LT30_0009.大吉祥金剛橛的長壽勾招事業精華集粹g2.0f
================== 第 1 段 ================== 【原始藏文】 དཔལ་ཆེན་རྡོ་རྗེ་ཕུར་པའི་ཚེ་འགུགས་ཀྱི་ཕྲིན་ལས་དྭངས་མ་བཅུད་བསྡུས། དཔལ་ཆེན་རྡོ་རྗེ་ཕུར་པའི་ཚེ་འགུགས་ཀྱི་ཕྲིན་ལས་དྭངས་མ་བཅུད་བསྡུས། དཔལ་ཆེན་རྡོ་རྗེ་ཕུར་པའི་ཚེ་འགུགས་ཀྱི་ཕྲིན་ལས་དྭངས་མ་བཅུད་བསྡུས་ཞེས་བྱ་བ་བཞུགས་སོ། ། དབང་བཅུ་དབང་དུ་མཛད་པའི་དཔལ། །བླ་མ་བཛྲ་ཀུ་མཱ་རར། །བཏུད་ནས་ཚེ་ཡི་བཅུད་འགུགས་པ། །སྤྲོས་ལ་དགའ་བའི་འདོད་འཇོར་བྲི། །འདིའི་བཅའ་གཞི་སྒྲུབ་པའི་དལ་གྱི་ནུབ་ཕྱོགས་སུ་བུམ་པ་མགུལ་ཆིངས་དམར་པོ་ཁ་རྒྱན་དང་བཅས་པ། བདུད་རྩི་ཨ་མྲྀ་ཏས་བཀང་ཞིང་མར་གྱི་རིལ་བུ་མི་གྲངས་བླུགས་པ། འབྲུ་ཟན་སྤོད་སྦྱར་ཆང་གིས་སྤྲུས་པའི་ཚེ་འབྲང་མདའ་དར་ཚེ་རིལ་སོགས་སྤྱི་ལྟར་བཤམ། །བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དཔལ་ཆེན་གཙོ་འཁོར་ཚེའི་བདག་པོའི་ངོ་བོར་བཞུགས་པའི་ཐུགས་རྒྱུད་བསྐུལ་ཏེ་སྔགས་སྒྲ་དིར་དིར་སྒྲོག་ཅིང་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་འཁོར་འདས་ཁྱབ་པར་འཕྲོས། རང་གི་བླ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ལ་སོགས་པ་ཐམས་ཅད་དང་། བརྟན་གཡོ་སྣོད་བཅུད་ཀྱི་དྭངས་མ། རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཚེའི་བྱིན་རླབས་ཐམས་ཅད་བསྡུས་ཏེ་བདག་དང་སྒྲུབ་རྫས་རྣམས་ལ་སིབ་སིབ་ཐིམ་པར་མོས་ལ་སྔགས་འདི་བཟླའོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བཾ་ཧོཿ ཨཱ་ཡུ་ཛྙཱན་ཨཱརྴ་ཡ་ཛཿརུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ཨོཾ་ཨཱཿཧཱུྃཿབརྒྱ་སྟོང་ལ་སོགས་པའི་མཐར་མདའ་རར་གཡབ་ཅིང་འདི་སྐད་དོ། །ཧཱུྃ། དབུས་ནས་རང་བྱུང་གྲུབ་པའི་ལྷཿ དཔལ་ཆེན་རྡོ་རྗེ་ཁྲག་འཐུང་དང་༔ ཁྲོ་མོ་རྡོ་རྗེ་དབྱིངས་ཕྱུག་མཿ མཐིང་ནག་མི་འགྱུར་ནམ་མཁའི་མདོག༔ ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་སྐུ༔ རྡོ་རྗེ་གདུག་པ་འདུལ་མཛོད་ཅིང་༔ བཻ་ཌཱུརྻ་ཡི་བུམ་པ་གཡོན༔ ནང་དུ་འཆི་མེད་བདུད་རྩིས་བཀང་༔ བཀྲ་ཤིས་དར་གྱི་མགུལ་བཅིངས་ཞིང་༔ དཔག་བསམ་ལྗོན་པས་ཁ་རྒྱན་ནས༔ སྟོང་དཔྱལ་བདེ་བའི་སྦྱོར་བ་ལས༔ བྱང་སེམས་མུ་ཏིག་ཁུ་འཕངས་འབེབས༔ རྡོ་རྗེ་ཁྲག་འཐུང་དཔག་མེད་ཀྱིས༔ སྟོང་གསུམ་སྟོང་གི་འཇིག་རྟེན་བཀང་༔ ཞལ་ནས་ཚེ་ཡི་སྔགས་བཟླས་ཤིང་༔ ལྷ་ཀླུ་གནོད་སྦྱིན་གཤིན་རྗེ་དང་༔ མཁའ་འགྲོའི་ལག་ནས་ཚེ་ཁུག་ཅིག༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཚེ་བུམ་འདི་ལ་བྱིན་གྱིས་བརློབས༔ རིག་འཛིན་བསྒྲུབ་པའི་ཚེ་སྤེལ་ ཅིག༔ སྐུ་གསུང་ཐུགས་ཀྱི་ཚེའི་དངོས་གྲུབ་སྩོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཧཱུྃ༔ ཕྱོགས་བཞིར་ར
