菩薩藏佛教學會
20
背景
翻譯
下載 ▾

ZD002_0018.《聖গ্লং རུ་ 授記經》名為大乘經g2.0f

================== 第 1 段 ================== 【原始藏文】 འཕགས་པ་གླང་རུ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། འཕགས་པ་གླང་རུ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྒྱ་གར་སྐད་དུ། ཨཱརྻ་གོ་ཤྲིངྒ་བྱཱ་ཀ་ར་ཎ་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་གླང་རུ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གཅིག་གོ །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུ་གྱུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ལྷའི་ཡང་ལྷ་སངས་རྒྱས་ཤཱཀྱ་ཐུབ་པ། བསྐལ་པ་གྲངས་མེད་པ་གསུམ་ནས་བསོད་ནམས་ཀྱི་ཚོགས་ཀྱི་རྣམ་པར་སྨིན་པས། ཡང་དག་པར་རྫོགས་པའི་སངས་རྒྱས་བརྙེས་ཏེ། འཛམ་བུའི་གླིང་གི་ལྗོངས་ཀྱི་ཡུལ་གཞན་དུ་འདུ་བའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་ནས། ཡུལ་ཡངས་པ་ཅན་གྱི་ཕྱོགས་ཐུབ་པ་དྲང་སྲོང་ཆེན་པོའི་གནས་རྒྱལ་པོའི་ཁབ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དུ་མ་དང༌། གནས་བརྟན་ཤ་རིའི་བུ་དང༌། མཽ་གལ་གྱི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་སྟོང་ཉིས་བརྒྱ་ལྔ་བཅུ་དང༌། ཚངས་པ་དང༌། བརྒྱ་བྱིན་ལ་སོགས་པ་ལྷ་དུ་མ་དང༌། ལྷའི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ལ་སོགས་པ་འཇིག་རྟེན་སྐྱོང་བ་དུ་མ་དང༌། ཀླུའི་རྒྱལ་པོ་ཆེན་པོ་དུ་མ་དང༌། གནོད་སྦྱིན་མཐུ་ཆེན་པོ་མང་པོ་དང༌། དྲི་ཟའི་རྒྱལ་པོ་གཙུག་ཕུད་ལྔ་པ་ལ་སོགས་པ་དྲི་ཟ་མང་པོ་དང༌། མི་འམ་ཅིའི་རྒྱལ་པོ་ཡིད་འོང་ལ་སོགས་པ་མིའམ་ཅི་དུ་མ་དང༌། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་འཛམ་བུའི་གླིང་གི་མིའི་རྒྱལ་པོ་མང་པོའི་འཁོར་དུ་མ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་དེའི་ཚེ་ལྷའི་ཡང་ལྷ། སངས་རྒྱས་ཤཱཀྱ་ཐུབ་པས། ཕྱི་མའི་དུས་ཀྱི་ཡུལ་དགེ་བ་ལ་རྗེས་སུ་དགོངས་ཤིང་མངོན་སུམ་དུ་མཛད་ནས། འཁོར་མང་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཕྱོགས་ལོགས་ན། རི་གླང་རུ་དང་ཉེ་བའི་ཆུ་བོ་གོ་མའི་འགྲམ་ན། ཐུབ་པ་དྲང་སྲོང་ཆེན་པོའི་ཕོ་བྲང་མཆོད་རྟེན་གོ་མ་སཱ་ལ་གན་དྷ་ཞེས་བྱ་བ་ཞིག་ཡོད་དེ། དེར་གདོན་མི་ཟ་བར་བྱ་དགོས་པའི་ཕྲིན་ལས་ཤིག་ཡོད་པས། དེར་གཤེགས་པའི་དུས་ལ་འབབ་བོ། དེ་ནས་དེའི་ཚེ་ལྷའི་ཡང་ལྷ་སངས་རྒྱས་བཅོམ་ལྡན་འདས་འཁོར་ཕལ་པོ་ཆེ་དང༌། ནམ་མཁའ་ལ་འཕགས་ཏེ། དྲི་ཟའི་རྒྱལ་པོ་གཙུག་ཕུད་ལྔ་པ་ལ་སོགས་པ་དྲི་ཟ་གྲངས་མེད་པ་ནི་མདུན་ན་ལྷའི་རོལ་མོ་སྣ་ཚོགས་བྱེད། མི་འམ་ཅིའི་རྒྱལ་པོ་ཡིད་འོང་ལ་སོགས་པ་མིའམ་ཅི་དུ་མ་ནི་སྟེང་ནས་མཆོད་པའི་ལས་བྱེད་ཅིང༌། སངས་

【漢語翻譯】 《聖 গ্লং རུ་ 授記經》名為大乘經。 《聖 গ্লং རུ་ 授記經》名為大乘經。 印度語:ཨཱརྻ་གོ་ཤྲིངྒ་བྱཱ་ཀ་ར་ཎ་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། 藏語:《聖 গ্লং རུ་ 授記經》名為大乘經。一卷。 頂禮薄伽梵妙吉祥童子! 如是我聞。一時,天中之天釋迦牟尼佛,從無數劫積累的福德成熟,證得圓滿正等覺。在瞻部洲的國土的其他地方聚集的眾生得以成熟后,在廣闊地方的能夠者大仙的住所王舍城,與聖慈氏等眾多菩薩摩訶薩,以及舍利弗和目犍連等一千二百五十位大聲聞,以及梵天和帝釋天等眾多天神,以及天王多聞天子等眾多世間守護者,以及眾多龍王,以及眾多大力夜叉,以及五髻頂王等眾多乾闥婆,以及悅意王等眾多緊那羅,以及形色王心藏等瞻部洲眾多人王的眷屬一起安住。 之後,彼時,天中之天釋迦牟尼佛,憶念未來時代的善妙之處並顯現,對眾多眷屬說道: 「種姓之子,在北方,靠近 গ্লং རུ་ 山的恒河岸邊,有能夠者大仙的宮殿,名為 গো মা সা লা গ ন্ধা 佛塔。在那裡有必須要做的不被鬼神所食的利生事業,因此前往那裡的時機已經到來。」 之後,彼時,天中之天薄伽梵釋迦牟尼佛與眾多眷屬一起,在虛空中顯現。乾闥婆王五髻頂等無數乾闥婆在前奏響各種天樂。緊那羅王悅意等眾多緊那羅在上進行供養。

【英語翻譯】 The Noble Prophecy of Glang Ru, called the Great Vehicle Sutra. The Noble Prophecy of Glang Ru, called the Great Vehicle Sutra. In Sanskrit: Ārya Gośṛṅga Vyākaraṇa Nāma Mahāyāna Sūtra. In Tibetan: The Noble Prophecy of Glang Ru, called the Great Vehicle Sutra. One fascicle. Homage to the Bhagavan Manjushri Kumara! Thus have I heard. Once, the God of Gods, the Buddha Shakyamuni, having attained perfect enlightenment through the maturation of the accumulation of merit from countless eons, and having fully ripened the sentient beings gathered in other lands of the Jambudvipa realm, in the abode of the Great Sage Thubpa (able one) in the vast city of Rajagriha (King’s Abode), together with many Bodhisattva-Mahasattvas such as the Noble Maitreya, and the Venerable Shariputra and Maudgalyayana, and twelve hundred and fifty great Shravakas, and many gods such as Brahma and Indra, and many world protectors such as the King of Gods Vaishravana, and many great Naga kings, and many powerful Yakshas, and many Gandharvas such as the King of Gandharvas Five Crests, and many Kinnaras such as the King of Kinnaras Delightful, and many retinues of human kings of Jambudvipa such as King Rupin Heart Essence, were dwelling together. Then, at that time, the God of Gods, the Buddha Shakyamuni, mindful of the virtuous places of the future and making them manifest, spoke to the many retinues: “Son of good family, in the northern direction, near the river Ganga (Goma) near Mount Glang Ru, there is a stupa called Goma Sala Gandha, the palace of the Great Sage Thubpa. There is a work that needs to be done there, to prevent being eaten by demons, so the time has come to go there.” Then, at that time, the God of Gods, the Bhagavan Buddha, together with the great retinue, rose into the sky. Countless Gandharvas, such as the Gandharva King Five Crests, played various celestial music in front. Many Kinnaras, such as the Kinnara King Delightful, performed the work of offering from above. The Buddha

============================================================

================== 第 2 段 ================== 【原始藏文】 རྒྱས་བཅོམ་ལྡན་འདས་ལ་དབྱངས་དང་ལྷའི་སྐད་ཡིད་དུ་འོང་བས་བསྟོད་བཞིན་དུ། འཁོར་དེ་དག་དང་མཆོད་པ་དེ་དག་དང་བཅས་ཏེ། རི་གླང་རུ་ག་ལ་བ་དེར་གཤེགས་སོ། །གཤེགས་ནས་ལྷའི་ཡང་ལྷ་སངས་རྒྱས་བཅོམ་ལྡན་འདས་བཞེངས་བཞིན་དུ་ཞལ་བྱང་ཕྱོགས་སུ་མཚོ་ཆེན་པོ་ཡུན་རིང་པོ་ནས་རྒྱ་མཚོ་ལྟར་འདུག་པ་ལ་གཟིགས་ཏེ། སྐུ་དྲང་པོར་བསྲངས་ནས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་བྱེ་བ་ཕྲག་བརྒྱ་སྟོང་དུ་མ་ལ་སྙོམས་པར་བཞུགས་ཏེ། བསྐལ་པ་གྲངས་མེད་པ་གསུམ་ནས། བདག་ཉིད་ཀྱི་སངས་རྒྱས་ཀྱི་སྤྱོད་པ་སྨོན་ལམ་དང༌། བསོད་ནམས་མངོན་སུམ་དུ་མཛད་དོ། །དེ་ནས་དེའི་ཚེ་ལྷའི་ཡང་ལྷ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རི་གླང་རུ་དང༌། ཡུལ་དགེ་བ་དང་གསེར་གྱི་དཀྱིལ་འཁོར་ནས། སྲིད་པའི་རྩེ་མོའི་བར་དུ་བྱིན་གྱིས་བརླབས་ཏེ། བསྲུང་བ་དང༌། བཅང་བ་དང༌། བཀྲ་ཤིས་དང༌། མཚམས་བཅད་པ་དང༌། བཟླས་བརྗོད་དང་དགེ་བར་མཛད་དོ། །དེ་ནས་དེའི་ཚེ་ལྷའི་ཡང་ལྷ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། རི་གླང་རུ་བཅོམ་ལྡན་འདས་ཀྱི་ཕོ་བྲང༌། མཆོད་རྟེན་གོ་མ་ས་ལ་གན་དྷ་དང་བཅས་པ། ཡུལ་དགེ་བ་དང་བཅས་པ་འདི་ནི་བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཕྱག་མཚན་དང༌། མ་འདྲེས་པ་དང༌། མཐུན་མོང་མ་ཡིན་པ་དང་དབེན་པ་ཡིན་ཏེ། རྒྱུ་དེས་ན་ཡུལ་འདི་དགེ་བ་ཞེས་བྱའོ། །དེ་ནས་དེའི་ཚེ་ལྷའི་ཡང་ལྷ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡུལ་དགེ་བ་དང༌། མཁར་དགེ་བ་ཅན་དང༌། དགེ་འདུན་སོ་སོའི་ཀུན་དགའ་ར་བ་དང༌། གཙུག་ལག་ཁང་དང༌། དགོན་པའི་གནས་དང༌། ཡུལ་དེར་སོ་སོ་ནས་བསོད་ནམས་བྱ་བའི་དངོས་པོ་དགེ་བ་བྱེད་པར་འགྱུར་བའི་རྒྱལ་པོ་དང༌། ཆོས་དང་ལྡན་པའི་དད་པ་ཅན་དང་སྦྱིན་བདག་དང་ལི་ཡུལ་ཐམས་ཅད་ལུང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་རྣམས་ཀྱིས་ཀྱང་མ་འོངས་པའི་དུས་ན་འབྱུང་བའི་ཡུལ་འདིར། ཅི་ནས་ཀྱང་སེམས་ཅན་རྣམས་དམ་པ་ཆེན་པོ་མྱུར་དུ་ཐོབ་པར་འགྱུར་བ་དང༌། ཏིང་ངེ་འཛིན་འགྲུབ་པར་འགྱུར་བར་བྱིན་གྱིས་རློབས་ཤིག །དེ་ནས་དེའི་ཚེ་བཅོམ་ལྡན་འདས་མཚོ་རོལ་ནས་ཅུང་ཟད་ཅིག་སླར་བཀྱེ་སྟེ། དེའི་མོད་ལ་རི་གླང་རུའི་སྟེང་དུ་གདན་ཁྲི་བཤམས་པ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ནས། ཞལ་ནུབ་ཕྱོགས་སུ་བཅོམ་ལྡན་འདས་ཀྱི་ཕོ་བྲང་མཆོད་རྟེན་གོ་མ་སཱ་ལ་གན་དྷ་ག་ལ་བ་དེར་ལོགས་སུ་གཟིགས་སོ།

【漢語翻譯】 當廣大的薄伽梵被悅耳的歌聲和天神的語言讚頌時,與那些眷屬和供品一起,前往了象鼻山。前往後,天中之天,佛薄伽梵站立著,面向北方,看到了一個長久以來像大海一樣的大湖。他端正身體,安住于無數百千萬俱胝如來之三摩地中,從無數劫以來,顯現了自己的佛陀行愿和福德。然後,在那時,天中之天,佛薄伽梵加持了象鼻山、善地和金剛輪,直至有頂,並進行了守護、持誦、吉祥、結界、唸誦和善行。然後,在那時,天中之天,佛薄伽梵對所有眷屬說道:象鼻山是薄伽梵的宮殿,以及包括果瑪薩拉甘達在內的佛塔,以及包括善地在內,這是賢劫一切佛薄伽梵的手印,是不共的、無與倫比的、寂靜的。因此,這個地方被稱為善地。然後,在那時,天中之天,佛薄伽梵預言了善地、善者之城、各個僧團的僧園、寺廟、修行地,以及那個地方各自行善的國王、具有正法的信仰者、施主和所有于闐。然後,薄伽梵對菩薩們說:諸位善男子,你們也要加持這個未來將要出現的地區,務必使眾生迅速獲得偉大的證悟,併成就三摩地。然後,在那時,薄伽梵從海邊稍微退回,立即在象鼻山上鋪設的寶座上結跏趺坐,面向西方,獨自觀看著薄伽梵的宮殿,即果瑪薩拉甘達佛塔。

【英語翻譯】 As the vast Bhagavan was praised with pleasant songs and the language of the gods, together with those retinues and offerings, he went to Elephant Trunk Mountain. Having gone there, the God of Gods, the Buddha Bhagavan, standing and facing north, saw a great lake that had been like an ocean for a long time. He straightened his body and remained in equipoise in hundreds of thousands of millions of samadhis of the Thus-Gone One. From three countless eons, he manifestly performed his own Buddha’s conduct, prayers, and merit. Then, at that time, the God of Gods, the Buddha Bhagavan, blessed Elephant Trunk Mountain, the Land of Virtue, and the golden mandala, up to the peak of existence, and performed protection, holding, auspiciousness, demarcation, recitation, and virtuous deeds. Then, at that time, the God of Gods, the Buddha Bhagavan, spoke to all those retinues: “Elephant Trunk Mountain is the palace of the Bhagavan, and the stupa including Goma Sala Gandha, and including the Land of Virtue, this is the hand symbol of all the Buddhas Bhagavan of the Fortunate Aeon, and it is non-mingling, incomparable, and solitary. Therefore, this place is called the Land of Virtue.” Then, at that time, the God of Gods, the Buddha Bhagavan, prophesied the Land of Virtue, the City of the Virtuous, the monasteries of the individual sanghas, the temples, the places of retreat, and in that land, the kings who would individually perform virtuous deeds, the faithful with Dharma, the patrons, and all of Li (Khotan). Then, the Bhagavan spoke to the Bodhisattvas: “Sons of good family, you too should bless this land that will appear in the future, so that beings will quickly attain great realization and accomplish samadhi.” Then, at that time, the Bhagavan retreated slightly from the shore of the lake, and immediately sat in the lotus position on the throne prepared on Elephant Trunk Mountain, facing west, and gazed separately at the palace of the Bhagavan, the Goma Sala Gandha stupa.

