་ཆོས་བཟང་ཁྱུང་པོ་རྣལ་འབྱོར་དང་། །བློ་ལྡན་ཤེས་རབ་བོན་པོ་ལྷ་འབུམ་ལ། །གསོལ་བ གུ་རུ་ཇོ་རྩེ་ར་ཤག་གཏེར་སྟོན་དང་། །གྲུབ་ཐོབ་དངོས་གྲུབ་ཉི་མ་སཻངྒ་དང་། །ཡེ་ཤེས་ཁྱུང་གྲགས་འགྲོ་མགོན་སྐྱེ་མེད་ཞང་། །གསོལ་བ ས་སྐྱ་པཎ་ཆེན་སྒོམ་སྡེ་སངས་རྒྱས་འབུམ། །བླ་མ་གཉེན་རས་གཡག་སྡེ་པཎ་ཆེན་དང་། །རྡོ་རྗེ་གླིང་པ་བྲག་ཐོག་བསོད་ནམས་བཟང་། །གསོལ་བ འགོས་ལོ་གཞོན་ནུ་ཀུན་མཁྱེན་བོ་དོང་པ། །རིག་པའི་རལ་གྲི་པདྨ་ཀུན་སྐྱོང་གླིང་། །མཆོག་ལྡན་མགོན་པོ་བློ་གྲོས་ཐོགས་མེད་ལ། །གསོལ་བ ནམ་མཁའ་རིན་ཆེན་ཤེས་རབ་འོད་ཟེར་དང་། །སྒྲོལ་བའི་མགོན་པོ་རིག་འཛིན་ཆོས་གོ་ཆ། །སྣ་ཚོགས་རང་གྲོལ་ཨོ་རྒྱན་གཏེར་བདག་གླིང་། །གསོལ་བ བདེ་ཆེན་གླིང་པ་ཀུན་གཟིགས་བླ་མ་མཆོག །ཡོན་ཏན་ཇི་སྙེད་ཆུ་ཀླུང་ཀུན་འདུས་པའི། །ཆོས་ཀྱི་རྒྱ་མཚོ་ཆེན་པོ་གང་དེ་ལ། །གསོལ་བ སླར་ཡང་རྒྱལ་བའི་བསྟན་དང་གདུལ་བྱའི་དོན། །ཕྲིན་ལས་བསམ་མི་ཁྱབ་པའི་རོལ་པ་ཡིས། །སྐྱེ་བ་སྤྲུལ་སྐུའི་ངོ་མཚར་དུ་མའི་མཐར། །ཡང་དག་རྫོགས་པའི་སངས་རྒྱས་སྟོང་རྩ་ཡི། །ཐ་མར་གྱུར་པ་མོས་པ་སྣང་མཛད་ཅེས། །སངས་རྒྱས་ སྟོང་གི་སྐུ་ཚེ་ཕྲིན་ལས་ཀུན། །གཅིག་བསྡུས་ཉིད་དུ་མངོན་པར་སངས་རྒྱས་ལ། །གསོལ་བ་དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྐྱེ་བ་འདི་ནས་བྱང་ཆུབ་སྙིང་པོའི་བར། །མགོན་མཆོག་དམ་པ་རྣམས་ཀྱིས་རྗེས་བཟུང་ནས། །ཐམས་ཅད་མཁྱེན་པའི་གོ
【漢語翻譯】 《竅訣藏》第十一函。 蔣貢喇嘛 ഗുཎ་(古納)之名號的轉世祈請文,名為《天鼓妙音》。 《竅訣藏》第十一函。 蔣貢喇嘛 ഗുཎ་(古納)之名號的轉世祈請文,名為《天鼓妙音》。 蔣貢喇嘛古納之名號的轉世祈請文,名為《天鼓妙音》之作安住於此。嗡 索斯帝。(藏文:ༀ་སྭ་སྟི།) 諸族之主尊 遍照如來與,金剛法及護持國土之子, 年幼 താཆུང་(塔瓊) 無邊智慧者, 祈請賜予勝共諸悉地。 根嘎沃與法王月賢善,國王匝與阿德瓦之足下, 夏恩廷嘎 月稱 那波巴,祈請。 文殊化身 吞米桑布扎, 格隆大譯師 毗盧之足下, 戒律 智慧 耶謝炯內(智生),祈請。 旺秋瓦與 祖欽釋迦炯, 絨宗曲桑 瓊波瑜伽士與, 洛丹謝饒 本波拉本,祈請。 古汝覺哲 惹夏 掘藏師與, 成就者 沃哲尼瑪 僧伽與, 耶謝瓊扎 卓袞吉美香,祈請。 薩迦班智達 貢德桑杰本, 喇嘛涅惹 雅德班欽與, 多杰林巴 扎托索南桑,祈請。 果洛 雄努 袞欽波東巴,智慧之劍 蓮花護眾洲, 具德 袞波 洛哲托美,祈請。 南卡仁欽 謝饒沃熱與, 度母之怙主 利津曲果恰, 囊措讓哲 鄔金德達林,祈請。 德欽林巴 袞吉喇嘛勝, 功德無量 彙集諸河流, 彼尊 法之大海大士前,祈請。 復又為勝者之教與所化之義, 以不可思議之事業幻化, 生世化身之無量奇妙之終, 圓滿正覺 賢劫千佛之, 最後 莫巴囊哲如是說, 千佛之 身壽事業一切, 於一集中顯現成佛者, 祈請。如是祈請之加持力, 此生乃至菩提藏之間, 祈願能為諸殊勝怙主所攝受, 獲得一切智智果位。
