NDC09_0030.降伏魔障空行母修法筆記g2.0f
================== 第 1 段 ================== 【原始藏文】 བདུད་འདུལ་མཁའ་འགྲོའི་སྒྲུབ་པའི་ཟིན་བྲིས། བདུད་འདུལ་མཁའ་འགྲོའི་སྒྲུབ་པའི་ཟིན་བྲིས། རིག་འཛིན་ཆེན་པོ་ཉི་མ་གྲགས་པའི་ཞལ་གདམས་ལས། བདུད་འདུལ་མཁའ་འགྲོའི་སྒྲུབ་པའི་ཟིན་བྲིས་བཞུགས་སོ། །བླ་མ་དང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །འདིར་བདུད་འདུལ་སེང་གདོང་མཁའ་འགྲོ་སྒྲུབ་པའི་ཟིན་བྲིས་འགོད་པར་བྱ་སྟེ། དེ་ལའང་དངོས་སྒྲུབ་པའི་གནས་དང་ས་བརྟག་སླང་ཐིག་ས་བཅད་དཀྱིལ་འཁོར་མཚོན་བཀྲམ་སྒྲུབ་རྫས་རྣམས་སྒྲུབ་ཐབས་གཞུང་ནས་བཤད་པ་ལྟར་ཡིན་ཏེ་སྒྲུབ་གནས་ནི་གང་ཡང་རུང་། གཟའ་སྐར་འགྲུབ་སྦྱོར་བཟང་པོ་བཀྲ་ཤིས་པའི་དུས་སུ་དཀྱིལ་འཁོར་ཀྱི་ས་བརྟག་སླང་སྒྲུབ་ཆེན་གང་རུང་དང་འབྲེལ་བར་བྱ། ཐིག་སྐུད་ནི་མིའམ་ཁྱི་དཀར་པོའི་རྒྱུ་མས་བྱ། མ་རྙེད་ན་སྐུད་པ་ཡང་རུང་དཀྱིལ་འཁོར་སྒྲུབ་གཞུང་ལྟར་དང་གཏོར་མ་དཔེའུ་རིས་ལྟར་བཅའ་སྒྲུབ་རྟེན་ནི་བདུད་འདུལ་མའི་སྐུ་དར་རས་མཐིང་ཀ་ལ་ལེགས་པར་བྲིས་པའི་སྐུ་རྒྱབ་ལ། བསྙེན་སྒྲུབ་བསྲུང་ཟློག་བསད་པ་སོགས་ཀྱི་སྔགས་རྣམས་རྒྱ་གར་གྱི་ལི་ཁྲིས་བྲི། མ་རྙེད་ན་སིནྡྷུ་ར་དང་མཚལ་སོགས་ཀྱིས་བྲིས། མགོ་ཕྲེང་དང་ཞིང་ལྤགས་ཌཱ་མ་རུ་རྣམས་དངོས་རྟེན་ནམ་ཙཀ་ལི་ལ་བྲིས་པ་བྱ། གཞན་ཡང་སྒྲུབ་རྫས་ཕྱི་ནང་གསང་གསུམ་གྱི་མཆོད་རྫས་རྣམས་ལེགས་པར་བཤམས། དངོས་གཞི་སྒྲུབ་པའི་རིམ་པ་ནི། རྣལ་འབྱོར་པ་བདེ་བའི་སྟན་ལ་འདུག་སྟེ། ཐོག་མར་ཆོས་སྤྱོད་ནས་བཟུང་ལས་བྱང་གཞུང་བསྲང་བསྙེན་པ་བྱེད་པའི་དུས་སུ་གསལ་གདབ་པ་སྔར་བཞིན། རང་ཉིད་བདུད་འདུལ་མཁའ་འགྲོ་སེང་གདོང་མ་སྐུ་མདོག་མཐིང་ནག་དབུ་ཡང་སྐུ་ལུས་དང་མཚུངས་པ་མངོན་རྟོགས་ལྟར་བསྒོམ་པའི་སྤྱི་བོར་བླ་མ་དྲག་པོ་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་འདྲ་བ་སྡེ་བརྒྱད་མཁའ་འགྲོས་བསྐོར་བར་བསྒོམ། ཡན་ལག་གི་ཚིགས་བཞི་ལ་སྒོ་མ་བཞི་གསལ། ཡེ་ཤེས་སེམས་དཔའི་ཐུགས་ཀར་གནམ་ལྕགས་ཀྱི་གྲི་གུག་འཁོར་ལོའི་ཡུ་བ་བྱས་པའི་ལྟེ་བར་ཉི་མའི་གདན་གྱི་སྟེང་དུ་ཧཱུྃ༔ མཐིང་ནག་ཅིག་བསྒོམ༔ དེ་ལ་སྔགས་ཀྱི་ཕྲེང་བ་གཡས་སུ་འཁོར་འོད་ཀྱི་ཕྲེང་ཐག་གཡོན་དུ་འཁོར་བར་བསྒོམ། མདུན་བསྐྱེད་ནི་དཀྱིལ་འཁོར་ལྟར་བསྐྱེད། བསྐྱེད་པའི་རིམ་པ་ཐམས་ཅད་ཨ་འཐས་ཐེར་གཟུགས་མ་ཡིན་པར་ཆུ་ཟླ་འཇའ་ཚོན་ལྟར་སྣང་ལ་རང་བཞིན་མ་གྲུབ་པ་གསལ་སྟོང་དུ་བསྒོམ༔ བསྙེན་པ་བཟླས་པ་ནི་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་འཕྲོས་རང་གི་ཞལ་ནས་ཐོན། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་
【漢語翻譯】 降伏魔障空行母修法筆記。 降伏魔障空行母修法筆記。 大持明者尼瑪扎巴之口訣中,降伏魔障空行母修法筆記。頂禮上師與空行眾!於此將書寫降伏魔障獅面空行母之修法筆記。其中,實際修持之處所與地基勘驗、抬高、劃線、地基劃分、壇城、標誌陳設、修法物品等,皆如修法正文所說。修持處所任何地方皆可。于星宿佳妙、吉祥之時,與壇城之地基勘驗、抬高、修法大典等任何一種相關聯。劃線之繩,以人或白犬之腸製成。若未尋得,繩子亦可。壇城如修法正文,朵瑪如圖案般製作。修法所依之物,為降伏魔障母之身像,于深藍色綢緞上精妙繪製,身像背後,以印度之鉛粉書寫息增懷誅等咒語。若未尋得鉛粉,以硃砂等書寫。頭鬘與人皮鼓,可繪製于實物或食子上。此外,修法物品之外內密三種供品,皆善加陳設。正行修持之次第:瑜伽士安坐于舒適之座。首先,從法行開始,直至事業正文,于修持之時,觀想如前。自身觀想為降伏魔障空行母,身色深藍,頭亦與身軀相同,如現觀般觀想。頭頂觀想上師猛厲尊,心間觀想智慧勇識,與自身相同,為八部空行所圍繞。四肢關節處,觀想四門母。智慧勇識之心間,觀想天鐵製成之彎刀,以輪為柄,中心為日輪座上之深藍色吽 (藏文:ཧཱུྃ༔,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)。其上咒語之鬘向右旋轉,光之線鬘向左旋轉。前置本尊如壇城般生起。所有生起之次第,皆不觀想為實體,而是如水中月、彩虹般顯現,自性不成立,觀想為空明。唸誦修法,咒語之鬘放出光芒,從自身之口中發出。照觸前置本尊之諸
【英語翻譯】 A Note on the Practice of Subduing Mara Dakini. A Note on the Practice of Subduing Mara Dakini. From the Oral Instructions of the Great Vidyadhara Nyima Drakpa: A Note on the Practice of Subduing Mara Dakini. Homage to the Guru and the Assembly of Dakinis! Herein will be written a note on the practice of the Lion-Faced Dakini Who Subdues Mara. In that, the actual place of practice, the examination of the ground, raising, drawing lines, division of the ground, mandala, display of symbols, and the materials for practice, all are as explained in the practice text. The place of practice can be anywhere. At an auspicious time when the planets and stars are in good conjunction, it should be related to any of the mandala’s ground examination, raising, or great practice. The line-drawing cord should be made from the intestines of a human or a white dog. If not found, a cord is also acceptable. The mandala should be prepared according to the practice text, and the torma according to the diagram. The support for the practice is an image of the Mara-Subduing Mother, excellently painted on dark blue silk or cloth, with the mantras for pacifying, increasing, magnetizing, subduing, and killing written on the back in Indian red lead. If red lead is not found, write with cinnabar or the like. The head garland and the human-skin damaru should be drawn on actual objects or on tsa-ka-li. Furthermore, the outer, inner, and secret offerings of the practice materials should all be well arranged. The order of the main practice is as follows: The yogi sits on a comfortable seat. First, starting from the Chö practices up to the main text of the activity, during the practice, visualize as before. Visualize yourself as the Mara-Subduing Dakini, the Lion-Faced Mother, dark blue in color, with the head also the same as the body, as in the Abhisamayalankara. On the crown of the head, visualize the Wrathful Guru, and in the heart, visualize the Wisdom Being, identical to yourself, surrounded by the Eight Classes of Dakinis. At the four joints of the limbs, visualize the Four Gatekeepers. In the heart of the Wisdom Being, visualize a sky-iron curved knife with a wheel as its handle, and in the center, on a sun disc, visualize a dark blue HUNG (藏文:ཧཱུྃ༔,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽). On it, visualize the garland of mantras rotating to the right, and the garland of light rays rotating to the left. Generate the front generation as the mandala. All the stages of generation should not be visualized as solid and tangible, but as appearing like a moon in water or a rainbow, with no inherent existence, and visualize as clear and empty. When reciting the practice, light rays emanate from the garland of mantras and come out of your mouth. Touching the faces of all the deities of the front generation,
============================================================
================== 第 2 段 ================== 【原始藏文】 དུ་ཞུགས། མཉེས་པའི་མཆོད་པ་ཕུལ། དགྱེས་པའི་མདངས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང་། ཧེ་རུ་ཀའི་གནས་བཅུ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ། ཟངས་མདོག་དཔལ་གྱི་རི་བོ་ལ་སོགས་པ་ཞིང་ཁམས་རྣམས་སུ་བཞུགས་པའི་རྒྱལ་བ་རབ་འབྱམས་ལ་མཉེས་པའི་མཆོད་པ་ཕུལ༔ ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱི་རྒྱུད་བསྐུལ་བྱིན་རླབས་ཀྱི་སྤྲིན་ཕུང་བདག་མདུན་རྣམས་ལ་སིབ་སིབ་ཐིམ་པས་ཐབས་ཤེས་ཀྱི་བདེ་སྟོང་རྒྱས་ཏེ་ཁ་ཊྭཾ་ཡབ་ཀྱི་ངོ་བོ་སྦས་པ་དང་ཟུང་འཇུག་ཏུ་སྦྱོར་བས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་དབང་དྲག་གི་་ཕྲིན་ལས་ཐམས་ཅད་སྐད་ཅིག་ཉིད་ལ་ཐོབ་པར་བསྒོམ་ཞིང་གནས་ལུགས་ཆོས་ཉིད་ཀྱི་ངང་ནས་བསྙེན་པ་བཟླ། བསྙེན་མཚམས་མཆོད་བསྟོད་བྱ། སྔ་གྲོ་ཉི་མ་དྲོས་ཆེན་ལ་མདའ་དར་བཟུང་ནས་མཁའ་སྤྱོད་དཀར་མོའི་ཚེ་སྒྲུབ་འདོན་བསྙེན་པ་བརྒྱ་ཕྲག་བཟླ་དམིགས་པ་འདོན་ལྟར་བསྒྱུར། མཆོད་བསྟོད་བྱ། སླར་ཡང་རྣམ་པ་གསལ་བ་རྣམ་དག་དྲན་པ་ང་རྒྱལ་བརྟན་པའི་ངང་ནས་བཟླས་པ་བྱ། བཟའ་བཏུང་རྣམས་ཤ་ཁྲག་དང་དམ་རྫས་ཀྱི་མཆོད་པར་དམིགས། སྤྱོད་ལམ་གྱི་དུས་སུ་ཕྲེང་བའམ་རྡོ་རྗེ་གདན་ཐོག་ཏུ་བཞག་མེ་དང་ཉི་མ་རང་ལུས་ཁམས་དང་བསྟུན། ཕྱི་དྲོའི་ཐུན་ལ་གཏོར་གསོས་འབུལ་མཚམས་གཅོད་སྲུང་འཁོར་བཞག་ནས་མཆོད་པ་བྱིན་རླབས་ནས་བཟུང་བསྙེན་པ་དང་དེ་ནས་ཚོགས་བསྐང་བ་དང་། དགོང་མོ་ཆད་ཐོ་བསྟན་མ་གཏོར་བྲོ་བཀྲ་ཤིས་བསྔོ་བ་སྨོན་ལམ་རྣམས་བྱ་དཀྱིལ་འཁོར་བསྡུ་ཆོག་མི་བྱ། སྔོན་འགྲོ་དཀར་བགེགས་ཆད་བསྟན་ཚོགས་ལྷག་རྣམས་དང་པོའི་ཉིན་པར་ཕྱི་རོལ་དུ་འཕངས། དེ་ནས་དཀྱིལ་འཁོར་འགྲམ་དུ་ཕུལ་བསྙེན་གྲངས་མ་སོང་གི་བར་བདུད་འདུལ་མཁའ་འགྲོའི་ང་རྒྱལ་དང་མ་བྲལ་བར་བྱའོ། །སྒྲུབ་པའི་བསྙེན་གྲངས་ཞག་གྲངས་རྟགས་ཚད་ཐེམས་ནས་ཞག་གསུམ་ལ་བསྲུང་བའི་བསྙེན་པ་བཟླ། ཞག་གསུམ་ཟློག་པའི་བསྙེན་པ་ཟླ། ཐུན་འཇུག་ལ་གསང་བའི་ཟློག་སྔགས་ཟླས་ཐལ་མོ་བརྡབ་བོ། ཐུན་མཚམས་རྣམས་སུ་མཆོད་བསྟོད་བྱའོ། །ལར་སྒྲུབ་པའི་དུས་སུ་ཐོད་པའི་གཞལ་ཡས་ཁང་བསྒོམ༔ སྲུང་བའི་དུས་སུ་གནམ་ལྕགས་ཀྱི་གཞལ་ཡས་ཁང་བསྒོམ༔ ཟློག་པའི་དུས་སུ་ཁྲོ་ཆུའི་གཞལ་ཡས་ཁང་བསྒོམ། འདིར་དམིགས་པ་འདོན་སྒོམ་སྦྲགས་པ་གལ་ཆེའོ། །སྒྲུབ་པ་ཐོན་ནས་སྐྱ་རེངས་ཤར་དུས་རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ་ཞེས་པས་ཆོ་ག་བཏང་སྒྲུབ་གཏོར་སྒྲུབ་རྟེན་རྣམས་ལ་དབང་བཞིའི་དངོས་གྲུབ་ལེན་ཆོག་བྱ་སྔོན་