【漢語翻譯】 大吉祥金剛橛的長壽勾招事業精華集粹。 大吉祥金剛橛的長壽勾招事業精華集粹。 名為大吉祥金剛橛的長壽勾招事業精華集粹之法在此。 掌握十種自在的大吉祥,頂禮上師金剛童子,撰寫勾招壽命精華,滿足樂於增益者的願望。此儀軌的準備:在修法靜處的西面,放置頸部繫有紅色綢帶、帶有裝飾的寶瓶。寶瓶中充滿甘露(藏文:བདུད་རྩི་,梵文天城體:अमृत,梵文羅馬擬音:amṛta,漢語字面意思:不死),並放入與人數相等的酥油丸。如通常一樣,陳設用穀物、食物、香料和酒混合而成的長壽食子、箭幡和長壽丸等。從自己的心間放射光芒。觀想前方所生起的大吉祥主尊眷屬安住于壽命之主的體性中,激發其心續,發出嗡嗡的咒語聲,紅色光芒如鐵鉤般遍佈輪涅。觀想將自己所有流失、衰退、被盜、被奪等的壽命,以及器情世界的精華,三根本、諸佛菩薩的壽命加持全部彙集,融入自身和修法物品中,並唸誦此咒:嗡 班雜 幾里 幾拉亞 扎 吽 榜 霍。 阿玉 嘉納 阿夏亞 扎 汝汝 汝汝 吽 炯 吽。嗡 阿 吽。唸誦百遍千遍等,最後搖動箭,並說:吽!從中央自生證悟之神,大吉祥金剛飲血尊,忿怒母金剛界自在母,深藍不壞虛空色,一面二手忿怒身,手持金剛降伏惡,左持毗琉璃之寶瓶,內滿無死之甘露,頸繫吉祥之綢帶,以如意樹為裝飾,從空樂結合之大樂中,降下菩提明點精華,無量金剛飲血尊,充滿三千大千世界,口中唸誦長壽咒,從天龍夜叉閻羅王,以及空行母手中勾壽命,勾來吧,勾來吧,勾來壽命吧,加持此長壽寶瓶,增益持明修者的壽命,賜予身語意之壽命悉地。嗡 汝汝 汝汝 吽 炯 吽。吽!向四方……
【英語翻譯】 The Quintessence of the Activity of Summoning Life, a Pure Collection of Glorious Vajrakila. The Quintessence of the Activity of Summoning Life, a Pure Collection of Glorious Vajrakila. This is the Quintessence of the Activity of Summoning Life, a Pure Collection of Glorious Vajrakila. The glorious one who masters the ten powers, I prostrate to the Lama Vajrakumara. I write this to summon the essence of life, fulfilling the desires of those who delight in elaboration. The basis for this arrangement is as follows: In the west of the secluded place for practice, place a vase with a red neck-tie and ornaments. Fill it with amrita (藏文:བདུད་རྩི་,梵文天城體:अमृत,梵文羅馬擬音:amṛta,漢語字面意思:不死), and put in as many butter pills as there are people. Arrange the life-arrow, banner, life-pills, etc., as usual, mixed with grain, food, spices, and alcohol. From my heart, rays of light emanate. Invoke the mind-stream of the principal deity and retinue of Glorious One, visualized in front, abiding in the nature of the Lord of Life, and as the sound of the mantra reverberates, red rays of light in the shape of iron hooks spread throughout samsara and nirvana. Imagine that all of your own wandering, declining, stolen, and robbed life-force, as well as the essence of the animate and inanimate world, and all the life-blessings of the Three Roots, Buddhas, and Bodhisattvas, are gathered and absorbed into yourself and the substances for practice, and recite this mantra: OM VAJRA KILI KILAYA JA HUM BAM HOH. AYU JÑANA ARYA YA JA RULU RULU HUM BHYOH HUM. OM AH HUM. At the end, wave the arrow hundreds