============================================================

================== 第 3 段 ================== 【原始藏文】 །དེ་ནས་དེའི་ཚེ་འཇིག་རྟེན་གྱི་ཁམས་གཞན་དང་གཞན་ནས། བྱང་ཆུབ་སེམས་དཔའ་ཉིས་ཁྲི་མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་མང་པོ་དང་ཐབས་གཅིག་ཏུ་བཅོམ་ལྡན་འདས་ག་ན་བ་དེ་ལོགས་སུ་ལྷགས་སོ། །ལྷགས་ནས་བཅོམ་ལྡན་འདས་ཀྱི་ཕོ་བྲང་མཆོད་རྟེན་གོ་མ་སཱ་ལ་གན་དྷ་ལ་ཡང་ཕྱག་འཚལ། སྐྱབས་སུ་སོང༌། སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལའང་ཕྱག་འཚལ་སྐྱབས་སུ་སོང་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་ཕལ་པོ་ཆེ་འདུས་པར་མཁྱེན་ནས། འཁོར་དེ་དག་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །བསྐལ་པ་བཟང་པོ་འདི་ལ་སྔོན་སངས་རྒྱས་བཅོམ་ལྡན་འདས་བཞི་བྱུང་སྟེ། དེ་དག་གིས་ཀྱང་མཆོད་རྟེན་གོ་མ་སཱ་ལ་གན་དྷ་ཡུལ་དང་བཅས་པ་བྱིན་གྱིས་བརླབས་སོ། །བསྐལ་པ་བཟང་པོ་འདི་ལ་མ་འོངས་པའི་དུས་ནའང༌། སངས་རྒྱས་སྟོང་རྩ་གཅིག་འབྱུང་བར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱང་འཁོར་དང་བཅས་ཏེ་འདིར་གཤེགས་ནས། མཆོད་རྟེན་གོ་མ་སཱ་ལ་གན་དྷ་ཡུལ་དང་བཅས་པ་བྱིན་གྱིས་རློབ་ཅིང༌། མཚམས་བཅད་པ་དང༌། བཀྲ་ཤིས་དང༌། དགེ་བར་མཛད་པར་འགྱུར་རོ། །ང་ཡང་ད་ལྟར་བྱིན་གྱིས་རློབ་པའི་དུས་ལ་བབས་པས་བྱིན་གྱིས་རློབ་པར་མཛད་དོ། །དེ་ནས་དེའི་ཚེ་ལྷའི་ཡང་ལྷ། སངས་རྒྱས་བཅོམ་ལྡན་འདས་ཏིང་ངེ་འཛིན་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བ་དང༌། གཞན་ཡང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྲངས་མེད་པ་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་རྣམས་དང༌། བསམ་གཏན་པ་རྣམས་ཡོངས་སུ་བསྐྱོད་པར་བྱེད་ལ། བྱང་ཆུབ་སེམས་དཔའ་མཐུ་ཆེན་གྱིས་ཀྱང་སངས་རྒྱས་འོད་སྲུང་གི་མཆོད་རྟེན་གྱི་དྲུང་དུ་བཞུགས་ཏེ། ཡུལ་དེ་བྱུང་བར་གྱུར་པའི་ཚེ་བདག་གི་གཟུགས་བརྙན་བྱེད་པར་འགྱུར་བར་ས་གཞི་དེ་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་སྨོན་ལམ་ཆེན་པོས་གནས་པ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་ཀྱང༌། རི་གླང་རུ་ལ་གཙུག་ལག་ཁང་སྤོང་བྱེད་ཅེས་བ་འབྱུང་བར་འགྱུར་པའི་ས་གཞི་དེར་བསྙེན་པ་བྱེད་པ་རྣམས་འགྲུབ་པར་འགྱུར་བར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་ནམ་མཁའ་ལྟར་སྟོབས་དཔག་ཏུ་མེད་པ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་ཀྱང་གཙུག་ལག་ཁང་འཇིགས་ཚོགས་སྤོང་བྱེད་ཅེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེ་མཆོད་གནས་སུ་འགྱུར་བར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བྱང་ཆུབ་ས

【漢語翻譯】 此後,彼時,從其他不同的世界中,兩萬菩薩以神通五力和眾多賢者聚集在一起,來到了世尊嘎納瓦的地方。到達后,他們向世尊的宮殿,也就是果瑪薩拉甘達佛塔頂禮膜拜,皈依。他們也向有眷屬的佛世尊頂禮膜拜並皈依,然後坐於一旁。之後,彼時,佛世尊知道大眾聚集,便對那些眷屬說道:『在此賢劫中,過去已經有四位佛世尊出現。他們也加持了果瑪薩拉甘達佛塔及其土地。在此賢劫的未來,還將出現一千零一位佛。他們也都會帶著眷屬來到這裡,加持果瑪薩拉甘達佛塔及其土地,進行結界、帶來吉祥和善行。現在我也到了加持的時候,所以進行加持。』之後,彼時,天中之天,佛世尊進入了名為『現在佛現前安住』的禪定,以及其他無數的如來禪定。當進入禪定時,禪定者們會被完全調動起來。大勢至菩薩也坐在光明佛塔旁,加持那塊土地,使當那個地方出現時,它會成為我的化身。同樣,以大愿安住的文殊童子菩薩也加持那塊土地,使在朗如山上會出現名為『棄絕寺廟』的地方,在那裡進行修行的人們將會成就。同樣,具有如虛空般不可估量的力量的虛空藏菩薩也加持那塊土地,使會出現名為『棄絕恐怖聚集寺廟』的地方,那塊土地將會成為供奉之處。同樣,具有大慈悲心的菩薩

【英語翻譯】 Then, at that time, from different realms of the world, twenty thousand Bodhisattvas, endowed with the five supernormal knowledges, and many sages gathered together and arrived at the place of the Blessed One Ganava. Having arrived, they prostrated to the Blessed One’s palace, the stupa of Goma Sala Gandha, and took refuge. They also prostrated to the Buddha, the Blessed One, together with his retinue, and took refuge, and then sat down on one side. Then, at that time, the Buddha, the Blessed One, knowing that a large assembly had gathered, spoke to those retinues, saying: ‘In this Fortunate Aeon, four Buddhas, the Blessed Ones, have already appeared in the past. They also blessed the stupa of Goma Sala Gandha and its land. In the future of this Fortunate Aeon, one thousand and one Buddhas will also appear. They will all come here with their retinues and bless the stupa of Goma Sala Gandha and its land, and they will consecrate, bring auspiciousness, and perform virtuous deeds. Now it is also time for me to bless, so I will bless.’ Then, at that time, the god of gods, the Buddha, the Blessed One, entered into the samadhi called ‘The Present Buddha Abiding Manifestly,’ and also countless other Tathagata samadhis. When entering into samadhi, those who practice samadhi will be completely moved. The Bodhisattva Mahasthamaprapta also sat near the stupa of Buddha Light Protection and blessed that land, so that when that place appears, it will become my emanation. Similarly, the Bodhisattva Manjushri, who abides with great aspirations, also blessed that land, so that on Langru Mountain, a place called ‘Abandoning the Temple’ will appear, and those who practice there will achieve accomplishment. Similarly, the Bodhisattva Akashagarbha, who has immeasurable power like the sky, also blessed that land, so that a place called ‘Abandoning the Temple of Fearful Gatherings’ will appear, and that land will become a place of offering. Similarly, the Bodhisattva who possesses great compassion

============================================================

================== 第 4 段 ================== 【原始藏文】 ེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་གཙུག་ལག་ཁང་འོད་ཅན་ཞེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེར་དངོས་གྲུབ་འགྲུབ་པར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་རྟག་ཏུ་བྱམས་པ་དང་ལྡན་པ་བྱང་ཆུབ་སེམས་དཔའ་བྱམས་པས་ཀྱང་གཙུག་ལག་ཁང་བི་སོ་ནོ་ཉ་ཞེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེར་བདག་ཉིད་བཞུགས་པར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་སྤྱོད་པ་ཤིན་ཏུ་རྣམ་པར་དག་པའི་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་ཀྱང་གཙུག་ལག་ཁང་ཡེ་ཤེས་རི་ཞེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེ་ལ་ཕྱག་བྱ་བར་འོས་པར་འགྱུར་བར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་འདུལ་བའི་སྐྱེ་བོ་རྣམས་སྒྲོལ་བར་མཛད་པ་ལ་ཐོགས་བརྡུགས་མི་མངའ་བར་འབྱུང་བའི་བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོས་ཀྱང་གཙུག་ལག་ཁང་བ་ནོ་ཅོ་ཞེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེར་དངོས་གྲུབ་འགྲུབ་པར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཀྱང་གཙུག་ལྷ་ཁང་དགེ་འདུན་སྐྱོང་ཞེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེར་དངོས་གྲུབ་འགྲུབ་པར་འགྱུར་བར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པ་བྱང་ཆུབ་སེམས་དཔའ་གཞན་དག་ལ། དགྲ་བཅོམ་པ་རྣམས་ཀྱིས་ཀྱང་ལི་ཡུལ་གང་དང་གང་དུ་གཙུག་ལག་ཁང་དང༌། དགྲ་བཅོམ་པ་ཆེན་པོ་རྣམས་ཀྱིས་ཀྱང་ལི་ཡུལ་གང་དང་གང་དུ་གཙུག་ལག་ཁང་དང༌། སྐྱེད་མོས་ཚལ་དང༌། དགོན་པའི་གནས་འབྱུང་བར་འགྱུར་བའི་ས་ཕྱོགས་ཐམས་ཅད་དཔེར་ན་ཟླ་བ་ཉ་གང་བ་ལ་སྐར་མའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ནས་སྟེང་གི་བར་སྣང་ལ་རྒྱུ་བ་བཞིན་དུ་མཛེས་པ་དང༌། ཡིད་དུ་འོང་བ་དང༌། རྒྱས་པ་དང༌། དགའ་བ་ལྟར་འདུག་པར་བྱིན་གྱིས་བརླབས་སོ། །ཡང་དེའི་ཚེ་རི་གླང་རུ་ལ་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌། དགྲ་བཅོམ་པ་ཆེན་པོ་རྣམས་ཀྱིས་འོད་ཟེར་རྣམ་པ་སྣ་ཚོགས་དུ་མ་བཀྱེ་བས་ལི་ཡུལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །དེ་ནས་སྐད་ཅིག་དེ་ཉིད་ལ་རྒྱ་མཚོ་ཆེན་པོ་དེའི་ནང་ན་པདྨ་སུམ་བརྒྱ་ལྔ་བཅུ་རྩ་གསུམ་བྱུང་བར་གྱུར་ཏོ། །པདྨ་རེ་རེའི་སྟེང་ན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་འོད་དང་བཅས་པ་སྣང་བར་གྱུར་ཏོ། །དེ་ནས་དེའི་ཚེ་ལྷ་རྣམས་ཀྱིས་སྔོན་མ་མཐོང་བའི་མཚན་མ་དེ་ལྟ་བུ་མཐོང་ནས། སངས་རྒྱས་བཅོམ་ལྡན

【漢語翻譯】 菩薩聖觀自在也加持了將要出現名為光明的精舍的那個地方,使之成就悉地。同樣,常懷慈愛的菩薩慈氏也加持了將要出現名為比索諾尼亞的精舍的那個地方,使自己安住於此。同樣,行為極其清凈的菩薩地藏也加持了將要出現名為智慧山的精舍的那個地方,使之值得禮拜。同樣,對於調伏的眾生進行救度的菩薩藥王,也加持了將要出現名為瓦諾覺的精舍的那個地方,使之成就悉地。同樣,具有大神通的菩薩普賢也加持了將要出現名為僧眾守護的精舍的那個地方,使之成就悉地。同樣,對於佛陀薄伽梵等其他菩薩,以及阿羅漢們,也在於闐(今新疆和田)的任何地方的精舍,以及大阿羅漢們,也在於闐(今新疆和田)的任何地方的精舍,以及花園,以及寺院的處所將要出現的所有地方,例如滿月被眾星圍繞,在天空上執行一樣,加持使之美麗、適意、興盛、喜悅地存在。又,那時在象鼻山,佛陀薄伽梵安住,菩薩摩訶薩們,以及大阿羅漢們放射出各種各樣的光芒,使于闐(今新疆和田)全部被大光明所覆蓋。然後就在那一剎那,那個大海之中出現了三百五十三朵蓮花。每一朵蓮花之上也顯現出帶有光芒的佛和菩薩的身像。然後那時諸天見到了以前未曾見過的這樣的景象,佛陀薄伽梵

【英語翻譯】 The noble Bodhisattva Avalokiteśvara also blessed that place where the vihara called “Luminous” would appear, so that it would accomplish siddhis. Similarly, the Bodhisattva Maitreya, who is always full of love, also blessed that place where the vihara called “Bisononya” would appear, so that he himself would reside there. Similarly, the Bodhisattva Ksitigarbha, whose conduct is extremely pure, also blessed that place where the vihara called “Mountain of Wisdom” would appear, so that it would be worthy of prostration. Similarly, the Bodhisattva Medicine King, who is unobstructed in liberating those who are to be tamed, also blessed that place where the vihara called “Vanojo” would appear, so that it would accomplish siddhis. Similarly, the Bodhisattva Samantabhadra, who possesses great miraculous powers, also blessed that place where the vihara called “Sangha Protector” would appear, so that it would accomplish siddhis. Similarly, for the Buddhas, Bhagavan, and other Bodhisattvas, as well as the Arhats, in whatever places in Li-yul (Khotan) there would be viharas, and for the great Arhats, in whatever places in Li-yul (Khotan) there would be viharas, as well as gardens, and monasteries, all the places where they would appear, just as the full moon is surrounded by a host of stars and moves in the sky, he blessed them to be beautiful, pleasing, prosperous, and joyful. Moreover, at that time, while the Buddha Bhagavan was residing on Elephant Nose Mountain, the Bodhisattva Mahasattvas, and the great Arhats emitted various kinds of rays, filling all of Li-yul (Khotan) with great light. Then, in that very instant, three hundred and fifty-three lotuses appeared in that great ocean. On top of each lotus, the forms of Buddhas and Bodhisattvas, with light, also appeared. Then, at that time, the gods, seeing such a sign that they had never seen before, the Buddha Bhagavan

