LT15_0019.竅訣藏第六函.仲彌譯師向智者六門請教的.被稱為六門法緣的引導文g2.0f
================== 第 1 段 ================== 【原始藏文】 གདམས་ངག་མཛོད་པོད་དྲུག་པ། འབྲོག་མི་ལོ་ཙཱ་བས་མཁས་པ་སྒོ་དྲུག་ལ་གསན་པའི་སྒོ་དྲུག་ཆོས་འབྲེལ་དུ་གྲགས་པའི་ཁྲིད་ཡིག གདམས་ངག་མཛོད་པོད་དྲུག་པ། འབྲོག་མི་ལོ་ཙཱ་བས་མཁས་པ་སྒོ་དྲུག་ལ་གསན་པའི་སྒོ་དྲུག་ཆོས་འབྲེལ་དུ་གྲགས་པའི་ཁྲིད་ཡིག འབྲོག་མི་ལོ་ཙཱ་བས་མཁས་པ་སྒོ་དྲུག་ལ་གསན་པའི་སྒོ་དྲུག་ཆོས་འབྲེལ་དུ་གྲགས་པའི་ཁྲིད་ཡིག་ཅེས་བྱ་བ་བཞུགས་སོ། ༢ །ལམ་འབྲས་པོད་དམར་ནས་བྱུང་། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྗེ་འབྲོག་མིས་བླ་མ་་པ་ལ་གཞུང་རྣམས་ཚང་བར་ཚར་ནས་བོད་དུ་འབྱོན་ཁར་གསེར་ཅུང་ཟད་ཅིག་ཡོད་པ་ཕུལ་ནས། ཉམས་ལེན་གྱི་གདམས་པ་ཞིག་ཞུ་བྱས་པས། མདོ་རྒྱུད་ཀྱི་དོན་ཉམས་སུ་ལོངས་གསུངས། ཐོག་མར་མདོའི་དོན་ཉམས་སུ་བླང་། དེ་ནས་རྒྱུད་ཀྱི་དོན་ཉམས་སུ་བླང་ལགས་སམ་ཞུས་པས། གཉིས་ཀ་དབྱེར་མེད་དུ་ཉམས་སུ་ལོངས་གསུངས། དེ་ཇི་ལྟར་ལེན་པ་ལགས་ཞུས་པས། བརྟགས་གཉིས་ལས། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུགས་དང་འཛིན་པ་རྣམ་པར་སྤངས། །ཡང་ན་ཐབས་ནི་ཐམས་ཅད་ཀྱིས། དངོས་པོའི་མཚན་ཉིད་དུ་ནི་བརྟག །ཅེས་ཏེ་རྒྱུད་ཉིད་ཀྱི་དོན་ཐམས་ཅད་དེར་འདུས་གསུང་ངོ་། འདོད་པ་གཟུགས་གཟུགས་མེད་གསུམ། སྡུད་བ་ལས། བྱིས་པ་རྣམས་ཀྱིས་དེར་དེ་དང་པོ་ནས་གཉིས་མེད་བྱ་ཡིན་ཟེར་བ་དེས་བདག་གཅེས་པ་འོང་སྟེ། བརྟག སྣང་ཡང་ཞེན་མེད་སྒྱུ་མའི་སྐུ། ཡོད་དང་མེད་པར་བྱེད། །ཡོད་དང་མེད་པ་འདི་དག་མེད་པའི་ཆོས་ཡིན་ཏེ། །བྱང་ཆུབ་སེམས་དཔའ་གང་གིས་་རྟེན་འབྲེལ་ཟབ་མོ་ལ་མི་མཁས་པས་ཁམས་གསུམ། འདིར་ཤེས་ངེས་པར་འབྱུང་། ནས་་ཞེས་ཏེ་མདོའ་དོན་ཐམས་་རྟག་པར་་ཆད་པར་འཛིན་པ་་པ་་རང་བཞིན་བདེན་པར་མ་གྲུབ་པས། ཅད་དེར་འདུས། དེས་ན། དེ་གཉིས་དབྱེར་མེད་དུ་་ཞིག ཉམས་སུ་འདིས་བླང་བས་་ཁམས་གསུམ་འཁོར་བ་ཉན་རང་དང་བཅས་པ་ལས་ངེས་པར་འབྱུང་བ་ཞིག་ཡིན་ནོ། གསུངས་ནས། །ན་མོ་གུ་རུ་པཱ་དཱ་ཡ། བརྟག་སྣང་རང་རིག་སྒྱུ་མའི་ཆོས། །རང་བཞིན་གྱིས་དག་ཤེས་པས་གྲོལ། །ཤུགས་འབྱུང་ཐབས་ཀྱིས་གོམས་པ་གཅེས། །སྙིང་པོ་དོན་ཀྱི་རང་འགྲོས་ཡིན། །རིམ་པས་ཡས་མར་བརྩེ་བ་གནད། །དམན་པ་རྣམས་ཀྱི་ཡུལ་མིན་པས། །བརྟགས་ཏེ་བུ་ལ་སྦྱིན་པར་བྱ། ཞེས་གསུངས་སོ། །ཨི་ཐི། །ད་ཉམས་སུ་བླང་བ་ནི། སྟན་བདེ་བ་ལ་འདུག་ལ། ཏིང་ངེ་འཛིན་གྱིས་ལུས་གནད་ལེགས་པར་ཚང་བར་བཅོས་ལ། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་སོགས་འདོད་དགའ་ཙམ་མ་ཡིན་པར་བསྒོམ། ཐ་མལ
【漢語翻譯】 竅訣藏第六函。 仲彌譯師向智者六門請教的,被稱為六門法緣的引導文。
【英語翻譯】 Damngak Dzö, Volume Six. A teaching manual known as the ‘Six Doors Dharma Connection,’ received by Drogmi Lotsawa from the Six Scholars.
============================================================
================== 第 2 段 ================== 【原始藏文】 ་གྱི་ཡིད་འབྲེལ་ཐམས་ཅད་ལ་རང་ཡི་དམ་གང་བསྒོམ་གྱི་ལྷར་གསལ་བཏབ་ལ། ཐུགས་ཀའི་ས་བོན་གྱི་སྤྲོ་བསྡུས་བྱིན་རླབས་དབབ་ཅིང་སྣོད་བཅུད་སྦྱོང་བའི་དམིགས་པ་བྱ་སྟེ། ཞིབ་པར་བླ་མའི་གསུང་ལས་ཤེས་པར་བྱའོ། འོད་ཟེར་ཡར་འཕྲོས་པས་འཕགས་པ་མཆོད། དེ་རྣམས་ཀྱི་ཐུགས་ཀར་ཞུགས། སླར་ལོག་པས་རང་ལ་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བྱིན་རླབས་ཞུགས། མར་འཕྲོས་པས་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དུ་སྦྱངས། བཅུད་ལྷ་དང་ལྷ་མོར་སྦྱངས་པར་བསམ། སྲིད་གསུམ་ཡོངས་གྱུར་གྱི་དོན་ཡང་འདི་ཡིན་གསུངས་སོ། །དེའི་སྤྱི་བོར་བླ་མ་བསྒོམས་ལ། དེ་ཐམས་ཅད་དང་ཐ་མི་དད་དུ་བསྟིམས་ལ། དེ་ནས་སྣང་རིག་ལ་ལྷ་རྒྱས་བསྡུས་གང་བསྒོམས་ཀྱང་སྣང་སྟོང་སྐུའི་དལ། གསལ་སྟོང་ཐམས་ཅད་གསུང་གི་དལ། བདེ་སྟོང་ཐམས་ཅད་ཐུགས་ཀྱི་དལ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་པའི་དོན་ཡང་འདི་ཡིན་པས་རྒྱུད་ཀྱི་ དགོངས་པ་འདི་ཡིན་གསུངས་སོ། ། གསུང་འཕྲོག་མིས་མཆན་དུ་བཏབ་པ་ཡིན་གསུང་། ཧད་དེ་ཆེ་རེ་བལྟས་པས། སྣང་རིག་གི་ཆོས་ཐམས་ཅད་བདེན་མེད་དུ་སྒྱུ་མ་ལྟ་བུར་གཏིང་ནས་ངེས་ཤེས་སྐྱེས་ཏེ། དེ་ཡང་འཕྲལ་ཏུ་བཅོས་པ་མི་འདུག་གིས། གདོད་མ་ནས་རང་བཞིན་གྱིས་དང་། པར་སྒྲོ་འདོགས་རྦད་ཀྱིས་ཆོད་ནས་རང་གསལ་དུ་སིང་ངེ་། རང་གྲོལ་ཏུ་ཤིག་གེ་འདུག་པ་འཁོར་འདས་གཉིས་མེད་ཆོས་སྐུར་གྲོལ་ཞེས་བྱའོ། །དེ་ལྟར་ཤེས་པས་དེ་མ་རྟོགས་པའི་སེམས་ཅན་ལ་དམིགས་མེད་ཀྱི་སྙིང་རྗེ་ངང་གིས་སྐྱེ་སྟེ། དེའང་དབྱིངས་ཀྱི་ངང་ཡིན་པས་དབྱེར་མེད་ཅེས་བྱའོ། །ཐབས་ཤེས་ཀྱི་གོ་རིམ་ལོག་པའི་སྐྱོན་མེད་དེ། དེའི་སྐྱོན་ལུང་གིས་སྤང་ངོ་། །སཾ་བུ་ཊི་ལས། དང་པོ་སྟོང་ཉིད་བསྒོམས་པ་ཡིས། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། ཞེས་དང་། སྡད་པ་ལས། ཕུང་པོ་འདི་དག་གདོད་ནས་སྟོང་ཞིང་སྐྱེ་མེད་ཤེས། །མཉམ་པར་མ་བཞག་སེམས་ཅན་ཁམས་ལ་སྙིང་རྗེ་འཇུག །བར་སྐབས་དེར་ནི་སངས་རྒྱས་ཆོས་ལས་ཡོང་མི་ཉམས། ཞེས་སོ། །སྦྱིན་པ་སྦྱིན་པའི་སྔོན་ཏུ་འགྲོ་བ་ཤེས་རབ་སྟེ། ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །དགེ་ཆོས་ཆུད་མི་གསན་ཕྱིར་ཡོངས་སུ་འཛིན་པ་ཡིན། །འདི་ནི་ཆོས་རྣམས་ཐམས་ཅད་ཚུལ་གཅིག་སྟོན་པར་བྱེད། ཅེས་སོ། འོ་ན་སྡུད་པ་ལས། ཇི་སྲིད་དགའ་བའི་རྩ་བ་ཡོངས་སུ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་བྱེད། ཅེས་དང་། བརྟག་གཉིས་ལས། དང་པོ་
【漢語翻譯】 對於所有意念相關的,都觀想自己所修的本尊,從心間的種子字放出和收回光芒,降下加持,進行清凈外器內情的觀想。詳細內容應從上師的教言中瞭解。向上照射的光芒供養聖眾,融入他們的心間。再次返回時,將無二智慧的加持融入自身。向下照射的光芒將所有外器內情清凈為宮殿,將內情觀想為本尊和佛母。據說,三有圓滿轉化的意義也在此。在其頭頂觀想上師,融入所有這些,無二無別。之後,無論觀想顯現和覺性為本尊的生起次第還是圓滿次第,顯現即是空性,是身之壇城;光明即是空性,一切都是語之壇城;安樂即是空性,一切都是意之壇城。身語意即是智慧金剛之禪定。據說,這也是經續的密意。據說,這是貢饒彌所作的註釋。稍微仔細觀察,所有顯現覺性的法都深深地確信為無實的幻象。而且,這也不是立即造作的,而是從原始以來就自然而然的。徹底斷除增益和假立,自明澄澈,自然解脫,這就是解脫于輪迴涅槃二取的法身。如此了知,自然而然地對未證悟的眾生生起無緣大悲,這也是法界的自性,所以說是無別的。方便智慧的次第沒有顛倒的過失,此過失以教證遣除。《桑布扎》中說:最初修習空性,能洗凈有情眾生的垢染。又如《攝》中說:了知此蘊從始即空且無生,不住于等持,而將悲心注入有情界。於此期間,不會退失佛法。佈施是佈施的前行,智慧也是如此,戒律、忍辱、精進、禪定也是如此。爲了不浪費善法,所以要完全受持。這能示現一切諸法的一種方式。如是說。那麼,《攝》中說:乃至喜悅之根本未圓滿,彼時不能獲得殊勝之空性。又如《二觀察》中說:最初