or thousands of times, and say this: HUM! From the center, the self-arisen accomplished deity, Glorious Vajra Blood-Drinker, and the Wrathful Mother Vajradhatu Rich Woman, dark blue, unchanging, the color of the sky, one face, two hands, in wrathful form, holding a vajra to subdue evil, and a vase of lapis lazuli in the left hand, filled with the nectar of immortality, with a neck tied with auspicious silk, adorned with a wish-fulfilling tree, from the bliss of emptiness and union, descending the essence of bodhicitta like pearls, countless Vajra Blood-Drinkers, filling the billion-fold universe, reciting the mantra of life from their mouths, hook life from the hands of gods, nagas, yakshas, yama, and dakinis! Draw it, draw it, draw life! Bless this life-vase! Increase the life of the vidyadhara practitioners! Grant the siddhi of life of body, speech, and mind! OM RULU RULU HUM BHYOH HUM. HUM! To the four directions…
============================================================
================== 第 2 段 ================== 【原始藏文】 ང་བྱུང་གྲུབ་པའི་ལྷ༔ དཔལ་ཆེན་བདེ་གཤེགས་རིན་ཆེན་དང་༔ པདྨ་ལས་ཀྱི་ཁྲག་འཐུང་རྣམས༔ ཁྲོ་མོ་དབྱིངས་ཕྱུག་རིགས་བཞིར་འཁྲིལ༔ དཀར་སེར་དམར་ལྗང་ལས་བཞིའི་མདོག༔ གཡས་པས་རང་རྟགས་ཕྱག་རྒྱ་བསྣམས༔ རང་མདོག་ཚེ་ཡི་བུམ་པ་གཡོན༔ ནང་དུ་འཆི་མེད་བདུད་རྩིས་བཀང་༔ བཀྲ་ཤིས་དར་གྱིས་མགུལ་བཅིངས་ཤིང་༔ དཔག་བསམ་ལྗོན་པས་ཁ་བརྒྱན་ནས༔ སྟོང་དཔྱལ་བདེ་བའི་སྦྱོར་བ་ལས༔ བྱང་སེམས་མུ་ཏིག་ཁུ་འཕངས་འབེབས༔ རིགས་བཞི་ཁྲག་འཐུང་དཔག་མེད་ཀྱིས༔ མན་གོང་གིས་འགྲེས་སོ། །ཧཱུྃ༔ དབུས་ནས་རང་བྱུང་གྲུབ་པའི་ལྷ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གར་དགུའི་རོལ་པས་མནན་མཛད་ཅིང་༔ འཁོར་ལོ་རྒྱས་འདེབས་ཡུམ་དང་འཁྲིལ༔ ཡབ་ཡུམ་གཉིས་མེད་སྦྱོར་བའི་སྒྲས༔ དུས་གསུམ་སངས་རྒྱས་རབ་མཆོད་ནས༔ བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡིས༔ མུ་ཏིག་ཁུལ་འཕངས་དབབ་ཏུ་གསོལ༔ ཚེ་བུམ་འདི་ལ་བྱིན་གྱིས་རློབས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡཿསརྦ་བིགྷ་ནཱན་བཾ་ཧཱུྃ་ཕཊཿཧཱུྃ༔ ཆོས་དབྱིངས་ནམ་མཁའི་དཀྱིལ་འཁོར་ནས༔ སྲས་མཆོག་རྡོ་རྗེ་ཕུར་པ་སྟེ༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་སྲས༔ ཁྲོ་ བོའི་ཚུལ་སྟོན་གདུག་པ་འདུལ༔ སྟོང་གསུམ་སྟོང་གི་འཇིག་རྟེན་འདིར༔ སྤྲུལ་པ་གྲངས་མེད་ཁྲོ་ཚོགས་ཀྱི༔ དགྲ་བགེགས་གདུག་པ་དབྱིངས་སུ་སྒྲོལ༔ མཁའ་མཉམ་བདེ་ཆེན་རྒྱས་པར་གྱིས༔ བྱང་སེམས་ཐིག་ལེ་མི་ཤིག་དབུས༔ མུ་ཏིག་ཁུ་འཕངས་དབབ་ཏུ་གསོལ༔ ཚེ་བུམ་འདི་ལ་བྱིན་གྱིས་རློབས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡཱ༔ སརྦ་བྷིགྷ་ནཱན་བཾ་ཧཱུྃ་ཕཊ༔ ཧཱུྃ༔ ཕྱོགས་བཅུར་རང་བྱུང་གྲུབ་པའི་ལྷ༔ ཡེ་ཤེས་ཁྲོ་བོ་ཆེན་པོ་བཅུ༔ ཡུམ་ཆེན་རྡོ་རྗེ་ཁྲོ་མོ་བཅུ༔ སྤྲུལ་པ་ཁྲ་ཐབས་ཚོགས་རྣམས་ཀྱང་༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་ཏེ༔ བགེགས་ཆེན་འདུལ་ཞིང་ཁྲོ་ཚུལ་སྟོན༔ གཡས་ན་ལྕགས་ཀྱུ་ཕུར་བུ་བསྣམས༔ གཡོན་ན་བདུད་རྩིའི་བུམ་པ་བསྣམས༔ ཐུགས་ཀའི་ཉི་ཟླ་ཁ་སྦྱོར་ནས༔ ཚེ་འཛིན་ཐུགས་ཀྱི་དཔལ་བེའུ་ལས༔ བྱང་སེམས་ཐིག་ལེའི་ཁུ་འཕངས་འབེབས༔ ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཕྱོགས་བཅུའི་གནས་ནས་ཚེ་ཁུག་ཅིག༔ ཚེ་བུམ་འདི་ལ་བྱིན་གྱིས་རློབས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཨཱ་ཡུཛྙཱ་ན་ཛ༔ ཁྲོ་བཅུའི་སྔགས་འགྲེས་སྦྱར། བསྡུ་ན་ཀི་ལ་ཡའི་མཐར་ཨཱ་ཡུར་སོགས་སྦྱར་བས་མཐུས་སོ། ཧཱུྃ༔ ཤར་གྱི་ཕྱོགས་ནས་
【漢語翻譯】 自生證悟之天尊,大吉祥善逝珍寶等,蓮花事業之飲血尊眾,與忿怒母界自在四族相擁,白黃紅綠四種事業色,右持自身標誌之手印,左持自身顏色之長壽寶瓶,內滿不死甘露,吉祥綵帶束頸,如意樹為之莊嚴,從空樂大樂之結合中,降下菩提心珍珠精液,無量四族飲血尊眾,以咒語加持。吽!從中央自生證悟之天尊,大吉祥金剛童子,三面六臂四足威懾,以九舞之姿鎮壓,與法輪增盛之明妃相擁,父母雙運無二之音聲,供養三世諸佛,以菩提心之明點,祈請降下珍珠精液,加持此長壽寶瓶。嗡 班雜 枳里 枳拉亞 薩瓦 畢嘎南 邦 吽 啪!吽!從法界虛空之壇城中,殊勝之子金剛橛,諸佛之意子,示現忿怒相調伏暴惡,於三千大千世界中,無數化身忿怒眾,將敵魔暴惡解脫於法界,愿等同虛空之大樂增長,菩提心明點不壞之中,祈請降下珍珠精液,加持此長壽寶瓶。嗡 班雜 枳里 枳拉亞 薩瓦 畢嘎南 邦 吽 啪!吽!於十方自生證悟之天尊,十尊大智慧忿怒尊,十尊大明妃金剛忿怒母,以及各種化現之忿怒眾,皆為青黑色一面二臂,調伏大魔,示現忿怒之相,右持鐵鉤橛,左持甘露寶瓶,心間日月交融,從持壽之心之寶篋中,降下菩提心明點之精液,攝持 攝持 壽命攝持,迎請 迎請 壽命迎請,從十方處攝持壽命,加持此長壽寶瓶,賜予身語意之成就。嗡 班雜 卓達 吽 嘎拉 吽!嘎扎 嘎扎 吽 啪!阿玉嘉納 扎!忿怒十尊之咒語加持合集,總攝為在枳里亞之後加上阿玉等,以此威力。吽!從東方
【英語翻譯】 Self-arisen accomplished deities, Great Glorious Bliss-Gone Precious Ones, And blood-drinking ones of Padma’s activity, Embraced by the wrathful consorts, mistresses of the sphere, of the four families. White, yellow, red, and green, the colors of the four activities, The right hands hold their own emblems as mudras, The left hands hold vases of life of their own color, Filled inside with deathless nectar, Bound at the neck with auspicious silk scarves, And adorned on the surface with wish-fulfilling trees, From the union of bliss and emptiness, Descend drops of bodhicitta pearl essence. The immeasurable blood-drinking ones of the four families, Are blessed by the recitation of mantras. HUNG! From the center, self-arisen accomplished deities, The Great Glorious Vajrakilaya, With