============================================================

================== 第 5 段 ================== 【原始藏文】 ་འདས་ལ་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མཚོ་ནང་ན་པདྨ་སུམ་བརྒྱ་ལྔ་བཅུ་རྩ་གསུམ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་སྐུ་གཟུགས་དང་བཅས་ཏེ་བྱུང་བ་ནི་མ་འོངས་པའི་དུས་ན་ཡུལ་འདི་ཉིད་དུ་པདྨ་ཇི་སྙེད་པའི་དགོན་པའི་གནས་དང༌། གཙུག་ལག་བང་གཎ་ཌི་བརྡུང་བར་འགྱུར་བ་དང༌། གནས་གང་དང་གང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌། ཉན་ཐོས་ཆེན་པོ་རྣམས་འོད་ཟེར་རྣམ་པ་སྣ་ཚོགས་འགྱེད་ཅིང༌། ཡུལ་བྱིན་གྱིས་བརླབས་པའི་ས་གཞི་དེ་དག་དེ་བཞིན་གཤེགས་པའི་ཕོ་བྲང་མཆོད་རྟེན་གོ་མ་སཱ་ལ་གན་དྷ་ཡུལ་དགེ་བ་དང་བཅས་པ་བྱིན་གྱིས་བརླབས་པའི་གཞི་འདིར་དད་པ་ཅན་གྱི་སྦྱིན་བདག་རྣམས་ཀྱི་སོ་སོ་ནས་སངས་རྒྱས་ལ་སོགས་པའི་གཟུགས་བརྙན་བྱེད་པར་འགྱུར་ཞིང་གནས་དེ་དང་དེ་དག་ཏུ་བསྙེན་པ་བྱས་ན་ཅི་འདོད་པ་འགྲུབ་པར་འགྱུར་བའི་སྔ་ལྟས་ཡིན་ནོ། །ཡང་དེའི་ཚེ་ལྷ་རྣམས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཡུལ་འདི་ཇི་ཙམ་ཞིག་ན་ནི་འབྱུང་བར་འགྱུར་སུ་ཞིག་གིས་ནི་འབྱིན་པར་བགྱིད་པ་ལགས། བཙུན་པ་བཅོམ་ལྡན་འདས་ད་ལྟར་ནི་དགོན་པ་ཆེ་བ་ཆེན་པོའི་གཏེར་ལགས་ན། སུ་ཞིག་གིས་ནི་ཇི་ལྟར་འབྱིན་པ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག་ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པའི་ཚེ། རྒྱའི་ཡུལ་ནས་རྒྱའི་རྒྱལ་པོ་ཅ་ཡང་ཞེས་བྱ་བ་བུ་སྟོང་ཚང་བར་བདོག་པ་ཞིག་འབྱུང་བར་གྱུར་ཏེ། བུ་རེ་རེ་ཡང་ཡུལ་རེ་རེ་གསར་དུ་འཚོལ་དུ་བཅུག་གོ །ཕྱིས་ནུབ་ཕྱོགས་ན་རི་གླང་རུ་དང་བཅོམ་ལྡན་འདས་ཀྱི་ཕོ་བྲང་མཆོད་རྟེན་གོ་མ་སཱ་ལ་གན་དྷ་ཡོད་པའི་ཡུལ་དེ་བཞིན་གཤེགས་པ་དུ་མས་བྱིན་གྱིས་བརླབས་པ་ཞིག་ཡོད་དོ་ཞེས་ཐོས་ནས། འདི་སྙམ་དུ་མ་ལ་བདག་ལ་བུ་གཅིག་ཡོད་ན། སངས་རྒྱས་ཕལ་པོ་ཆེས་བྱིན་གྱིས་བརླབས་པའི་གནས་དེར་ཡུལ་འདེབས་སུ་བཅུག་གོ་སྙམ་དུ་བསམས་ནས། དེའི་ཚེ་རྒྱའི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ལ་བུ་གཅིག་བསླངས་སོ། །རྣམ་ཐོས་ཀྱི་བུས་ཀྱང་འཛམ་བུའི་གླིང་འདི་ན་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བའི་བུ་གཅིག་བཙས་པ་བྱིན་ཏེ། བུ་དེ་ནི་གཟུགས་བཟང་བ་དབྱིབས་མཛེས་པ་ལྟ་ན་སྡུག་པ་ཞིག་ཡིན་ནོ། །བུ་དེའི་དོན་དུ་ས་ལས་ནུ་མ་ཞིག་བྱུང་བ་དང༌། བུ་དེ་སྔོན་གྱི་བསོད་ནམས་དགེ་བའི་རྩ་བའི་མཐུས་ནུ་མ་དེ་ལ་ནུ་བར་བྱེད་པས་དེ་ནས་བུ་དེའི་མིང་ས་ལས་ནུ་མ་ནུ་ཞེས་བྱའོ།

【漢語翻譯】 請問已逝者,世尊開示說:『善男子,湖中有三百五十三朵蓮花,與佛和菩薩的身像一同出現,這是未來之時,此地將會有如蓮花般眾多的寺廟之地,並且會敲響梵剛地之聲。無論在何處,菩薩摩訶薩們和大聲聞們都會散發各種光芒,被加持的土地,那些如來佛的宮殿、佛塔、高瑪薩拉甘達之地,以及所有善的地方,都會被加持。信徒施主們會各自塑造佛等形象,在那各個地方進行修行,就能成就一切所愿,這是預兆。』當時,諸天從座位上站起來,向世尊稟告說:『尊者世尊,此地將在何時出現?又將由誰來開啟呢?尊者世尊,現在這裡是巨大寺廟的寶藏,請開示將由誰來如何開啟。』世尊開示說:『善男子,諦聽!我涅槃后一百年時,漢地將會出現一位名叫嘉央的漢王,他擁有圓滿的一千個兒子。他會讓每個兒子都去尋找一個新的地方。後來,他聽說在西方有象鼻山,以及世尊的宮殿佛塔高瑪薩拉甘達,那裡是被眾多如來加持的地方。他心想,如果我有一個兒子,就讓他去那個被眾多佛加持的地方建立國土。』當時,漢王向多聞天王祈求一個兒子。多聞天王也賜予了閻浮提的國王一個名叫無憂的兒子。那個兒子相貌端莊,儀態美麗,令人喜愛。爲了那個兒子,地上出現了一個乳房。那個兒子憑藉前世的福德善根,吮吸那個乳房,因此那個兒子的名字就叫地生乳。』

【英語翻譯】 Having asked the departed, the Blessed One spoke, ‘Son of good family, within the lake, three hundred and fifty-three lotuses have appeared, together with the forms of Buddhas and Bodhisattvas. This is a sign that in the future, in this very land, there will be as many monasteries as there are lotuses, and the sound of the Vangaṇḍi will be heard. Wherever Bodhisattvas, great beings, and great Śrāvakas are, they will radiate various kinds of light, and the blessed lands, those palaces of the Tathāgatas, stūpas, the land of Goma Sāla Gandha, and all virtuous places, will be blessed. Devotees and patrons will each create images of the Buddha and others, and by practicing in those places, all wishes will be fulfilled. This is a foretoken.’ Then, the gods arose from their seats and said to the Blessed One, ‘Venerable Blessed One, when will this land appear? And who will reveal it? Venerable Blessed One, now this is a treasure of great monasteries, please tell us who will reveal it and how.’ The Blessed One spoke, ‘Son of good family, listen! One hundred years after my Parinirvana, in the land of Han, there will appear a Han king named Jia Yang, who will possess a complete thousand sons. He will send each son to seek a new land. Later, he will hear that in the west there is Elephant Nose Mountain, and the palace-stupa of the Blessed One, Goma Sāla Gandha, a place blessed by many Tathāgatas. He will think, “If I had a son, I would have him establish a land in that place blessed by many Buddhas.” At that time, the Han king will request a son from Vaiśravaṇa. Vaiśravaṇa will also grant the king of Jambudvipa a son named Ashoka. That son will be of good form, beautiful appearance, and pleasing to behold. For that son, a breast will appear from the earth. That son, through the power of past merit and virtuous roots, will suckle that breast, and therefore that son’s name will be called Earth-Born Milk.’

============================================================

================== 第 6 段 ================== 【原始藏文】 །བུ་དེ་མྱུར་བར་སྐྱེས་ནས་ཕ་རྒྱའི་རྒྱལ་པོས་རྒྱལ་སྲིད་ཀྱི་དབང་ནི་བསྐུར། ནོར་མང་པོ་ནི་བྱིན། བློན་པོ་ཕལ་མོ་ཆེ་ནི་ལུས་ཀྱི་རིམ་གྲོ་བར་བསྐོས་ནས། རྒྱལ་བུ་ས་ལས་ནུ་མ་ནུ་དེ་བློན་པོ་ཆེན་པོ་ཇང་ཤོ་ཞེས་བྱ་བ་ལ་སོགས་པ་དམག་དུ་མ་དང་ལྷན་ཅིག་ཏུ་རྒྱའི་ཡུལ་ནས་བྱུང་སྟེ་ཡུལ་འདིར་འོང་བར་འགྱུར་རོ། །འོངས་ནས་འདིར་ཡུལ་འདེབས་པར་འགྱུར་ཏེ། རྒྱལ་པོ་ས་ལས་ནུ་མ་ནུ་དེས་ཡུལ་བཏབ་པའི་ཕྱིར། རྒྱུ་དེས་ན་ཡུལ་འདིའི་མིང་ས་ལས་ནུ་མ་ནུའི་ཡུལ་ཞེས་བྱ་བར་འགྱུར་རོ། །དུས་དེའི་ཚེ་ན་ནུབ་ཕྱོགས་ལོགས་ནས་རྒྱ་གར་གྱི་མི་ཕལ་མོ་འདིར་འོང་བར་འགྱུར་ཏེ། རྒྱལ་པོ་ས་ལས་ནུ་མ་ནུའི་འབངས་སུ་མཆིད་ཀྱིས་འཚལ་ཞིང༌། ཆུ་སྲིད་གཅིག་པ་དུ་མར་གྱུར་ནས། རྒྱའི་བློན་པོ་ཆེན་པོ་ཇང་ཤོ་ལ་སོགས་པས་རིམ་གྱིས་རྒྱ་དང་རྒྱ་གར་གྱི་གྲོང་དང་གྲོང་ཁྱེར་དང༌། གྲོང་བརྡལ་འདེབས་པར་འགྱུར་རོ། །དེ་ལྟར་རྒྱལ་པོ་ས་ལས་ནུ་མ་ནུ་ངས་མི་རབས་དུ་མའི་བར་དུ་ཡུལ་འདིའི་རྒྱལ་པོ་བྱེད་པར་འགྱུར་རོ། །རྒྱལ་པོ་དེ་རྣམས་ཀྱིས་ཀྱང་རིམ་གྱིས་སོ་སོ་ནས་ཡུལ་འདིར་དགོན་པའི་གནས་དང༌། གཙུག་ལག་ཁང་བྱས་ནས་ཞིང་ཆུ་དང་འབངས་དང་ཞལ་ཏ་བྱེད་པ་ཡང་འབུལ་ཞིང༌། ལ་ལ་ཡང་བདག་ཉིད་ཀྱང་རབ་ཏུ་འབྱུང་བར་བྱེད་དོ། །ལ་ལ་ནི་བུ་དང་བུ་མོ་རབ་ཏུ་འབྱིན་པར་བྱེད་དོ། །ལ་ལ་ནི་འབངས་ལས་གྲངས་མེད་པ་ཞིག་རབ་ཏུ་འབྱུང་བར་གནང་བར་བྱེད་དོ། །ཡུལ་འདིར་མི་བྱང་ཆུབ་སེམས་དཔའི་རིགས་ཅན་མང་པོ་ཞིག་འབྱུང་སྟེ། རྟག་ཏུ་དཀོན་མཆོག་གསུམ་ལས་དགེ་བའི་རྩ་བ་བསགས་ཤིང་བསོད་ནམས་བྱ་བའི་དངོས་པོ་བྱེད་པར་འགྱུར་རོ། །དེ་ལྟར་ན་ཡུལ་འདི་ནི་རྒྱལ་པོ་ས་ལས་ནུ་མ་ནུས་ཡུལ་གཏོད་པའི་ཚུལ་དེ་ལྟ་བུས་འབྱུང་བར་འགྱུར་རོ། །ཡུལ་འདི་ན་སངས་རྒྱས་འབྱུང་བ་རེ་རེའི་ཚེ་ཡང་བྱུང་ཞིང་རྒྱས་པར་འགྱུར་རོ། །ཅིའི་ཕྱིར་ཡུལ་གཞན་དང་གཞན་དག་ཞིག་ནས་ཡུན་རིང་མོ་ཞིག་ཏུ་སྟོངས་ཤིང་དགོན་པར་འདུག་ལ་ཡུལ་དགེ་བ་ནི། སངས་རྒྱས་འབྱུང་བ་རེ་རེའི་ཚེ་མི་རྣམས་ཀྱིས་བརྒྱན་ཅིང་མཛེས་པར་འགྱུར་ཞེ་ན། འདི་ལྟར་ཡུལ་འདི་ན་ཐུབ་པ་དྲང་སྲོང་ཆེན་པོའི་གནས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་མཆོད་རྟེན་གོ་མ་ས་ལ་གན་དྷ་ཞེས་བྱ་བ། རི་གླང་རུ་དང་ཉེ་བ་ཆུ་བོ་གོ་མའི་འགྲམ་ན་ཡོད་པའི་ཕྱིར་རོ། །མཆོད་རྟེན་འདི་མདོ་སྡེའི་ནང་ནས་ནི་མིང་གོ་མ་སཱ་ལ་གན་དྷ་ཞེས་བྱ་བའི་འཇིག་རྟེན་ཕལ་ཀྱི་ཐ་སྙད་དུ་ཆུ་བོ་གོ་མའི་འགྲ

【漢語翻譯】 那孩子迅速長大后,父親(漢地)的國王便將王位權力授予了他,並給予了許多財物。大多數大臣被任命為他的侍從。王子薩拉斯努瑪努率領著以大臣江秀為首的眾多軍隊,從漢地來到此地。來到這裡后,他將在此建立城邦。因為國王薩拉斯努瑪努建立了城邦,因此這個地方的名字將被稱為薩拉斯努瑪努的城邦。那時,從西邊會有許多印度人來到這裡,他們將成為國王薩拉斯努瑪努的臣民,並形成許多相同的社會群體。漢地的大臣江秀等人將逐漸建立漢地和印度的村莊、城市和城鎮。就這樣,國王薩拉斯努瑪努將統治這個地方許多世代。那些國王也將逐漸各自在此地建立寺廟和佛堂,並供奉田地、水源、百姓和食物。有些人還會親自出家,有些人會讓自己的兒子和女兒出家,有些人則允許無數的百姓出家。這個地方將會出現許多具有菩薩種性的人,他們將永遠從三寶處積累善根,並從事積攢福德的事業。因此,這個地方將以國王薩拉斯努瑪努開創城邦的方式出現。在這個地方,每一位佛陀出現時,都會興盛繁榮。為什麼其他地方衰敗后,會長期荒涼寂靜,而這個吉祥之地,卻在每一位佛陀出現時,都被人們裝飾得美麗莊嚴呢?這是因為這個地方有釋迦牟尼大仙的聖地,如來所行之處,名為「郭瑪薩拉甘達」的佛塔,它靠近象鼻山,位於郭瑪河畔。

【英語翻譯】 That child quickly grew up, and the king of his father’s (Han) land bestowed upon him the power of the kingdom, and gave him much wealth. Most of the ministers were appointed as his attendants. Prince Salasnumanu, leading many troops headed by Minister Jiang Xiu, came from the land of Han to this place. After arriving here, he will establish a city-state. Because King Salasnumanu established the city-state, the name of this place will be called the city-state of Salasnumanu. At that time, many Indians will come here from the west, they will become subjects of King Salasnumanu, and form many identical social groups. The Han minister Jiang Xiu and others will gradually establish villages, cities, and towns of Han and India. In this way, King Salasnumanu will rule this place for many generations. Those kings will also gradually build temples and monasteries in this place, and offer fields, water sources, people, and food. Some will also personally become monks, some will allow their sons and daughters to become monks, and some will allow countless people to become monks. Many people with the nature of Bodhisattvas will appear in this place, they will always accumulate roots of virtue from the Three Jewels, and engage in the cause of accumulating merit. Therefore, this place will appear in the way that King Salasnumanu founded the city-state. In this place, every time a Buddha appears, it will flourish and prosper. Why do other places decline and remain desolate and quiet for a long time, while this auspicious place is decorated and beautified by people every time a Buddha appears? This is because this place has the holy site of Shakyamuni the Great Sage, the place where the Tathagata walked, the stupa called “Goma Sala Gandha,” which is near Elephant Nose Mountain and located on the bank of the Goma River.