【漢語翻譯】 進入(壇城)。獻上悅意的供品。從喜悅的光芒中放射出無量的光芒。向住在奧明法界凈土、嘿汝嘎的十處聖地、西方鄔金(烏仗那)之地、銅色吉祥山等凈土中的無量諸佛獻上悅意的供品。祈請所有忿怒本尊和忿怒母尊,以其加持的雲團,融入我和麵前的眾生,使方便與智慧的樂空增盛,與卡杖嘎父的本體相合,在雙運中結合,使樂空的智慧在相續中生起,觀想剎那獲得所有威猛的事業,並在實相法性的狀態中進行唸誦。唸誦間隙進行供養讚頌。清晨太陽升起時,手持箭幡,唸誦空行母白度母的長壽修法儀軌,唸誦成百上千遍,並將觀想轉化爲念誦。進行供養讚頌。再次在明晰、清凈、憶念、穩固的慢心中進行唸誦。將飲食觀想為血肉和誓言物的供品。在行住坐臥時,將念珠或金剛座放在火和太陽與自身體內的元素相合的位置。下午的法會供養食子,斷絕間斷,設定守護輪,從供養加持開始,進行唸誦,然後進行會供和圓滿。晚上進行懺悔、記錄、供奉護法食子、跳金剛舞、祈願吉祥、迴向和發願,不進行壇城收攝儀軌。將前行、白食子、魔障、懺悔、供奉護法食子和會供剩餘等在第一天扔到外面。然後將壇城供奉在旁邊,在念誦數量未完成之前,不要離開降伏魔鬼的空行母的慢心。實修的唸誦數量、天數、徵兆和數量達到后,進行三天的守護念誦。進行三天的回遮唸誦。進入法會時,唸誦秘密的回遮咒語,拍手。法會間隙進行供養讚頌。總之,在實修時,觀想顱骨的宮殿;在守護時,觀想天鐵的宮殿;在回遮時,觀想忿怒之水的宮殿。在此,觀想、唸誦和禪修相結合非常重要。實修完成後,黎明時分,唸誦「金剛食肉者的黎明臨近」等儀軌,對實修食子和實修所依進行四灌頂的成就接受儀軌,之前
【英語翻譯】 Enter (the mandala). Offer pleasing offerings. From the joyful radiance, countless rays of light emanate. Offer pleasing offerings to the infinite Buddhas residing in the pure lands of Akanishta Dharmadhatu, the ten sacred places of Heruka, the land of Oddiyana (Udyana) in the west, the Copper-Colored Glorious Mountain, and other pure lands. Invoke all wrathful deities and wrathful mothers, and with their blessings, may the clouds of blessings dissolve into me and the beings in front, increasing the bliss and emptiness of skillful means and wisdom, uniting with the essence of the khatvanga father, combining in union, so that the wisdom of bliss and emptiness arises in the continuum, and contemplate attaining all fierce activities in an instant, and recite while remaining in the state of reality and dharmata. During the breaks in recitation, make offerings and praises. In the early morning, when the sun rises high, holding the arrow banner, recite the longevity practice of the Dakini White Tara, reciting hundreds and thousands of times, and transform the visualization into recitation. Make offerings and praises. Again, recite while in a clear, pure, mindful, and stable state of pride. Visualize the food and drink as offerings of flesh, blood, and samaya substances. During activities, place the mala or vajra seat on the fire and sun, aligning with the elements of one’s own body. In the afternoon session, offer the torma, cut off interruptions, set up the protection wheel, and starting from the blessings of the offerings, perform the recitation, and then perform the tsok and fulfillment. In the evening, perform confession, record, offer the protector torma, perform the vajra dance, pray for auspiciousness, dedicate merit, and make aspirations, without performing the mandala dissolution ritual. Throw the preliminaries, white torma, obstacles, confession, protector offerings, and tsok leftovers outside on the first day. Then offer the mandala nearby, and until the recitation count is completed, do not depart from the pride of the Dakini subduing demons. After the recitation count, number of days, signs, and quantity of the practice are reached, perform the protection recitation for three days. Perform the reversal recitation for three days. When entering the session, recite the secret reversal mantra and clap your hands. During the breaks in the session, make offerings and praises. In general, during the practice, visualize the palace of the skull; during protection, visualize the palace of meteoric iron; during reversal, visualize the palace of wrathful water. Here, the combination of visualization, recitation, and meditation is very important. After the practice is completed, at dawn, recite the ritual of “the dawn of the Vajra Rakshasa is near,” and perform the ritual of receiving the accomplishments of the four empowerments for the practice torma and the practice support, before
============================================================
================== 第 3 段 ================== 【原始藏文】 འགྲོ་གཏོར་མ་ཚོགས་ལྷག་ཆད་བསྟན་རྣམས་གཙང་སར་ཕུལ། དཀྱིལ་འཁོར་བསྡུ་རིམ་བྱ། རྡུལ་ཚོན་སྒྲུབ་གཏོར་གཞན་ལ་མི་སྦྱིན། སླར་ཡང་ཆོ་ག་གཞུང་བཞིན་ཚོགས་བསྐང་རྒྱས་པ་བཏང་སྒྲུབ་པ་མཐའ་རྒྱས་བྱ། ཞག་གཅིག་གཞན་དུ་མི་འགྲོ། གནས་མལ་སྲུང་ཕྱིིན་ཆད་བར་ཆད་མི་འབྱུང་བཀྲ་ཤིས་པ་ཡིན། འདི་ནི་སྟོད་ལས་བྱང་ཆུབ་སྒྲུབ་པའི་ཞལ་གདམས་ཟིན་བྲིས་སུ། །རིག་འཛིན་ཉི་མ་གྲགས་པས་སྦྱར་བའོ། །སརྦ་མངྒ་ལཾ།། །།བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྒྱུན་འཁྱེར་དང་སྲུང་བཟློག་གི་ངག་འདོན་དཀྱུས་སུ་བཀོད་པ་གནམ་ལྕགས་རྡོ་རྗེ་འབར་བའི་གུར་ཁང་བཞུགས། བདེ་ཆེན་ཆོས་དབྱིངས་ནམ་མཁའ་ལ། །མ་འགགས་ཐུགས་རྗེའི་ཆུ་འཛིན་དཀྲིགས། །མཆོག་ཐུན་སྤྲིན་བཅུད་ཆེར་འབེབས་པའི། །རྩ་གསུམ་རྒྱལ་བ་རྒྱ་མཚོར་འདུད། །དེ་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་བདུད་འདུལ་མའི་དབང་ལུང་ཐོབ་ཅིང་མན་ངག་སྤྱི་དང་བྱེ་བྲག་གི་གནད་རྣམས་དམ་པའི་ཞལ་ལུང་ལ་བློ་གྲོས་ཀྱི་འཇུག་པ་ཕྱིན་ཅི་མ་ལོག་ཤིང་དམ་ཚིག་དང་ལྡན་པ་དག་གིས་རྒྱུན་གྱི་རྣལ་འབྱོར་འཁྱེར་བདེ་ངག་འདོན་དུ་བྱ་བ་ལ་ཐོག་མར་སྐྱབས་སེམས་ནི། ཧཱུྃ༔ བདག་ནི་དེང་ནས་བྱང་ཆུབ་བར༔ བླ་མ་དཀོན་མཆོག་དཀྱིལ་འཁོར་ལྷ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ལ༔ རྣམ་པ་ཀུན་ཏུ་སྐྱབས་སུ་མཆི༔ དབང་དྲག་ལས་ཀྱི་བྱང་ཆུབ་སེམས༔ དམ་པ་མཆོག་ནི་བསྐྱེད་པར་བགྱི༔ ལན་གསུམ། ཧཱུྃ༔ འཁོར་འདས་གདོད་ནས་སྟོང་པའི་རྩལ། །ཀུན་ཁྱབ་སྙིང་རྗེ་ཆེན་པོའི་ངང་། །རང་རིག་གྲི་གུག་ཧཱུྃ་མཚན་ལས། །འབྱུང་ལྔའི་ད་ལ་ཡུམ་ལྔའི་ཀློང་། །ཁྲག་མཚོ་རུས་པའི་རི་རབ་སྟེང་། །བྷྲཱུྃ་ལས་དྲག་པོའི་གཞལ་ཡས་ཁང་། །མཚན་ཉིད་ཡོངས་རྫོགས་ཕོ་བྲང་དབུས། །རྩིབས་བརྒྱད་ལྟེ་བར་ཆོས་འབྱུང་སྟེང་། །དྲེགས་བྱེད་ཕོ་མོ་པད་ཉིའི་གདན། །ཐུགས་སྲོག་ཧཱུྃ་གི་འཕྲོ་འདུ་ལས། །རང་ཉིད་བདུད་འདུལ་མཁའ་འགྲོ་མ། །སྐུ་མདོག་མཐིང་ནག་སེང་གེའི་གདོང་། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །རལ་པ་ཁམ་ནག་སྤྲིན་ལྟར་གཏིབས། །སྤྱན་གསུམ་སྡང་མིག་རབ་ཏུ་བསྒྲད། །སྨ་ར་སྨིན་མ་དམར་སེར་འབར། །འཁོར་ལོས་མཚན་པའི་གྲི་གུག་གཡས། །ལྕང་ལོས་མཚན་པའི་ཐོད་ཁྲག་གཡོན། །གཡས་བསྐུམ་གཡོན་བརྐྱང་གར་སྟབས་འགྱིངས། །དུར་ཁྲོད་འཇིགས་པའི་ཆས་བརྒྱད་དང་། །གནམ་ལྕགས་སྤུ་གྲིའི་གཤོག་པ་སོགས། །དཔལ་གྱི་ཆས་བཅུ་འབར་བས་བརྒྱན། །ནུ་མ་འབུར་ཞིང་བྷ་ག་རྒྱས། །དཔའ་སྒེག་ཁྲོ་གཏུམ་གཟི་བརྗིད་འབར། །ཁ་ཊྭཱ
【漢語翻譯】 將剩餘的食子、薈供殘餘和違犯之處,供于清凈之地。進行壇城的收攝次第。彩粉和修法食子不給予他人。再次按照儀軌,進行廣大的薈供和圓滿,修法達到究竟。一日不往他處去。守護住所,此後不會出現障礙,吉祥如意。這是上部修持菩提之口訣記錄。由持明者尼瑪扎巴所寫。薩爾瓦芒嘎朗(藏文, सर्व मङ्गलम्,sarva maṅgalaṃ,一切吉祥!)。
這是將降伏魔鬼智慧空行母的日常修持和守護回遮的唸誦,彙集成《天鐵金剛燃燒的帳篷》。
大樂法界虛空中, 無礙慈悲之云凝聚。 降下殊勝共同雲雨精華, 頂禮三根本諸佛海。
此外,對於獲得智慧空行母降伏魔鬼之灌頂和傳承,並且對於總的和個別的訣竅,以清凈的智慧不顛倒地領受上師的口訣,且具有誓言者,爲了便於日常瑜伽修持,作爲念誦儀軌,首先是皈依和發心:
吽(藏文, हूँ,hūṃ,種子字)!我從今直至菩提果, 皈依上師、三寶和壇城尊, 皈依智慧空行母眾神, 於一切時處皆皈依。 權勢猛烈的業之菩提心, 殊勝的菩提心我將生起。 唸誦三遍。
吽(藏文, हूँ,hūṃ,種子字)!輪迴涅槃本初即空性之妙用, 周遍大悲之自性中, 自明利刃吽字相, 五大之「ད」中五母之界。 血海骨山之上, 從བྷྲཱུྃ(藏文,भ्रूम,bhrūṃ,種子字)中生起猛烈的宮殿, 具足一切特徵的宮殿中央, 八輻中心法生之上, 傲慢男女蓮花日輪墊。 心間命咒吽字的光芒中, 自身成為降伏魔鬼空行母, 身色深藍黑色獅面。 張口捲舌齜牙咧嘴, 髮髻褐黑如雲般濃密, 三目怒視, 鬍鬚眉毛紅黃色燃燒。 右手持著具有輪印的彎刀, 左手持著具有杖印的顱碗, 右屈左伸舞姿站立。 身著八種尸陀林恐怖服飾, 以及天鐵剃刀之翅膀等, 以十種光輝燦爛的飾品莊嚴。 乳房隆起,蓮花盛開, 威猛嫵媚憤怒兇猛光彩奪目。 喀章嘎