【英語翻譯】 For all mind-related things, visualize yourself as the deity you are practicing, emanate and gather light from the seed-syllable at your heart, bestow blessings, and engage in the visualization of purifying the outer vessel and inner essence. Details should be learned from the guru’s teachings. The upward-shining light offers to the noble ones and enters their hearts. Returning again, the blessing of non-dual wisdom enters you. The downward-shining light purifies all outer vessel and inner essence into a palace, and the inner essence is visualized as deities and goddesses. It is said that the meaning of the complete transformation of the three realms is also here. Visualize the guru on its crown and dissolve it into all of these, non-dual and inseparable. Then, whether you visualize the appearance and awareness as the deity’s generation stage or completion stage, appearance is emptiness, the mandala of the body; clarity is emptiness, everything is the mandala of speech; bliss is emptiness, everything is the mandala of mind. Body, speech, and mind are the samadhi called wisdom vajra. It is said that this is also the intent of the tantras. It is said that this is a commentary made by Gungrapa. Looking at it a little more closely, all the phenomena of appearance and awareness are deeply convinced to be unreal illusions. Moreover, this is not something to be fabricated immediately, but is natural from the beginning. Completely cut off the imputation and fabrication, self-luminous and clear, naturally liberated, this is the dharmakaya that is liberated from the duality of samsara and nirvana. Knowing this, unconditioned compassion naturally arises for sentient beings who have not realized it, and this is also the nature of the dharmadhatu, so it is said to be non-dual. There is no fault in reversing the order of skillful means and wisdom, and this fault is dispelled by scriptural proof. The Sambuṭa says: “By meditating on emptiness at first, the stains of embodied beings are washed away.” Also, as the Compendium says: “Knowing that these aggregates are empty and unborn from the beginning, without abiding in samadhi, compassion enters the realm of sentient beings. During that time, one will not degenerate from the Buddha’s teachings.” Generosity is the preliminary to generosity, and so is wisdom, as well as ethics, patience, diligence, and meditation. In order not to waste virtuous deeds, one must fully uphold them. This shows one way of all dharmas. So it is said. Then, the Compendium says: “As long as the root of joy is not fully perfected, one will not attain that supreme emptiness.” Also, as the Two Examinations say: “At first
============================================================
================== 第 3 段 ================== 【原始藏文】 གསོ་སྦྱོང་སྦྱིན་པར་བྱ། ཞེས་པ་ལ་སོགས་པ་གསུངས་སོ་སྙམ་ན། དེ་ནི་སྐྱེ་སླ་བའི་གོ་རིམ་ཡིན་ལ། འདིར་ནི་སྐྱེ་དགོས་པའི་གོ་རིམ་ཡིན་ནོ། །དབྱེར་མེད་དེ་ཀ་ལ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ནམ། ཤེས་རབ་ལས་མ་གཡོས་པའི་ཐབས་མཁས་པ་ཞེས་བྱ་སྟེ། དེས་མཆོག་གི་ལམ་འབད་མེད་དུ་བགྲོད་པས། སྡུད་པ་ལས། སྙིང་རྗེ་ཆེན་པོ་སྐྱེས་ཀྱང་སེམས་ཅན་འདུ་ཤེས་མེད། །དེ་ཚེ་མཁས་པ་འགྲོ་བ་ཀུན་གྱི་སྦྱིན་གནས་འགྱུར། ཞེས་གསུངས་སོ། །ལམ་སྙིང་པོ་དོན་གྱི་རང་འགྲོས་ཞེས་བྱའོ། རིམ་པ་ཡས་མར་བརྩི་བའི་གནད་ཅེས་ཏེ། རང་འགྲོས་དེ་ལྟ་བས་ཡས་གཞལ་ཞིང་། བགྲོད་ཚུལ་གྱིས་མས་ཡར་བརྩིས་ན། དེས་ཟིན་པའི་སྒོམ་གྱི་ལས་དགེ་བ་རྣམས་ཚོགས་ལམ། བསམ་གཏན་གྱི་སེམས་གྲུང་ལ་བརྟེན་ནས་དོན་སྤྱི་གསལ་ངེས་པ་སྦྱོར་ལམ། དེ་མངོན་ཏུ་གྱུར་པ་མཐོང་ལམ། དེ་གོམས་པས་ཉོན་མོངས་ཀྱི་བག་ཆགས་ཤེས་སྒྲིབ་ཀྱི་ཚུལ་ཅན་ཕྲ་བར་ནུས་པ་སྒོམ་ལམ། དྲི་མ་ཕྲ་མོ་རེ་རེའང་དབྱིངས་སུ་ཞི་ནས་སྤངས་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ཏེ། ཕྲིན་ལས་སེམས་ཅན་གྱི་རེ་འདོད་ལྷུན་གྲུབ་ཏུ་འབྱུང་བ་མཐར་ཕྱིན་པའི་ལམ་མོ། །དེ་ལྟ་བུའི་ལམ་འདི་ནི་དམན་པ་དེ་ལྟ་བུའི་ཡིན་ལུགས་ཀྱི་དོན་ལ་མ་རེག་པ་རྣམས་ལ་སྦྱིན་པར་མི་བྱའི་ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་ཟིན་པས་འཁོར་བའི་རང་བཞིན་ཤེས། ཚེ་འདིའི་བདག་འཛིན་སྤངས་ནས། སྒྲུབ་པ་གཅིག་དྲིལ་ཏུ་བྱེད་པའི་གང་ཟག་ལ་སྦྱིན་པར་བྱའོ། །མཇུག་དགེ་བ་བསྡོས་ལ། མཉམ་གཞག་གི་རྒྱུན་རྗེས་ཐོབ་ཏུ་ཡང་ཡང་དྲན་པར་བྱའོ། །བླ་མ་་པའི་མན་ངག་མདོ་རྒྱུད་བསྲེ་བའི་ཉམས་ལེན་ཞེས་ཀྱང་བྱ། སྙིང་པོ་དོན་གྱི་རང་འགྲོས་ཞེས་ཀྱང་བྱ། སྣང་སྲིད་བྱིན་གྱིས་རློབ་པའི་མན་ངག་ཅོས་ཀྱང་བྱ་སྟེ། ཟབ་པའི་ལམ་མོ། །ཤུ་བྷཾ། ཤེས་རབ་འབྱུང་གནས་སྦས་པ། ཛྙཱ་ན་ཤྲཱི། རིན་ཆེན་རྡོ་རྗེ་གསུམ་གྱི་བར་ཆད་གསུམ་སེལ་ལོ། །ན་མོ་གུ་རུ། འབྲོག་མའི་བླ་མ་་པ་ལ་སློབ་གཉེར་ཚར་ནས། མཁས་པ་གཞན་ལྔ་ནཱ་ལེནྡྲའི་མཁས་པ་སྒོ་དྲུག་ལ། ལའང་གཞུང་རེ་དང་མན་ངག་རེ་གསན་པའི་མན་ངག་ནི། ནཱ་རོ་པའི་སྡུག་བསྔལ་གསུམ་སེལ། ངག་གི་དབང་ཕྱུག་གྲགས་པའི་གཉུག་མ་དྲན་གསལ། ཤེས་རབ་འབྱུང་གནས་སྦས་པའི་ཕྱི་རོལ་གདོན་གྱི་བར་ཆད་སྲུང་བའི་མན་ངག །ཛྙཱ་ན་ཤྲཱིའི་འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད་སེལ་བའི་མན་ངག །རིན་ཆེན་རྡོ་རྗེའི་ཏིང་ངེ་འཛིན་སེམས་ཀྱི་བར་ཆད་སྲུང་བའི་མན་ངག་སྟེ་ལྔ་གསན་པ
【漢語翻譯】 如果有人認為(應該)說「行布薩」,等等,那是一種容易產生的次第,而這裡是必須產生的次第。無別者,即具有空性大悲藏心,或者說是未動搖于智慧的善巧方便。因此,他毫不費力地行於殊勝道。如《攝集經》云:「大悲雖生起,然無有情想,彼時智者轉,成一切眾施處。」 這被稱為「道之精華,意義的自然流露」。
【英語翻譯】 If someone thinks that one should say “perform the Uposatha,” etc., that is an order of easy arising, but here it is an order of necessary arising. The undifferentiated one is the one who has the essence of emptiness and compassion, or the skillful means that does not waver from wisdom. Therefore, he effortlessly travels the supreme path. As it says in the Compendium: “Although great compassion arises, there is no perception of sentient beings. At that time, the wise one becomes the place of giving for all beings.” This is called “the essence of the path, the natural flow of meaning.”