============================================================

================== 第 7 段 ================== 【原始藏文】 མ་ཞེས་བྱ་བར་འདོགས་པར་འགྱུར་ཏེ། འདི་ལྟར་ཇི་སྲིད་དུ་མཆོད་རྟེན་ཆུ་བོ་གོ་མའི་འགྲམ་ཞེས་བྱ་བ་དང༌། འོད་སྲུང་གི་མཆོད་རྟེན་འདི་གཉིས་རྒྱས་ཤིང་མཆོད་གནས་སུ་བྱེད་པ་དེ་སྲིད་དུ་ནི་ཡུལ་དགེ་བ་ཡང་རྒྱས་ཤིང་བཟང་པོར་འགྱུར་རོ། །ནམ་མཆོད་རྟེན་འདི་གཉིས་རྒུད་པའི་ཚེ་ཡུལ་ཡང་རྒུད་ཅིང་སྟོང་པར་འགྱུར་རོ། །དེ་ནས་དེའི་ཚེ་འཁོར་དེར་འདུས་པའི་ལྷ་རྣམས་ཀྱིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བའི་གསུང་དེ་ཐོས་ནས། མཆོད་རྟེན་གོ་མ་སཱ་ལ་གན་དྷ་དང༌། རི་གླང་རུ་ལ་དད་པ་དང་གུས་པ་ཆེན་པོ་རྙེད་དེ། སངས་རྒྱས་བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་སྐྱབས་སུ་སོང་ནས། སྤྱན་སྔར་འདི་སྐད་དུ་བདག་ཅག་ཀྱང་དུས་དེའི་ཚེ་ཡུལ་འདིར་རིགས་མཐོན་པོར་སྐྱེས་ནས། བདེ་བར་གཤེགས་པའི་བསྟན་པ་བསྲུང་ཞིང༌། ཡུལ་ཆོས་ཀྱི་བཀའ་ཁྲིམས་མི་ཉམས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལྷའི་རྒྱལ་པོ་རྣམ་ཐོས་བུ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་ཤེས་ཅན་ཞེས་བྱ་བ་དང༌། ལྷའི་ལྷ་མི་ཕམ་པ་ཞེས་བྱ་བ་དང༌། ཀླུའི་རྒྱལ་པོ་ཁྱིམ་ཚིག་ཅེས་བྱ་བ་དང༌། ལྷ་ནམ་མཁའི་དབྱངས་ཞེས་བྱ་བ་དང༌། ལྷ་གསེར་གྱི་ཕྲེང་བ་ཅན་ཞེས་བྱ་བ་དང༌། ལྷ་མོ་ལྕགས་ཀྱུ་ཅན་ཞེས་བྱ་བ་དང༌། ལྷ་མོ་གནས་ཅན་ཞེས་བྱ་བ་རྣམས་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །རིགས་ཀྱི་བུ་ཁྱེད་རྣམས་ལ་མཆོད་རྟེན་གོ་མ་སཱ་ལ་གན་དྷ་དང༌། རི་གླང་རུ་ཡུལ་དང་བཅས་པ་དང༌། ངའི་བསྟན་པ་དང་སྲས་རྣམས་ཡོངས་སུ་གཏད་ཀྱིས་བསྲུང་བ་དང༌། བསྐྱབ་པ་དང༌། བསྐྱང་བ་དང་མཆོད་གནས་སུ་འགྱུར་བར་གྱིས་ཤིག །ཡུལ་འདིའི་རྒྱལ་པོ་དང༌། ཡུལ་འཛིན་པའི་བློན་པོ་དང༌། སྦྱིན་བདག་ཆོས་དང་མཐུན་པ་རྣམས་ཀྱང་ཡོངས་སུ་གཏད་ཀྱིས་དེ་བཞིན་དུ་གྱིས་ཤིག །རི་གླང་རུར་ལུང་བསྟན་པའི་མདོ་འདི་ཡང་ཡོངས་སུ་གཏད་པ་དེ་འཕེལ་ཞིང་རྒྱས་པར་གྱིས་ཤིག །གང་གི་ཚེ་ཡུལ་འདི་མེ་འདི་མ། ཆུའམ་ཕ་རོལ་གྱི་དམག་གིས་ཉེན་ཅིང་ཕོངས་པར་གྱུར་པ་ན། མདོ་འདི་ཀླག་པ་དང༌། ཁ་ཏོན་དང་མཆོད་པ་དང༌། བསམ་པ་དང་བསྒོམ་པ་བྱས་ན། དེས་ན་ཡུལ་དེའི་གནོད་པ་ཞི་བར་འགྱུར་རོ། །མ་འོངས་པའི་དུས་ན་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པས་ཡུལ་འདིར་སུམ་པ་རྣམས་དང༌། བོད་རྣམས་འོང་བར་འགྱུར་གྱིས། དེའི་ཚེ་མདོ་འདི་ལྷོགས་ཤིག་དང༌། མདོ་འདི་ཐོས་ནས་མདོ་འདིའི་མཐུ་དང༌། ལྷ་རྣམས་ཀྱི་བྱིན་གྱིས་དད་པ་མེད་པ་དེ་རྣམས

【漢語翻譯】 將被命名為「瑪」。 如此,只要被稱為「戈瑪河岸」的佛塔和「鄔波毱多」的佛塔這兩座興盛並被供奉,那麼地方的善業也將興盛和美好。當這兩座佛塔衰敗時,地方也將衰敗和空虛。 然後,那時聚集在那裡的眾神聽到世尊所說的話后,對戈瑪薩拉甘達佛塔和瑞朗如山生起了極大的信仰和恭敬心,向佛世尊頂禮膜拜並皈依,在佛前這樣說道:『我們也將在那個時候出生在這個地方的高貴種姓中,守護善逝的教法,使地方的宗教法律不衰敗。』如此發願。 然後,那時世尊對天王南圖塞、菩薩摩訶薩大覺慧,天神不敗,龍王家語,天神虛空音,天神金鬘,天女鐵鉤,天女處所等說道:『種姓之子,你們要守護、救護、扶持和供奉戈瑪薩拉甘達佛塔和瑞朗如山及其地方,以及我的教法和弟子。』 也要守護這個地方的國王、地方的執政大臣和與法相應的施主。 也要使瑞朗如山的授記經興盛和廣大。 無論何時,這個地方遭受火災、水災或外敵侵擾而貧困時,唸誦、諷誦、供養、思維和禪修此經,那麼那個地方的災害就會平息。 未來,由於眾生的業力成熟,蘇巴人和藏人將會來到這個地方。那時,要宣讀此經。聽聞此經后,憑藉此經的力量和諸神的加持,那些沒有信仰的人們……

【英語翻譯】 It will be named “Ma.” Thus, as long as the stupa called “Goma Riverbank” and the stupa of “Upagupta” flourish and are venerated, the virtue of the place will also flourish and become good. When these two stupas decline, the place will also decline and become empty. Then, at that time, the gods gathered in that assembly, having heard the words spoken by the Blessed One, developed great faith and reverence for the Goma Salagandha Stupa and Mount Rilangru, prostrated with their heads to the Buddha, the Blessed One, and took refuge, saying before him: ‘We also, at that time, will be born in this place in noble lineages, protect the Sugata’s teachings, and ensure that the religious laws of the place do not decline.’ Thus they made aspirations. Then, at that time, the Blessed One said to the King of Gods Namtose, the Bodhisattva Mahasattva Great Awareness, the God of Gods Invincible, the Naga King Household Speech, the God Sky Sound, the God Golden Garland, the Goddess Iron Hook, and the Goddess Abode: ‘Sons of lineage, you must protect, rescue, support, and venerate the Goma Salagandha Stupa and Mount Rilangru together with their place, as well as my teachings and disciples.’ Also protect the king of this place, the ministers who govern the place, and the patrons who are in accordance with the Dharma. Also make this prophecy sutra of Mount Rilangru flourish and expand. Whenever this place is threatened and impoverished by fire, water, or foreign armies, if this sutra is recited, chanted, offered to, contemplated, and meditated upon, then the harm to that place will be pacified. In the future, due to the ripening of the karma of sentient beings, the Sumpas and Tibetans will come to this place. At that time, recite this sutra. Having heard this sutra, by the power of this sutra and the blessings of the gods, those without faith…

============================================================

================== 第 8 段 ================== 【原始藏文】 ་ཡུལ་འཇིག་པར་བྱིན་ཅིང་ཡིད་ཀྱང་འགྱོད་པར་འགྱུར་རོ། །མ་འོངས་པའི་དུས་ན་ཡུལ་འདིར་རྒྱ་རྣམས་ཀྱང་འོང་བར་འགྱུར་གྱིས། དེའི་ཚེ་མདོ་འདི་ལྷོགས་ཤིག་དང་མདོ་འདི་ཐོས་ནས་དེ་དག་དད་པ་སྐྱེ་བར་འགྱུར་རོ། །དད་པའི་སྟོབས་ཀྱིས་ཡུལ་མི་འཇིག་ཅིང་ཕྱིར་ཞིང་བསྲང་བ་དང༌། བསོད་ནམས་བྱ་བའི་དངོས་པོ་ཡང་བྱེད་པར་འགྱུར་ཏེ། རྒྱུ་དེས་ན་མདོ་འདི་ནི་ཡུལ་ལ་ཕན་འདོགས་པར་བྱེད་པ་ཡིན་ནོ། །མདོ་འདིའི་ཕན་ཡོན་གཞན་ཡང་མང་དུ་ཡོད་དེ། ཡུན་ཐུང་ངུས་ནི་བརྗོད་པར་མི་ནུས་སོ། །དེའི་ཕྱིར་མདོ་འདི་ཁྱེད་རྣམས་ལ་ཡོངས་སུ་གཏད་དོ། །དེ་ནས་དེའི་ཚེ་རྣམ་ཐོས་ཀྱི་བུ་ལ་སོགས་པ་ལྷ་རྣམས་དང༌། ཀླུའི་རྒྱལ་པོ་དང༌། ལྷ་མོ་དེ་དག་ཐམས་ཅད་འཁོར་དང་བཅས་ཏེ་ལངས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས། བཅོམ་ལྡན་འདས་ཀྱི་བཀའ་སྤྱི་བོས་ལེན་པར་འཚལ་ལོ། །ཡང་གསོལ་པ། སྟོན་པ་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་བཞིན་དུ་མཆོད་རྟེན་གོ་མ་སཱ་ལ་གན་དྷ་དང༌། རི་གླང་རུ་ཡུལ་དང་བཅས་པ་ཐམས་ཅད་ཀྱང་ཡོངས་སུ་བསྲུང་བར་འཚལ། བདེ་བར་གཤེགས་པའི་བསྟན་པ་དང༌། ཆོས་དང་མཐུན་པའི་རྒྱལ་པོ་དང༌། རབ་ཏུ་བྱུང་བ་དང༌། ཆོས་དང་མཐུན་པའི་ཡུལ་འཛིན་པ་དང༌། ཆོས་དང་མཐུན་པའི་སྦྱིན་བདག་དང་གང་ཞིག་བསོད་ནམས་པའི་དངོས་པོ་བགྱིད་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་བསྲུང་བར་ནི་འཚལ་ན། བཅོམ་ལྡན་འདས་ཇི་སྲིད་དུ་ཡུལ་འདིར་དཀོན་མཆོག་གསུམ་མཆོད་གནས་སུ་བགྱིད་པ་དང༌། ཡུལ་འཛིན་པས་ཀྱང་ཆོས་དང་མཐུན་པར་ཡུལ་སྐྱོང་ཞིང༌། ཆོས་དང་མི་མཐུན་པའི་སེམས་ཅན་རྣམས་ཀྱི་མགོན་མི་བགྱིད་པ་དེ་སྲིད་དུ་ནི། བདག་ཅག་གིས་ཡོངས་སུ་བསྲུང་བར་རྔོ་ཐོགས་ཏེ། མདོ་འདི་ཡང་ལི་ཡུལ་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ། ལི་ཡུལ་ལས་ཉི་འོག་ཏུ་གྱུར་པའི་རྒྱལ་པོ་དང༌། བློན་པོ་རྣམས་ལ་མདོ་འདི་ནི་བཅོམ་ལྡན་འདས་ཀྱིས་ལི་ཡུལ་གྱི་ཆེད་དུ་རི་གླང་རུ་ལ་བཤད་པ་ཡིན་ནོ་ཞེས་རྣར་གྲག་པར་བགྱི། སུག་པར་ཐོབ་པར་བགྱི། སེམས་བསྒྱུར་བར་བགྱིའོ། །བཅོམ་ལྡན་འདས་ནམ་ཡུལ་འདིར་དཀོན་མཆོག་གསུམ་མཆོད་གནས་སུ་མི་བགྱིད་ཅིང༌། ཆོས་དང་མི་མཐུན་པ་རྣམས་ཀྱི་མགོན་ལྷག་པར་བགྱིད་པ་དེའི་ཚེ། བདག་ཅག་རྣམས་ཀྱི་གཟི་བརྗིད་དང་མཐུ་སྟོབས་ཉམས་པར་འགྱུར་བས། ཡུལ་འདིའི་ཆ་ཐང་བསྲུང་བར་ནི་རྔོ་