【英語翻譯】 Offer the remaining torma, tsok leftovers, and broken vows to a clean place. Perform the dissolution sequence of the mandala. Do not give the colored powder and accomplishment torma to others. Again, according to the ritual text, perform an extensive tsok offering and fulfillment, and complete the accomplishment thoroughly. Do not go elsewhere for one day. Protect the dwelling place, and henceforth, obstacles will not arise; may it be auspicious. This is a written record of the oral instructions for accomplishing enlightenment from Stod. Written by Rigdzin Nyima Drakpa. Sarva Mangalam (Tibetan, सर्व मङ्गलम्, sarva maṅgalaṃ, May all be auspicious!).
This is the daily practice and protection-reversal recitation of the Demon-Subduing Wisdom Dakini, arranged as “The Burning Tent of Sky-Iron Vajra.”
In the vast expanse of bliss-dharmadhatu, The clouds of unimpeded compassion gather. Pouring down the essence of supreme and common clouds, I prostrate to the ocean of the Three Roots and Victorious Ones.
Furthermore, for those who have received the empowerment and transmission of the Wisdom Dakini, the Demon Subduer, and who have unerringly grasped the essential points of the general and specific instructions through the oral teachings of the gurus, and who possess samaya, this is a recitation for easy daily yoga practice. First, the refuge and bodhicitta:
Hūṃ (Tibetan, हूँ, hūṃ, seed syllable)! From this day until enlightenment, I take refuge in the guru, the precious ones, and the mandala deities, I take refuge in the assembly of wisdom dakinis, At all times and in all ways. The powerful and forceful bodhicitta of action, I will generate the supreme and holy bodhicitta. Recite three times.
Hūṃ (Tibetan, हूँ, hūṃ, seed syllable)! Samsara and nirvana are primordially empty, In the nature of all-pervading great compassion, From the self-aware curved knife marked with Hūṃ, In the space of the five elements’ “da” and the five mothers, Above a sea of blood and a mountain of bones, From Bhrūṃ (Tibetan, भ्रूम, bhrūṃ, seed syllable) arises a fierce palace, In the center of the perfectly complete mansion, Above a dharma-arising from the eight-petaled center, On a lotus and sun cushion of proud male and female, From the radiating light of the life-force Hūṃ in the heart, I myself become the Demon-Subduing Dakini, With a dark blue-black body and a lion’s face, With an open mouth, a rolled tongue, and bared fangs, A mane of dark brown hair like dense clouds, Three eyes glaring fiercely, A beard and eyebrows blazing red and yellow, In the right hand, a curved knife marked with a wheel, In the left hand, a skull cup marked with a staff, Standing in a dancing posture with the right leg bent and the left leg extended, Adorned with the eight terrifying charnel ground ornaments, And wings of sky-iron razors, etc., Embellished with ten blazing glorious ornaments, With protruding breasts and a developed bhaga, Blazing with heroic grace, wrathful ferocity, and splendor. Khaṭvāṅga
============================================================
================== 第 4 段 ================== 【原始藏文】 ྃ་ག་ལ་བདེ་བས་འཁྱུད། །མེ་དཔུང་དམར་ནག་ཀློང་དཀྱིལ་དུ། །བདེ་སྟོང་ཟུང་དུ་འཇུག་པ་ཡི། །བདག་ཉིད་ཆེན་མོའི་སྤྱི་གཙུགས་ཏུ། །དྲག་རྩལ་མཐིང་ནག་གཡས་རྡོ་རྗེ། །གཡོན་པ་སྡིག་མཛུབ་ཕྱག་རྒྱ་ཅན། །རལ་ཁྲོད་དབང་གི་རྟ་སྐད་འཚེར། །ཕག་མོ་དམར་མོ་གྲི་ཐོད་འཁྲིལ། །ཕག་ཞལ་ངུར་ཞིང་མེ་ཀླུང་བཞུགས། རྩིབས་བརྒྱད་ཏི་ར་པདྨའི་སྟེང་། །རྡོ་རྗེ་རིན་ཆེན་པདྨ་དང་། །ལས་ཀྱི་མཁའ་འགྲོ་ཕྱོགས་ཀྱི་མདོག །གཡས་རྣམས་འཁོར་ལོར་ཁ་ཊྲཱཾ་ག །མེ་ཡི་འཁོར་ལོ་རལ་གྲི་འཕྱར། །གཡོན་རྣམས་ཐོད་ཁྲག་ཐུགས་ཀར་བསྣམས། །དུར་ཁྲོད་ཆས་ལྡན་གར་སྟབས་འགྱིངས། །མེ་དཔུང་ཀློང་དུ་ཁྲོ་གཏུམ་འབར། །མཚམས་བཞིར་དམ་ཚིག་སྣ་ཚོགས་དང་། །འཇིག་རྟེན་ལས་ཀྱི་མཁའ་འགྲོ་བཞི། །ཉི་ཟླ་གསེར་ཟངས་གནམ་ལྕགས་ཀྱི། །རྩིབས་སྟོང་འཁོར་ལོ་ཆ་ལང་བརྡེབ། །ཕྱེད་གཟུགས་མདངས་ལྡན་ཁྲོ་གཏུམ་འབར། །སྒོ་བཞིར་ཁ་གདོང་ཕག་གདོང་དང་། །ཁྱི་གདོང་འུག་པའི་གདོང་ཅན་བཞི། །གཡས་རྣམས་རང་མདོག་ཅང་ཏེ་འཁྲོལ། །གཡོན་རྣམས་རང་རྟགས་ཕྱག་མཚན་འཛིན། །ཁ་ཊྲཱཾ་གར་འཁྱུད་བརྐྱང་བསྐུམ་བཞུགས། །གཞན་ཡང་འབུམ་ཕྲག་མཁའ་འགྲོའི་ཚོགས། །ཉི་ཟེར་རྡུལ་འཚུབ་ལྟར་གསལ་བའི། །གནས་གསུམ་ལས་འཕྲོས་འོད་ཟེར་གྱིས། རང་བཞིན་ཞིང་ཁམས་རྒྱ་མཚོ་ནས། ཡེ་ཤེས་སེམས་དཔའ་རང་འདྲ་བ། །ཆར་སྤྲིན་གཏིབས་ལྟར་བྱོན་པར་གྱུར། །ཧཱུྃ༔ འོག་མིན་མཁའ་སྤྱོད་ཨོ་རྒྱན་ཡུལ། །གནས་ཡུལ་དུར་ཁྲོད་ཐམས་ཅད་ནས། །ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས། །དང་པས་སྤྱན་འདྲེན་གནས་འདིར་གཤེགས། །གཉིས་མེད་བརྟན་པ་ཆེན་པོར་བཞུགས། །ཞིང་རྡུལ་གྲངས་མཉམ་སྤྲུལ་ཕྱག་འཚལ། །ཕུང་ལྔ་འབྱུང་ལྔ་འདོད་ཡོན་ལྔ། །ཤ་ལྔ་བདུད་རྩི་སྨན་གཏོར་རཀ །དགྲ་བགེགས་བསྒྲལ་བའི་ཤ་རུས་ཁྲག །ཞག་གླད་ཚིལ་རྐང་ནང་ཁྲོལ་དང་། །སྣང་གྲག་འགྱུ་བའི་རྟོག་ཚོགས་སོགས། །ཕྱི་ནང་གསང་མཆོད་ཞིང་ཁྱབ་འབུལ། །ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་ས་པཱ་རི་ཝ་ར་སརྦ་པཱུ་ཛ་ཁཱ་ཧི། ཧཱུྃ༔ ཁྱབ་གསལ་བརྗོད་བྲལ་ཡེ་དབྱིངས་ལས། །སྐུ་གསུམ་མཁའ་འགྲོ་གཟུགས་སྐུའི་ཟླ། །གདུལ་བྱའི་ཆུ་མཚོར་འགོག་མེད་དུ། །གྲངས་མེད་དེར་མཐུན་འཆར་ལ་བསྟོད། །འགག་མེད་ཐུགས་རྗེའི་སྤྲིན་ཕུང་ལས། །འཕྲིན་ལས་རྣམ་བཞིའི་ཆར་ཆེན་པོས། །གྲུབ་གཉིས་འབྲས་བཟང་སྨིན་མཛད་པའི། །རིགས་ཀྱི་མཁའ་འགྲོ་རྣམས་ལ་འདུད། །མཐུ་སྟོབས་རྡོ་རྗེའི་མེ་ཆར་གྱིས། །ལོག་འདྲེན་བདུད་སྡེའི་བྲག་གི་རི། །ཕྱེ་མར་འ
【漢語翻譯】 嗡,向著喜樂擁抱。 于紅黑火焰力量的中央, 證悟樂空雙運的, 偉大本性的頂髻上, 忿怒威猛的青黑色,右手持金剛杵, 左手持期克印。 發間閃耀著威力的馬鳴聲, 紅色的豬面母手持鉞刀和顱碗, 豬面發出哼聲,安住於火焰之中。 八瓣提拉蓮花之上, 金剛、珍寶、蓮花和, 事業空行母各具方位之顏色, 右側持法輪、卡章嘎, 火焰輪、高舉寶劍, 左側持顱血於心間。 身著尸林裝束,舞姿優雅, 於火焰之中,忿怒威猛地燃燒。 四方有各種誓言物, 以及世間事業的四空行母, 日、月、黃金、銅和, 天鐵所製的千輻輪發出巨響。 半身形象,光彩奪目,忿怒威猛地燃燒, 四門有獸面,豬面和, 狗面、貓頭鷹面四者。 右側各持自身顏色之鈴鐺搖動, 左側各持自身標誌之法器。 卡章嘎舞動,或伸或屈而安住。 此外還有成千上萬的空行眾, 如日光塵埃般顯現, 從三處所發出的光芒, 從自性凈土的海洋中, 智慧勇識如自身一般, 如烏雲般涌現降臨。 吽!從密嚴剎土空行凈土和鄔金(烏仗那)之地, 以及所有處所尸林中, 智慧空行母及其眷屬, 首先祈請降臨於此地, 于無二大穩固中安住, 于等同剎土微塵數的化身前頂禮。 五蘊、五大、五妙欲, 五肉、甘露、藥物朵瑪拉叉, 誅殺怨敵魔障之血肉骨, 脂肪、腦髓、油脂、骨髓內臟等, 以及顯現、聲響、動搖的分別念等, 外內秘密供養,遍佈虛空。 吽 班雜 達給尼 僧哈 穆卡 哈日尼 薩薩 帕日瓦ra 薩日瓦 布雜 卡卡嘿。 吽!從周遍光明、不可言說的法界中, 三身空行母是色身的伴侶, 于所化眾生的水池中無礙地, 無數與其相同者顯現,讚歎! 從無間斷大悲的云聚中, 以四種事業的大雨, 成熟二成就之妙果的, 各部空行母,我頂禮! 以威力金剛的火雨, 將邪見魔眾的巖石山, 化為粉
【英語翻譯】 Om, embracing with bliss. In the center of the red-black flames of power, To the crown of the great being who unites bliss and emptiness, The wrathful and fierce dark blue, right hand holding a vajra, Left hand holding a threatening mudra. The sound of powerful horse neighs resounds in the hair, The red sow-faced one holds a curved knife and skull cup, The sow-face grunts, residing in the flames. Upon the eight-petaled Tira lotus, Vajra, jewel, lotus, and, The karma dakinis of the directions with their respective colors, The right ones hold a wheel, khatvanga, A flaming wheel, and raise a sword. The left ones hold skull cups filled with blood at their hearts. Adorned with charnel ground ornaments, they dance gracefully, Burning wrathfully and fiercely in the flames. In the four directions are various samaya substances, and, The four worldly karma dakinis, With sun, moon, gold, copper, and, Iron thousand-spoked wheels clashing. Half-formed, radiant, burning wrathfully and fiercely, At the four gates are animal faces, sow faces, and, Dog faces, owl faces, the