============================================================
================== 第 4 段 ================== 【原始藏文】 འི་དང་པོ་གཞན་གཉིས་ལོགས་སུ་ ཞེས་ལ། བར་ཆད་སྲུང་བའི་མན་ངག་ཕྱོགས་གཅིག་ཏུ་བྲིས་ཤིང་། སློབ་དཔོན་རེ་རེའི་དགོངས་པས་སོ་སོར་གསུངས་པ་ནི། ཤེས་རབ་འབྱུང་གནས་སྦས་པའི་མན་ངག་ནི། རང་རིག་སེམས་ཀྱི་ས་བོན་ལས། །འོད་འཕྲོས་སྤུ་ལུས་གང་བར་བྱ། །ངག་ཏུ་ཧཱུྃ་བརྗོད་གར་ཡང་བྱ། །གདོན་སྲུང་བ་ཡི་མཆོག་ཡིན་ནོ། །ཞེས་པའི་དོན་ནི། རང་ལྷ་གང་བསྒོམ་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ཅན་འཕྲོས་པས། བ་སྤུའི་བུ་ག་ཐམས་ཅད་ཁྲིག་ཐམ་གྱིས་གཏམས་པར་བསམ་ཞིང་། ངག་ཏུ་སྟོབས་ཀྱིས་ཧཱུྃ་དྲག་ལ་རིང་བར་བརྗོད། ཡང་དེ་རྣམས་ལས་སྔར་ལྟ་བུའི་འོད་ཟེར་འཕྲོས་པས་སྟེང་འོག་ཕྱོགས་བཅུ་ཐམས་ཅད་རྡོ་རྗེའི་རྩིགས་པར་བསམ་ཞིང་། ཕྱི་རོལ་ཏུ་གདོན་གསུམ་གྱི་སྲུང་བའི་མཆོག་ཡིན་ནོ། །ངག་ཏུ་ཧཱུྃ་ཞེས་བརྗོད་ཅིང་གཅེར་བུར་རྡོ་རྗེ་འཛིན་པས་རྐང་སྟབས་དང་ལག་སྟབས་ངེས་མེད་་གཉན་ས་ལྟ་བུར་སྡོད་ན། དུ་བྱས་ཤིང་། སེམས་དབྱིངས་ལས་མ་གཡོས་པའི་གར་བྱས་ན། ཕྱི་རོལ་ཏུ་གདོན་གསུམ་གྱི་སྲུང་བའི་མཆོག་ཡིན་ནོ། །ཕོ་མོ་ཀླུ་གདོན་གསུམ། །བླ་མ་ཛྙཱ་ན་ཤྲཱིའི་མན་ངག་ནི། ཚ་གྲང་གནས་སུ་རྡོ་རྗེ་ཅན། །ཐིག་ལེ་འཁོར་ཞིང་རབ་འགྲོ་བ། །ཉི་ཟླའི་གདན་ལ་ལེགས་བསམ་པའི། །ཁ་སྦྱོར་གྱིས་ནི་ནད་ཀུན་སེལ། ཕོ་མོ་ཀླུ་གདོན་གསུམ། ཞེས་པའི་དོན་ནི། སྟོད་ཚད་པའི་གནས་སུ་ཟླ་བའི་གདན། །སྨད་གྲང་བའི་གནས་སུ་ཉི་མའི་གདན་ལ། རྡོ་རྗེ་རྩེ་ལྔ་པ། སྲོག་ཤིང་རྩ་ཡིས་བྱས་པའི་བུམ་ནང་ནས་ཐིག་ལེ་སྲན་མ་འབྲིང་པོ་ཙམ་གྱི་དབུས་ནས་འབྲས་ཙམ་ཁ་སྦྱོར་རམ། རྩ་བའི་བླ་མ་ཇི་ཙམ་འཚམས་པ་བསམས་ལ། རླུང་ཕྱིར་ལན་གསུམ་བུས་ལ་ཁ་སྦྱར། དེ་ནས་དམིག་པ་གསལ་ངེས་རླུང་སེམས་ཀྱི་ལས་འདོད་པ་བཞིན་ལས་བྱེད་དུ་མ་འདོད་པ་ལས་ནད་ཐམས་ཅད་འབྱུང་བ་ཡིན་གསུངས་སོ། །བློ་ལ་ཇི་ལྟར་འཚམས་པའི་་པ་ཐུན་གཅིག་ཙམ་དྲན་པ་ཟླ་བ་གཅིག་བསྒོམ་ན་འབྱུང་བ་འཁྲུག་པའི་ནད་ཐམས་ཅད་བསྲུང་ཞིང་སེལ་ཏེ་ཐེ་ཚོམ་མེད་དོ། ཧཱུྃ་དང་བླ་མ་མི་འཁོར་བ་རྡོ་རྗེ་ཐིག་ལེ་འཁོར་བ། བླ་མ་རིན་ཆེན་རྡོ་རྗེའི་ཏིང་ངེ་འཛིན་སེམས་ཀྱི་བར་ཆད་སྲུང་བའི་མན་ངག་ནི། རང་སེམས་གཉུག་མ་དག་པ་ནི། །གསལ་སྣང་བདེ་དང་ཆོས་རྣམས་ཀུན། །དམ་ཚིག་ཆོས་དང་ལས་ཆེན་པོ། །རང་བཞིན་ཁྱབ་པས་ཕྱག་ཆེན་པོ། །ཕྱག་རྒྱ་བཞི་ལྡན་རྣལ་འབྱོར་ལ། །བར་མེད་ཆད་པ་ག་ལ་སྲིད། ཅེས་པ་ནི། རང་གི་སེམས་གདོད་ནས་དག་པའི་མཚན་ཉིད་
【漢語翻譯】 第一個和其他兩個分開, 如此說。將守護障礙的訣竅寫在一處。各位上師以各自的想法分別宣說,智慧生處隱秘的訣竅是:從自明覺心的種子中,光芒四射充滿全身毛孔。口中唸誦吽(藏文:ཧཱུྃ,梵文天城體:हुँ,梵文羅馬擬音:hūṃ,漢語字面意思:吽),隨意起舞。是守護邪魔的最佳方法。此處的意義是:觀修本尊心間的吽(藏文:ཧཱུྃ,梵文天城體:हुँ,梵文羅馬擬音:hūṃ,漢語字面意思:吽)字,放射出光芒,光芒的中心是金剛,上面有吽(藏文:ཧཱུྃ,梵文天城體:हुँ,梵文羅馬擬音:hūṃ,漢語字面意思:吽)字作為標誌。觀想所有毛孔都被「ཁྲིག་ཐམ」填滿。口中用盡全力唸誦吽(藏文:ཧཱུྃ,梵文天城體:हुँ,梵文羅馬擬音:hūṃ,漢語字面意思:吽)字,聲音要猛烈而悠長。又從這些光芒中,像之前一樣放射出光芒,觀想上下十方全部都是金剛墻。這是在外守護三種邪魔的最佳方法。口中唸誦吽(藏文:ཧཱུྃ,梵文天城體:हुँ,梵文羅馬擬音:hūṃ,漢語字面意思:吽)字,赤身裸體手持金剛杵,以不確定的腳步和手勢,像在兇險之地一樣站立。這樣做,心不離本性而起舞,這是在外守護三種邪魔的最佳方法。男魔、女魔、龍魔三種。 上師智吉祥的訣竅是:在冷熱之處持有金剛。明點旋轉,極其執行。在日月座上好好觀想,通過交合可以消除一切疾病。男魔、女魔、龍魔三種。此處的意義是:上方寒冷之處是月亮座,下方炎熱之處是太陽座。五股金剛杵。從用命脈做成的寶瓶中,明點如中等大小的豆子,從中央像稻米一樣交合。或者觀想根本上師有多合適。向外吹氣三次後交合。然後,如果想要明觀風心的作用,就隨心所欲地行動;如果不想要,一切疾病就會由此而生。如果心中覺得合適,就用一個「པ་ཐུན」的時間憶念,一個月觀修,就能守護和消除所有元素紊亂的疾病,毫無疑問。吽(藏文:ཧཱུྃ,梵文天城體:हुँ,梵文羅馬擬音:hūṃ,漢語字面意思:吽)字和上師不旋轉,金剛明點旋轉。 上師仁欽多吉的等持,是守護心的障礙的訣竅:自心本初清凈,顯現光明、安樂和一切法,三昧耶法和偉大的事業,自性周遍故為大手印。對於具足四印的瑜伽士來說,怎麼會有間斷和中斷呢?這是說,自己的心本來就是清凈的體性
【英語翻譯】 The first and the other two separately, So it is said. The secret of guarding against obstacles is written in one place. Each master spoke separately according to their own thoughts. The secret of the source of wisdom is: From the seed of self-awareness mind, light radiates and fills the hair pores of the body. Uttering Hūṃ (Tibetan: ཧཱུྃ, Sanskrit Devanagari: हुँ, Sanskrit Romanization: hūṃ, Chinese literal meaning: 吽) in speech, dancing at will. It is the best way to protect against evil spirits. The meaning here is: Meditate on the Hūṃ (Tibetan: ཧཱུྃ, Sanskrit Devanagari: हुँ, Sanskrit Romanization: hūṃ, Chinese literal meaning: 吽) syllable in the heart of the chosen deity, radiating light, the center of the light is a vajra, marked with the Hūṃ (Tibetan: ཧཱུྃ, Sanskrit Devanagari: हुँ, Sanskrit Romanization: hūṃ, Chinese literal meaning: 吽) syllable. Visualize all the hair pores filled with “ཁྲིག་ཐམ”. Vigorously recite the Hūṃ (Tibetan: ཧཱུྃ, Sanskrit Devanagari: हुँ, Sanskrit Romanization: hūṃ, Chinese literal meaning: 吽) syllable with strength and length. Again, from these lights, radiate light as before, visualizing all ten directions above and below as vajra walls. This is the best way to protect against the three outer demons. Uttering the Hūṃ (Tibetan: ཧཱུྃ, Sanskrit Devanagari: हुँ, Sanskrit Romanization: hūṃ, Chinese literal meaning: 吽) syllable and holding the vajra naked, standing with uncertain steps and gestures, as if in a dangerous place. By doing this, dancing with the mind not moving from its essence, this is the best way to protect against the three outer demons. The three types of male demons, female demons, and nāga demons. The secret instruction of the master Jñānaśrī is: In hot and cold places, hold the vajra. Bindu revolves and moves greatly. Meditating well on the seats of the sun and moon, all diseases can be cured through union. The three types of male demons, female demons, and nāga demons. The meaning here is: The seat of the moon is in the cold place above, and the seat of the sun is in the hot place below. A five-pronged vajra. From the vase made of life-force veins, the bindu is like a medium-sized bean, uniting like rice from the center. Or contemplate how suitable the root guru is. Exhale three times and unite. Then, if you want the clear vision of the wind-mind’s action, act as you wish; if you don’t want it, all diseases will arise from it. If it feels suitable in your mind, remember for a “པ་ཐུན” time, meditate for a month, and you will protect and eliminate all diseases of elemental imbalance, without doubt. The Hūṃ (Tibetan: ཧཱུྃ, Sanskrit Devanagari: हुँ, Sanskrit Romanization: hūṃ, Chinese literal meaning: 吽) syllable and the guru do not revolve, the vajra bindu revolves. The samādhi of the master Rinchen Dorje is the secret instruction for guarding against obstacles of the mind: One’s own mind is primordially pure, clear appearance, bliss, and all dharmas, samaya dharma and great action, the great seal because of its pervasive nature. For a yogi who possesses the four seals, how can there be interruption and cessation? This is to say that one’s own mind is originally the nature of purity.