【漢語翻譯】 將要毀滅這個地方,內心也會感到後悔。未來的時候,漢人也會來到這個地方。到那時,唸誦這個經,聽到這個經后,他們會生起信心。以信心的力量,地方不會毀滅,而且會重新開墾田地,也會做行善的事物。因此,這個經是對地方有利益的。這個經的利益還有很多,短暫的時間是說不完的。因此,這個經完全交付給你們。然後,那時,多聞天王等眾神,以及龍王,還有那些天女,全部帶著眷屬站起來,在世尊面前,雙膝跪地,合掌,這樣稟告道:尊者世尊,我們全部,以頭頂接受世尊的教令。又稟告道:導師世尊,如您所說,佛塔高瑪薩拉甘達,以及瑞光山(Rui Guang Mountain)連同地方全部都應當守護。善逝的教法,以及如法的國王,出家人,以及如法的統治者,如法的施主,以及任何行善事的人,那些全部都應當守護。世尊,只要這個地方將三寶作為供養處,統治者也如法治理地方,不做與法不符之眾生的怙主,到那時,我們守護才會有用。爲了這個經也能在李域(Khotan)長久住留,從李域到太陽照耀之下的國王和大臣們,讓他們聽到這個經是世尊爲了李域在瑞光山所說的。讓他們用手抄寫,讓他們用心記住。世尊,什麼時候這個地方不再將三寶作為供養處,反而特別做與法不符之人的怙主的時候,我們全部的光輝和力量就會衰退,守護這個地方的命運就

【英語翻譯】 It will destroy this place, and the mind will also feel regret. In the future, the Chinese will also come to this place. At that time, recite this sutra, and after hearing this sutra, they will generate faith. With the power of faith, the place will not be destroyed, and fields will be reclaimed, and virtuous deeds will also be done. Therefore, this sutra is beneficial to the place. There are many other benefits of this sutra, but they cannot be fully expressed in a short time. Therefore, this sutra is completely entrusted to you. Then, at that time, the gods, including Vaishravana, the Dragon King, and those goddesses, all stood up with their retinues, knelt before the Blessed One, placed their knees on the ground, joined their palms, and said this: Venerable Blessed One, we all accept the Blessed One’s command with our heads. They also said: Teacher Blessed One, as you have said, the stupa Goma-sala-gandha, and Rui Guang Mountain, together with the place, should all be protected. The Sugata’s teachings, and the righteous king, the ordained, and the righteous ruler, the righteous benefactor, and anyone who does virtuous deeds, all of them should be protected. Blessed One, as long as this place makes the Three Jewels a place of offering, and the ruler also governs the place righteously, and does not become the protector of beings who are not in accordance with the Dharma, then our protection will be effective. In order for this sutra to remain in Li-yul (Khotan) for a long time, from Li-yul to the kings and ministers under the sun, let them hear that this sutra was spoken by the Blessed One for the sake of Li-yul on Rui Guang Mountain. Let them copy it by hand, let them remember it in their hearts. Blessed One, when this place no longer makes the Three Jewels a place of offering, but instead especially becomes the protector of those who are not in accordance with the Dharma, then all our glory and power will decline, and protecting the fate of this place will

============================================================

================== 第 9 段 ================== 【原始藏文】 མི་ཐོགས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅག་གི་མཐུ་སྟོབས་དང༌། གཟི་བརྗིད་ནི་བདེ་བར་གཤེགས་པའི་བསྟན་པ་དང༌། ཆོས་དང་མཐུན་པར་ཡང་ཡུལ་ཚུལ་བཞིན་དུ་སྐྱོང་བ་དང༌། བསོད་ནམས་བྱ་བའི་དངོས་པོ་དགེ་བའི་རྩ་བའི་མཐུས་འཕེལ་བར་འགྱུར་ལགས་སོ། །དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་གདན་ལས་བཞེངས་ནས་རི་གླང་རུའི་སྟེང་གི་འགྲམ་ནས། མཆོད་རྟེན་གོ་མ་སཱ་ལ་གན་དྷ་གང་ན་བ་དེར་ལོགས་སུ་གཟིགས་ནས། ཡང་ནས་ཡང་དུ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་མཆོད་རྟེན་གོ་མ་སཱ་ལ་གན་དྷ་དང༌། རི་གླང་རུ་ཡུལ་དང་བཅས་པ་ལན་གཉིས་ལན་གསུམ་གྱི་བར་དུ་བྱིན་གྱིས་བརླབས་ནས། ལི་ཡུལ་ཐམས་ཅད་དང༌། མཚོའི་ནང་ན་གནས་པའི་སེམས་ཅན་གྲངས་མེད་པ་རྣམས་ལ་འོད་ཟེར་དང་ཐུགས་རྗེ་ཆེན་པོས་ཁྱབ་པར་མཛད་དེ། འོད་ཟེར་དེ་དང་ཐུགས་རྗེ་ཆེན་པོ་དེས་ཆུ་ན་གནས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་ནི་ཞི་བར་གྱུར། ཁྲོ་བ་དང་འཁོན་དུ་འཛིན་པ་དང་ནི་བྲལ་ཏེ། བྱམས་པའི་སེམས་དང་ལྡན་པར་གྱུར་ཅིང་ལྷའི་བདེ་བ་དང་ལྡན་ནས་སྐད་ཅིག་དེ་ཉིད་ལ་སེམས་ཅན་དེ་དག་ལས་གྲངས་མེད་པ་ཞིག་ཚེ་འཕོས་ནས་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། སངས་རྒྱས་ཉིད་དུ་གྱུར་པའི་ས་བོན་རྙེད་ཅིང༌། བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ལ་ལན་གསུམ་གྱི་བར་དུ་བོས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱེད་ཀྱི་དམ་བཅས་པ་རྣམས་ནི་བརྩོན་འགྲུས་མེད་པར་མི་འགྲུབ་པོ། རིགས་ཀྱི་བུ་ངས་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་དཀའ་བ་སྤྱད་པའི་བསྟན་པ་འདི་དང༌། མཆོད་རྟེན་གོ་མ་སཱ་ལ་གན་དྷ་ཡུལ་དང་བཅས་པ་ཁྱེད་རྣམས་ལ་ཡོངས་སུ་གཏད་ཀྱིས་ཡོངས་སུ་སྲུངས་ཤིག །ཁྱེད་རྣམས་ལས་གང་རྗེས་སུ་དྲན་ཞིང་གཟུངས་ཡོད་པ་དང༌། བསྟན་པ་བསྲུང་བ་དེས་ནི་བསྟན་པ་འདི་ལ་རབ་ཏུ་བྱུང་བ་རྣམས་ཡོངས་སུ་བསྲུང་བར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། མི་ཁྱིམ་པ་ལ་ལ་ཞིག་ལོ་བརྒྱའི་བར་དུ་ཉིན་རེ་བཞིན་དགེ་བའི་རྩ་བ་བསོད་ནམས་ཆེན་པོ་བྱེད་པ། འགའ་ཞིག་ཉིན་གཅིག་རབ་ཏུ་བྱུང་ནས་བསྟན་པ་ལ་གནས་ན། སྔ་མས་ཕྱི་མའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་མི་ཆོག་གོ །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་གང་གའི་ཀླུང་གི་བྱེ་མ་སྙེད་ཐམས་ཅད་ཀྱང་སྔར་ཁྱིམ་གྱི་གནས་སྤངས་ཏེ་རབ་ཏུ་བྱུང་ནས་སྤྱོད་ལམ་འདི་ཉིད་ཀྱིས་བྱང་ཆུབ་ཆེན་པོ་བརྙེས་སོ། །ང་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ

【漢語翻譯】 不會有阻礙的。那是因為,我們的威力與光榮,是與善逝的教法相符,又能如法治理國家,以及行善積德的善根力量所增長的緣故。然後,那時世尊從座位上起身,從牛角山頂的邊緣,遙望著供奉窣堵波(梵文:stūpa)的戈瑪薩拉甘達(Gomati Salaganda)的地方。又再三地對如來行境的戈瑪薩拉甘達窣堵波,以及包含牛角山在內的地區加持了兩次、三次。並且以光芒和廣大的慈悲遍佈整個李域(Khotan),以及居住在海中的無數眾生。那光芒和廣大的慈悲,平息了所有居住在水中的眾生的痛苦。遠離了憤怒和怨恨,充滿了慈愛之心,並具有天人的安樂,就在那一瞬間,那些眾生中有無數的眾生死後投生到天人和人類之中,獲得了成佛的種子,並且不再從菩提退轉。然後,那時世尊呼喚了天人們三次,說了這樣的話:『種姓之子啊,你們的誓言若不精進是無法成就的。種姓之子啊,我歷經無數劫所修持的此教法,以及包含戈瑪薩拉甘達在內的窣堵波和地區,都交付給你們了,要好好守護啊!你們之中,無論是誰有憶念和陀羅尼,以及守護教法者,都要好好守護此教法中的出家眾啊!』那是因為,有些人身為在家居士,一百年來每天都行善積累廣大的功德;有些人僅僅出家一天,安住於教法中,前者連後者功德的百分之一都比不上。那是因為,所有如恆河沙數的諸佛,過去也都捨棄了在家生活而出家,並透過這種修行方式證得了偉大的菩提。我也是六度

【英語翻譯】 There will be no obstacles. That is because our power and glory are in accordance with the teachings of the Sugata, and we also govern the country according to the Dharma, and increase through the power of the roots of virtue, the objects of meritorious deeds. Then, at that time, the Buddha, the Bhagavan, arose from his seat and, from the edge of the top of the Cow Horn Mountain, looked separately at the place where the stupa of Gomati Salaganda was enshrined. Again and again, he blessed the Gomati Salaganda stupa, the realm of the Tathagata, and the area including Cow Horn Mountain, two or three times. And he spread light and great compassion throughout the entire land of Li (Khotan) and the countless beings dwelling in the sea. That light and great compassion pacified the suffering of all those beings dwelling in the water. They were freed from anger and resentment, filled with loving-kindness, and possessed of the bliss of the gods. In that very instant, countless of those beings passed away and were born among gods and humans, obtained the seed of becoming Buddhas, and became irreversible from Bodhi. Then, at that time, the Bhagavan called out to the gods three times and spoke these words: ‘Sons of good family, your vows will not be accomplished without diligence. Sons of good family, I entrust to you this Dharma that I have practiced with hardship for countless eons, and the stupa and area including Gomati Salaganda; protect them well! Whichever of you has mindfulness and dharani, and protects the Dharma, protect well the ordained ones in this Dharma!’ That is because, some people as householders perform great meritorious deeds, the root of virtue, every day for a hundred years; some people merely ordain for one day and abide in the Dharma; the former cannot even match one hundredth of the merit of the latter. That is because all the Buddhas, as numerous as the sands of the Ganges, also renounced their household life and ordained in the past, and attained great Bodhi through this very practice. I also, the six perfections completely

============================================================

================== 第 10 段 ================== 【原始藏文】 ་རྫོགས་ཏེ་ས་བཅུ་བརྙེས་ནས། སྲིད་པ་ཐ་མའི་ཚེ་ནམ་ཕྱེད་ན་རྒྱལ་པོའི་ཁབ་ནས་བྱུང་སྟེ་ནགས་ཚལ་དུ་གཤེགས་སོ། །ནགས་ཚལ་ནས་བཞོན་པ་རྒྱལ་པོ་ཡབ་ཀྱི་ཐོག་ཏུ་བཀྲི་ནས། རང་གི་སྐྲ་རལ་གྲིས་བྲེགས་ཏེ། ངའི་གོས་གྱ་ནོམ་པ་རིན་ཐང་མེད་པ་རྔོན་པ་ལ་ཆོས་གོས་ངུར་སྨྲིག་ཏུ་བརྗེས་སོ། །ངས་ཆོས་གོས་དེ་གྱོན་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་སྐྱབས་སུ་སོང་ནས་རབ་ཏུ་བྱུང་བའི་སྤྱོད་ལམ་བཟུང་བ་དང༌། ལྷ་ཐམས་ཅད་ང་ལ་ཕྱག་འཚལ་སྐྱབས་སུ་སོང་ནས་ཕྱི་བཞིན་དུ་བྱུང་ངོ༌། །ང་ཡང་སྤྱོད་ལམ་དེ་ཉིད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་བརྙེས་སོ། །དེའི་ཕྱིར་བདེ་བར་གཤེགས་པའི་བསྟན་པ་ནི་དམ་པ་ཡིན་པར་ཤེས་པར་བྱ། རབ་ཏུ་བྱུང་བ་ནི་བསོད་ནམས་དང་ལྡན་པར་ཤེས་པར་བྱའོ། །འཇིག་རྟེན་ན་ཁྱིམ་པས་ཐོབ་པ་མ་གཏོགས་པར་ཁྱིམ་པའི་ཆ་ལུགས་ཀྱིས་དགྲ་བཅོམ་པའམ། རང་སངས་རྒྱས་སམ། བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ནི་སུས་ཀྱང་མ་ཐོས་མ་མཐོང་ངོ༌། །རབ་ཏུ་བྱུང་བའི་སྤྱོད་ལམ་འདི་ནི་འཇིག་རྟེན་ན། ལྷ་ལ་སོགས་པ་ཐམས་ཅད་ཀྱི་མཆོད་གནས་ཡིན་ནོ། །དེ་ནས་དེའི་ཚེ་ལྷ་དང་ལྷ་མོ་དེ་དག་ཐམས་ཅད་སྟན་ལས་ལངས་ནས་དབྱངས་གཅིག་ཏུ་སངས་རྒྱས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས། བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཀའ་སྩལ་པ་བཞིན་འཚལ་ཞིང༌། བསམས་བཞིན་དུ་ནི་བཀའ་ལས་འགལ་བ་མི་འཚལ་ལོ། །ཡུལ་འདི་སངས་རྒྱས་ཀྱི་བསྟན་པ་དང༌། དེ་བཞིན་གཤེགས་པའི་སྤྱོད་ཡུལ་མཆོད་རྟེན་དང་བཅས་པ་ཡང་ཀུན་དུ་བསྲུང་བ་དང༌། བསྐྱང་བ་དང་རྗེས་སུ་གཟུང་བར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་ཀྱང་བདག་ཅག་རྣམས་ལ་མཐུ་གཏད་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། མ་འོངས་པ་རྩོད་པའི་དུས་ན། བྱིན་གྱིས་བརླབས་བརླབས་པའི་ཡུལ་འདིར་དགྲ་མང་པོ་དང་མ་དད་པ་དང༌། ཕྱིར་རྒོལ་བ་བདེ་བར་གཤེགས་པའི་བསྟན་པ་ལ་དད་པའི་ཁྱད་པར་མི་རྙེད་ཅིང༌། བསྟན་པ་གཞིག་པའི་སླད་དུ་བརྩོན་པ་དག་འབྱུང་བའི་སླད་དུའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལྷ་དེ་དག་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། སྐྱེས་བུ་དམ་པ་རྣམས་ལེགས་སོ་ལེགས་སོ། །ངས་ཀྱང་ཡུལ་འདི་བྱིན་གྱིས་བརླབས་ཟིན་ཏེ། བྱིན་གྱིས་བརླབས་པ་དེ་ཉིད་ཀྱིས་མཚམས་བཅད་པ་མ་ཡིན་ནོ། །མ་འོངས་པ་རྩོད་པའི་དུས་ན། ཡུལ་འདི་གཞོམ་པའི་ཕྱིར་སུམ་པའི་དམག་ཕལ་མོ་ཆེ་དང༌། དྲུ་གུ་རུས་སྣ་ཚོགས་དང༌། ཧོར་དང༌། གཞན་ཡང་དད་པ་