four. The right ones play their own colored hand drums, The left ones hold their own emblems. Khatvangas dance, extending and contracting, residing. Furthermore, hundreds of thousands of dakini hosts, Clear like sunbeams and dust storms, With rays of light emanating from the three places, From the ocean of the natural realm, Wisdom beings like themselves, Appear and descend like dense rain clouds. Hūṃ! From the Akanishta pure land, the land of the dakinis, and the land of Oddiyana, And from all charnel ground places, The wisdom dakinis with their retinues, First, I invite you to come to this place, Reside in the great indivisible stability, I prostrate to the emanations equal to the number of atoms in the realms. The five aggregates, five elements, five objects of desire, The five meats, nectar, medicine, torma, rakta, The flesh, bones, and blood of enemies and obstructors slain, Fat, marrow, oil, bone marrow, inner organs, and, The thoughts of appearance, sound, and movement, etc., Outer, inner, and secret offerings, filling the field of space. Hūṃ Vajra Ḍākinī Siṃhamukhā Harinisa Sasa Parivara Sarva Puja Khāhi. Hūṃ! From the all-pervading, clear, inexpressible Dharmadhatu, The three kayas of dakinis are the companions of the form body, Unobstructed in the water-like minds of those to be tamed, Numberless similar ones arise, I praise! From the uninterrupted cloud of compassion, With the great rain of the four activities, Ripening the excellent fruit of the two siddhis, To the dakinis of the lineages, I bow! With the power of the vajra fire rain, Turning the mountain of rock of the heretical demon hordes, Into powd
============================================================
================== 第 5 段 ================== 【原始藏文】 ཐགས་མཛད་མཁའ་འགྲོའི་ཚོགས། །འཁོར་དང་བཅས་ལ་གུས་པས་བསྟོད། །རྟེན་དང་བརྟེན་པར་བཅས་པ་ཀུན། །སྣང་སྟོང་གཉིས་མེད་དག་པའི་སྐུའི། །སྤྱི་བོར་འཁོར་ལོ་རྩིབས་བཞིར་ཨཱོཾ། །མགྲིན་པར་པདྨའི་ལྟེ་བར་ཨཱཿ ། སྙིང་གར་རྡོ་རྗེ་རྒྱ་གྲམ་གྱི། །དབུས་སུ་རང་རྟགས་གྲི་གུག་གི། ལྟེ་བར་ཉི་མར་གཙོ་མོ་དང་། །རིགས་བདག་ཡབ་ཀྱི་ཐུགས་ཀར་ཧཱུྃ། །འཁོར་བཞིར་ཧ་རི་ནི་སས་མཚན། །ཕག་མོ་ཤུགས་འགྲོར་བཅས་པར་མ། དེ་རྣམས་མཐའ་མར་བཟླས་པའི་སྔགས། །འོད་དམར་ཚ་བའི་འཕྲེང་ཐག་ཅན། །སྔགས་གཡས་ཕྲེང་ཐག་གཡོན་སྐོར་དུ། །འཁོར་བས་རིགས་བདག་ཡབ་ཡུམ་གྱིས། །འབུམ་ཕྲག་མཁའ་འགྲོ་དབང་དུ་བསྡུས། །བདུད་འདུལ་ནག་མོས་མོ་བརྒྱུད་ཀུན། །ལས་ལ་བཀོལ་ཏེ་དྷཀྐིའི་སྲོག །ཡིག་འབྲུ་རྣམས་ཀྱིས་བརྒྱུད་བསྐུལ་བས། །བདག་གི་དབང་དུ་ཀུན་འདུས་ནས། །ཅི་བཅོལ་ལས་བྱེད་དངོས་གྲུབ་སྩོལ། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ཡིས། །རྒྱལ་བ་ཀུན་མཆོད་འགྲོ་སྒྲིབ་སྦྱངས། །དགྲ་བགེགས་ཚར་བཅད་མཆོག་ཐུན་གྱི། །ལེགས་ཚོགས་དཔལ་ལ་སྤྱོད་པར་བསམ། །རྩ་བའི་བསྙེན་སྒྲུབ་ཀྱི་སྔགས་ནི། ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་སརྦ་ས་མ་ཡ་ཙིཏྟ་ཧྲིང་ཛ་སིདྡྷི་ཧཱུྃ༔ མང་ཉུང་སྐབས་མཐུན་ལྟར་བཟླས་པའི་མཇུག་ཏུ། །བཛྲ་པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྟ་མ་ཧཱ་སརྦ་པཉྩ་རཀྟ་བྷ་ལིངྟ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ༔ ཆོས་སྐུའི་བདག་ཉིད་སྐུ་གསུམ་མཁའ་འགྲོའི་གཙོ༔ ཡེ་ཤེས་ལས་གྲུབ་དབྱིངས་ཀྱི་དྷཀྐི་མ༔ བདུད་དང་མུ་སྟེགས་ལོག་འདྲེན་དགྲ་བགེགས་གཤེད༔ བདུད་འདུལ་སེང་གདོང་མཁའ་འགྲོར་ཕྱག་འཚལ་བསྟོད༔ དེ་ནས་བསྲུང་བའི་སྒོམ་བཟླས་ལ་འཇུག་པར་འདོད་ན། ཨཱོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅་ཧཾ༔ ཞེས་བརྗོད་པས་སྔར་གྱི་དམིགས་པ་ཡང་ཡང་གསལ་བཏབ་ཏེ། དེ་ལྟར་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་དང་། གཞན་ཡང་གཞལ་ཡས་ཀྱི་ཁང་པ་སྒོ་གྲུ་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དེ་ཉིད་གནམ་ལྕགས་ལས་གྲུབ་པའི་ཕོ་བྲང་འཇིགས་ཤིང་བརྗིད་ལ། རྔམ་ཞིང་འཁྲུགས་པ། །ཚ་ཞིག་བསྲེགས་པར་གནས་གྱུར་ཏེ། དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཚ་བའི་ཟེར་རྣོ་བའི་ངར་དང་ལྡན་པའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ལས་གྲུབ་པའི་གྲི་གུག་མེ་ཤིན་ཏུ་འབར་བའི་གུར་ཁང་། དེའི་ཕྱི་རོལ
【漢語翻譯】 行持事業空行眾,偕同眷屬敬頂禮。 所依能依一切法,顯空無二清凈身。 頂輪四輻輪中央,嗡(藏文:ཨཱོཾ,梵文天城體:ओ,梵文羅馬擬音:oṃ,漢語字面意思:嗡)。 喉間蓮花之臍中,阿(藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,漢語字面意思:阿)。 心間金剛交杵之,中央自性彎刀相。 臍間日輪主母及,種姓之主父尊心,吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)。 四周圍繞哈日尼薩,母豬猛厲行母為伴。 彼等末尾唸誦之咒,具足紅色熾熱之鬘。 咒語右旋鬘繩左繞,輪轉種姓父母尊。 百萬空行攝為己用,調伏魔眾黑母及眾母。 役使事業顱器命,以諸字句勸請故。 我之權下悉彙集,任憑差遣成事業,祈賜成就。 咒之光芒放射與收攝,供養諸佛凈眾生障。 誅滅仇敵魔障勝共之,思維受用善聚與吉祥。 根本念修之咒語是: 吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽) 班雜 達吉尼 辛哈 穆夏 哈日尼薩 薩瓦 薩瑪雅 哲達 舍楞 雜 悉地 吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽) 隨力唸誦之末尾,金剛花,香,燈,涂香,食子, ശബ്ദമഹാസർവ്വപഞ്ചരക്തബലിംഗതപൂജാഖഖഖാഹിഖാഹി 吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽) 法身自性三身空行之主母, 智慧所成法界之顱器母。 調伏魔眾外道邪引仇敵魔障者, 頂禮讚嘆調伏魔眾獅面空行母。 此後若欲入于守護之修誦,則唸誦:嗡 瑜伽修達 薩瓦 達瑪 瑜伽修多 杭(藏文:ཨཱོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅་ཧཾ,梵文天城體:,梵文羅馬擬音:oṃ yoga śuddhaḥ sarva dharmāḥ yoga śuddho』haṃ,漢語字面意思:嗡,瑜伽清凈,一切法,瑜伽我清凈)。 如是再三明觀先前之觀想,如是生起次第本尊之瑜伽,以及其他宮殿門樓階梯等,一切特徵皆圓滿,其自性乃天鐵所成之宮殿,怖畏且雄偉,威猛且喧囂,熾熱焚燒之境,其外圍乃具足千輻天鐵之輪,具足熾熱光芒銳利之焰鬘,其外圍乃天鐵之金剛火焰猛烈燃燒之焰鬘,其外圍乃天鐵所成之彎刀火焰極度燃燒之焰鬘,其外圍
【英語翻譯】 Homage with reverence to the hosts of Dakinis who perform activities, together with their retinues. All that are the support and the supported, are the pure body of indivisible appearance and emptiness. At the crown of the head, in the four-spoked wheel, Oṃ (藏文:ཨཱོཾ,梵文天城體:ओ,梵文羅馬擬音:oṃ,漢語字面意思:嗡). At the throat, in the center of the lotus, Āḥ (藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,漢語字面意思:阿). At the heart, in the center of the crossed vajra, the self-symbol of the curved knife. At the navel, on the sun disc, the chief consort and, at the heart of the Father, Lord of the Family, Hūṃ (藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽). Around the four directions, marked with Ha Ri Ni Sa, the sow accompanied by the Swift-Going One. The mantra recited at the end of all these, has a garland of red, hot light. The mantra circles to the right, the garland to the left, the Father and Mother, Lords of the Family, Subjugate a hundred thousand Dakinis. The Black Tamer of Demons and all the Mothers, Set to work the life of the Ḍhakki. By urging the lineage with the letters, Gathered under my power, accomplish whatever is entrusted to me, grant Siddhi. By the rays of light that emanate and gather from the mantra, offer to all the Victorious Ones and purify the obscurations of beings. Cut off enemies and obstacles, think of enjoying the wealth of the best and ordinary good qualities. The root mantra for approach and accomplishment is: Hūṃ (藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽) Vajra Ḍhakkiṇī Siṃha Muṣa Ha Ri Ni Sa Sarva Samaya Citta Hriṃ Ja Siddhi Hūṃ (藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽) At the end of reciting as much or as little as appropriate, Vajra Puṣpe. Dhūpe. Āloke. Gandhe. Naivedya. Śapta Mahā Sarva Pañca Rakta Bhaliṃta Pūja Kha Kha Khāhi Khāhi. Hūṃ (藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽) The Dharmakāya essence, chief of the three-bodied Dakinis, The Ḍhakki Ma of the sphere, accomplished from wisdom, Slayer of demons, heretics, misleaders, enemies, and obstacles, Homage and praise to the Lion-Faced Dakini, Tamer of Demons! Then, if you wish to engage in the meditation and recitation of protection, recite: Oṃ Yoga Śuddhaḥ Sarva Dharmāḥ Yoga Śuddho』haṃ (藏文:ཨཱོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅་ཧཾ,梵文天城體:,梵文羅馬擬音:oṃ yoga śuddhaḥ sarva dharmāḥ yoga śuddho』haṃ,漢語字面意思:Om, Yoga is pure, all dharmas, Yoga I am pure). Having said this, clarify the previous visualization again and again. Thus, the yoga of the deity of the generation stage, and also the palace, doors, corners, stairways, etc., all the characteristics being completely perfect, that very nature is a palace made of meteoric iron, fearsome and majestic, fierce and turbulent, a place transformed into heat and burning. Outside of that, a tent with a thousand-spoked wheel of meteoric iron, possessing the sharp intensity of hot rays. Outside of that, a tent of meteoric iron vajra blazing with fire. Outside of that, a tent of meteoric iron curved knives blazing intensely with fire. Outside of that,