============================================================
================== 第 5 段 ================== 【原始藏文】 གསལ་བ་ལས་མི་འདའ་བ་དམ་ཚིག །ཕྱག་ཅེས་པ་སྤྱིར་མང་པོ་ལ་སྒྲ་འཇུག་ཀྱང་། འདིར་བ་བཱུ་ཛའི་སྒྲ་ལས་འཛིན་པ་བསྒྱུར་བ་རང་བཞིན་ལ་སོགས་པ་སྐབས་འདིར། རང་བཞིན་གྱིས་དག་པ། རྒྱ་ཞེས་པ་སྐབས་འདིར་སྤྱིར་མང་པོ་ལ་འཇུག་ཀྱང་། འདིར་ཐམས་ཅད་ལ་ཁྱབ་པའོ། །མདོར་ན་གསལ་སྟོང་དབྱེར་མེད་དམ་ཚིག་གི་ཕྱག་རྒྱའོ། །སྣང་བ་སེམས་ཀྱི་ཆོས་ཅན་ཡིན་ལ། ཕྱག་རྒྱའི་དོན་སྔར་བཞིན་ཏེ། མདོར་ན་སྣང་སྟོད་དབྱེར་མེད་ཆོས་ཀྱི་ཕྱག་རྒྱའོ། མུ་དྲའི་སྒྲ་ལས་དྲངས་ན་མི་འདའ་བ་དང་། མི་ཕྱེད་པ་ཁྱབ་པ་སོགས་ཡུལ་ཡུངས་འབྲུ་ཙམ་ཡང་མེད་པ་དུས་སེ་གོལ་གཏོགས་པའི་བར་ཙམ་ཡང་མེད་དོ། ཟག་བཅས་ཀྱི་བདེ་བ་ལས་ཡིན་ལ། ཕྱག་རྒྱའི་དོན་སྔར་བཞིན་ཏེ། མདོར་ན་བདེ་སྟོང་དབྱེར་མེད་ལས་ཀྱི་ཕྱག་རྒྱའོ། །དེ་ལྟར་གསལ་སྣང་བདེ་ལ་སོགས་པ་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཆེན་པོ་ཡིན། །ཕྱག་རྒྱའི་དོན་སྔར་བཞིན་ཏེ། མདོར་ན་ཆོས་ཐམས་ཅད་དྲང་སྲོང་ཕྱག་རྒྱ་ཆེན་པོ་སྟེ། དེ་ལྟར་ཤེས་པའི་རྣལ་འབྱོར་པ་ལ་བར་ཆད་མིད་བས་ཆད་པ་མི་སྲིད་པ་ཡིན་ནོ། །བར་ཆད་སྲུང་བའི་མན་ངག་འདི། འབྲོག་གིས་སེ་རོག་གཉིས་ལས། དེས་གཉོས་ལ། དེས་ཡེར་པ་སྒོམ་སེང་ལ། དེས་གྲུབ་ཐོབ་ལྷ་འབར་ལ། དེས་ཁ་རག་སྒོམ་པ་ལ། དེས་བླ་མ་ལུང་ཕུ་བ། བཀྲས་ལུང་ལ། དེས་བདག་ལ་གནང་ངོ་། །ཟབ་ལམ་གྱི་མཐིལ་ཡིན་པས། བློ་དམན་ལ་གསང་ངོ་། །ཨི་ཐི། །ངག་དབང་གྲགས་པའི་གཉུག་མ་དྲན་གསལ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །རྟེན་གྱི་དཀྱིལ་འཁོར་གསལ་གདབ་ལ། བརྟེན་པ་འཁོར་ལོ་དྲུག་ གི་དབུས་དང་། འདབ་མ་རྣམས་ལ་རང་རང་གི་རྩ་རྣམས་ཡུམ་རླུང་དང་དྭངས་མ་ཡབ། དེས་བསྐྱེད་པའི་རིག་པའི་ཡབ་ཡུམ་དབྱེར་མེད་བདེ་བ་ཆེན་པོ་སྲས་པོ། །དབང་པོ་དྲུག་ཡབ། ཡུལ་དྲུག་ཡུམ། ཚོགས་དྲུག་བདེ་བ་ཆེན་པོ་སྲས་པོ། །བརྟག་གཉིས་ལས། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ལྟ་ཡི་གཟུགས་སུ་སེམས་དཔའ་ཡི། ཞེས་པའི་དོན་ཡིན་ཏེ་བུམ་དབང་གི་ལམ་མོ། །དེ་ནས་གསང་གནས་ཀྱི་མེས་ལྟེ་བའི་ཨཾ་འབར་ཏེ། ཡེ་ཤེས་ཀྱི་མེ་ཆོས་གསུམ་ལྡན་གྱི་ལྷ་རྣམས་མུན་ཁང་དུ་སྒྲོན་མེ་བཏེག་པ་ལྟར་གསལ་བར་བལྟ་ཞིང་། ཁ་སྦྱོར་འོག་རླུང་ཅུང་ཟད་བརྟན་པས་བསྒོམ། མར་མེའི་རྩེ་མོ་རབ་བཅིངས་དང་། ཞེས་པའི་དོན་ཏེ་གསང་དབང་གི་ལམ་མོ། །དེས་གཙུག་ཏོར་འཁོར་ལོའི་ནུས་པས་དཔྲལ་བའི་ཧཱུྃ་ཞུ་ནས། རཾ་གྱི་འབར་འཛག་ལ་བརྟན་པར་བསྒོམ་ཆུ་བོའི་རྒྱུན་བཞིན་རབ་འབབ་ལྟར། ཞེས་པའི་དོན་ཏེ་དབང་ག
【漢語翻譯】 不離顯現是誓言。手印,一般而言,聲音適用於很多事物。但此處是從「哇布扎」的聲音翻譯過來的「執持」,在此處指自性等。自性清凈。廣,此處一般指很多,但此處指遍及一切。總之,顯空無別是誓言的手印。顯現是心之法性。手印的意義如前所述。總之,顯空無別是法的手印。如果從「母陀羅」的聲音來理解,就是不離、不分、遍及等,即使像芥菜籽那麼小的東西也沒有,即使像擲骰子那麼短的時間也沒有。是從有漏的樂而來。手印的意義如前所述。總之,樂空無別是業的手印。如此,顯現、光明、樂等一切顯有之法都是偉大的。手印的意義如前所述。總之,一切法都是真實的偉大手印。如此瞭解的瑜伽士不會被障礙所吞噬,不會中斷。這是保護障礙的口訣。從仲的色若二者處,他傳給了嘉若,他傳給了耶巴貢僧,他傳給了成就者拉巴,他傳給了卡若貢巴,他傳給了喇嘛隆普瓦,扎隆,他傳給了我。因為是甚深道的精髓,所以對低劣之人保密。完畢。阿旺扎巴的本覺明。頂禮吉祥大樂。清晰地觀想本尊的壇城,所依是六脈輪的中央和花瓣,各自的脈是母,氣是父,由此產生的明智父母無別大樂之子。六根是父,六境是母,六識是大樂之子。從《觀察二品》中說:所有思念皆捨棄,觀想心如勇士身。這是瓶灌頂的道。然後,從密處的火中,臍輪的「嗡」字燃燒,像在黑暗的房間里舉起燈一樣,清晰地觀想具有三法性的智慧之火諸本尊,通過結合稍微穩定下氣來修習。如燈焰之頂端緊繫。這是密灌頂的道。然後,通過頂輪的力量,觀想眉間的「吽」字融化,穩定地修習「讓」字的燃燒滴落,如河流般流動。這是智慧灌頂。
【英語翻譯】 Not straying from clarity is the samaya. The term ‘hand seal’ generally applies to many things. But here, it is translated as ‘holding’ from the sound of ‘va-bū-dzā’, referring to self-nature etc. in this context. Pure by nature. ‘Vast’ here generally refers to many, but here it means pervading all. In short, the inseparability of clarity and emptiness is the samaya hand seal. Appearance is the nature of mind. The meaning of hand seal is as before. In short, the inseparability of appearance and emptiness is the dharma hand seal. If understood from the sound of ‘mudrā’, it means not straying, not separating, pervading, etc., without even something as small as a mustard seed, without even a time as short as a dice throw. It comes from contaminated bliss. The meaning of hand seal is as before. In short, the inseparability of bliss and emptiness is the karma hand seal. Thus, appearance, clarity, bliss, etc., all phenomena of existence are great. The meaning of hand seal is as before. In short, all dharmas are the true great hand seal. The yogi who understands this will not be devoured by obstacles, will not be interrupted. This is the mantra for protecting against obstacles. From the two of Drok Serok, he transmitted it to Gnyos, he transmitted it to Yerpa Gomtseng, he transmitted it to the Siddha Lha’bar, he transmitted it to Kharak Gompa, he transmitted it to Lama Lungpuwa, Trasilung, he gave it to me. Because it is the essence of the profound path, it is kept secret from the inferior. Finished. The innate awareness of Ngawang Drakpa. Homage to glorious great bliss. Clearly visualize the mandala of the deity, the support being the center of the six chakras and the petals, the respective channels being the mother, the wind being the father, the resulting wisdom parents inseparable great bliss son. The six faculties are the father, the six objects are the mother, the six consciousnesses are the great bliss son. From the ‘Two Examinations’ it says: Having completely abandoned all thoughts, contemplate the mind as the form of a hero. This is the path of the vase empowerment. Then, from the fire of the secret place, the ‘Om’ of the navel chakra blazes, clearly visualizing the deities of the wisdom fire possessing the three dharmas, like raising a lamp in a dark room, practice by slightly stabilizing the lower wind through union. Like the tip of a lamp flame tightly bound. This is the path of the secret empowerment. Then, through the power of the crown chakra, visualize the ‘Hum’ at the brow melting, steadily practicing the burning and dripping of the ‘Ram’, flowing like a river. This is the wisdom empowerment.
============================================================
================== 第 6 段 ================== 【原始藏文】 སུམ་པའི་ལམ་མོ། །དེ་ལྟར་བསྒོམ་པ་ད་ཡང་། སྣང་སྟོང་། གསལ་སྟོང་། བདེ་སྟོང་ཐམས་ཅད་རང་སྟོང་ཕྱག་རྒྱ་ཆེན་པོར་བསྒོམ་སྟེ། རྟག་ཏུ་དེ་ཉིད་རྣལ་འབྱོར་བས། །ཉིན་དང་མཚན་ཏུ་མཉམ་པར་གཞག །ཅེས་པའི་དོན་ཏེ་དབང་བཞི་པའི་ལམ་མོ། །བརྟག་གཉིས་ལས། སྒོམ་པ་པོ་མེད་སྒོམ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོང་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། ཞེས་པའི་ཟབ་དོན་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ་རྫཽགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དབང་བཞིའི་ལམ་སྟན་ཐོག་གཅིག་ཏུ་བསྒོམ་པའི་རྣལ་འབྱོར་པས། སྟན་བདེ་བ་ལ་ལུས་རྣམ་སྣང་གི་ཆོས་ཚང་བར་བཅའ། སྒོ་གསུམ་རང་གྲོལ་ཏུ་ལྷོད་དེ་བཞག །བསམ་པ་ཐམས་ཅད་ཡོངས་སྤངས་ནས། ཞེས་པའི་དོན་ཡིན་ནོ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་བྱ། རང་ལྷ་གང་མོས་ཀྱི་ལྷར་མོས། །བླ་མ་སྤྱི་བོར་བསྒོམས་ལ། གུས་འདུད་དྲག་པོ་བྱས་ལ་རང་ལ་བསྟིམ། དེ་ནས་རླུང་རོ་ལན་གསུམ་བུས་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་གདབ་སྟེ། རྐང་མཐིལ་རྡོ་རྗེའི་ས་གཞི། སྤྱི་བོ་རྡོ་རྗེ་རྒྱ་གྲམ་གྱི་ཐོག །རྩིབས་མ་རྡོ་རྗེའི་རྭ་གུར། བ་སྤུ་མདའི་དྲྭ་བ། སེན་མོ་མེ་རི་རབ་ཏུ་འབར་བ། རྐང་པ་བགྲད་པའི་རླུང་གི་དཀྱིལ་འཁོར། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་སའི་དཀྱིལ་འཁོར། སྒལ་ཚིགས་རེ་རབ། ལུས་འདོམ་གང་གྲུ་བཞི་མི་མཉམ་པ་མེད་ཚིགས་བརྒྱད། །སྤྱི་གཙུག །སྙིང་ག །བཤང་ཁ་རྣམས་སུ་ཁྲོ་བོ་བཅུ་གཅིག་གསལ་བཏབ་ན་ལེགས་གསུངས་སོ། པ་དཀྱིལ་འཁོར་གྲུ་བཞི། མིག་པཉྩ་རེ་ཁཱ། སོ་དྲྭ་བ་དྲྭ་ཕྱེད། ལྕེ་མཆུ་ལྷ་མོའི་ཆགས་སྟེང་། རྣ་བ་དལ་གྱི་རྒྱན། རྐང་བརྒྱད་ཀ་བ་བརྒྱད། སྙིང་གའི་རྩ་འདབ་ཀྱི་ཕྱོགས་བཞི་ནས་འབྱུང་བ་བཞིའི་རླུང་རྒྱུ་བ་སྒོ་བཞིའོ། །དེའི་དབུས་སུ་རང་གང་བསྒོམ་གྱི་གཞིའི་ཧེ་རུ་ཀ་བསྒོམས་ལ། དེའི་གསང་གནས་ཀྱི་འཁོར་ལོར་དོན་གྲུབ་ལྗང་གུ་གཡས་རལ་གྲི། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་གྲི་གུག་དང་ཐོད་པ་འཛིན་པ་ཡབ་ལ་འཁྱུད་པའོ། །འཁོར་གྱི་ལྷ་མོ་སུམ་ཅུ་རྩ་གཉིས་སོ། །ལྟེ་བ་རིན་འབྱུང་སེར་པོ་གཡས་རིན་པོ་ཆེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལའོ། དམ་ཚིག་སྒྲོལ་མ། ལྷ་མོ་དྲུག་ཅུ་རྩ་བཞིའོ། །སྙིང་གར་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་