【英語翻譯】 The Eleventh Volume of the Instructions Treasury. A Prayer for the Rebirths of Jamyang Lama Guna, called “The Sound of the Great Drum of the Gods.” The Eleventh Volume of the Instructions Treasury. A Prayer for the Rebirths of Jamyang Lama Guna, called “The Sound of the Great Drum of the Gods.” The work called “A Prayer for the Rebirths of Jamyang Lama Guna, called ‘The Sound of the Great Drum of the Gods’” resides here. Om Swasti. Lord of all families, Vairochana, and the son of Vajra Dharma and Protector of the Land, young Thachung, boundless in wisdom, I pray, grant supreme and common siddhis. Kungawo and Dharma King Dawa Zang, King Dza and the feet of Adeva, Shantipa, Chandrakirti, and Nagpopa, I pray. The emanation of Manjushri, Thonmi Sambhota, the feet of the great translator monk Vairochana, to Discipline, Wisdom, and Yeshe Jungne (Wisdom Arising), I pray. Wangchukwar and Zurchen Shakya Jung, Rongzom Chosang, Khyongpo Naljor, and Lodan Sherab, Bonpo Lhabum, I pray. Guru Jortse, Rashak, Treasure Revealer, and the accomplished one, Ngodrup Nyima, Simha, and Yeshe Khyundrak, Drogon Kyeme Zhang, I pray. Sakya Pandita, Gomde Sangye Bum, Lama Nyenre, Yakde Panchen, and Dorje Lingpa, Drakthok Sonam Zang, I pray. Go Lotsawa Zhonnu, Kunkhyen Bodongpa, the sword of wisdom, Padma Kunkhyong Ling, Supreme Gonpo Lodro Thokme, I pray. Namkha Rinchen, Sherab Ozer, and the protector Tara, Rigdzin Chokyi Gocha, Natshok Rangdrol, Orgyen Terdak Ling, I pray. Dechen Lingpa, Kunkhyik Lama Chok, the qualities as numerous as all the rivers combined, to that great ocean of Dharma, I pray. Again, for the sake of the Victorious One’s teachings and the beings to be tamed, with inconceivable activities of emanation, at the end of the countless wonders of rebirths as emanations, the final one of the thousand perfect Buddhas of the Fortunate Aeon, called Mopa Nangdze, the life and activities of the thousand Buddhas, manifestly enlightened in a single gathering, I pray. By the blessings of praying in this way, from this life until the heart of enlightenment, may I be cared for by the supreme protectors, and attain the state of omniscience.