============================================================
================== 第 6 段 ================== 【原始藏文】 ་དུ་གནམ་ལྕགས་ཀྱི་ཕུར་པ་དབལ་ཤིན་ཏུ་རྣོ་ཞིང་ཁྲོ་ཆུའི་ཚྭ་ཚྭ་འཕྲོ་བའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་དགྲ་སྟྭ་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ལས་གྲུབ་པའི་ཁ་ཊྲཱཾ་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ཞུན་མའི་རལ་གྲི་འབར་པའི་གུར་ཁང་། དེའི་ཕྱི་རོལ་དུ་མེ་རི་དམར་ནག་དྲག་ཏུ་འབར་ཞིང་རབ་ཏུ་འཚེགས་པའི་གུར་ཁང་། དེའི་ཕྱི་རོལ་དུ་བསྐལ་པའི་རླུང་ཆེན་པོ་སྤུ་གྲི་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་བྱད་མ་དགྲ་བགེགས་ཐམས་ཅད་སོད་ཆོད་གཏུབས་ཤིག་ལ་སོགས་པའི་སྟོང་ཉིད་སྒྲ་ཡི་གུར་ཁང་། གུར་ཁང་དེ་རྣམས་ཀྱི་བར་མཚམས་དང་དྲ་མིག་རྣམས་ཀྱི་མཚམས་མཚམས་རྣམས་སུ། སྤྲུལ་པའི་མཁའ་འགྲོ་སྐུ་མདོག་སྣ་ཚོགས་ཀྱི་མདོག་ཅན་ཕྱག་ན་སྣ་ཚོགས་འབར་པའི་མཚོན་ཆ་ཐོགས་པ། འཇིགས་ཤིང་རྔམས་པ། དཔའ་ཞིང་སྒེག་པ་གྲངས་མེད་དཔག་ཏུ་མེད་པ་སྐར་ལྟར་འཁྲུག་ཅིང་ཀློག་ལྟར་འཁྱུགས་པ། ཞལ་ནས་བསྲུང་བའི་སྔགས་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུ་སྒྲོགས་པ། སྐུ་ལུས་གཞལ་ཡས་ཁང་གུར་ཁང་དང་བཅས་པ་ཐམས་ཅད་ཀྱི་ཚ་ཟེར་རབ་ཏུ་འཁྲུགས་པས་གནོད་བྱེད་ལྷ་སྲིན་སྡེ་བརྒྱད་རྒྱལ་བསེན་འབྱུང་པོ་བན་བོན་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་རྡུལ་ཕྲན་དུ་བརླག་པའི་རང་བཞིན་ཅན་དུ་གྱུར། རང་ཉིད་མཁའ་གྲོའི་གཙོ་མོ་བདུད་འདུལ་མར་གསལ་བའི་སྤྱི་གཙུག་རིགས་བདག་ཡབ་ཡུམ་གྱི་ཐུགས་ཀར་བླ་མ་སློབ་དཔོན། གཡས་སུ་བསྲུང་བྱ་ཕོ་རྒྱུད། གཡོན་དུ་མོ་རིགས། འོག་ཏུ་ནོར་རྫས། མདུན་དུ་བྲན་གཡོག །རྒྱབ་ཏུ་ཞིང་ཁང་། དེ་ཐམས་ཅད་ཀྱང་གཞལ་ཡས་ཁང་ལྷ་དང་ལྷ་མོའི་རང་བཞིན་ལས་གཞན་དུ་མ་གྲུབ་ཅིང་གཉིས་སུ་མི་གནས་པ། གཙོ་མོའི་གནས་རྣམས་དང་བ་སྤུའི་འོད་ཀློང་རེ་རེ་ནས་ཀྱང་སྤྲུལ་པ་དང་ཡང་སྤྲུལ་ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པ་འཕྲོ་ཞིང་བསྲུང་བའི་ལས་བྱེད་པ། འཁོར་གྱི་མཁའ་འགྲོ་སྤྲུལ་པའི་ལས་བྱེད་ཐམས་ཅད་ཀྱང་ཞལ་ནང་དུ་གཟིགས་ཤིང་བར་ཆད་བཟློག་པ་དང་དངོས་གྲུབ་སྟེར་བ། རང་གི་ཐུགས་ཀར་འཁོར་ལོས་མཚན་པའི་གྲི་གུག་གི་ལྟེ་བར་ས་བོན་ཧཱུྃ་གི་ཧ་ཁོག་གི་ནང་དུ་རང་དང་བསྲུང་བྱའི་རྣམ་པར་ཤེས་པ་ཡི་གེ་ནྲི་ལྗང་གུ་གསལ་ལ་མདངས་དང་ལྡན་པ་སྣུམ་ལ་འོད་ཟེར་འཚེར་བར་གསལ་བའི་ཧཱུྃ་ལས་འོད་ཟེར་དང་ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པ་ནམ་མཁའི་ཁམས་གང་བར་སྤྲོས་པས་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་དང་བྱིན་རླབས། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་མ
【漢語翻譯】 其中有天鐵橛,橛頭極其鋒利,且有忿怒之水嘩嘩作響的帳篷。其外有天鐵敵斧燃燒的帳篷。其外有天鐵所成的卡杖嘎燃燒的帳篷。其外有天鐵熔漿之劍燃燒的帳篷。其外有紅黑火焰山劇烈燃燒且極度熾盛的帳篷。其外有劫末大風毛髮之刃燃燒的帳篷。其外有盡皆斬殺鎮壓一切詛咒、邪魔等的空性之聲帳篷。這些帳篷的間隙和網眼的縫隙處,化現的空行母身色各異,手持各種燃燒的兵器,恐怖而威猛,英勇而嫵媚,無數不可思議,如繁星般涌動,如閃電般劃過。口中發出守護咒語之聲,如千龍齊鳴。身之壇城及所有帳篷的熾熱光芒,將所有作祟的八部鬼神、兇猛鬼怪、妖魔外道、詛咒神靈等全部化為微塵。自身觀想為明觀空行母之主,于頭頂,種姓之主父母雙尊心間,觀想上師。右側觀想所守護的男性,左側觀想女性,下方觀想財物,前方觀想奴僕,後方觀想田地房屋。這一切也皆是壇城本尊及佛母之自性,而非其他,亦不住於二元對立。從主尊的各個處所和每一毛孔的光芒中,都散發出無數的化身、再化身和近化身,行持守護之事業。所有眷屬空行母化身的事業,都注視著本尊的臉龐,遣除障礙並賜予成就。于自身心間,以輪相為標誌的彎刀中央,在種子字 吽 (藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)的哈字之中,觀想自身與所守護者的識,為綠色明亮且富有光澤,油潤而閃耀的 吽 (藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)字,從 吽 (藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)字中散發出無量光芒和忿怒尊的眷屬,充滿整個虛空界,從而迎請諸佛菩薩及其眷屬的慈悲和加持。以及世間
【英語翻譯】 Among them, there is a tent with a sky-iron stake, the stake head is extremely sharp, and the angry water is gurgling. Outside of it, there is a tent with a burning sky-iron enemy axe. Outside of it, there is a tent with a khatvanga made of sky-iron burning. Outside of it, there is a tent with a sword of molten sky-iron burning. Outside of it, there is a tent with a red and black volcano burning fiercely and extremely intensely. Outside of it, there is a tent with the blade of the great kalpa wind burning. Outside of it, there is a tent of emptiness sound that slaughters and suppresses all curses, demons, etc. In the gaps between these tents and the gaps between the meshes, emanated dakinis of various colors, holding various burning weapons in their hands, terrifying and majestic, brave and charming, countless and inconceivable, surging like stars and flashing like lightning. From their mouths, the sound of protective mantras is emitted, like the roar of a thousand dragons. The blazing light of the body mandala and all the tents transforms all the disturbing eight classes of gods and demons, fierce ghosts, heretics, cursed spirits, etc., into dust. Visualize yourself as the chief of the dakinis, clearly visualizing the subduer of demons. On the crown of your head, visualize the lineage lord, the father and mother, in the heart, visualize the guru. On the right, visualize the male to be protected, on the left, visualize the female, below, visualize wealth, in front, visualize servants, and behind, visualize fields and houses. All of these are also the nature of the mandala deity and the Buddha-mother, and not other, and do not abide in duality. From each place of the main deity and each pore of light, countless emanations, re-emanations, and near-emanations emanate, performing the work of protection. All the retinue dakini emanations look at the face of the main deity, removing obstacles and bestowing accomplishments. In your own heart, in the center of the curved knife marked with a wheel, within the ha of the seed syllable Hūṃ (藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽), visualize the consciousness of yourself and the one to be protected, as a green, bright, and lustrous letter Ṇrī, clear, oily, and radiant. From the Hūṃ (藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽) syllable, countless rays of light and hosts of wrathful deities emanate, filling the entire expanse of the sky, thereby inviting the compassion and blessings of the Buddhas and Bodhisattvas and their retinues. And the worldly
============================================================