three faces, six arms, and four legs displayed, Trampling with the play of the nine dances, Embraced by the consort who increases the wheel. With the sound of the union of the father and mother, Inseparably, perfectly worshiping the Buddhas of the three times, With the bindu of the mind of enlightenment, I pray that you descend drops of pearl essence. Bless this vase of life! OM VAJRA KILI KILAYA SARVA BIGHNAN BAM HUNG PHAT! HUNG! From the mandala of the dharmadhatu, the sphere of space, The supreme son, Vajrakilaya, The son of the heart of all the Buddhas, Showing the wrathful form, subduing the wicked, In this world of three thousand million world systems, The emanations of countless wrathful assemblies, Liberate the enemies, obstructors, and wicked ones into the sphere of reality, May great bliss, equal to space, increase! In the center of the indestructible bodhicitta bindu, I pray that you descend drops of pearl essence. Bless this vase of life! OM VAJRA KILI KILAYA SARVA BIGHNAN BAM HUNG PHAT! HUNG! In the ten directions, self-arisen accomplished deities, The ten great wisdom wrathful ones, The ten great consorts, Vajra Wrathful Mothers, And also the assemblies of various emanations, Dark blue-black, with one face and two arms, Subduing great obstructors, showing the wrathful form, In the right hand holding an iron hook and kila, In the left hand holding a vase of nectar, From the union of the sun and moon at the heart, From the treasure chest of the heart that holds life, Descend drops of bodhicitta bindu essence. Draw near, draw near, draw near life! Invite, invite, invite life! From the places of the ten directions, draw near life! Bless this vase of life! Grant the accomplishments of body, speech, and mind! OM VAJRA KRODHA HUNG KARA HUNG! GARZA GARZA HUNG PHAT! AYUR JÑANA DZA! The mantra collection of the ten wrathful ones is combined. To condense, add Ayur etc. to the end of Kiliya, by this power. HUNG! From the eastern direction
============================================================