【漢語翻譯】 圓滿成就獲得十地后,在最後一生午夜時分從王宮中走出,前往森林。從森林裡,將坐騎帶回父王那裡。自己用刀剃掉頭髮,將我無價的華麗衣服換給獵人,換成袈裟。我穿上袈裟后,向三世諸佛頂禮皈依,受持出家戒律。諸神都向我頂禮皈依,隨後而來。我也以同樣的戒律證得了圓滿正等覺的佛果。因此,應當了知善逝的教法是神聖的。應當了知出家是具有福報的。世間上,除了在家眾所獲得的成就外,沒有人聽過或見過以在家形象獲得阿羅漢、辟支佛或無上菩提。這種出家的行為是世間上所有天人等的供養處。然後,當時所有的天人和天女都從座位上站起來,異口同聲地向佛陀世尊祈請說:尊者世尊,我們都將按照世尊所說的那樣去做,不會違背您的旨意。我們將全面守護、弘揚和支援這個佛陀的教法之地,以及如來行境的佛塔等。請世尊也賦予我們力量。這是為什麼呢?因為在未來爭鬥的時代,在這個被加持的地方,會出現許多敵人和不信仰者,以及反對者,他們不會區分對善逝教法的信仰,並且會努力摧毀教法。然後,當時世尊對那些天人說:很好,很好!善男子們,很好,很好!我也已經加持了這個地方,但加持本身並沒有劃定界限。在未來爭鬥的時代,爲了摧毀這個地方,大部分松巴軍隊,各種各樣的突厥人,蒙古人,以及其他的信仰

【英語翻譯】 Having perfected and attained the ten bhumis, in the last life, at midnight, he emerged from the royal palace and went to the forest. From the forest, he brought the mount back to his royal father. He cut off his hair with a sword. He exchanged my magnificent, priceless clothes for the ochre robes of a hunter. Having put on those robes, I prostrated to and took refuge in all the Buddhas of the three times, and took up the conduct of ordination. All the gods prostrated to me and took refuge, and came after me. I also attained perfect and complete enlightenment through that very conduct. Therefore, know that the teachings of the Sugata are sacred. Know that ordination is endowed with merit. In the world, apart from what is attained by householders, no one has ever heard or seen anyone attain Arhatship, Pratyekabuddhahood, or unsurpassed enlightenment in the guise of a householder. This conduct of ordination is the object of offering for all gods and so forth in the world. Then, at that time, all those gods and goddesses rose from their seats and, in one voice, requested the Buddha, the Bhagavan, saying: Venerable Bhagavan, we will act as the Bhagavan has commanded, and we will not intentionally deviate from your command. We will fully protect, uphold, and support this land of the Buddha’s teachings, as well as the stupas and other places of practice of the Tathagata. May the Bhagavan also entrust us with power. Why is that? Because in the future time of strife, in this blessed land, many enemies and non-believers will appear, as well as opponents, who will not distinguish between faith in the Sugata’s teachings, and will strive to destroy the teachings. Then, at that time, the Bhagavan said to those gods: Well done, well done! Noble beings, well done, well done! I have already blessed this land, but the blessing itself has not set boundaries. In the future time of strife, to destroy this land, most of the Sumpa army, various kinds of Turks, Mongols, and other faiths

============================================================

================== 第 11 段 ================== 【原始藏文】 མེད་པ་དག་འོང་བར་འགྱུར་ཏེ། དེའི་ཚེ་ཡུལ་གཞན་དང་གཞན་དག་ནས། དེ་བཞིན་གཤེགས་པའི་གཟུགས་བརྙན་བྱིན་གྱིས་བརླབས་པ་དག་ཡུལ་འདིར་གཤེགས་ནས་ཡུལ་གྱི་མཚམས་བསྲུང་བར་མཛད་དེ། བསོད་ནམས་ཀྱི་སྟོབས་དེས་ན། ཡུལ་འདི་གཏན་བརླག་པར་མི་འགྱུར་རོ། །གཟུགས་བརྙན་དེ་དག་གི་ཕྱི་བཞིན་དུ་བྱང་ཆུབ་སེམས་དཔའ་དང༌། ལྷ་དང་ཀླུ་མཐུ་སྟོབས་དང་ལྡན་པ་མང་པོ་དག་འོང་ཞིང་ཡུལ་དུ་གནོད་པ་རྣམས་ཟློག་པར་བྱེད། དགྲ་རྣམས་ཀྱིས་ཡུལ་མི་འཆོམ་པར་བྱེད་དེ། བདེ་བ་ཅན་ཞེས་བྱ་བའི་མཁར་ནས་དེ་བཞིན་གཤེགས་པ་བདེ་བའི་འབྱུང་གནས་ཞེས་བྱ་བའི་གཟུགས་བརྙན་གཤེགས་ནས། ནུབ་ཕྱོགས་མཁར་ཀོ་ཤེད་དུ་བཞུགས་ཤིང་ཡུལ་གྱི་མཚམས་བསྲུང་བར་འགྱུར་རོ། །བྱང་ཕྱོགས་སུ་ཡུལ་ཤེ་ན་ཞ་ཞེས་བྱ་བར་དེ་བཞིན་གཤེགས་པའི་གཟུགས་བརྙན་ཤེ་ན་ཞ་ཞེས་བྱ་བའི་སའི་འོག་ནས་འབྱུང་བར་འགྱུར་ཞིང༌། ཡུལ་གྱི་མཚམས་བསྲུང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་གཟུགས་བརྙན་ཀའི་ལང་ཞེས་བྱ་བ་གཤེགས་ནས། ཤར་ཕྱོགས་སུ་ཡུལ་བྱེ་མ་ཞེས་བྱ་བའི་མཁར་དུ་བཞུགས་ཤིང་ཡུལ་གྱི་ས་མཚམས་བསྲུང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་གཟུགས་བརྙན་ཕྱི་སེ་ཞེས་བྱ་བ་གཤེགས་ནས། བྱང་ཕྱོགས་ཀྱི་རི་གླང་རུ་ལ་འོད་སྲུང་གི་མཆོད་རྟེན་གྱི་དྲུང་དུ་བཞུགས་ཤིང༌། དགེ་སློང་དགོན་པ་རྣམས་ཀྱི་དགེ་བའི་རྩ་བ་བསྐྱེད་ཅིང༌། དེ་བཞིན་གཤེགས་པའི་བསྟན་པ་དང་ཡུལ་གྱི་ས་མཚམས་བསྲུང་བར་འགྱུར་རོ། །མཁར་དགེ་བ་ཅན་བྱ་བའི་ནང༌། ཚོང་དུས་ཀས་དི་ཟེ་ཞེས་བྱ་བར་དེ་བཞིན་གཤེགས་པའི་གཟུགས་བརྙན་རྒྱལ་པོའི་ཕོ་བྲང་ག་ནས་ཞེས་བྱ་བ་བཞུགས་ཤིང་མཁར་དགེ་བ་ཡུལ་དང་བཅས་པའི་ས་མཚམས་བསྲུང་བར་འགྱུར་རོ། །ས་གཞི་ཉོ་མོ་ཉ་ཞེས་བྱ་བ་གང་དུ་རྒྱལ་པོ་ཡོ་ལ་ཞེས་བྱ་བས་མཁར་རྩིག་པའི་གྲོས་བྱེད་པར་འགྱུར་བ་དེར། དེ་བཞིན་གཤེགས་པའི་གཟུགས་བརྙན་བཅུ་གོར་བན་ཞེས་བྱར་བ་བཞུགས་ཤིང་མཁར་དགེ་བ་ཅན་ཞེས་བྱ་བ་ཡུལ་དང་བཅས་པའི་ས་མཚམས་བསྲུང་བར་འགྱུར་རོ། །གཙུག་ལྷ་ཁང་འདི་ཛྱ་ཞེས་བྱ་བར་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་གཟུགས་བརྙན་ཐོར་ཁུང་དུ་བྱས་པ་གཤེགས་པར་འགྱུར་ཏེ། གཟུགས་བརྙན་དེ་ནི་འཛམ་བུའི་གླིང་གི་གཟུགས་བརྙན་ཐོར་ཁུང་དུ་བྱས་པ་ཐམས་ཅད་ཀྱི་ཐོག་མར་བྱུང་བ་ཡིན་ནོ། །གཟུགས་བརྙན་ལི་རྣམས་ཀྱིས་ནི་མཚན་བསྐོར་བའི་མར་མེ་མཛད་ཅེས་བྱ་བར་འདོགས་པར་འགྱུར་ཏེ། དེ་ནི་ལི་ཡུལ་གྱི་གཟུགས་བརྙན་ཐོར་ཁོང་དུ་བྱེད་པ་ཐམས་ཅད་ཀྱི་ད

【漢語翻譯】 沒有的將會到來,那時從其他地方,如來佛的加持過的佛像會來到這裡,守護此地的邊界。以那功德的力量,此地不會完全毀滅。那些佛像之後,菩薩和具有威力的天神、龍族等很多會到來,消除此地所有的災難。敵人不會侵犯此地。從名為極樂世界的城市裡,名為如來佛極樂之源的佛像會來到西方科舍城,守護此地的邊界。在北方名為謝納沙的地方,名為如來佛謝納沙的佛像會從地下出現,守護此地的邊界。名為如來佛凱朗的佛像會來到東方名為比瑪的城市,守護此地的邊界。名為如來佛奇色的佛像會來到北方朗如山上,在光明守護的佛塔旁,增長僧侶寺院的善根,守護如來佛的教法和此地的邊界。在名為德瓦堅的城市裡,在名為卡斯迪澤的集市上,名為如來佛國王宮殿嘎納的佛像會居住,守護包括德瓦城市在內的此地的邊界。在名為尼奧莫尼亞的土地上,國王尤拉將會商議建造城市,在那裡,名為如來佛楚果爾班的佛像會居住,守護包括德瓦堅城市在內的此地的邊界。在這座名為嘉的寺廟裡,如來佛燃燈佛的佛像將會以托孔的形式出現,那佛像是贍部洲所有以托孔形式出現的佛像中最先出現的。那些李地的佛像將會被命名為環繞之燃燈佛,那是李地所有以托孔形式出現的佛像的

【英語翻譯】 The non-existent will come into being. At that time, from other places, blessed images of the Tathagata will come to this place and protect the borders of this land. By the power of that merit, this land will not be completely destroyed. Following those images, many Bodhisattvas, gods, and powerful Nagas will come and avert all harm to the land. Enemies will not invade this land. From the city called Sukhavati, the image of the Tathagata, the source of bliss, will come to the western city of Kosha and protect the borders of this land. In the north, in the place called Shenasha, the image of the Tathagata called Shenasha will emerge from underground and protect the borders of this land. The image of the Tathagata called Kailang will come to the eastern city called Bima and protect the borders of this land. The image of the Tathagata called Chise will come to Mount Langru in the north, near the stupa of Light Protector, increase the roots of virtue of the monastic communities, and protect the teachings of the Tathagata and the borders of this land. In the city called Dewachen, in the market called Kasdize, the image of the Tathagata, the royal palace Gana, will reside and protect the borders of this land, including the city of Dewa. On the land called Niomonya, where King Yola will discuss building a city, the image of the Tathagata called Chugorban will reside and protect the borders of this land, including the city of Dewachen. In this temple called Jya, the image of the Tathagata Dipamkara will appear in the form of a Thorkhong, and that image will be the first of all the images in the form of Thorkhong in Jambudvipa. Those images of Li will be named Circumambulating Dipamkara, which is all the images in the form of Thorkhong in the land of Li.

============================================================

================== 第 12 段 ================== 【原始藏文】 བང་འབྱུང་ཞིང༌། བདེ་བར་གཤེགས་པའི་བསྟན་པ་ཡུལ་དང་བཅས་པ་ཡོངས་སུ་བསྲུང་བར་འགྱུར་རོ། །གཞན་ཡང་དེ་བཞིན་གཤེགས་པ་རིན་ཆེན་མང་གི་གཟུགས་བརྙན་ཡུལ་འདིའི་དབུས་སུ་གཤེགས་ནས། ཕྱོགས་བཅུའི་མཚམས་གཅོད་པར་མཛད་དེ། ཇི་སྲིད་དུ་དེ་བཞིན་གཤེགས་པའི་གཟུགས་བརྙན་ཕྱོགས་ཕྱོགས་ན་བཞུགས་པ་དེ་དག་མཆོད་གནས་སུ་བྱེད་པ་དེ་སྲིད་དུ་ཡུལ་འདི་བརླག་པར་མི་འགྱུར་རོ། །ཡུལ་འདི་ནས་སྐྱེས་པའི་མི་དང་ཡུལ་གཞན་ནས་སྐྱེས་པའི་མི་ལ་ལ་ཞིག །དེ་བཞིན་གཤེགས་པའི་གཟུགས་བརྙན་དེ་དག་ལ་སྙིང་ཐག་པ་ནས་དད་པ་དང་གུས་པ་དང་རབ་ཏུ་དང་བར་བྱེད་ཅིང་འདི་སྙམ་དུ་བདེ་བར་གཤེགས་པའི་གཟུགས་བརྙན་འདི་དག་ནི་ཡུལ་འདི་བསྲུང་བའི་སླད་དུ་གཤེགས་སོ་སྙམ་དུ་ཡང་སེམས་ན། གཟུགས་བརྙན་དེ་དག་ཀྱང་སངས་རྒྱས་བཞུགས་པ་བཞིན་དུ་དོན་མཛད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་བརྙན་དེ་དག་ང་དང་དུས་གསུམ་དུ་གཏོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་རོ། །གཞན་ཡང་ཡུལ་འདིར་ངའི་གཟུགས་བརྙན་ཆེན་པོ་ཤིང་རྟས་འདྲེན་པར་བྱས་ཏེ། མཁར་དགེ་བ་ཅན་ཞེས་བྱ་བའི་ནང་དུ་བཞག་ནས་མཆོད་གནས་ཆེན་པོར་བྱེད་པར་འགྱུར་རོ། །དེས་ན་ཡུལ་འདིར་ཕྱོགས་དང་ཕྱོགས་མཚམས་ནས། ཚོང་དཔོན་ཆེན་པོ་རྣམས་འོང་བར་འགྱུར་ཞིང་གནོད་པ་རྣམས་ཀྱང་ཞི་བར་འགྱུར་རོ། །གཞན་ཡང་ཡུལ་འདིར་དེ་བཞིན་གཤེགས་པའི་གཟུགས་བརྙན་ཉིས་བརྒྱ་རྩ་བརྒྱད་འོད་སྲུང་གི་མཆོད་རྟེན་དང་བཅས་པ་འབྱུང་བར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱང་ཆོ་འཕྲུལ་ཆེན་པོ་སྟོན་ཅིང་སེམས་ཅན་རྣམས་ཀྱི་སྡིག་པ་ཆེན་པོ་ཡོངས་སུ་སྦྱོང་བ་དང༌། གནོད་པ་སེལ་བར་མཛད་པར་འགྱུར་རོ། །ཡུལ་འདིར་གནོད་པ་དང་འཇིགས་པ་དང་སྐྲག་པ་འགའ་ཞིག་འབྱུང་ན། ཡུལ་འདིའི་ཆེད་དུ་ཕྱོགས་ལྔར་སྦྱོར་བ་བྱས་ཏེ། རྒྱལ་པོ་དང་བློན་པོ་ཡུལ་འཛིན་པ་དང༌། གང་གཞི་འཛིན་པ་དང་བྲལ་བར་བྱ་བའི་བདེ་བར་གཤེགས་པའི་བསྟན་པ་ལས་བསོད་ནམས་བསྐྱེད་པར་འདོད་ན། གཙུག་ལག་ཁང་ཚེར་མ་ཞེས་བྱ་བར་བསོད་ནམས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཡུལ་འདིའི་མི་རྣམས་ཀྱི་དད་པ་དང་ཡང་དག་པའི་ལྟ་བ་ནི་དང་པོའི་གཙུག་ལག་ཁང་དེ་ནས་སྐྱེ་བར་འགྱུར་རོ། །ནམ་ཞིག་ལ་ལའི་རྒྱལ་པོ་དང་བློན་པོ་དང༌། ཡུལ་འཛིན་པ་རྣམས་ལ་གནོད་པ་རྣམ་པ་སྣ་ཚོགས་ཤིག་བྱུང་ན། རི་གླང་རུ་ལ་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ན་བཞུགས། བཞུགས་པའི་གཞི་དེ་ལ་བསྐོར་བར་བྱའོ། །ཡུལ་འདིའི་སེམས་ཅ