================== 第 7 段 ================== 【原始藏文】 ཐུ་སྟོབས་དང་ནུས་པ་ཐམས་ཅད་བསྡུས་ནས་བདག་དང་བསྲུང་བྱ་ལ་བསྟིམ། སླར་ཡང་འོད་ཟེར་དང་ཁྲོ་ཆུང་གོང་ལྟར་སྤྲོས་པས་ཕྱི་སྣོད་འབྱུང་བའི་བཅུད་དང་དངས་མ། བྱད་མ་དགྲ་བོས་བསྒོམས་པའི་བསྲུང་བའི་འཁོར་ལོ་རྣམས་བཀུག་སྟེ་རང་དང་བསྲུང་བྱ་གུར་ཁང་རྣམས་ལ་བསྟིམས་པས་ཅིས་ཀྱང་མི་ཤིགས་པ་སྲ་ཞིང་མཁྲེགས་པ་རྡོ་རྗེ་ཕ་ལམ་གྱི་རང་བཞིན་དུ་གྱུར། སླར་ཡང་འོད་ཟེར་དང་ཁྲོ་ཆུང་གོང་ལྟར་སྤྲོས་པས་ནང་བཅུད་སྐྱེ་འགྲོ་ཀུན་གྱི་ཚེ་དང་བསོད་ནམས་བྱད་མའི་སྲོག་དང་ཚེའི་དངས་མ་བསྡུས་ནས་རང་ལ་བསྟིབ་ཞིང་ཁྱད་པར་དུ་རང་དང་བསྲུང་བྱའི་བླ་ཚེ་ལྷ་སྲིན་སྡེ་བརྒྱད་ཀྱིས་ཁྱེར་བ། རྦོད་གཏོང་མཁན་གྱིས་བཀུགས་བ་སོགས་ཀྱིས་འཁྱོམས་སྲིད་ན། དེ་ཉིད་རྒྱ་མཚོའི་གླིང་བར། རི་བོའི་ལྕོག་བར། ཉི་ཟླའི་ཐེབ་བར། སྤྲིན་གྱི་གོ་དབར། གཤིན་རྗེའི་ལྟོ་བ། ཆུ་སྲིན་གྱི་གྲེ་བ། བྱེད་མའི་ཧོམ་ཁུང་། གཏད་ཀྱི་ལིང་ཁོག་གང་ན་གནས་ཀྱང་ཁྲོ་མོ་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཕྲོག་ཧཱུྃ་གི་རྣམ་པས་བྱས་ནས་རང་དང་བསྲུང་བྱའི་སྙིང་ཁའི་ས་བོན་སྔགས་ཕྲེང་ནྲི་ཡིག་དང་བཅས་པ་ལ་ཐིམས་པས་ཆེས་ཆེར་གཟི་བརྗིད་འབར་ཞིང་དྲག་རྩལ་ནུས་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་པར་བསམ་ཞིང་། ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཁ་ཧ་རི་ནི་ས་བདག་ཅག་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་སྲུངས་ཤིག་རཀྵ་རཀྵ་སིདྡྷི་སྭཱ་ཧཱ༔ ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཁ་ཧ་རི་ནི་ས་བཛྲ་ཧ་དེ་དུ་ལིང་ནག་མོས་སྲུངས༔ ཨེ་བུ་ཏ་མ་ཕཊ༔ བསྲུང་བཟློག་འདོན་བསྒྲིགས་ཚོར་བསྲུང་བའི་སྔགས་རྗེས་མ་འདི་ཆེར་མེད་པ་འདྲ་ཞིག་འདུག་ཀྱང་ཟབ་གནད་ཆེ་བས་འདིར་བཀོད་པ་ཡིན་པས་སྔགས་འདི་རྣམས་བརྒྱ་སྟོང་ཁྲི་འབུམ་སྐབས་བསྟུན་བཟླ་བར་བྱ་ཞིང་ཐུན་མཚམས་སུ་མཆོད་བསྟོད་གོང་ལྟར་བྱའོ། །དེ་ནས་བཟློག་པའི་འདོན་སྒོམ་ནི། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་པ་ཙམ་གྱིས་བསྲུང་བའི་གཞལ་ཡས་ཁང་དེ་ཉིད་ཀྱང་ཁྲོ་ཆུ་ཞུན་མ་ལས་གྲུབ་པ་རྔམ་ཞིང་འཁྲུགས་པ་སྟོབས་ལྡན་རབ་ཏུ་འཇིགས་པའི་ཕོ་བྲང་དུ་གྱུར་ཏེ། དེའི་ཕྱི་རོལ་གྱི་འཁོར་ལོ། རྡོ་རྗེ། གྲི་གུག །ཕུར་པ། དགྲ་སྟྭ། ཁ་ཊྲཱཾ། རལ་གྲི། མེ། རླུང་། སྟོང་པ་སྒྲ་ཡི་གུར་ཁང་དང་བཅས་པ་ཐམས་ཅད་ཀྱང་འཁོར་རབ་ཏུ་འཁོར། འཁྲུག་རབ་ཏུ་འཁྲུགས། འཚེག་རག་ཏུ་འཚེགས། སྐྱོད། རབ་ཏུ་བསྐྱོད་པས་གནོད་བྱེད་བྱད་མ་ལྷ་སྲུང་གདོན་བགེགས་འབྱུང་པོ་ཐམས་ཅ
【漢語翻譯】 將所有的力量和能力聚集,融入到我和被守護者身上。再次像之前一樣散發光芒和忿怒之小者,將外部容器世界的精華和清凈之物,以及詛咒師、敵人們所修持的守護輪全部勾召,融入到自己和被守護者的帳篷中,使其堅不可摧,堅硬如金剛石的自性。再次像之前一樣散發光芒和忿怒之小者,將內部精華一切眾生的壽命和福德,以及詛咒的生命和壽命的精華聚集,融入到自己身上,特別是自己和被守護者的魂命被神靈、妖魔、八部眾奪走,或者被施咒者勾走等可能動搖的情況下,無論其位於海洋的島嶼上、山頂上、日月之上、雲層之中、死主的腹中、鱷魚的喉嚨里、詛咒師的火供坑中、替身的靈柩中,忿怒母們都以智慧之眼觀照,以神通之力奪取,化為吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)字形,融入到自己和被守護者心間的種子字和咒語鏈條以及「ནྲི」字中,觀想變得極其光輝熾盛,具足猛烈的力量、能力和威力,毫無阻礙。唸誦:吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽) 班雜 達吉尼 辛哈木卡 哈日尼 薩,守護我等和被守護者人、財、眷屬,守護、守護,成就 梭哈! 吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽) 班雜 達吉尼 辛哈木卡 哈日尼 薩 班雜 哈 德 杜 玲 納摩色 守護! 誒 布 達 瑪 啪! 守護、遣除、唸誦、修持,感覺守護的後續咒語似乎不太完整,但因其意義深奧,故在此記錄,因此這些咒語應根據情況唸誦百、千、萬、十萬遍,在段落之間如前供養讚頌。然後是遣除的唸誦修持:僅僅唸誦「吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽) 吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽) 吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)」,守護的宮殿也變成由忿怒之熔巖構成,威猛、動盪、強力、極其恐怖的宮殿。其外部的輪、金剛杵、彎刀、橛、敵箭、喀章嘎、寶劍、火、風、空以及聲音的帳篷等一切也都旋轉、極其旋轉,動盪、極其動盪,燃燒、極其燃燒,移動、極其移動,使作害的詛咒、神靈、妖魔、鬼怪、生靈全部
【英語翻譯】 Gathering all strength and power, infuse them into myself and the one to be protected. Again, emanate light rays and wrathful small ones as before, summoning the essence and purity of the outer container world, and all the protective wheels meditated upon by cursers and enemies, and infuse them into myself and the protective tent, making it unbreakable, solid and hard, becoming the nature of diamond. Again, emanate light rays and wrathful small ones as before, gathering the life and merit of all sentient beings in the inner essence, and the essence of the curse’s life and lifespan, and infuse them into myself, especially if the life force of myself and the one to be protected is taken away by gods, demons, and the eight classes of beings, or swayed by those who cast spells, etc. Wherever it may be located, whether on an island in the ocean, on a mountaintop, on the sun and moon, in the clouds, in the belly of Yama, in the throat of a crocodile, in the homa pit of a curser, or in the coffin of a substitute, the wrathful mothers see with their eyes of wisdom, and seize it with the power of magical ability, transforming it into the form of Hūṃ (Tibetan: ཧཱུྃ, Sanskrit Devanagari: हुं, Sanskrit Romanization: hūṃ, Literal Chinese meaning: Hūṃ), and infuse it into the seed syllable and mantra chain at the heart of myself and the one to be protected, as well as the syllable “ནྲི”, visualizing it becoming extremely radiant and blazing, possessing fierce strength, ability, and unobstructed power. Recite: Hūṃ (Tibetan: ཧཱུྃ, Sanskrit Devanagari: हुं, Sanskrit Romanization: hūṃ, Literal Chinese meaning: Hūṃ) Vajra Ḍākinī Siṃhamukha Harini Sa, protect us and the people, wealth, and retinue to be protected, protect, protect, accomplish Svāhā! Hūṃ (Tibetan: ཧཱུྃ, Sanskrit Devanagari: हुं, Sanskrit Romanization: hūṃ, Literal Chinese meaning: Hūṃ) Vajra Ḍākinī Siṃhamukha Harini Sa Vajra Ha De Du Ling Nagmo Se Protect! E Bu Ta Ma Phat! The subsequent mantra for protection, repulsion, recitation, and arrangement seems to be somewhat incomplete, but because its meaning is profound, it is recorded here. Therefore, these mantras should be recited hundreds, thousands, tens of thousands, or hundreds of thousands of times as appropriate, and offerings and praises should be made as before in between sessions. Then, the recitation and meditation of repulsion: Just by reciting “Hūṃ (Tibetan: ཧཱུྃ, Sanskrit Devanagari: हुं, Sanskrit Romanization: hūṃ, Literal Chinese meaning: Hūṃ) Hūṃ (Tibetan: ཧཱུྃ, Sanskrit Devanagari: हुं, Sanskrit Romanization: hūṃ, Literal Chinese meaning: Hūṃ) Hūṃ (Tibetan: ཧཱུྃ, Sanskrit Devanagari: हुं, Sanskrit Romanization: hūṃ, Literal Chinese meaning: Hūṃ)”, the protective palace itself also transforms into a fierce, turbulent, powerful, and extremely terrifying palace made of wrathful molten lava. All of its outer wheels, vajras, curved knives, pegs, enemy arrows, khaṭvāṅgas, swords, fire, wind, emptiness, and sound tents also spin, spin extremely, agitate, agitate extremely, burn, burn extremely, move, move extremely, causing all harmful curses, gods, demons, ghosts, and spirits to
============================================================
================== 第 8 段 ================== 【原始藏文】 ད་དམར་ཉལ་ཉལ་གཏུབས། བསྲུང་བའི་སྒྲུབ་བྱ་ཕོ་མོ་རྣམས་ཁྲོ་བོ་དང་ཁྲོ་མོ། ནོར་རྫས་ཞིང་ཁང་རྣམས་བཀྲ་ཤིས་པའི་རྫས་དང་། རྒྱལ་སྲིད་རིན་པོ་ཆེའི་རྣམ་པར་གསལ་ཞིང་། གཙོ་མོའི་སྤྲུལ་པ་འཁོར་ལས་བྱེད་བྱེ་བ་ས་ཡ་མང་པོའི་ཞལ་ནས་ཟློག་པའི་དྲག་སྔགས་འབྲུག་སྟོང་ལྡིར་བ་ཙམ་དུ་སྒྲོག་ཅིང་ཞལ་ཕྱིར་གཟིགས་ནས་བཟློག་པའི་ལས་མཛད་པར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་ཐུགས་ཀྱི་ངོ་བོ་རང་རྟགས་ཀྱི་ཕྱག་མཚན་ས་བོན་སོ་སོས་མཚན་པའི་མཐར་བཟློག་པའི་སྔགས་རྣམས་གཡོན་སྐོར་དུ་དྲག་ཏུ་འཁོར་བ་དེ་ལས་འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས་པའི་སྣེ་ལ་རབ་གཏུམ་འཁྲུགས་པའི་ཁྲོ་མོ་མཚོན་ཆ་མི་བཟད་པ་ཐོགས་པ་འཇིག་རྟེན་གྱི་ཁམས་གང་བར་འཕྲོས་པས་བྱད་མ་དགྲ་བོའི་བསྲུང་བའི་གོ་བཤིག །ལྷ་བསྲུང་རང་གཤེད་ཕབས་ཏེ་མཚོན་ཆའི་ཆར་བབས་པས་བླ་སྲོག་རྟེན་དང་ཕྲལ། དགྲ་བགེགས་བྱད་མ་བན་བོན་ལྷ་བསྲུང་ཆོས་བོན་སྐྱོང་བའི་སྡེ་བརྒྱད་ཕྱི་ནང་གསང་བ་དང་བཅས་པ་ཐམས་ཅད་དབང་དུ་བསྡུས་ནས་རང་དབང་མེད་པར་བཀུག །བསྐྲད་གཟིར་མནན་བསྲེག་གཏུབས་ཏེ་མིང་ཡང་མེད་པར་ཐལ་བའི་རྡུལ་དུ་བཏང་། ཚེ་བསོད་རྣམས་ནྲི་ཡིག་དང་འོད་ཀྱི་རྣམ་པར་བྱས་ཏེ་རང་དང་བསྲུང་བྱར་བསྟིམས་པས་བཀྲག་མདངས་གཟི་བརྗིད་རྒྱས་པར་གྱུར་པར་བསམ་ལ། ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཤ་ད་ར་ཡ་ཧཱུྃ་ཕཊཿ དགྲ་བགེགས་བྱད་མ་ལྷ་བསྲུང་དང་བཅས་པ་ཐམས་ཅད་ནྲི་ཏྲི་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅི་ནུས་བཟླས་མཐར། གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་ཐམས་ཅད་ཀྱི་ཕྱག་གཡས་གཡོན་རྣམས་སུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དང་། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དང་། ཟངས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དང་། གནམ་ལྕགས་ལས་གྲུབ་པའི་སྤུ་གྲི་འབར་པའི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དང་། གསལ་བྱེད་ཉི་ཟླའི་དཀྱིལ་འཁོར་ལ་སོགས་ཐོགས་པ་རྣམས་ཆ་ལང་རྡེབ་པའི་བར་དུ་དགྲ་བགེགས་བྱད་མ་ལྷ་སྲུང་བན་བོན་ངན་པའི་ཚོགས་ཐམས་ཅད་དམར་ཕྲུ་ལུ་ལུར་བཅང་བས་ཤ་ཚལ་པ་ཁྲག་ཐིགས་པ་གཅིག་ཀྱང་མ་ལུས་པར་བྱ་སྒྲོ་མེ་ལ་བཤུར་བའམ་ཐལ་བ་རླུང་ལ་ཕྱར་བ་ལྟར་སོང་བར་གྱུར། ན་མོ། མཆོག་གསུམ་རྒྱལ་བ་རྒྱ་མཚོ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱད་པར་དུ་བདུད་སྡེའི་གཤེད་དུ་ཁྲོས་པ་དྲག་མོ་སེང་གེའི་གདོང་པ་ཅན་འཁོར་ཚོགས་སྤྲུལ་པ