【漢語翻譯】 松巴之道。如此修習,現在也是。顯空、明空、樂空一切皆修習為自空大印。恒常彼即瑜伽士,日夜平等安住。此乃第四灌頂之道。于《二觀察》中雲:無有修者亦無修,無有本尊亦無咒,離戲論之自性中,咒與本尊真實住。此甚深義乃學師語自在稱所著之作圓滿。頂禮上師尊足。四灌頂之道,於一坐墊上修習之瑜伽士,于舒適之坐墊上,身依毗盧遮那佛之法圓滿安住。三門自然放鬆而住。斷絕一切思慮。此乃其義。之後皈依發心。自所喜之本尊觀想為本尊。上師于頂上觀想。 猛烈恭敬頂禮后融入自身。之後吹三次風息,清晰觀想所依與能依之壇城。腳底金剛地基,頭頂金剛交杵之頂。肋木金剛柵欄,毛髮箭矢之網。指甲火焰熊熊燃燒。雙腳張開之風輪。三岔路口火,腹部水,心間土壇城。脊椎骨節節相連。身體一尋,四方不均,無有節八。頭頂、心間、肛門等處,觀想十一忿怒尊,甚佳。壇城四方。眼五線。牙齒網狀半網。舌唇為天女之慾處。耳環為閑靜之飾。八足為八柱。心間脈瓣之四方,四元素之風流動為四門。其中心觀想自所修之本尊黑汝嘎。其秘密處之輪中,義成綠色,右手持劍,左手以劍柄所制之鈴,擁抱明妃。明妃持鉞刀與顱器擁抱明父。眷屬天女三十二尊。臍間寶生黃色,右手持寶,左手以寶所制之鈴,擁抱明妃。明妃持鉞刀與顱器擁抱明父。誓言度母。天女六十四尊。心間不動佛藍色,持金剛杵與鈴擁抱明妃。
【英語翻譯】 The path of Sumpa. Thus meditating, even now. Appearance-emptiness, clarity-emptiness, bliss-emptiness, all meditate as self-emptiness, the great seal. Always that very yogi, day and night, abide in equanimity. This is the meaning, the path of the fourth empowerment. From the ‘Two Examinations’: ‘There is no meditator, nor meditation. There is no deity, nor mantra. From the nature of non-elaboration, mantra and deity truly abide.’ This profound meaning, composed by the teacher Ngakgi Wangchuk Drakpa, is complete. Homage to the feet of the venerable lama. The yogi who meditates on the path of the four empowerments on a single cushion, on a comfortable cushion, arranges the body completely in the manner of Vairochana. The three doors are relaxed into self-liberation. Abandoning all thoughts. This is the meaning. Then take refuge and generate bodhicitta. Visualize the deity you prefer as the deity. Visualize the lama on the crown of your head. Make intense prostrations and dissolve into yourself. Then blow the breath three times and clearly visualize the mandala of the support and the supported. Vajra ground at the soles of the feet. Vajra crossed scepter on the crown of the head. Ribs of vajra fence. Hair net of arrows. Nails blazing with fire. Wind mandala with feet spread apart. Crossroads of fire. Belly of water. Heart of earth mandala. Spinal vertebrae connected one by one. Body one fathom, unequal square, without eight joints. On the crown of the head, heart, and anus, it is said to be good to visualize eleven wrathful deities. Mandala square. Eyes five lines. Teeth net half-net. Tongue and lips the pleasure place of the goddess. Earrings ornaments of leisure. Eight feet eight pillars. From the four directions of the heart’s vein petals, the four elements of wind flow as four doors. In the center of that, meditate on the Heruka who is the basis of whatever you are meditating on. In the wheel of his secret place, Dondup is green, right hand holding a sword, left hand holding a bell made with the hilt of the sword, embracing the consort. The consort holding a curved knife and skull cup embracing the father. Thirty-two goddesses of the retinue. Navel Ratnasambhava yellow, right hand holding a jewel, left hand holding a bell made with the jewel, embracing the consort. The consort holding a curved knife and skull cup embracing the father. Samaya Tara. Sixty-four goddesses. Heart Akshobhya blue, holding vajra and bell embracing the consort.
============================================================
================== 第 7 段 ================== 【原始藏文】 པ། ཡུམ་མ་མཱ་ཀི །གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལའོ། །ལྷ་མོ་བརྒྱད་དོ། །མགྲིན་པར་་རིན་ཆེན་སྒྲོལ་མ། འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུས་ཡུམ་ལའོ། །ཡུམ་གོས་ དཀར་མོ། གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལའོ། །ལྷ་མོ་བཅུ་དྲུག་གོ །དཔྲལ་བར་རྣམ་སྣང་དཀར་པོ་འཁོར་ལོ་དྲིལ་བུས་ཡུམ་ལའོ། །ཡུམ་གྲི་གུག་ཐོད་པས་ཡབ་ལའོ། །ལྷ་མོ་སུམ་ཅུ་རྩ་གཉིས་སོ། །གཙུག་ཏོར་དུ་རྡོ་རྗེ་འཆང་དཀར་པོ་ཞི་བའི་ཉམས་ཅན། ཞབས་སྐྱིལ་ཀྲུང་ཆོས་འཆད་ཕྱག་རྒྱས་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལའོ། །ཡུམ་གྲི་ཐོད་འཛིན་པས་ཡབ་ལའོ། །ལྷ་མོ་བཞིའོ། སངས་རྒྱས་སྤྱན་མ། །དེ་ལྟར་ལྷ་མོ་ཐམས་ཅད་སྐུ་མདོག་ཡབ་དང་མཐུན་པ། ཞབས་གཡོན་བརྐྱང་བ། གཡས་གྲི་གུག་གཡོན་ཐོད་པ་འཛིན་པའོ། །གྲུ་མོར་ཁ་ཾ་གའོ། །དེ་ལྟར་འཁོར་ལོ་དྲུག་གི་རྩ་རྣམས་ནི། རྩ་དང་ཡི་གེ་ཡུམ། དྭངས་མ་དང་རྡོ་རྗེ་དབྱིངས་མ། རླུང་ཡབ། དེ་བསྐྱེད་པའི་རིམ་པ་ཉོན་མོངས་རྣམ་རྟོག་གི་གཡའ་ཡིས་མ་གོས་པ་སྲས་ཏེ། སྣང་ཆ་ཐབས་འགག་མིད་ཡབ། སྟོང་པ་ཤེས་རབ་ཡུམ་སྐྱེ་མེད། དེ་གཉིས་དབྱེར་མེད་དམ་པ་སྐྱེ་འགགས་དབྱེར་མེད་བདེ་བ་ཆེན་པོ་སྲས་ཡིན་ནོ། །ཕྱག་མཚན་དེས་འགྲེའོ། །མིག་ཏུ་ས་སྙིང་རྣམ་སྣང་དང་འདྲ་བ། རྣ་བར་ཕྱག་རྡོར་མི་བསྐྱོད་པ་འདྲ་བ། སྣར་ནི་ནམ་མཁའི་སྙིང་པོ་རིན་འབྱུང་འདྲ་བ། ལྕེར་ནི་འཇིག་རྟེན་དབང་ཕྱུག་འོད་དཔག་མེད་འདྲ་བ། ལུས་སྒྲིབ་པ་རྣམ་སེལ་དོན་གྲུབ་འདྲ་བ། ཡིད་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་དང་འདྲའོ། །གོ་རིམ་བཞིན་ཏུ་གཟུགས་རྡོ་རྗེ་མ་ནས། ཆོས་དབྱིངས་དབང་ཕྱུག་མ་གྲི་ཐོད་འཛིན་པས་ཡབ་ལ་འཁྱུད་པའོ། །དེ་ཐམས་ཅད་ས་བོན་ལས་བསྐྱེད་མི་དགོས་ལ། དབང་བསྐུར། སྤྱན་དྲངས། གཤེགས་གསོལ་ཡང་མི་དགོས་ཏེ། སྒྲ་རྡོ་རྗེ། དྲི་རོ་རེག་བྱ་རྡོ་རྗེ་མའོ། །ཡུལ་དབང་གི་ལྷ་རྣམས་ཟླ་གདན་ལ་སྐྱིལ་ཀྲུང་གིས་བཞུགས་པའོ། །དེ་བརྒྱ་དང་བརྒྱད་ཅུའོ། །དེ་ཐམས་ཅད་ཀྱང་དབྱིངས་ཀྱི་སྟོང་གཟུགས་ལྷར་ཤར་བ་ཡིན་ཏེ། མེ་ལོང་གི་གཟུགས་བརྙན་བཞིན་དུ་བསྒོམ་མོ། །རང་བཞིན་གྱིས་གྲུབ་པ་དྲན་པས་བསྒོམ་པ་སྟེ། དེ་ལས་གཙོ་ཆེར་སྣང་སྟོང་གི་ཡེ་ཤེས་སྐྱེ་སྟེ། བུམ་དབང་གི་ལམ་མོ། །ལྷ་ཡི་ལུས་སུ་སེམས་དཔའ་ཡིས། །ཉི་མ་ གཅིག་ཏུ་མ་ཆད་པར། །བསྒོམ་པས་ཡོངས་སུ་བརྟག་པར་བྱ། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །འཁོར་བ་ཐབས་གཞན་ཡོད་མ་ཡིན། ཞེས་པའི་དོན་བཤད་ཟིན་ཏོ། །དེ་ནས་བཤང་སྒོའི་མེས་ལྟེ་བ
【漢語翻譯】 པ། 佛母瑪吉,以持鉞刀和顱碗為父。八位天女。頸間為寶生度母,無量光紅色,以蓮花和鈴為母。母白衣,以持鉞刀和顱碗為父。十六位天女。額間為毗盧遮那佛白色,以法輪和鈴為母。母以鉞刀顱碗為父。三十二位天女。頂髻為金剛持白色,具寂靜之相。足跏趺坐,以說法手印持金剛鈴為母。母以持鉞刀顱碗為父。四位天女。佛眼佛母。如是諸天女身色與父相同,左足伸展,右手持鉞刀,左手持顱碗。肘部為康嘎(藏文,梵文天城體,梵文羅馬擬音,漢語字面意思)。如是六輪之脈,脈和字為母,精華和金剛界母,風為父,其生起次第,不為煩惱分別之垢所染者為子,顯現分方便不間斷為父,空性智慧為母無生,二者無別勝妙無生滅大樂為子。以手印解釋。眼中似地藏毗盧遮那佛,耳中似金剛手不動佛,鼻中似虛空藏寶生佛,舌上似觀自在無量光佛,身似除蓋障不空成就佛,意似普賢金剛持。依次從色金剛母開始,法界自在母以鉞刀顱碗擁抱父。彼一切不需從種子字生起,灌頂,迎請,祈請安住也不需要,聲金剛,香味觸金剛母。境自在之諸神于月輪墊上跏趺坐。共一百八十位。彼一切亦為法界之空色顯現為天神,如鏡中之影像般觀修。以自性成就憶念而修,由此主要生起顯空之智慧,瓶灌頂之道。天神之身中,菩薩以,一日不間斷,修習而完全審查。為自他之利益而精進,輪迴無其他方法。如是之義已解說完畢。之後,從糞門之火至臍輪,