================== 第 3 段 ================== 【原始藏文】 ཚེ་འགུག་མ༔ དཀར་མོ་ཞི་མཛད་པུ་ཤུད་མགོ༔ ལྕགས་ཀྱུ་ཚེ་ བུམ་ལག་ན་བསྣམས༔ ལོག་འདྲེན་འགུགས་མཛད་སྒོ་སྲུང་མ༔ ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ དྲི་ཟའི་ལག་ནས་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་འདི་སྩོལ་ཅིག༔ ༔ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ བྷིནྡྷ་ཡ་བིང་བིང་ཧཱུྃ་ཕཊ༔ ཨཱ་ཡུཛྙཱ་ན་ཛ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ སེར་མོ་ཀངྐའི་མགོ་བོ་ཅན༔ ཕྱག་ན་ཞགས་པ་ཚེ་བུམ་བསྣམས༔ ཚེ་དང་ལོང་སྤྱོད་རྒྱས་མཛད་མ༔ ཁུག་ཅིག༴ དྲོངས་ཤིག༴ གྲུལ་བུམ་ལག་ནས་ཚེ༴ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ནམ་སནྟ་ཧྲི༚་ཧྲི༚་ཧཱུྃ་ཕཊ༔ ཨཱ་ཡུཛྙཱ་ཛ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ དམར་སེར་སྲིན་བྱའི་མགོ་བོ་ཅན༔ ལྕགས་སྒྲོག་ཚེ་ཡི་བུམ་པ་བསྣམས༔ ལོག་འདྲེན་དབང་མཛད་སྒོ་སྲུང་མ༔ ཁུག་ཅིག༔ དྲོངས་ཤིག༴ ཀླུ་ཡི་ལག་ནས༴ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་ཧཱུྃ་ཕཊ༔ ཨཱ་ཡུཛྙཱ་ན་ཛ༔ ཧཱུྃ༔ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ལྗང་གུ་ཁྲ་ཡི་མགོ་བོ་ཅན༔ དྲིལ་བུ་ཚེ་བུམ་ལག་ན་བསྣམས༔ ལོག་འདྲེན་སྒྲོལ་མཛོད་སྒོ་སྲུང་མ༔ ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག༔ དྲོངས་ཤིག་དྲངས་ཤིག་ཚེ་དྲོངས་ཤིག༔ གནོད་སྦྱིན་ལག་ནས་ཚེ་ཁུག་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ ༔ ཨཱ་ཡུཿཨཱ་བེ་ཤ་ཡ་ཛ༔ ཞེས་བསྐུལ་ལ་སྔགས་འདིའང་ལན་ཇི་རིགས་བཟླའོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨོཾ་བྷྲཱུྃ་ཨཱཿབྷྲཱུྃ་ཧཱུྃ་བྷྲཱུྃ་སྭཱ་བྷྲཱུྃ་ཧཱ་བྷྲཱུྃ་ཛྙཱ་ན་ཨཱ་ཡུ་ཤེ་ཧཱུྃ་ཨཱཿ བརྒྱ་སྟོང་གང་འགྲུབ་མཐར་དངོས་གྲུབ་ལེན་པ་སོགས་དཀྱུས་ལྟར་བྱས་པས་ཚེའི་དབང་དང་དངོས་གྲུབ་ཐོབ་ནས་འཆི་མེད་རྡོ་རྗེའི་སྐུར་གྱུར་པ་མོས་ལ་ཤིས་བརྗོད་རྒྱ་ཆེར་བྱའོ། །ཚེ་དབང་སྒྲུབ་ཅིང་འགུགས་པའི་ལུང་། །རྒྱུད་ལས་གསུངས་པ་མཐའ་ཡས་ཀྱང་། །གྲུབ་པས་གནད་དུ་དྲིལ་བ་འདི། །རིང་འཚོར་འདོད་པས་བདུད་རྩིར་བསྟེན། །འགྲོ་ཀུན་འཆི་བདག་ལས་རྒྱལ་ཏེ། །འཆི་མེད་རྟག་པ་དམ་པའི་སྐུར། །ཡོངས་གྲུབ་རྡོ་རྗེ་སེམས་དཔའི་གནས། །བདེ་བླག་ཉིད་དུ་ཐོབ་གྱུར་ཅིག །ཅེས་པའང་ཕུར་དཀྱིལ་བདུད་འཇོམས་རོལ་པའི་ཆ་ལག་ཏུ། པདྨ་གར་དབང་བདེ་བའི་རྡོ་རྗེས་ཕུར་པ་ཐུགས་ཀྱི་ཉིད་ཁུ་ལས་ཁོལ་དུ་ཕྱུང་སྟེ་བསྡེབས་པ་གཞན་ལ་ཕན་པར་གྱུར་ཅིག། །།དགེ་ལེགས་འཕེལ།། །། དཔལ་ཆེན་རྡོ་རྗེ་ཕུར་པའི་ཚེ་འགུགས་ཀྱི་ཕྲིན་ལས་དྭངས་མ་བཅུད་བསྡུས།