【漢語翻譯】 現在將紅色之物切碎!守護的修法者男女化為忿怒尊和忿怒母。財物、田地、房屋等變為吉祥之物,王權如珍寶般顯現。主尊的化身,以及眷屬和使者,成千上萬乃至無數,從他們的口中發出遣除的猛咒,如千龍轟鳴般,面朝外,行遣除之事業。所有主尊和眷屬的心間,以心之自性、自性的標識、手印和種子字分別標示,其外環繞著遣除的咒語,以逆時針方向猛烈旋轉,從中放射出熾熱粗猛的光芒,光芒的末端,出現極度兇猛暴怒的忿怒母,手持無法忍受的兵器,遍佈整個世間,摧毀了詛咒和敵人的防護。降下神靈護法的自殺,降下兵器之雨,使生命和所依分離。將所有敵人、邪魔、詛咒、苯教徒、神靈護法、守護佛法的八部眾,包括內外秘密,全部控制,使其不由自主地被召喚而來。驅逐、折磨、鎮壓、焚燒、切割,使其名字也消失,化為灰塵。將壽命和福德化為「ནྲི་」(藏文,梵文天城體:नृ,梵文羅馬擬音:nṛ,人)字和光芒,融入自身和所守護者,觀想由此光彩、光芒和威嚴增長。唸誦:ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཤ་ད་ར་ཡ་ཧཱུྃ་ཕཊཿ (藏文,梵文天城體:हुं वज्र ढक्किनी सिंह मुष हरि नि स आकाश मर च श दर य हुं फट,梵文羅馬擬音:hūṃ vajra ḍhakkinī siṃha muṣa hari ni sa ākāśa mara ca śa dara ya hūṃ phaṭ,吽,金剛,空行母,獅子,偷盜,奪取,彼,虛空,殺,斷,呀,吽,啪!)遣除一切敵人、邪魔、詛咒和神靈護法,唸誦:ནྲི་ཏྲི་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔(藏文,梵文天城體:नृ त्रि मारय भ्यो भ्यो झोक झोक,梵文羅馬擬音:nṛ tri māraya bhyo bhyo jhok jhok,人,摧毀,殺,喝,喝,遣除,遣除!)盡力唸誦后,觀想所有主尊、眷屬、化身以及再化身,他們的左右手中持有天鐵製成的千輻輪,黃金製成的千輻輪,青銅製成的千輻輪,天鐵製成的燃燒的剃刀千輻輪,以及日月壇城等,在發出「恰朗」聲響的同時,將所有敵人、邪魔、詛咒、神靈、苯教徒和惡劣之眾,像切碎紅色之物一樣,切成肉塊,一滴血也不剩,像鳥毛在火中燃燒,或灰燼被風吹散一樣消失。頂禮!至尊三寶、諸佛海眾、根本上師和傳承上師,以及本尊壇城之眾,特別是化現為降伏魔眾的忿怒尊,具有兇猛獅面之相,以及眷屬和化身。
【英語翻譯】 Now, cut the red things into pieces! The male and female practitioners of protection transform into wrathful deities and wrathful mothers. Wealth, fields, and houses become auspicious objects, and the kingdom appears like a precious jewel. The emanations of the main deity, along with retinues and messengers, numbering in the millions, utter the fierce mantra of repulsion from their mouths, like the roar of a thousand dragons. Facing outwards, they perform the work of repulsion. In the hearts of all the main deities and retinues, the essence of mind, the symbols of self-nature, the hand implements, and the seed syllables are marked separately. Surrounding them are the mantras of repulsion, fiercely rotating counterclockwise. From this, hot and rough rays of light emanate. At the ends of the rays, wrathful mothers of extreme ferocity and agitation appear, holding unbearable weapons, filling the entire world, destroying the defenses of curses and enemies. They bring down the self-slaughter of gods and protectors, and the rain of weapons, separating life from its support. All enemies, obstructors, curses, Bonpos, gods, protectors, and the eight classes of Dharma protectors, including inner, outer, and secret aspects, are completely controlled and involuntarily summoned. They are expelled, tormented, suppressed, burned, and cut, their names disappearing, turning into dust. Life and merit are transformed into the syllable “Nri” (藏文,梵文天城體:नृ,梵文羅馬擬音:nṛ,meaning: man) and light, merging into oneself and the protected, visualizing that splendor, radiance, and glory increase. Recite: ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཤ་ད་ར་ཡ་ཧཱུྃ་ཕཊཿ (藏文,梵文天城體:हुं वज्र ढक्किनी सिंह मुष हरि नि स आकाश मर च श दर य हुं फट,梵文羅馬擬音:hūṃ vajra ḍhakkinī siṃha muṣa hari ni sa ākāśa mara ca śa dara ya hūṃ phaṭ,hūṃ vajra ḍhakkinī siṃha muṣa hari ni sa ākāśa mara ca śa dara ya hūṃ phaṭ!) Repel all enemies, obstructors, curses, and gods and protectors, reciting: ནྲི་ཏྲི་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ (藏文,梵文天城體:नृ त्रि मारय भ्यो भ्यो झोक झोक,梵文羅馬擬音:nṛ tri māraya bhyo bhyo jhok jhok,nṛ tri māraya bhyo bhyo jhok jhok!) After reciting as much as possible, visualize that all the main deities, retinues, emanations, and further emanations hold iron wheels with a thousand spokes, golden wheels with a thousand spokes, copper wheels with a thousand spokes, burning razor wheels made of iron with a thousand spokes, and mandalas of the sun and moon, etc., in their right and left hands. With the sound of “Chalang,” all enemies, obstructors, curses, gods, Bonpos, and evil beings are cut into pieces like red things, not leaving a single drop of flesh or blood, disappearing like bird feathers burning in fire or ashes scattered in the wind. Homage! To the supreme Three Jewels, the ocean of Buddhas, the glorious and precious root and lineage gurus, and the assembly of deities of the mandala, especially to the wrathful deity who manifests as the destroyer of demons, with a fierce lion face, and the retinue and emanations.
============================================================
================== 第 9 段 ================== 【原始藏文】 ་ཡང་སྤྲུལ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། རིག་འཛིན་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པའི་ནུས་མཐུ་ལ་བརྟེན་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་བྱུང་བའི་ནད་གདོན་བར་ཆད། ཆགས་ཆེ་ཉམ་ང་། ལོ་ཟླ་ཞག་དུས་ཀྱི་ཀེག་སྲི། དངོས་ཉམས་རྨི་ལམ་དུ་རྟགས་མཚན་རྟེན་འབྲེལ་ངན་པ། བྱུར་དང་བཀལ་ཡུག་བཀྲ་མི་ཤིས་པའི་མཚན་ངན་ཐམས་ཅད་དང་། ཕ་རོལ་གྱི་བན་བོན་སྔགས་པས་བཏང་བའི་རྦད་འདྲེ་རྦད་གཏོང་རིགས་སྔགས་ཀྱི་སྦྱོར་བས་ཧོམ་ལ་བསྲེགས་པ། རླུང་ལ་བསྐོར་བ་ཆུ་ལ་བསྐྱུར་བ། ས་ལ་མནན་པ་སོགས་ཀྱི་ནུས་པ་ཐམས་ཅད་དང་། བཙུན་པ་སྔགས་པ་བོན་པོ་སོགས་ལམ་ཉེས་པ་དམ་སྲི་འགོང་པོར་གྱུར་པའི་བསམ་ངན་སྦྱོར་རྩུབ་ཀྱི་མཐུ་ཐམས་ཅད་བྱད་མ་མཁན་པོ་ཁོ་རང་རྣམས་ཀྱི་སྟེང་དུ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག །ཐལ་མོ་ལན་དགུ་འམ་གསུམ་དུ་བརྡབ་ཅིང་བདེན་བརྗོད་ཀྱི་གྲངས་ཀྱང་དེ་དང་མཐུན་པར་བྱའོ། །ཕཊ་ཧཱུྃ་ཡ་ར་མ་ས་ར་ད་ཤ་ཙ་ར་མ་ས་ཀ་ཨ༔ ཉུང་ཙམ་བཟླའོ། ཏིང་འཛིན་སྔགས་དང་ཕྱག་རྒྱ་བདེན་ནུས་ཀྱིས། །རྦད་འདྲེ་རྦོད་གཏོང་བྱད་མའི་ནུས་པ་ཀུན། །རང་གཤེད་ལ་ཕབ་རྡུལ་དུ་བཤིགས་བྱས་ནས། །རྣམ་ཤེས་དབྱིངས་ཐིམ་གདོད་མའི་ས་ཐོབ་གྱུར། ཨ་ཨ། ཅེས་བརྗོད་ཅིང་དགོངས་པ་ཅུང་ཟད་བསྐྱང་ངོ་། །དེ་ལྟར་བསྲུང་བཟློག་ལ་བརྩོན་པར་བགྱིས་ན་གནས་སྐབས་མཐའ་ཐུག་གི་ཕན་ཡོན་མཐའ་དག་གཞུང་བཤད་ཇི་བཞིན་ངེས་པར་འབྱུང་བ་ནི་ཐེ་ཚོམ་མེད་དོ། །རྗེས་ཀྱི་རིམ་པ་ནི། རྒྱུན་འཁྱེར་གྱི་བསྲུང་བཟློག་གི་ཚེ་གོང་དུ་བཤད་པའི་མཆོད་བསྟོད་བསྡུས་པ་བྱ་ཞིང་། ཡིག་བརྒྱས་བཟོད་པར་གསོལ། སྣོད་བཅུད་གུར་ཁང་གཞལ་ཡས་འཁོར་དང་བཅས། །འོད་དུ་ཞུ་ནས་རང་ཐིམ་སྔགས་ཕྲེང་དང་། །ཐུགས་སྲོགས་ནཱ་དའི་བར་ཐིམ་འཇའ་ལྟར་ཡལ། །ཀ་དག་ཆོས་སྐུའི་ཀློང་དུ་ཨེ་མ་ཧོ། །སླར་ཡང་དེ་ཉིད་རྩལ་སྣང་འགག་མེད་ལས། །སྲུང་འཁོར་རྟེན་དང་བརྟེན་པར་བཅས་པ་ཀུན། །ཝལ་གྱིས་ཤར་བ་སྣང་སྟོང་གཉིས་མེད་ངང་། །སྒོ་གསུམ་རྡོ་རྗེ་གསུམ་གྱི་དཔལ་ལ་རོལ། །སྨོན་ཤིས་ནི། དགེ་འདིས་བདག་གཞན་ལུས་ཅན་སྲིད་མཚོ་ལས། །བསྒྲལ་ཏེ་མཁའ་སྤྱོད་གཙོ་མོའི་ས་ནོན་ཤོག །ཐུགས་རྗེ་བྱིན་རླབས་ནུས་མཐུ་ཡིད་བཞིན་ལྟར། །སྩོལ་མཛད་རྩ་གསུམ་རྒྱ་མཚོའི་བཀྲ་ཤིས་ཤོག །དེ་ལྟར་མཁའ་སྤྱོད་དྲག་མོའི་རིམ་གཉིས་ཀྱི། །ངང་ནས་ཞར་བྱུང་བསྲུང