【英語翻譯】 Pa. The mother, Mamaki, with a hooked knife and skull cup, is the father. Eight goddesses. At the throat is Ratnasambhava Tara, Amitabha red, with a lotus and bell as the mother. The mother is dressed in white. With a hooked knife and skull cup, is the father. Sixteen goddesses. At the forehead is Vairochana white, with a wheel and bell as the mother. The mother with a hooked knife and skull cup is the father. Thirty-two goddesses. At the crown is Vajradhara white, with a peaceful demeanor. With legs crossed, holding a vajra bell in the teaching mudra, is the mother. The mother with a hooked knife and skull cup is the father. Four goddesses. Buddha Eye Mother. Thus, all the goddesses have the same body color as the father, with the left leg extended, the right hand holding a hooked knife, and the left hand holding a skull cup. At the elbow is Kham Ga (藏文,梵文天城體,梵文羅馬擬音,漢語字面意思). Thus, the channels of the six chakras are: the channels and letters are the mother, the essence and Vajradhatu mother, the wind is the father, and the order of their arising, unstained by the defilements of afflictions and thoughts, is the son. The appearance aspect, the uninterrupted method, is the father. Emptiness, wisdom, the unborn mother. The inseparability of these two, the supreme unborn, unceasing great bliss, is the son. Explained by the hand symbols. In the eyes, like Earth Store Vairochana. In the ears, like Vajrapani Akshobhya. In the nose, like Akashagarbha Ratnasambhava. On the tongue, like Lokeshvara Amitabha. The body is like Sarvanivaranaviskambhin Amoghasiddhi. The mind is like Samantabhadra Vajradhara. In order, starting from the form Vajra Mother, Dharmadhatu Ishvari embraces the father with a hooked knife and skull cup. All of them do not need to be generated from seed syllables, empowerment, invitation, or requests to stay. Sound Vajra, the mother of smell, taste, and touch Vajra. The deities of the realm of power sit cross-legged on a moon cushion. There are one hundred and eighty of them. All of them are also the appearance of emptiness in the realm of reality as deities, meditate like reflections in a mirror. Meditate with the memory of self-nature accomplishment, from which mainly arises the wisdom of appearance and emptiness, the path of vase empowerment. In the body of the deity, the bodhisattva, without interruption for one day, examines completely through meditation. For the benefit of oneself and others, strive diligently, there is no other method in samsara. The meaning of this has been explained. Then, from the fire of the anus to the navel,
============================================================
================== 第 8 段 ================== 【原始藏文】 འི་ཨ་ཐུང་འབར་ཏེ། གཏུམ་མོའི་མེ་རྣམ་པ་གསལ་བ། རེག་བྱ་ཚ་བ། རང་བཞིན་མཉེན་པ་སྟེ་ཆོས་གསུམ་ལྡན་ཏུ་འབར་བས་ལྷ་རྣམས་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་གསལ་ལ་མི་འཛིན་པའི་ངང་ནས་མེ་ཇེ་རིང་བཏང་ཞིང་། ཁ་སྦྱོར་འོག་རླུང་ཅུང་ཟད་བརྟན་པས་བསྒོམས་ཏེ། དེ་ལས་གཙོ་ཆེར་གསལ་སྟོང་གི་ཡེ་ཤེས་སྐྱེ་སྟེ་གསང་དབང་གི་ལམ་མོ། །མར་མེའི་རྩེ་མོ་རབ་བཅིངས་དང་། ཞེས་པའི་དོན་བཤད་ཟིན་ཏོ། །དེ་ནས་ཡེ་ཤེས་ཀྱི་མེས་གཙུག་ཏོར་གྱི་འཁོར་ལོའི་ནུས་པས་ཧཾ་བཞུ་ནས། བྱང་ཆུབ་ཀྱི་སེམས་འཛག་པ་རིགས་གཉིས་ཏེ། མུ་ཏེག་གི་ཕྲེང་བ་ལྟ་བུ་དང་། བ་ཐག་གི་ཕྲེང་བ་ལྟ་བུ་གཉིས་ལས། གང་མོས་ཀྱིས་བསྒོམས་ལ། དེ་ལས་གཙོ་ཆེར་བདེ་སྟོང་གི་ཡེ་ཤེས་སྐྱེའོ། །ཆུ་བོའི་རྒྱུན་ནི་རབ་འབབས་ལྟར། ཞེས་པའི་དོན་ཏོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་ལམ་མོ། །རྟག་ཏུ་དེ་ཉིད་རྣལ་འབྱོར་པས། །ཉིན་དང་མཚན་ཏུ་མཉམ་པར་གཞག །ཅེས་པའི་དོན་ནི། དེ་ཐམས་ཅད་ཡབ་དང་། ཡབ་ཀྱི་གསང་བའི་ཕྱག་མཚན་དང་། ཡུམ་གྱི་ཁ་ཾ་ག་དང་། དྭངས་མ་དང་། རླུང་དང་། སྣང་གསལ་རེག་བད་རྣམས་ནི་ཐབས་འགག་མེད་དམ་གཟུགས་སྐུ་ཡིན་ལ། ཡུམ་དང་། ཡུམ་གྱི་གཡས་ཀྱི་ཕྱག་མཚན་དང་། རྩ་དང་། ཡི་གེ་དང་། རང་བཞིན་སྟོང་པ་རྣམས་སྐྱེ་མེད་ཆོས་སྐུ་ཡིན་ལ། དེ་རྣམས་ཀྱིས་བསྐྱེད་པའི་རིམ་པ་རྣམ་ཤེས་ཚོགས་བརྒྱད་ཉོན་མོངས་རྣམ་རྟོག་གི་གཡའ་གང་གིས་ཀྱང་མ་གོས་པ། གཉུག་མ་བྱང་ཆུབ་ཀྱི་སེམས་དང་། ཐོད་པ་དང་རུས་རྒྱན་རྣམས་ནི་སྐྱེ་འགགས་མེད། རང་སྟོང་ཕྱག་རྒྱ་ཆེན་པོ་ངོ་བོ་ཉིད་སྐུ་ཡིན་ནོ། །མདོར་ན་མ་དག་པ་སྲིད་པ་འཁོར་བའི་ཆོས། སྣོད་བཅུད་ཐམས་ཅད་ དག་པ་ལྷ་དང་གཞལ་ཡས་ཁང་ཡིན་ཞིང་། དེ་ཐམས་ཅད་ཀྱང་སྣང་བ་སྣང་སྟོང་། གསལ་བ་གསལ་སྟོང་། རིག་པ་རིག་སྟོང་། བདེ་བ་བདེ་སྟོང་། ཐམས་ཅད་རང་སྟོང་ཕྱག་རྒྱ་ཆེན་པོའི་རང་བཞིན་ཏུ་གདོད་ནས་དག་པའི་གཉུག་མ་དེར་ཤེས་ཀྱི་དྲན་པས་མ་ཡེངས་པ་ཙམ་བསྒོམ་པ་ཡིན་གྱི་བློས་བཅས་པས་བསྒོམ་དུ་མེད་དོ། །དེ་ལས་རང་གྲོལ་གྱི་ཡེ་ཤེས་སྐྱེ་སྟེ་དབང་བཞི་པའི་ལམ་མོ། །སྒོམ་མེད་སྒོམ་པ་པོའང་མེད། ཅེས་དང་། སྔགས་དང་ལྷ་ནི་ཡང་དག་གནས། ཞེས་པའི་དོན་ནི་བཤད་ཟིན་ཏོ། །རིམ་པ་གཉིས་དབྱེར་མེད་དུ་བསྒོམ་པའི་མན་ངག་ཅེས་ཀྱང་བྱ། དབང་བཞིའི་ལམ་གདན་ཐོག་གཅིག་ཏུ་བསྒོམ་པའི་མན་ངག་ཅེས་ཀྱང་བྱ། གཉུག་མ་དྲན་གསལ་ཞེས་ཀྱང་བྱ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ཐུགས་དམ་གྱི་བཅུད་
【漢語翻譯】 的阿字短促燃起,拙火之火顯現各種形態,觸感熾熱,自性柔軟,以具足三種法性而燃起,諸神如同在黑暗處舉起燈盞般顯明,在不執著的狀態中將火焰拉長,在結合之下稍微穩固氣息而修習。由此主要生起光明空性的智慧,是密灌頂之道。 “蠟燭頂端緊緊纏繞”的意義已經解說完畢。之後,以智慧之火,憑藉頂髻輪的力量,吽(藏文:ཧཾ,梵文天城體:हं,梵文羅馬擬音:haṃ,漢語字面意思:吽)字融化,菩提心滴落有兩種,如同外道之念珠和牛毛之念珠兩種,隨順任何一種而修習。由此主要生起樂空之智慧。 “如河流般不斷流淌”的意義是這樣。是智慧智慧的灌頂之道。 “瑜伽士恒常如是,日夜安住于平等”的意義是:這一切的父,以及父之秘密手印,母之卡杖嘎,精華,氣息,明覺觸受等是無礙方便或色身,母,以及母之右側手印,脈,字,自性空性等是無生法身。由這些所生起的次第,八識聚,煩惱分別唸的塵垢絲毫未染,本初菩提心,以及顱骨和骨飾等是無生無滅,自空大印是自性身。總之,不凈的輪迴世間之法,所有器情一切 清凈即是天神和宮殿,而這一切也是顯現顯空,明亮明空,覺知覺空,安樂樂空,一切皆是自空大印的自性,在本來清凈的本初狀態中,僅僅以覺知的憶念不散亂而修習,不能以分別念來修習。由此生起自解脫的智慧,是第四灌頂之道。 “無修無修行者”,以及 “咒語和本尊真實存在”的意義已經解說完畢。也可以稱為無二次第修習之口訣。也可以稱為一座上修習四灌頂之道的口訣。也可以稱為本初憶念明晰。是上師語自在名稱的心髓。
【英語翻譯】 The short A syllable blazes, the fire of Tummo manifests in various forms, the touch is hot, the nature is soft, blazing with the three dharmas. The deities are clear as if holding up a lamp in a dark place, and the flame is lengthened without clinging. Meditate by stabilizing the breath slightly under the union. From this, mainly the wisdom of clear emptiness arises, which is the path of the secret empowerment. The meaning of “the tip of the candle is tightly bound” has been explained. Then, with the fire of wisdom, by the power of the crown chakra, the Ham (Tibetan: ཧཾ, Sanskrit Devanagari: हं, Sanskrit Romanization: haṃ, Chinese literal meaning: Hum) melts, and the bodhicitta drips in two ways, like the beads of the Tirthikas and the beads of yak hair. Meditate according to whichever you prefer. From this, mainly the wisdom of bliss and emptiness arises. The meaning of “like a river flowing continuously” is like this. It is the path of the wisdom empowerment. The meaning of “the yogi is always like this, abiding in equality day and night” is: all of this, the father, and the father’s secret mudra, the mother’s khatvanga, essence, breath, clear awareness, etc., are unobstructed means or the form body. The mother, and the mother’s right mudra, the channels, the letters, the emptiness of nature, etc., are the unborn dharmakaya. The order of arising from these, the eight consciousnesses, are not stained by any dust of afflictive thoughts. The primordial bodhicitta, and the skull and bone ornaments, etc., are unborn and unceasing. The self-empty mahamudra is the nature body. In short, the impure phenomena of samsara, all containers and contents Pure are the deities and palaces, and all of this is also appearance-emptiness, clarity-emptiness, awareness-emptiness, bliss-emptiness, all are the nature of self-empty mahamudra. In that primordial state of original purity, one meditates only by not being distracted by the memory of awareness, and cannot meditate with conceptual thoughts. From this, the wisdom of self-liberation arises, which is the path of the fourth empowerment. The meaning of “no meditation, no meditator,” and “mantras and deities truly exist” has been explained. It can also be called the oral instruction for meditating on the two stages without separation. It can also be called the oral instruction for meditating on the path of the four empowerments on one seat. It can also be called primordial memory clarity. It is the essence of the heart commitment of the teacher Ngakgi Wangchuk Drakpa.