============================================================
================== 第 2 段 ================== 【原始藏文】 ་འཕང་མངོན་བྱེད་ཤོག །ཅེས་འཇམ་མགོན་བླ་མ་ཡོན་ཏན་རྒྱ་མཚོ་རིན་པོ་ཆེའི་སྐྱེས་རབས་གསོལ་འདེབས་ཤིག་བྲིས་ཞེས་ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀའ་སྩལ་ཕེབ་པ་དང་། གཞན་ཡང་བློ་གསལ་ཀརྨ་རིན་ཆེན་དར་རྒྱས་སོགས་མོས་ལྡན་འགའ་ཞིག་གིས་བསྐུལ་བ་ལས། །འཇམ་མགོན་བླ་མ་འདི་ཉིད་ལོ་ཆེན་བཻ་རོ་ཙ་ནའི་རྣམ་འཕྲུལ་དུ་ཨོ་རྒྱན་རྡོ་རྗེའི་ལུང་གིས་གསལ་བར་བསྟན་པ་དང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སྨིན་གླིང་འགྱུར་མེད་རྡོ་རྗེའི་སྐྱེ་སྤྲུལ་དུ་ངེས་པ་རྙེད་པ་བཅས་དེ་དག་གི་སྐྱེས་རབས་་ཀྱི་ཕྲེང་བ་དང་མཐུན་པར་གསོལ་འདེབས་འདི་བཞིན། དཔལ་ཀརྨ་པའི་སྐྱེས་རབས་ཀྱི་ཕྲེང་བ་བཅུ་བཞི་པའི་མཚན་འཛིན་གྱི་བྱིན་རླབས་ཙམ་ཐོབ་པ། དཔལ་ལྡན་ཐེག་པ་མཆོག་གི་རྡོ་རྗེས་དཔལ་སྤུང་ཐུབ་བསྟན་ཆོས་འཁོར་གླིང་གནྡྷོ་ལའི་ཡང་རྩེ་རྗེ་བཙུན་སྒྲོལ་མ་དགྱེས་པའི་བསྟི་གནས་སུ་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།། །། གདམས་ངག་མཛོད་པོད་བཅུ་གཅིག་པ། འཇམ་མགོན་བླ་མ་གུ་ཎའི་མཚན་གྱི་སྐྱེས་རབས་གསོལ་འདེབས་ལྷ་ཡི་རྔ་བོ་ཆེའི་སྒྲ་དབྱངས།
【漢語翻譯】 愿(其)光芒顯現!全知上師蔣揚欽哲旺波曾下令:「寫一篇關於蔣貢喇嘛云丹嘉措仁波切的轉世祈請文。」此外,在具信心的洛薩噶瑪仁欽達杰等人的勸請下,此蔣貢喇嘛已由鄔金金剛的預言清楚地表明為大譯師貝若扎那的化身,並且確定為敏珠林掘藏大師秋吉嘉波敏林居美多杰的轉世。爲了與這些(人物)的轉世之鏈相符,撰寫了此祈請文。僅僅獲得了尊貴的噶瑪巴轉世世系第十四世的名號之加持,具吉祥的上乘金剛於八蚌寺講修法輪洲岡陀拉之頂,于至尊度母歡喜之處所書寫,愿善妙增上!薩瓦芒嘎拉姆!(藏文:སརྦ་མངྒ་ལཾ།,梵文天城體:सर्व मङ्गलम्,梵文羅馬擬音:sarva maṅgalam,漢語字面意思:一切吉祥!)。 《竅訣寶藏》第十一函,蔣貢喇嘛功德(藏文:གུ་ཎ།,梵文天城體:गुण,梵文羅馬擬音:guṇa,漢語字面意思:功德)之名的轉世祈請文——天神的巨鼓之音聲。
【英語翻譯】 May (his) radiance manifest! The all-knowing master Jamyang Khyentse Wangpo once commanded, “Write a prayer for the reincarnation of Jamgön Lama Yönten Gyatso Rinpoche.” Furthermore, at the urging of some faithful individuals such as Losal Karma Rinchen Dargye, this Jamgön Lama has been clearly indicated by the prophecy of Orgyen Vajra as an emanation of the great translator Vairochana, and has been identified as the reincarnation of Minling Gyurme Dorje, the great treasure revealer Chökyi Gyalpo of Mindrolling. In order to be in accordance with the lineage of these (figures), this prayer was written. Having only received the blessing of holding the name of the Fourteenth in the lineage of the venerable Karmapas, the glorious Supreme Vehicle Vajra wrote this at the summit of Gandhola of Palpung Thubten Chökhor Ling, in the abode pleasing to the venerable Tara. May goodness and excellence increase! Sarva Mangalam! (Tibetan: སརྦ་མངྒ་ལཾ།, Sanskrit Devanagari: सर्व मङ्गलम्, Sanskrit Romanization: sarva maṅgalam, Literal Chinese meaning: All auspiciousness!). Volume Eleven of the Treasury of Pith Instructions, The Prayer for the Reincarnations of Jamgön Lama Guna’s Name - The Sound of the Great Drum of the Gods.
============================================================
同部經論
與本文同名或相近的其他版本、科判、譯文與註疏。