JKT010_0030.祈請妙音慧輪上師傳承賜予智慧如意寶g2.0f
================== 第 1 段 ================== 【原始藏文】 འཇམ་དབྱངས་ཤེས་རབ་འཁོར་ལོའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བློ་གྲོས་འདོད་འཇོ། འཇམ་དབྱངས་ཤེས་རབ་འཁོར་ལོའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བློ་གྲོས་འདོད་འཇོ། འཇམ་དབྱངས་ཤེས་རབ་འཁོར་ལོའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བློ་གྲོས་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །འཇམ་དཔལ་གཞོན་ནུ་ཟླ་འབྱུང་སྦས་པའི་ཞབས། །སྒྲ་གཅན་འཛིན་དཔལ་དྲི་མ་མེད་པའི་དཔལ། །རྣམ་པར་བཤད་པའི་ལྷ་དང་ཤཱཀྱ་དཔལ། །བྱམས་དཔལ་ལོ་ཙཱ་རྣམས་ལ་གསོལ་བ་འདེབས། །བསོད་ནམས་རིན་ཆེན་དབང་ཕྱུག་ཆོས་རྒྱལ་དཔལ། །ཆོས་གྲགས་དཔལ་བཟང་ཁྲོ་ཕུ་རིན་ཆེན་འབུམ། །བསོད་ནམས་བཟང་པོ་སེང་གེ་དཔལ་བ་དང་། །རིན་ཆེན་ཚུབཟང་པོ་རྣམས་ལ༴ ཆོས་གྲུབ་སེང་གེ་རཏྣ་བྷ་དྲྭའི་ཞབས། །འགྱུར་མེད་བདེ་ཆེན་ཆོས་གཏེར་དཀོན་མཆོག་ལེགས། །དཔལ་ལྡན་དོན་གྲུབ་བསོད་ནམས་མཆོག་གྲུབ་དང་། །བློ་བཟང་རྒྱ་མཚོ་ རྣམས་ལ༴ ཀུན་དགའ་བསོད་ནམས་རྨོར་ཆེན་ཐམས་ཅད་མཁྱེན། །ལེགས་པའི་འབྱུང་གནས་ཀུན་དགའ་བློ་གྲོས་དང་། །བསྟན་འཛིན་ཕྲིན་ལས་ཕྲིན་ལས་ཡོན་ཏན་ཞབས། །རྩ་བའི་བླ་མ་རྣམས་ལ༴ དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་ཅིང་། །ཚོགས་གཉིས་ལས་འཁྲུངས་འཇམ་དཔལ་གཞོན་ནུ་ཡི། །ཟབ་གསལ་དབྱེར་མེད་ཏིང་འཛིན་བསྒོམས་པའི་མཐུས། །སྤོབས་པའི་གཏེར་མཛོད་གྲོལ་བར་བྱིན་གྱིས་རློབས། །ཞེས་པའང་རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་བཤད་སྒྲུབ་བྱེ་བའི་འབྱུང་གནས་དཔལ་ན་ལེནྡྲའི་ཆོས་གྲྭར་འདི་ཉིད་ཀྱི་རྗེས་སུ་གནང་བ་ནོས་པའི་སྐབས་གསོལ་བཏབ་པ་སིདྡྷི་རསྟུ།། །། འཇམ་དབྱངས་ཤེས་རབ་འཁོར་ལོའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བློ་གྲོས་འདོད་འཇོ།
【漢語翻譯】 祈請妙音慧輪上師傳承 賜予智慧如意寶。 祈請妙音慧輪上師傳承 賜予智慧如意寶。 《祈請妙音慧輪上師傳承 賜予智慧如意寶》之名著。 頂禮文殊童子月生隱士之足。 羅睺羅自在吉祥無垢吉祥。 頂禮善說之天及釋迦吉祥。 頂禮慈悲吉祥譯師們。 索南仁欽旺秋法王吉祥。 卻扎巴桑卡若普仁欽崩。 索南桑波僧給華和, 仁欽粗桑波等。 卻哲僧給Ra tna bha drའི་足。 不變大樂法藏袞秋雷。 吉祥敦珠索南卻哲和, 洛桑嘉措等。 根嘎索南摩欽一切智。 賢善之源根嘎洛哲和, 丹增赤列赤列云丹足。 頂禮根本上師們。 如是不退轉恭敬作祈請, 二資糧所生文殊童子之, 深明無別禪定修持力, 祈請加持開啟智慧之寶藏。 此乃遊方之瑜伽士欽哲旺波于講修百萬之源吉祥那爛陀寺,受此傳承之時所作祈請。成就吉祥! 祈請妙音慧輪上師傳承 賜予智慧如意寶。
【英語翻譯】 Supplication to the Lineage of Jamyang Sherab Khorlo, Granting Wisdom, Fulfilling Desires. Supplication to the Lineage of Jamyang Sherab Khorlo, Granting Wisdom, Fulfilling Desires. This is the text called “Supplication to the Lineage of Jamyang Sherab Khorlo, Granting Wisdom, Fulfilling Desires.” I prostrate to the feet of Manjushri Kumara, the hidden ascetic born of the moon. Rahula, Lord of Auspiciousness, Immaculate Glory. I supplicate to the Deities of Eloquence and Shakya Glory. I supplicate to the Compassionate and Glorious Translators. Sonam Rinchen Wangchuk, Dharma King Glory. Chokyi Drakpa Pal Zang, Khro Phu Rinchen Bum. Sonam Zangpo, Senge Palwa, and Rinchen Tsul Zangpo, etc. Chodrup Senge, the feet of Ratna Bhadra. Immutible Great Bliss, Dharma Treasure, Konchok Lek. Paldan Dondrup, Sonam Chokdrub, and Losang Gyatso, etc. Kunga Sonam, Mormo Chen, Omniscient One. Kunga Lodro, Source of Excellence, and Tenzin Trinle, Trinle Yontan, at your feet. I supplicate to the Root Gurus. Thus, with unwavering devotion, I pray. Through the power of meditating on the profound and clear, inseparable samadhi of Manjushri Kumara born from the two accumulations, please bless me to open the treasury of eloquence. This was supplicated by Khyentse Wangpo, a wandering yogi, at the glorious Nalanda Monastery, the source of millions of teachings and practices, when he received the transmission of this. May there be accomplishment and auspiciousness! Supplication to the Lineage of Jamyang Sherab Khorlo, Granting Wisdom, Fulfilling Desires.
============================================================
同部經論
與本文同名或相近的其他版本、科判、譯文與註疏。