============================================================
================== 第 9 段 ================== 【原始藏文】 རྗེ་འབྲོག་མི་ལ་གནང་བའོ། །མན་ངག་གི་གནད་ཐམས་ཅད་ཀྱང་བསྟན་ཟིན་ཏོ། །བརྒྱུད་པ་ནི། །རྗེ་བཙུན་མ་སྒྲོལ་མས་ངག་གི་དབང་ཕྱུག་གྲག་པ་ལ། རྗེ་འབྲོག་མི། མཁོན་དཀོན་མཆོག་རྒྱལ་པོ། །བླ་མ་ཤངས་པ། མཁོན་ཀུན་དགའི་སྙིང་པོ། །རྗེ་བཙུན་གྲགས་པ་རྒྱལ་མཚན། ལོ་ཙཱ་བ་ཆེན་པོ། །བླ་མ་ལུང་ཕུ་བ། བཀྲས་ལུང་པ། མཁས་གྲུབ་ཆོས་རྗེ་ལའོ། ༈ །དཔལ་ནཱ་རོ་པའི་ཕྱག་རྒྱ་ཆེན་པོ་སྡུག་བསྔལ་གསུམ་སེལ། ན་མོ་གུ་རུ། ཕྱག་རྒྱ་ཆེན་པོ་སྡུག་བསྔལ་གསུམ་སེལ་ཞེས་བྱ་བ། རྗེ་འབྲོག་མིས། རྗེ་ནཱ་རོ་ཏ་པ་ལ་གདམས་ངག་ཞུས་པས། རྒྱུད་གཞུང་སློབ་དང་གདམས་ངག་ཤུགས་ལ་ཡོང་གི་གསུངས། །རྒྱུད་གཞུང་པ་ལ་ཉན་ལགས་བྱས་པས། འོ་ན་ལེགས། ཁྱེད་ཐག་རིང་དུ་བགྲོད་པ་ལ་སྡུག་བསྔལ་ལམ་སློང་བ་གལ་ཆེ་བ་ཡིན་གྱི་གསུངས་ནས། རྒྱུད་ལས། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། ཞེས་པའི་དོན་ལ་ཟབ་པའི་གནད་ དགུ་སྟེ། སྔོན་ཏུ་འགྲོ་བ་ལ་བྱིན་བརླབ་དབབ་པ་ཟབ་པའི་གནད་དུ་ཆེ། ཐུན་རེ་རེའི་སྔོན་ཏུའང་སྐྱབས་འགྲོ་སེམས་བསྐྱེད་དང་། ལྷ་དང་བླ་མ་བསྒོམ་པ་ཟབ་པའི་གནད་དུ་ཆེ། གཉུག་མའི་དོན་བསྒོམ་པ་ལ་རྒྱུད་དོན་ངེས་པ་ཟབ་པའི་གནད་དུ་ཆེ། སེམས་མ་ཟིན་པ་ཟིན་པར་བྱེད་པ་ལ་ནང་དུ་བཟུང་བ་ཟབ་པའི་གནད་དུ་ཆེ། ཟིན་པ་བརྟན་པར་བྱེད་པ་ལ། ཕྱི་རུ་བཟུང་བ་ཟབ་པའི་གནད་དུ་ཆེ། བརྟན་པ་ངང་ལ་གནས་པར་བྱེད་པ་ལ་སོར་བཞག་པ་ཟབ་པའི་གནད་དུ་ཆེ། གནས་པ་བོགས་འབྱིན་པ་ལ་རྩལ་སྦྱང་བ་ཟབ་པའི་གནད་དུ་ཆེ། ཡིད་འཕྲང་བཅད་པ་ལ་བཟླས་པ་ཟབ་པའི་གནད་དུ་ཆེ། ཀུན་ལ་ཐུན་མོང་དུ་དུག་མེད་བསྔོ་བས་རྒྱས་གདབ་པ་ཟབ་པའི་གནད་དུ་ཆེ། དེ་ཡན་ཆད་འབྲོག་མིའི་གསུངས་སོར་བཞག་ནས། །དེ་དག་གི་དོན་ཞིབ་པར་བརྗོད་ན་བྱིན་བརླབ་དབབ་པའི་ཕྱིར་གསོལ་བ་གདབ། དེའི་སྣོད་དུ་རུང་བར་བྱ་བའི་ཕྱིར་མཎྜལ་ཕུལ། སྣོད་ཀྱི་དྲི་མ་དག་པའི་ཕྱིར་རྡོ་རྗེ་སེམས་དཔའི་སྒོམས་བཟླས་བྱ། ཟབ་དོན་དང་པོའོ། །གཉིས་པ་ཐུན་མོང་གི་སྔོན་འགྲོ་སེམས་བསྐྱེད་དེ་བྱ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལྷ་དང་བླ་མ་བསྒོམ། །གསུམ་པ་སྡུག་བསྔལ་གསུམ་འཁོར་བའི་རང་བཞིན་ལ། དེ་སེམས་ཀྱི་རང་བཞིན་གཉུག་མ་མཐོང་ན་སེལ་བའི་གསུམ་སེལ་ལོ། །སྡུག་བསྔལ་གྱི་རང་བཞིན་ཤེས་ན་སྤྲུལ་སྐུ་ཐོབ། འགྱུར་བའི་སྡུག་བསྔལ་གྱི་རང་བཞིན་ཤེས་ན་ལོངས་རང་སྐད་ཅིག་
【漢語翻譯】 賜予杰·仲彌。所有口訣的要點都已闡述完畢。傳承為:至尊度母傳於語自在法稱,杰·仲彌,孔·貢確嘉波,喇嘛香巴,孔·根嘎寧布,至尊扎巴堅贊,大譯師,喇嘛隆普巴,扎隆巴,智成法王。 納若巴尊者的《大手印遣除三苦》。 頂禮上師。名為《大手印遣除三苦》。 杰·仲彌向納若巴尊者請教口訣時,尊者說:「經續通過學習,口訣自然涌現。」 仲彌答:「我願聽聞經續。」 尊者說:「那很好。你長途跋涉,是痛苦重要還是乞討重要?」 於是,經續中說:「平息三苦之苦,獲得遣除三苦的無盡解脫,必定從一切障礙中解脫,安住于如虛空般的平等性中。」 這句話有九個甚深要點: 首先,降下加持是甚深要點。每次修法前,皈依、發心,觀想本尊和上師是甚深要點。觀修本性時,確定經續之義是甚深要點。未攝持心時,向內攝持是甚深要點。攝持后使之穩固,向外攝持是甚深要點。穩固后安住于自性,保持原狀是甚深要點。安住後生起覺受,修持是甚深要點。斷除意念之險,唸誦是甚深要點。普遍以無毒迴向印封是甚深要點。 以上是仲彌的原話。 詳細闡述這些要點,爲了降下加持而祈請。爲了成為法器,供養曼扎。爲了清凈法器的垢染,修持金剛薩埵的觀修唸誦。這是第一個甚深要點。 第二,共同的前行是發心。不共同的前行是觀想本尊和上師。 第三,三苦是輪迴的自性。如果見到其心的本性,就是遣除的「三苦」。如果認識到痛苦的自性,就能獲得化身。如果認識到變化的痛苦的自性,就能在一瞬間獲得報身。
【英語翻譯】 Given to Je Drokmi. All the key points of the oral instructions have been taught. The lineage is: Venerable Tara to Ngagi Wangchuk Drakpa, Je Drokmi, Khon Konchok Gyalpo, Lama Shangpa, Khon Kunga Nyingpo, Jetsun Drakpa Gyaltsen, the Great Translator, Lama Lungphuwa, Tralungpa, Khedrup Chöje. The Great Seal of Glorious Naropa, Eliminating the Three Sufferings. Namo Guru. This is called “The Great Seal Eliminating the Three Sufferings.” When Je Drokmi asked Naropa for instructions, he said, “The tantras come from studying, and the oral instructions come naturally.” Drokmi replied, “I will listen to the tantras.” He said, “That’s good. When you travel far, is suffering or begging more important?” Therefore, the tantra says, “Pacify the suffering of the three sufferings, obtain the endless liberation of eliminating the three, surely be liberated from all obscurations, abide in equality like space.” This has nine profound key points: First, bestowing blessings is a profound key point. Before each session, taking refuge and generating bodhicitta, and visualizing the deity and the lama are profound key points. When contemplating the original nature, ascertaining the meaning of the tantra is a profound key point. When the mind is not grasped, grasping it inwardly is a profound key point. When it is grasped, making it stable, grasping it outwardly is a profound key point. When it is stable, abiding in its own state, leaving it as it is, is a profound key point. When it abides, bringing forth experience, practicing is a profound key point. Cutting off the defilements of mind, reciting is a profound key point. Universally sealing with a dedication free from poison is a profound key point. Up to this point, the words of Drokmi are left as they are. To explain these points in detail, pray in order to bestow blessings. Offer a mandala in order to make it a vessel. Practice the visualization and recitation of Vajrasattva in order to purify the vessel’s impurities. This is the first profound key point. Second, the common preliminary practice is to generate bodhicitta. The uncommon preliminary practice is to visualize the deity and the lama. Third, the three sufferings are the nature of samsara. If you see the original nature of that mind, it is the “Three Eliminating” that eliminates them. If you recognize the nature of suffering, you will attain the Nirmanakaya. If you recognize the nature of the suffering of change, you will attain the Sambhogakaya in an instant.