【漢語翻譯】 以及所有誓言護法海眾的教令真實不虛,依靠持明我之真言、手印、三摩地的真實力量,祈願我等師徒施主眷屬等,從往昔的業和當下的因緣所生的疾病、邪魔、障礙,貪戀執著、恐懼不安,年月時辰的災煞厲鬼,實物損失、夢中出現不祥之兆、惡緣,災難和爭鬥、不吉祥的惡兆全部消除,以及他方苯教、咒師所施放的詛咒、惡鬼、詛咒之術,通過本尊咒語的加持在火供中焚燒,在風中飄蕩、水中遺棄、土地鎮壓等的所有力量,以及僧人、咒師、苯教徒等誤入歧途,變成違背誓言的厲鬼、惡鬼的惡念惡行之力量,全部降臨到作惡者和巫師他們自己的頭上,བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག(藏文)!拍手九次或三次,唸誦的真言數量也應與之相同。ཕཊ་ཧཱུྃ་ཡ་ར་མ་ས་ར་ད་ཤ་ཙ་ར་མ་ས་ཀ་ཨ(藏文,梵文天城體,phaṭ hūṃ ya ra ma sa ra da śa ca ra ma sa ka ā,摧毀 吽 呀 啦 嘛 薩 啦 達 夏 擦 啦 嘛 薩 嘎 阿)!唸誦少許。以三摩地、真言和手印的真實力量,所有詛咒、惡鬼、詛咒之術的力量,降臨到自己仇敵身上,粉碎成塵土,愿其心識融入法界,獲得原始本初之地。ཨ་ཨ(藏文)!唸誦后,稍作意念專注。如此精勤守護和回遮,則如經文所說,暫時和究竟的利益必定會產生,對此毫無懷疑。後續的次第是:在日常的守護和回遮時,應作以上所說的簡略供養和讚頌,唸誦百字明懺悔。器情世界、帳篷、宮殿連同眷屬,化為光融入自身,真言念珠和心間命脈間的明點融入,如彩虹般消失,在原始清凈法身的虛空中,唉瑪吙!再次從那無礙的自性顯現中,守護輪、所依和能依的一切,如閃電般顯現,在顯空不二的狀態中,享受身語意三金剛的榮耀。發願和吉祥祈願文是:以此善行,愿我等有情眾生從輪迴苦海中解脫,證得空行母的果位。如意賜予慈悲加持和力量的三根本海眾,吉祥如意!如是,從空行忿怒母的二次第中,順帶進行守護
【英語翻譯】 And by the truth of the command of all the oath-bound ocean of reborn ones, and relying on the power of the truth of the mantra, mudra, and samadhi of the Awareness-holder, may all diseases, evil spirits, and obstacles arising from past karma and immediate causes befall us, the master, disciples, patrons, and retinue. Attachment, fear, the evil influences of years, months, days, and times, loss of property, bad omens and inauspicious connections in dreams, all bad omens of misfortune and strife, and all the powers of curses, evil spirits, and curses cast by the Bonpos and mantra practitioners of others, burned in the homa by the application of the mantra of the deity, blown in the wind, thrown in the water, suppressed in the earth, etc., and all the evil thoughts and harsh actions of monks, mantra practitioners, Bonpos, etc. who have gone astray and become oath-breakers and evil spirits, may all these befall the sorcerers and wizards themselves, Bhyo Bhyo Zlog Zlog Bhyo Zlog! Clap your hands nine or three times, and the number of recitations of the truth should be the same. Phaṭ Hūṃ Ya Ra Ma Sa Ra Da Śa Ca Ra Ma Sa Ka Ā! Recite a little. By the true power of samadhi, mantra, and mudra, may all the power of curses, evil spirits, and sorcery be brought down on one’s own enemies, crushed into dust, and may their consciousness be absorbed into the sphere of reality and attain the primordial ground. A A! Say this and meditate for a while. If you strive for protection and reversal in this way, then, as the scriptures say, all the benefits of the temporary and ultimate will surely arise, without any doubt. The subsequent order is: In the daily protection and reversal, the abbreviated offering and praise mentioned above should be made, and forgiveness should be requested with the Hundred Syllable Mantra. May the outer and inner world, the tent, the palace, together with the retinue, dissolve into light and merge into oneself, and may the mantra garland and the life-force bindu in the heart dissolve and disappear like a rainbow, in the space of the primordially pure Dharmakaya, Emaho! Again, from that unobstructed display of self-nature, may all the protective circles, supports, and supported ones arise suddenly, in the state of non-duality of appearance and emptiness, and enjoy the glory of the three vajras of body, speech, and mind. The aspiration and auspicious prayer are: By this virtue, may I and other sentient beings be liberated from the ocean of existence and attain the ground of the chief Sky-goer. May the Three Roots, the ocean of compassion, blessings, power, and wish-fulfilling power, be auspicious! Thus, from the two stages of the fierce Sky-goer, incidentally, protection
============================================================
================== 第 10 段 ================== 【原始藏文】 ་བཟློག་བཙན་པོའི་མཁར། །འཇིགས་བྲལ་རྡོ་རྗེ་ཕ་ལམ་ལས་གྲུབ་པ། །འདི་འདྲ་བརྩིགས་ལ་གཞོམ་མེད་ཡ་ལད་ཀྱི། །གོ་གྱོན་ཕ་རོལ་འབྱེད་དཀྲུག་བསྐྲད་གཟིར་མནན། །རབ་འབྱམས་མངོན་སྤྱོད་དྲག་པོའི་སྒྱོགས་ཆེན་པོ། །གནམ་ལྕགས་ཐོག་གིས་འགྲན་པར་ནུས་མིན་པའི། །རྣོ་མྱུར་དྲག་རྩལ་ངར་ལྡན་འདི་འདྲ་ཡིས། །མི་སྲུན་གདོན་བགེགས་འབྱུང་པོའི་བྲག་གི་རི། ཕྱེ་མར་ཐོངས་ཤིག་རིགས་སྔགས་འཆང་བ་རྣམས། རྙེད་དང་བསྐུར་སྟི་མ་ད་ནའི་བཏུང་བ། བཟང་ངན་འདེགས་འཇོག་རྩལ་འགྲན་རིང་དོར་ཅིག །ཅི་ཕྱིར་དེང་སྐབས་གཞན་འཕྲུལ་བདག་པོའི་འཕྲུལ། །རང་གཞན་ཀུན་གྱི་ཀེ་ས་རར་ཞུགས་པ། །ངོས་མ་ཟིན་པར་གང་བྱུང་ཆོ་རོལ་གྱིས། །བསྲུང་བཟློག་གོ་མེད་གཅེར་བུ་མཚོན་ཐོགས་བཞིན། གྲོང་ཆོག་འདྲེ་འདུལ་རེ་བས་དལ་མེད་དུ། །ཡང་ཡང་རྒྱུ་བ་རེ་ཞིག་བྲིན་གྱུར་ཀྱང་། །རྒྱུད་གསུམ་དྲེགས་པའི་དེ་ཉིད་མ་རྟོགས་ན། །ཡ་ངའི་ཉིང་མཚམས་སྦྱོར་བར་སྨོས་ཅི་དགོས། །དེ་སྐད་སྣང་བར་གང་དྲན་སུག་བྲིས་སུ། །བཀོད་པར་དགོས་ཆེད་དབེན་ཀྱང་ཤར་མར་དུ། །སྤེལ་བའི་ཞར་འཕྲོས་ཙམ་ལགས་ངག་ཁྲིགས་འདི། གཏེར་ཆེན་མཆོག་དང་ཧོར་གྱི་ལོ་ཙཱ་བའི། །གསུང་རྩོམ་ལྟར་ལ་ལེགས་ཆས་བརྒྱན་ཏེ་བཀོད། །རང་བཟོ་མཆིས་ན་མཁའ་འགྲོའི་ཚོགས་ལ་འཆག །ཚུལ་འདི་སྔགས་འཆང་སྟོབས་ལྡན་མཆོག་གྲུབ་ཀྱིས། བྲིས་དགེས་བསྟན་དར་འགྲོ་ཀུན་བདེར་སྤྱོད་ཤོག །མངྒཱ་ལམ།། །། བདུད་འདུལ་མཁའ་འགྲོའི་སྒྲུབ་པའི་ཟིན་བྲིས།
【漢語翻譯】 遣除的堅固城堡。 由無畏的金剛杵所成。 如此建造堅不可摧的盔甲。 穿戴盔甲,破除、攪亂、驅逐、折磨、鎮壓他者。 無邊顯現的猛烈大炮。 是否能與天鐵霹靂相匹敵? 如此鋒利迅速、勇猛威嚴。 不馴服的邪魔、鬼怪、妖魔的山。 粉碎成粉末吧,持明咒者們。 尋覓和供養瑪達那的飲料。 好壞取捨,競爭技藝,長短拋棄吧! 為何如今他化自在天的幻術。 進入自他一切的凱薩拉中。 不認識而隨意嬉戲。 如無防護、赤裸持兵般地守護和遣除。 以村落儀軌、降伏鬼怪的希望,不懈地。 反覆遊走,一時興盛。 若不領悟三續傲慢的真如。 何須說可怖的連線之處呢? 如是隨所念于顯現中手書。 爲了需要,雖寂靜卻公開地。 傳播的順帶之語,即是此語錄。 如大寶伏藏師和蒙古譯師的。 著作般地,以美好裝飾來安排。 若有自造,則向空行母眾懺悔。 此理,由持咒、具力、成就者書寫。 愿善妙增上教法,利益一切眾生!吉祥!吉祥! 降伏魔眾空行之修持筆記。
【英語翻譯】 A fortress of powerful repulsion. Made of fearless vajra. Such a construction is an indestructible armor. Wearing armor, break, agitate, expel, torment, and suppress others. The great cannon of vast and manifest wrathful activities. Can it compete with the thunderbolt of the sky iron? With such sharpness, speed, ferocity, and might, Turn the mountains of untamed demons, obstacles, and spirits Into powder, you holders of mantra lineages! Seeking and offering the drink of Madana, Abandon the competition of skill in accepting and rejecting good and bad, long and short! Why is it that nowadays, the illusion of the Lord of Others’ Emanations Entered into the Kesarra of all self and others? Without recognizing, engaging in random play, Like unprotected, naked weapon-bearers, guarding and repelling. With the hope of village rituals and subduing demons, tirelessly Repeatedly wandering, though flourishing for a time, If the reality of the pride of the three lineages is not realized, What need is there to speak of connecting to the terrifying? Thus, whatever came to mind was handwritten in appearance. For the sake of need, though in solitude, openly The incidental words of dissemination are this oral instruction. Like the writings of the Great Treasure Revealer and the Mongolian translator, Arranged with beautiful adornments. If there is self-creation, I confess to the assembly of dakinis. May this principle, written by a mantra holder, powerful, accomplished one, Increase the good fortune of the teachings and benefit all beings! Mangalam! Mangalam! A note on the practice of subduing demons and dakinis.
============================================================
同部經論
與本文同名或相近的其他版本、科判、譯文與註疏。