【漢語翻譯】 長壽招請母,白色寂靜普續頭,手持鐵鉤壽命寶瓶,招請逆緣之門守護,招請,招請,招請壽命,迎請,迎請,迎請壽命,從樂神手中招請壽命,賜予此壽命之成就。嗡 班匝 枳里 枳拉亞,(藏文:བཛྲ་ཀཱི་ལི་ཀཱི་ལ་ཡ,梵文天城體:वज्रकीलिकिलाय,梵文羅馬擬音:vajrakīlikilāya,漢語字面意思:金剛橛,金剛橛),賓達亞 賓賓 吽 啪。(藏文:བྷིནྡྷ་ཡ་བིང་བིང་ཧཱུྃ་ཕཊ,梵文天城體:भिन्धय विंग विंग हूँ फट्,梵文羅馬擬音:bhindhaya viṃga viṃga hūṃ phaṭ,漢語字面意思:摧破,勝,勝,吽,啪),阿玉嘉那 匝 吽。(藏文:ཨཱ་ཡུཛྙཱ་ན་ཛ,梵文天城體:आयुर्ज्ञान ज,梵文羅馬擬音:āyurjñāna ja,漢語字面意思:壽命,智慧,生),從南方招請長壽母,黃色禿鷲之頭,手持繩索壽命寶瓶,增長壽命與受用,招請,迎請,從陶罐手中招請壽命。嗡 班匝 枳里 枳拉亞,(藏文:བཛྲ་ཀཱི་ལི་ཀཱི་ལ་ཡ,梵文天城體:वज्रकीलिकिलाय,梵文羅馬擬音:vajrakīlikilāya,漢語字面意思:金剛橛,金剛橛),那瑪桑達 赫日 赫日 吽 啪。(藏文:ནམ་སནྟ་ཧྲི༚་ཧྲི༚་ཧཱུྃ་ཕཊ,梵文天城體:नम सन्त ह्रि ह्रि हूँ फट्,梵文羅馬擬音:nama santa hri hri hūṃ phaṭ,漢語字面意思:敬禮,寂靜,赫日,赫日,吽,啪),阿玉嘉 匝 吽。(藏文:ཨཱ་ཡུཛྙཱ་ཛ,梵文天城體:आयुर्ज्ञा ज,梵文羅馬擬音:āyurjña ja,漢語字面意思:壽命,智,生),從西方招請長壽母,紅黃色食肉鳥之頭,手持鐵鏈壽命寶瓶,掌管逆緣之門守護,招請,迎請,從龍手中招請。嗡 班匝 枳里 枳拉亞,(藏文:བཛྲ་ཀཱི་ལི་ཀཱི་ལ་ཡ,梵文天城體:वज्रकीलिकिलाय,梵文羅馬擬音:vajrakīlikilāya,漢語字面意思:金剛橛,金剛橛),蘇如 蘇如 扎蘇如 扎蘇如 吽 啪。(藏文:སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་ཧཱུྃ་ཕཊ,梵文天城體:सुरू सुरू प्र सुरू प्र सुरू हूँ फट्,梵文羅馬擬音:suru suru pra suru pra suru hūṃ phaṭ,漢語字面意思:速速,速速,極速速,極速速,吽,啪),阿玉嘉那 匝 吽。(藏文:ཨཱ་ཡུཛྙཱ་ན་ཛ,梵文天城體:आयुर्ज्ञान ज,梵文羅馬擬音:āyurjñāna ja,漢語字面意思:壽命,智慧,生),從北方招請長壽母,綠色花斑之頭,手持鈴鐺壽命寶瓶,解脫逆緣之門守護,招請,招請,招請壽命,迎請,迎請,迎請壽命,從夜叉手中招請壽命。嗡 班匝 枳里 枳拉亞,(藏文:བཛྲ་ཀཱི་ལི་ཀཱི་ལ་ཡ,梵文天城體:वज्रकीलिकिलाय,梵文羅馬擬音:vajrakīlikilāya,漢語字面意思:金剛橛,金剛橛),瑪熱亞 瑪熱亞 吽 啪。(藏文:མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ,梵文天城體:मारय मारय हूँ फट्,梵文羅馬擬音:māraya māraya hūṃ phaṭ,漢語字面意思:殺,殺,吽,啪)。 阿玉 阿貝夏亞 匝。(藏文:ཨཱ་ཡུཿཨཱ་བེ་ཤ་ཡ་ཛ,梵文天城體:आयु आ वेशय ज,梵文羅馬擬音:āyu ā veśaya ja,漢語字面意思:壽命,請入,生),如此勸請,此咒語也念誦適量次數。嗡 班匝 枳里 枳拉亞,(藏文:བཛྲ་ཀཱི་ལི་ཀཱི་ལ་ཡ,梵文天城體:वज्रकीलिकिलाय,梵文羅馬擬音:vajrakīlikilāya,漢語字面意思:金剛橛,金剛橛),嗡 炯 阿 炯 吽 炯 梭哈 炯 訶 炯 嘉那 阿玉謝 吽 阿。(藏文:ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨོཾ་བྷྲཱུྃ་ཨཱཿབྷྲཱུྃ་ཧཱུྃ་བྷྲཱུྃ་སྭཱ་བྷྲཱུྃ་ཧཱ་བྷྲཱུྃ་ཛྙཱ་ན་ཨཱ་ཡུ་ཤེ་ཧཱུྃ་ཨཱཿ,梵文天城體:,梵文羅馬擬音:,漢語字面意思:),盡力唸誦百遍或千遍,最後如常獲得成就,由此獲得壽命灌頂和成就,觀想成為不死金剛之身,廣作吉祥祝願。壽命灌頂修持及招請之傳承,經典所說雖無邊,成就者攝要於此中,欲求長壽者應依此甘露。愿一切眾生戰勝死主,成就無死恒常之聖身,于圓滿金剛薩埵之境界,輕易獲得成就。此乃蓮花自在喜金剛,于金剛橛心髓中取出,作為降魔遊戲之助伴而造,愿利他。吉祥增盛! 大威力金剛橛之壽命招請事業,精華之精華。
【英語翻譯】 The Life-Summoning Mother: White, pacifying, with a vulture’s head. She holds a hooked knife and a vase of life in her hands. She is the gatekeeper who summons back diverted forces. Summon! Summon! Summon life! Invite! Invite! Invite life! Summon life from the hands of the Gandharvas! Grant this accomplishment of life! Oṃ Vajrakīlīkīlāya, bhindhaya viṃga viṃga hūṃ phaṭ! Āyurjñānaja hūṃ! From the southern direction, the Life-Summoning Mother: Yellow, with a vulture’s head. She holds a lasso and a vase of life in her hands. She increases life and prosperity. Summon!