============================================================
================== 第 10 段 ================== 【原始藏文】 གིས་ལྷར་བསྒོམ། དེའི་སྤྱི་བོར་བླ་མ་བསྒོམས་ལ། མོས་གུས་བྱས་པས་ལྷ་ལ་ཐིམ་ནས་དེ་ལ་སེམས་བཟུང་། སྐུ་ཐོབ། འདུ་བྱེད་ཀྱི་རང་བཞིན་ཤེས་ན་ཆོས་སྐུ་ཐོབ། དེ་ཐམས་ཅད་རང་བཞིན་མེད་པར་མཉམ་པར་ཤེས་པས་སྒྲིབ་པ་གསུམ་ལས་རྣམ་པར་གྲོལ་ནས་ངོ་བོ་ཉིད་སྐུ་ཐོབ་བོ། །རྐང་པ་གསུམ་པའི་དོན་དེ་ཉམས་སུ་སྣང་བ་ནི་སྣང་སྲིད་འཁོར་འདས་ཆོས་ཐམས་ཅད་སེམས་ཡིན་ལ། དེ་གསལ་བ་སམས་ཀྱི་མཚན་ཉིད་ཡིན། སྟོང་པའི་རྩལ་སྦྱོང་སྟོང་པ་སེམས་ཀྱི་རང་བཞིན་ཡིན། སྣང་བའི་དུག་སྦྱོང་། གསལ་ སྟོང་། མཁའ་སྤྲིན་སུས་ཀྱང་མི་ཕྱེད་པ། ཡིན་པ་བཞིན་མ་བཅོས་པར་གཉུག་མའི་རང་ཞལ་མཐོང་། དེ་ལྟར་ཤེས་པས་རིག་ཀྱང་ནང་དུ་མ་ལུས། སྣང་ཡང་ཕྱི་རུ་མ་ལུས་པར། གང་སྣང་རྡོ་རྗེའི་ཡེ་ཤེས་སུ་རོ་གཅིག་པ་ཡིན་པས། བླ་མས་ཞིབ་པར་ངོ་སྤྲད་དོ། །བཞི་པ་ནི། སྤྲོས་བཅས་སྤྲོས་མེད་གཉིས། དང་པོ་ནི། སྙིང་དཀར་ནག་གི་མཚམས་སུ་ཟླ་བའི་དལ་སྲན་མ་ཕྱེད་བཀས་ཙམ་གྱི་སྟེང་དུ་ཐིག་ལེ་ཡུངས་འབྲུ་ཙམ་དཀར་ཧྲིལ་ལེ་བ་ཞིག་ལ་བཟུང་། སྤྲོས་མེད་སེམས་ཀྱི་རང་བཞིན་ལ་བལྟ། དེ་ཉིད་ཉིན་མ་གོམས་པས་བདེ་སྟོང་དང་། རིག་སྟོང་གི་ཉམས་སྐྱེ། མཚན་མོ་གོམས་པས་འོད་གསལ་ཟིན་པའི་གནད་ཡིན་ནོ། །ལྔ་པ་ནི། སྤྲོས་བཅས། སྤྲོས་མེད་གཉིས། དང་པོ་ནི། སྣའི་རྩེ་མོར་ཐིག་ལེ་སྲན་མ་ཙམ་ཞིག་གི་ནང་དུ། མཚན་མ་གང་ཡང་རུང་བ་ལ་སེམས་བཟུང་། སྤྲོས་མེད་གང་སྣང་གི་རང་བཞིན་བལྟ། དེ་ཉིད་ཉིན་མོ་གོམས་པས་གསལ་སྟོང་དང་། སྣང་སྟོང་གི་ཉམས་སྐྱེ་མཚན་མོ་གོམས་པས་རྨི་ལམ་ཟིན་པའི་གནད་ཡིན་ནོ། །དྲུག་པ་ནི། ཡིན་ལུགས་རང་ངོ་ཤེས་པས་རང་བཞིན་གྱི་སོར་བཞག་དང་། ལྷུག་པར་རང་སོ་བཟུང་བའི་སོར་བཞག་གོ །བདུན་པ་ནི། གནས་པ་ངར་དང་བཅས་པའི་རྩལ་སྦྱོང་། སྣ་ཚོགས་ལམ་དུ་སྦྱོང་བའི་རྩལ་སྦྱོང་གཉིས་སོ། །བརྒྱད་པ་ནི། བླ་མས་ངོ་འཕྲོད་པས་གོ་བ་མཐའ་རྒྱ་ཆོད་པས་དེ་ལས་འདས་པ་མ་རྙེད་པ་ལ་ཟླ་བ་དང་། བསམ་སྒོམ་གྱིས་ཉམས་སུ་མྱངས་ནས་དེ་ལས་དབུལ་བ་མ་རྙེད་པ་ལ་ཟླ་བ་གཉིས་སོ། །དགུ་པ་ནི། རང་འཁྲིས་མེད་པར་གཞན་དོན་ཏུ་བསྔོ་བ་རིན་པོ་ཆེའི་རྒྱས་གདབ་པ་ཐུན་རེ་རེའི་མཇུག་ཏུ་ཤེས་པར་བྱའོ། །རྗེ་ནཱ་རོ་པའི་གདམས་ངག །བླ་ཆེ་དང་བྲོག་མིས་ཟབ་པའི་གནད་དགུ་ཕྱེ་ཡང་། ཅུང་ཟད་མི་གསལ་བས་བློ་དམན་རྣམས་ཀྱིས་བདེ་བླག་ཏུ་མ་གོ་ནས། འབྲིང་མཚམས་མ་ཇོ་སངས་རྒྱས་སྐྱིད་ཀྱིས་གསོལ་བ་བཏབ་པའི་ངོར་བྲིས་ པའོ། །ཡང་འདིའི་གནད་བཞ
【漢語翻譯】 觀想為本尊。于其頂上觀想上師,以虔誠心融入本尊,並於彼繫念。獲得身。若知行之自性,則獲得法身。若知彼一切無自性而平等,則從三障中解脫,而獲得自性身。第三步之義,體驗為顯現,即顯現世間輪迴涅槃一切法皆是心。彼之明晰乃心之體性。修習空性之功,空性乃心之自性。凈化顯現之毒。明空。如虛空雲朵般無人能辨別。如實不作偽,而見本初之自面。如是知曉,則覺知亦不滯于內。顯現亦不滯于外。任何顯現皆與金剛智慧為一味。上師已詳盡指示。第四,有戲論與無戲論二者。第一,於心黑白交界處,于如半豌豆大小之月亮之上,觀想如芥子般之白色明點。無戲論,觀心之自性。若日間修習,則生樂空與明空之體驗。若夜間修習,乃把握光明之要訣。第五,有戲論與無戲論二者。第一,于鼻尖上如豌豆般之明點中,于任何所緣境上繫念。無戲論,觀任何顯現之自性。若日間修習,則生明空與顯空之體驗。若夜間修習,乃把握夢境之要訣。第六,了知如是之自性,乃安住于自性,以及任運自持之安住。第七,安住于具有我執之修習。于各種道上修習之修習二者。第八,上師指示而通達,以了悟而無邊廣大,然未尋得超越彼者,是為月亮。以思維禪修而體驗,然未尋得貧乏于彼者,是為二月。第九,無自利之心而為利他迴向,乃珍寶之印封,于每座之末尾應知曉。那若巴尊者之口訣。雖已開啟拉切與扎米之深奧九要訣,然因稍有不清晰,故資質低下者難以輕易理解。中等資質之瑪覺桑結吉,應其祈請而書寫。 又此之要訣四
【英語翻譯】 Meditate as the deity. Visualize the guru on its crown. Through devotion, merge into the deity and focus the mind on it. Attain the body. If you know the nature of action, you attain the Dharmakaya. If you know that all of that is without inherent existence and equal, you are liberated from the three obscurations and attain the Svabhavikakaya. The meaning of the third step, the experience is appearance, is that all phenomena of samsara and nirvana are mind. Its clarity is the characteristic of mind. Training in emptiness, emptiness is the nature of mind. Purify the poison of appearance. Clear emptiness. Like clouds in the sky, no one can distinguish them. See the natural face of reality as it is, without fabrication. Knowing this way, awareness does not remain inside. Appearance does not remain outside. Whatever appears is of one taste with vajra wisdom. The guru has explained it in detail. Fourth, there are two: with elaboration and without elaboration. First, at the boundary between the black and white heart, on top of a moon the size of half a pea, hold a white, round drop the size of a mustard seed. Without elaboration, look at the nature of mind. If you practice during the day, the experience of bliss and emptiness and awareness and emptiness arises. If you practice at night, it is the key to grasping luminosity. Fifth, there are two: with elaboration and without elaboration. First, in a drop the size of a pea at the tip of the nose, focus on any object. Without elaboration, look at the nature of whatever appears. If you practice during the day, the experience of clarity and emptiness and appearance and emptiness arises. If you practice at night, it is the key to grasping dreams. Sixth, knowing the way things are, the self-nature, is abiding in self-nature, and abiding in spontaneous self-possession. Seventh, training in abiding with ego. Two trainings: training in training on various paths. Eighth, the guru introduces and understanding is vast and boundless, but not finding anything beyond that is a moon. Experiencing through contemplation and meditation, but not finding anything poorer than that is two moons. Ninth, dedicating to others without selfishness is a precious seal, which should be known at the end of each session. Instructions of Lord Naropa. Although the nine profound key points of Lache and Drogmi have been opened, they are slightly unclear, so those of low intelligence cannot easily understand them. Majo Sangye Kyi of intermediate ability wrote it at the request of her prayer. Also, the key points of this are four.
============================================================
================== 第 11 段 ================== 【原始藏文】 ི་པ་མན་ཆད་རླུང་གི་གནད་དང་བསྟུན་ནའང་ལེགས་པས། གནད་གཉིས་པ་སྔོན་ཏུ་སོང་། གསུམ་པའི་དོན་བསྒོམ་པས་ལུས་རྣམ་སྣང་གི་ཆོས་ཚང་བར་བྱས་ལ། ལུས་སྲོག་རྩོལ་གྱིས་བསམ་གཏན་གྱི་ལམ་བཙལ་ལ། ནང་དུ་འཛིན་པའི་སྲོག་ནས་མགོ་བཟུང་སྟེ། ལས་སྦྱོར་གྱི་གནད་ཀྱིས་བསྒོམ་མོ། །འདི་ལ་གེགས་སེལ་ལ་སོགས་པ་མི་བཞེད་དེ། སྣ་ཚོགས་ལ་རྩལ་སྦྱོང་བ་ཉིད་གེགས་སེལ་ཡིན་པས་སོ་གསུངས་སོ། །རྩལ་སྦྱོང་ཚུལ་བླ་མའི་ཞལ་ལས་རག་གོ །སེམས་གདོད་མ་ནས་སྐྱེ་མེད་དུ་ཤེས་པས། ཀུན་གྱིས་གཉུག་མའི་རང་ཞལ་མཐོང་ནས། སྐྱེ་མེད་འཆི་མེད་གཏིང་ནས་གོ་བས། འདི་ཕྱི་བར་དོ་གསུམ་དུ་ཅིས་ཀྱང་གྲོལ་བ་ཐོབ་པ་ཡིན་ནོ། །སྙིང་དང་འདྲ་བའི་གདམས་པ་ཨི་ཐི། །སརྦ་མདྒ་ལཾ་བྷ་བ་ཏུ། གདམས་ངག་མཛོད་པོད་དྲུག་པ། འབྲོག་མི་ལོ་ཙཱ་བས་མཁས་པ་སྒོ་དྲུག་ལ་གསན་པའི་སྒོ་དྲུག་ཆོས་འབྲེལ་དུ་གྲགས་པའི་ཁྲིད་ཡིག
【漢語翻譯】 甚至從(呼吸)微動開始,如果能配合風息的要點,也是好的。第二個要點先進行。通過觀修第三個要點,使身體圓滿具足遍照(毗盧遮那佛)的法。以身、命、精勤尋求禪定的道路。從內在執持的命氣開始入手,以事業瑜伽的要點進行觀修。這裡不主張進行遣除障礙等行為,因為在各種(法門)中修習技藝本身就是遣除障礙,所以這樣說。修習技藝的方法要從上師的口中獲得。因爲了知心從原始以來就是不生的,所以大家都能見到本來的自性面容,從根本上領悟不生不滅,因此無論在此生、來世還是中陰,都必定能獲得解脫。如同心臟一般的教言,伊提。薩爾瓦芒嘎朗 巴瓦圖。(藏文:སརྦ་མདྒ་ལཾ་བྷ་བ་ཏུ།,梵文天城體:सर्व मङ्गलम् भवतु,梵文羅馬擬音:sarva maṅgalam bhavatu,漢語字面意思:愿一切吉祥) 教言藏第六函。仲彌譯師從智者索竹處聽聞的,被稱為索竹六法傳承的引導文。
【英語翻譯】 Even starting from the slightest movement (of breath), it is good if it can be coordinated with the key points of the wind-energy. The second key point should be done first. By meditating on the meaning of the third key point, the body is made complete with the Dharma of Vairochana. Seek the path of meditation through body, life-force, and diligence. Starting with the life-force held within, meditate with the key points of action yoga. Here, it is not advocated to perform obstacle removal, etc., because practicing skills in various (dharmas) is itself obstacle removal, so it is said. The method of practicing skills should be obtained from the mouth of the Guru. Because it is known that the mind is unborn from the beginning, everyone can see their original face of self-nature, and fundamentally understand the unborn and undying. Therefore, whether in this life, the next life, or the bardo, liberation will definitely be attained. A teaching like the heart, Iti. Sarva Mangalam Bhavatu. (Tibetan: སརྦ་མདྒ་ལཾ་བྷ་བ་ཏུ།, Sanskrit Devanagari: सर्व मङ्गलम् भवतु, Sanskrit Romanization: sarva maṅgalam bhavatu, Literal Chinese meaning: May all be auspicious) The Sixth Volume of the Treasury of Instructions. A guidance text of what is known as the Six Dharmas transmission, which Drogmi Lotsawa heard from the wise Sogdrug.
============================================================
同部經論
與本文同名或相近的其他版本、科判、譯文與註疏。