【漢語翻譯】 將會興盛,善逝的教法及其國土將會完全受到守護。此外,如來寶積如來的身像將會降臨此地中央,並劃分十方邊界。只要如來的身像安住於各個方向,並將其作為供養之處,此地就不會被摧毀。從此地出生的人,以及從其他地方出生的人,如果從內心深處對如來的身像產生信仰、恭敬和極大的歡喜,並且心想這些善逝的身像是為了守護此地而降臨的,那麼這些身像也會像佛陀親臨一樣利益眾生。為什麼呢?因為這些身像已經被我和屬於三世的一切諸佛所加持。此外,我的巨大身像將會被馬車運載,安置在名為「善妙城」的地方,並成為一個偉大的供養之處。因此,來自各方和各個角落的偉大商人將會來到此地,各種損害也將會平息。此外,此地將會出現兩百零八尊如來的身像,以及與光明的佛塔,所有這些都將展現偉大的神變,完全淨化眾生的巨大罪業,並消除損害。如果此地發生某些損害、恐懼和害怕的事情,為了此地的緣故,應當在五個方向進行結合。如果國王、大臣、地方統治者,以及任何想要從脫離基礎的善逝教法中積累功德的人,都應當在名為「荊棘寺」的地方積累功德。為什麼呢?因為此地人民的信仰和正確的見解將會從最初的寺廟中產生。無論何時,如果某些國王、大臣和地方統治者遭受各種損害,應當在牛角山上繞行先前圓滿證悟的佛陀所居住的地方。此地的眾生

【英語翻譯】 will flourish, and the Sugata’s teachings and land will be completely protected. Furthermore, the image of the Tathagata Ratnakara will descend to the center of this land and demarcate the boundaries of the ten directions. As long as the images of the Tathagata reside in each direction and are made into places of offering, this land will not be destroyed. Any person born in this land or any person born in another land who, from the depths of their heart, has faith, respect, and great joy in the images of the Tathagata, and who thinks that these images of the Sugata have descended to protect this land, then those images will also benefit beings as if the Buddha himself were present. Why? Because those images have been blessed by me and all the Buddhas belonging to the three times. Furthermore, a great image of me will be carried by a chariot and placed inside a place called “Auspicious City,” and it will become a great place of offering. Therefore, great merchants from all directions and corners will come to this land, and all harms will be pacified. Furthermore, two hundred and eight images of the Tathagata, together with stupas of light, will appear in this land, and all of them will display great miracles, completely purify the great sins of sentient beings, and eliminate harms. If some harm, fear, and fright occur in this land, for the sake of this land, a combination should be made in five directions. If the king, ministers, local rulers, and anyone who wants to accumulate merit from the Sugata’s teachings that are free from a basis, they should accumulate merit in a place called “Thorn Temple.” Why? Because the faith and correct view of the people of this land will arise from that first temple. Whenever some kings, ministers, and local rulers suffer various harms, they should circumambulate the place where the Buddha, who had previously perfectly awakened, resided on Ox Horn Mountain. The sentient beings of this land

============================================================

================== 第 13 段 ================== 【原始藏文】 ན་རྣམས་ལས་མི་དགེ་བར་འཆགས་པར་འདོད་ན། མཆོད་རྟེན་གོ་མ་སཱ་ལ་གན་དྷའི་དྲུང་དུ་བཤགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མཆོད་རྟེན་དེ་ནི་སངས་རྒྱས་བཞུགས་པ་བཞིན་དུ་གང་དག་གིས་བསྐོར་བའམ། མེ་ཏོག་གམ། བདུག་པའི་དབྱངས་སམ། རོལ་མོའི་སྒྲས་མཆོད་པ་བྱས་པ་དེའི་མཚམས་མེད་པ་ལྔ་ཡང་ཉམས་དམས་པར་འགྱུར་ན། གཞན་ལྟ་སྨོས་ཀྱང་ཅི་དགོས། ཡུལ་འདིའི་རྒྱལ་པོ་དང་བློན་པོ་དང༌། ཡུལ་འཛིན་པ་གང་ཞིག་བརྟུལ་ཞུགས་ཆེན་པོའི་སྡོམ་པ་ལེན་པར་འདོད་པ་དེས། རི་གླང་རུ་གང་ན་དེ་བཞིན་གཤེགས་པའི་གཟུགས་བརྙན་ཕྱི་ས་ཞེས་བྱ་བ་དང༌། འོད་སྲུང་གི་མཆོད་རྟེན་ཡོད་པའི་དེའི་དགེ་འདུན་ལས་ནོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཡུལ་འདིར་ཆོས་ཀྱི་སྤྱོད་པ་དེ་ཡོངས་སུ་རྫོགས་པ་དང༌། ཚུལ་ཁྲིམས་ཡོངས་སུ་དག་པ་ནི་དེ་ནས་འབྱུང་བར་འགྱུར་བའི་ཕྱིར་རོ། །ཡུལ་འདིའི་མི་ལ་ལ་ཞིག་ཆད་པ་ཆེན་པོ་ལ་ཐུག་ན། དེས་རི་གླང་རུ་ལ་གནས་པའི་འཕགས་པའི་དགེ་འདུན་ལ་སྐྱབས་སུ་འགྲོ་བར་བྱས་ཏེ། དེས་ན་ཆད་པ་དེ་ལས་ཐར་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གནས་དེ་ནི་ཐར་པ་ཐོབ་པ་སྟོང་ཕྲག་དུ་མའི་ཕྱི་མའི་མཐའི་བར་དུ་གནས་ཤིང་མི་སྟོངས་པའི་ཕྱིར་ཏེ། རྒྱུ་དེས་ན་རི་གླང་རུ་དང་མཆོད་རྟེན་གོ་མ་སཱ་ལ་གན་དྷ་ཡུལ་དང་བཅས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་ལྕགས་ཀྱུ་ཡིན་ནོ། །དེ་ནས་དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དག་ནས། བྱང་ཆུབ་སེམས་དཔའ་ཉིས་ཁྲི་ལྷགས་ན། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། དབྱངས་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས་ཀྱང་ཐབས་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དང༌། ཡུལ་འདི་ཡོངས་སུ་བསྐྱང་བར་བགྱི། བསྲུང་བར་བགྱི་ཞིང་ཇི་སྲིད་དུ་བདེ་བར་གཤེགས་པའི་བསྟན་པ་དང༌། དཀོན་མཆོག་གསུམ་ལ་གནས་ཤིང༌། རྒྱལ་པོ་དང་བློན་པོ་ལ་སོགས་པ་མིའི་ཚུལ་ཁྲིམས་དང་ལྡན་པ་དད་པ་ཅན་དང་ཡུལ་ཆོས་དང་མཐུན་པར་བགྱིད་པ་མཆིས་པ་དེ་སྲིད་དུ་ཡོངས་སུ་མི་གཏོང་ཞིང་ཡུལ་འདིར་དུས་དུས་སུ་སྤྱོད་ལམ་དང༌། ཆ་ལུགས་ཅི་དང་ཅི་ལྟ་བུས་སེམས་ཅན་མང་པོའི་བསོད་ནམས་ཆེན་པོ་ཡོངས་སུ་སྨིན་པར་འགྱུར་བ་དང༌། སངས་རྒྱས་ཉིད་དུ་སེམས་བསྐྱེད་པར་འགྱུར་བ་དང༌། བསམ་གཏན་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་འགྱུར་བ་དང༌། སངས་རྒྱས་ཉིད་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་བུའི་སྐྱེ་བ་བླང་བའི་སླད་དུ་ཁ་ཅིག་གིས་ན

【漢語翻譯】 如果有人想要積聚惡業,就應該在郭瑪薩拉甘達佛塔前懺悔。為什麼呢?因為如果有人像對待佛陀一樣繞佛塔,或者用鮮花、焚香、音樂供養它,那麼即使是犯了五無間罪的人,罪業也會減輕,更何況是其他人呢?這個國家的國王、大臣和統治者,如果想要受持偉大的禁行誓言,就應該從位於瑞朗如(Rilangru)的那如來身像「皮薩(Phisa)」以及有迦葉佛塔的僧團那裡接受。為什麼呢?因為這個國家的佛法修行圓滿,戒律清凈,都將從那裡產生。如果這個國家有人面臨重大的懲罰,他就應該皈依位於瑞朗如(Rilangru)的聖僧團,這樣他就能從懲罰中解脫。為什麼呢?因為這個地方在獲得解脫的成千上萬人的最後盡頭一直存在,不會消失。因此,瑞朗如(Rilangru)和郭瑪薩拉甘達佛塔及其所在地是如來們的鐵鉤。然後,那時從十方佛土,來了兩萬多菩薩,向世尊嘎拉瓦(Galava)合掌致敬,異口同聲地說道:世尊,我們也將會用各種方法來守護如來的行境和這個地方。我們將守護,並且只要善逝的教法和三寶存在,只要國王和大臣等具有人類戒律、有信仰、與地方習俗相符的人存在,我們就不會放棄,並且在這個地方,無論何時,以何種行為和方式,能夠使眾多眾生的巨大福德圓滿成熟,能夠發起成佛之心,能夠進入禪定和三摩地,能夠獲得不退轉于成佛之果的轉世,爲了獲得這樣的轉世,有些人

【英語翻譯】 If someone wishes to accumulate negative karma, they should confess before the stupa of Goma Sala Gandha. Why is that? Because if someone circumambulates that stupa as if it were the Buddha, or offers it with flowers, incense, or the sound of music, even the five inexpiable sins will be diminished. What need is there to mention others? The king, ministers, and rulers of this country, if they wish to take the vows of great asceticism, should receive them from the sangha at Rilangru, where there is the image of the Tathagata called “Phisa,” and where there is also the stupa of Kashyapa. Why is that? Because the practice of Dharma in this country will be perfected, and pure morality will arise from there. If someone in this country faces a great punishment, they should take refuge in the noble sangha residing at Rilangru, and thus they will be liberated from that punishment. Why is that? Because that place will remain until the ultimate end of thousands of those who have attained liberation, and it will not disappear. Therefore, Rilangru and the stupa of Goma Sala Gandha, together with their location, are the hooks of the Tathagatas. Then, at that time, from the Buddha-fields of the ten directions, more than twenty thousand bodhisattvas came and, bowing with their palms joined to the Blessed One Galava, they spoke in one voice, saying: “Blessed One, we too will protect the realm of the Tathagata and this place by various means. We will guard and protect it, and as long as the teachings of the Sugata and the Three Jewels remain, and as long as there are kings and ministers and others who possess human morality, who are faithful, and who are in accordance with local customs, we will not abandon it. And in this place, at all times, by whatever conduct and manner, the great merit of many sentient beings will be fully ripened, the mind of enlightenment will be generated, they will enter into meditation and samadhi, and they will obtain rebirth such that they will not turn back from Buddhahood. For the sake of taking such rebirths, some