… Invite!… Summon life from the hands of the clay pot… Oṃ Vajrakīlīkīlāya, nama santa hri hri hūṃ phaṭ! Āyurjñāja hūṃ! From the western direction, the Life-Summoning Mother: Reddish-yellow, with a carnivorous bird’s head. She holds an iron chain and a vase of life. She is the gatekeeper who controls diverted forces. Summon!… Invite!… Summon life from the hands of the nāgas… Oṃ Vajrakīlīkīlāya, suru suru pra suru pra suru hūṃ phaṭ! Āyurjñānaja hūṃ! From the northern direction, the Life-Summoning Mother: Green, with a speckled head. She holds a bell and a vase of life in her hands. She is the gatekeeper who liberates diverted forces. Summon! Summon! Summon life! Invite! Invite! Invite life! Summon life from the hands of the yakshas! Oṃ Vajrakīlīkīlāya, māraya māraya hūṃ phaṭ! Āyu āveśaya ja! Having urged in this way, recite this mantra as many times as appropriate. Oṃ Vajrakīlīkīlāya oṃ bhrūṃ āḥ bhrūṃ hūṃ bhrūṃ svā bhrūṃ hā bhrūṃ jñāna āyuśe hūṃ āḥ. Having accomplished as many as one hundred or one thousand recitations, finally take the accomplishments as usual. Having thus received the empowerment of life and the accomplishments, visualize becoming the immortal vajra body, and offer extensive auspicious wishes. The transmission for accomplishing and summoning life: Although the scriptures speak of it limitlessly, the accomplished ones have condensed the essential points into this. Those who wish for long life should rely on this nectar. May all beings conquer the Lord of Death and attain the sacred body of immortality and permanence. May they easily attain the state of complete Vajrasattva. This was composed by Pema Garwang Dewai Dorje, extracted from the heart essence of Vajrakīla as an auxiliary part of the demon-subduing play, may it benefit others. May virtue and auspiciousness increase! The condensed essence of the pure activity of summoning life from the great and powerful Vajrakīla.
============================================================
同部經論
與本文同名或相近的其他版本、科判、譯文與註疏。