============================================================

================== 第 14 段 ================== 【原始藏文】 ི་རྒྱལ་རིགས་ཡོངས་སུ་བཟུང་བར་བགྱི། ཁ་ཅིག་གིས་ནི་རབ་ཏུ་བྱུང་བ་དང༌། ཁྱིམ་པ་གཞན་གྱི་ཆ་ལུགས་ཡོངས་སུ་བཟུང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་རྣམས་ཀྱིས་འདི་ལྟར་བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་དང༌། ཡུལ་འདི་གང་དུ་སེམས་ཅན་རྣམས་སངས་རྒྱས་ཉིད་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་བུར་ཆུ་གང་ཐོབ་ཅིག །ཡང་དེའི་ཚེ་ལྷ་རྣམ་ཐོས་ཀྱི་བུ་ཞེས་བྱ་བ་དང༌། མི་ཕམ་པ་ཞེས་བྱ་བ་ལ་སོགས་པ་ལྷ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡུལ་འདི་བསྲུང་བའི་སླད་དུ་མཐུ་བཏང་བ་དང༌། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་དང༌། མཐུས་བདག་ཅག་གིས་ཀྱང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དང༌། བྱིན་གྱིས་བརླབས་བརླབས་པའི་ཡུལ་འདི་ཀུན་ཏུ་བསྲུང་ཞིང་ཡལ་བར་མི་བཏང་བར་བགྱི་བའི་སླད་དུ། བརྩོན་འགྲུས་ཆེན་པོའི་ཤུགས་ཀྱིས་འབད་པར་འཚལ་ལོ། །གལ་ཏེ་ཡུལ་འདིར་དྲུ་གུ་ལ་སོགས་པ་གཏུམ་པོ་དད་པ་མ་མཆིས་པ་རྣམས་དང༌། ཧོར་དང་སུམ་པའི་དམག་དག་མཆིས་པར་འགྱུར་ན། དེ་དག་ཕན་ཚུན་ནང་འཁྲུག་འབྱུང་བ་དང༌། དེ་དག་གི་འཁོར་ནང་མི་མཐུན་པར་འགྱུར་བ་དང༌། འགུམ་པར་འགྱུར་བར་བགྱིའོ། །ཡང་ན་དེ་དག་ཅི་ནས་ཀྱང་འདིར་མཆི་ཞིང་དེ་བཞིན་གཤེགས་པའི་བསྟན་པ་འཇིག་མི་ནུས་པར་བགྱི་བའི་སླད་དུ། གཞན་གྱི་དབང་དུ་འགྱུར་བར་བགྱིའོ། །གལ་ཏེ་རྒྱའི་དམག་དག་མཆིས་པར་གྱུར་ན། དེ་དག་གི་སེམས་དད་པར་བགྱི་ཞིང་སླར་ཡུལ་འདི་ལ་ཕན་འདོགས་པ་དང༌། ཕྱིས་ཡུལ་འདིར་བསོད་ནམས་བྱ་བའི་དངོས་པོ་དགེ་བ་རྒྱ་ཆེན་པོ་བགྱིད་དུ་བསྩལ་ཏོ། །ནམ་ཞིག་ཡུལ་འདིའི་སེམས་ཅན་རྣམས་ལ་གནོད་པ་བགྱིད་པ་དེའི་ཚེ་ན་ཡང་ཕྱིར་དད་པར་བགྱི་ཞིང༌། མདོ་འདི་ཡང་ཁོང་དུ་ཆུབ་པར་བགྱིད་དུ་སྩལ་ཏོ། །གང་གི་ཚེ་དེ་དག་མ་འོངས་པར་དཀོན་མཆོག་གསུམ་གྱི་ཡོ་བྱད་ལ་དབང་འཚལ་ཞིང༌། མང་དུ་འཕྲོག་པ་དང༌། སེམས་ཅན་བསོད་ནམས་དང་ལྡན་པ་རྣམས་ལ་འཚེ་བ་དེའི་ཚེ་ནི། བདག་བཅག་གི་འཁོར་གནོད་སྦྱིན་དད་པ་ཅན་དང༌། དད་པ་མ་མཆིས་པ་དུ་མ་ཞིག་དབང་བསྐུར་ཏེ་བཀྱེ་ནས་ཡུལ་དེར་ཅི་ནས་ཀྱང་ཡུན་རིང་མོ་ཞིག་གི་བར་དུ་རྒུད་པར་བགྱི་ཞིང༌། ཡུལ་འདི་འཇིག་མི་ནུས་པར་བགྱི་བའི་སླད་དུ་མུ་གེ་དང་ནད་དང་ཕ་རོལ་གྱི་དམག་མཆི་བར་བགྱིད་དུ་སྩལ་ཏོ། །ལི་ཡུལ་ག

【漢語翻譯】 將王族全部納入其中。有些人則完全出家,另一些人則保持在家人的裝束。世尊說道:善哉!善哉!善男子,你們應當像這樣獲得清凈劫所有佛陀的行境,以及這個地方,凡是眾生一旦成佛便永不退轉的地方。當時,名為多聞天王之子和不敗者的諸神都向世尊稟告說:世尊,爲了守護菩薩摩訶薩們的這個地方,已經施展了威力,世尊也加持了,憑藉威力,我們也同樣爲了守護如來行境和加持之地,不使其衰敗,將以大精進力努力。如果這個地方有突厥等殘暴不信者,或者有蒙古和蘇毗的軍隊,愿他們互相發生內訌,他們的眷屬內部不和,並且滅亡。或者無論如何也要讓他們來到這裡,爲了使如來的教法不被摧毀,讓他們受制於他人。如果漢地的軍隊到來的話,愿使他們的心生起信心,並且反過來利益這個地方,以後請賜予他們在這個地方行廣大善業、積聚福德的機會。無論何時,當他們危害這個地方的眾生時,也要讓他們重新生起信心,並且讓他們理解這部經。當他們在未來侵佔三寶的財物,大量掠奪,並且傷害有福德的眾生時,那時,我等將委派許多有信和無信的夜叉眷屬,無論如何也要讓他們在那個地方長期衰敗,爲了使這個地方不被摧毀,請賜予饑荒、疾病和外敵入侵。于闐(今新疆和田)的……

【英語翻譯】 To take possession of the entire royal lineage. Some will be fully ordained, while others will maintain the appearance of householders. The Blessed One said: “Well done! Well done! Sons of good family, you should thus obtain the practice of all the Buddhas of this auspicious kalpa, and this place where beings, once they become Buddhas, will never regress.” Then, the gods, such as the son of the God of Wealth and the Invincible One, all said to the Blessed One: “Blessed One, in order to protect this land of the Bodhisattvas, great beings, power has been exerted, and the Blessed One has blessed it. By this power, we too, in order to protect the realm of the Tathagata and the land of blessings, without letting it decline, will strive with great diligence. If in this land there are cruel, faithless people such as the Turks, or if there are armies of Hor and Sumpa, may they have internal conflicts with each other, may their retinues be in disharmony, and may they perish. Or, by any means, may they come here, and in order to prevent the destruction of the Tathagata’s teachings, may they be subjected to others. If armies from China come, may their minds be filled with faith, and may they in turn benefit this land, and later, may they be granted the opportunity to perform great virtuous deeds and accumulate merit in this land. Whenever they harm the beings of this land, may they also regain faith, and may they be granted to understand this sutra. When in the future they seize the property of the Three Jewels, plunder in great quantities, and harm beings endowed with merit, then, we will empower and dispatch many faithful and faithless Yaksha retinues, and by any means, may they cause that land to decline for a long time, and in order to prevent this land from being destroyed, may famine, disease, and foreign armies be sent. The land of Li (Khotan, modern Hotan in Xinjiang)…”

============================================================

================== 第 15 段 ================== 【原始藏文】 ྱི་ནོར་རྫས་དེ་དག་གིས་འཚལ་བ་རྣམས་ཀྱང་བཀྲ་མི་ཤིས་པར་བགྱི་ཞིང༌། གང་དང་གང་དུ་ཕྱིན་པའི་ཡུལ་དེ་ཐམས་ཅད་དུ་ཡང་སྨན་ཡོན་མི་ཐོགས་ཤིང་འཁྲུགས་པར་བགྱིའོ། །དེ་དག་གི་ཡུལ་འཛིན་པ་དང༌། དམག་དཔོན་ཡང་རྒུད་པར་བགྱིའོ། །བོད་ཀྱི་དམག་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བགྱི་སྟེ། དེ་གང་གི་ཚེ་དེ་དག་ཆོས་དང་མཐུན་པར་ཡུལ་འདི་འཛིན་ཅིང་བསྲུང་ན་ནི་བདག་ཅག་རྣམས་ཀྱིས་ཀྱང་དེ་དག་ཡོངས་སུ་བསྐྱང་ཞིང་རྒྱལ་བར་འགྱུར་བར་བགྱིའོ། །ནམ་ཞིག་དེ་དག་བདེ་བར་གཤེགས་པའི་བསྟན་པ་འཇིག་པ་དང༌། ཡུལ་གྱི་མི་ལ་གནོད་པར་བགྱིད་པ་དེའི་ཚེ་ན། དམག་རྣམས་ནང་འཁྲུགས་འབྱུང་བ་དང༌། དམག་གི་དཔོན་པོ་ཡང་ཚེ་ཐུང་ངུ་རྒུད་པར་བགྱི་སྟེ་རྒྱས་པར་ནི་སྔ་མ་བཞིན་ནོ། །མ་འོངས་པའི་དུས་ན་ཡུལ་འདིའི་རྒྱལ་པོ་དང༌། བློན་པོ་སེམས་གྱ་གྱུ་ཅན་བསོད་ནམས་ཆུང་བ་དད་པ་མེད་པ་དཀོན་མཆོག་གསུམ་གྱི་དཀོར་ལ་འཇོལ་ཉོག་ཏུ་རློམ་ཞིང་ཡུལ་གྱི་རྩིས་འགོ་དང་འགལ་བར་བགྱིད་པ། ནོར་རྫས་མ་བརྟགས་པས་གོ་འཆང་འཚོལ་བ། སེམས་ཅན་བསོད་ནམས་དང་ལྡན་པ་རྣམས་སུན་འབྱིན་དུ་རྒོལ་བ་ངོ་ཚ་མེད་པ་རྔན་དུས་ཅན་འདོད་པའི་ཡོན་ཏན་གྱིས་ངོམས་མི་མྱོང་བ། རབ་ཏུ་འབྱུང་བ་དག་གིས་སེམས་སྐྱོ་བ་ལ་ལ་དག་འབྱུང་པར་འགྱུར་ན། དེ་དག་ནི་བདག་ཅག་གིས་ཀྱང་ཡུལ་འདི་ནས་འབྱུང་བ་ཞིག །ཡུལ་ངན་པ་གཞན་དག་ཏུ་སྤྱུག་པར་བགྱི་སྟེ། ཚུལ་དེ་ལྟ་བུས་ཡུལ་འདི་ཡོངས་སུ་བསྐྱང་བ་དང་བསྲུང་བར་བགྱིའོ། །བཅོམ་ལྡན་འདས་སླད་མ་རྩོད་པའི་དུས་ན་ལུས་འདི་གཞིག་པར་བརྩོན་པའི་སེམས་ཅན་བདུད་ཀྱི་ཕྱོགས་སྡིག་པར་བགྱིད་པའི་མཐུ་སྟོབས་དང་ལྡན་གཡུལ་དག་ཏུ་སེམས་ཅན་རྣམས་ཀྱི་དབང་བཟློག་པར་བགྱིད་པ། སེམས་གདུག་ཅིང་བརླང་བའི་ལྷ་དང་ཀླུ་དང༌། གནོད་སྦྱིན་དང༌། སྲིན་པོ་དུ་མ་ཞིག་འབྱུང་བར་འགྱུར་ལ། དེ་དག་ཀྱང་བདག་ཅག་གི་དབང་དུ་མི་འགྱུར་ན། དེ་ལ་བདག་གིས་ཐབས་ཇི་ལྟར་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཡིད་སྐྱོ་བར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། གླིང་བཞི་པ་འདི་ན་བྱང་ཆུབ་སེམས་དཔའ་རྣམས་དང༌། ལྷ་མཐུ་སྟོབས་ཆེ་བ་དང༌། ཀླུ་དང་གནོད་སྦྱིན་ས་ཐོབ་པ་དུ་མ་ཞིག་གནས་པ་དེ་དག་ལ་སེམས་འཇམ་པོས་མཆོད་པ་ཆེན་པོ་བྱས་ཏེ། མཆོད་རྟེན་གོ་མ་སཱ་ལ་གན་དྷ་དང༌། གཙུག་ལག་ལྷ་ཁང་ཚར་མ་ལ་སོགས་པ་ཡུལ་བྱིན་གྱིས་བརླབས་བརླབས་པ་རྣམས་སུ་ཐེག་པ་ཆེན་པོའི་སྡེ་སྣོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འ

【漢語翻譯】 那些用財物供養的人也會變得不吉利,無論他們走到哪裡,都不會有醫藥和幫助,並且會發生衝突。那些佔據他們土地的人和將領也會衰敗。對於藏地的軍隊也要同樣看待。當他們與佛法相符地守護這片土地時,我們也會支援他們並使他們獲勝。如果他們摧毀善逝的教法,並危害當地人民,那麼軍隊內部會發生衝突,軍隊的將領也會短命而衰敗,而興盛則如前所述。在未來的時代,這片土地的國王和大臣們,心懷欺騙,福德淺薄,沒有信仰,認為可以隨意挪用三寶的財物,並且違背國家的規章制度,不加考察地搜刮財物,攻擊那些具有福德的眾生,不知羞恥,貪圖賄賂,永遠無法滿足慾望。如果出家人感到沮喪,有些人會離開,那麼我們也會將那些從這片土地上出現的人驅逐到其他惡劣的地方。通過這種方式,我們將完全守護和保護這片土地。世尊,在未來爭鬥的時代,那些致力於摧毀身體的眾生,惡魔的黨羽,擁有作惡的力量,在戰場上控制眾生的意志,心懷惡意和粗暴的神、龍、夜叉和羅剎會出現。如果我們無法控制他們,我該怎麼辦?世尊說道:種姓之子,你不要灰心。為什麼呢?因為在這個四大部洲中,有許多菩薩、具有強大力量的神、龍和夜叉居住,他們已經證得果位。你要以柔和的心供養他們,並在佛塔果瑪薩拉甘達和寺廟擦瑪等加持過的地方,書寫大乘的經典《般若波羅蜜多》。

【英語翻譯】 Those who offer with those possessions will also become inauspicious, and wherever they go, they will not receive medicine or help, and conflicts will occur. Those who occupy their lands and the generals will also decline. The same should be understood for the Tibetan armies. When they uphold and protect this land in accordance with the Dharma, we will also support them and make them victorious. If they destroy the teachings of the Sugata and harm the people of the land, then conflicts will arise within the armies, and the generals of the armies will be short-lived and decline, while prosperity will be as before. In the future, the kings and ministers of this land, with deceitful minds, little merit, and no faith, will presume to misuse the wealth of the Three Jewels, and will act contrary to the regulations of the country, seeking wealth without investigation, attacking those beings who possess merit, being shameless, greedy for bribes, and never satisfied with the qualities of desire. If renunciates become discouraged and some leave, then we will also expel those who arise from this land to other evil places. In this way, we will completely guard and protect this land. O Bhagavan, in the future time of strife, those beings who strive to destroy this body, the demonic factions, possessing the power to do evil, will reverse the will of beings in battles. Many gods, nagas, yakshas, and rakshasas with malicious and violent minds will arise. If we cannot control them, what means shall I employ? The Bhagavan said: Son of good family, do not be discouraged. Why? Because in this Jambudvipa, there are many Bodhisattvas, gods with great power, nagas, and yakshas who have attained the ground. Make great offerings to them with gentle hearts, and in the blessed places such as the stupa Goma Sala Gandha and the temple Tsarma, write the Mahayana scriptures, the Prajnaparamita.

============================================================

================== 第 16 段 ================== 【原始藏文】 དུས་པ་ཆེན་པོ་དང༌། སངས་རྒྱས་ཕལ་པོ་ཆེ་དང༌། དཀོན་མཆོག་བརྩེགས་པ། ཤིན་ཏུ་རྒྱས་པའི་སྡེ་མང་པོ་ལྷོགས་ཤིག་དང༌། ཡུལ་སོ་སོ་ནས་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་སོགས་པ་དང༌། མཐུ་སྟོབས་ཆེན་པོ་སེམས་ཅན་དེ་དག་ཡུལ་འདིར་འོངས་ནས་ཆོས་ཀྱི་རོ་མནོས་ཤིང༌། དུས་གསུམ་དུ་གཏོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་ཚིག་ལས་མི་འགལ་བར་བྱེད། བསྐལ་པ་བཟང་པོའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དང༌། ཡུལ་ཡང་སྲུང་བར་བྱེད། ཡུལ་འདིའི་མི་དང་བསྟན་པ་ཡང་སྲུང་བར་བྱེད་པར་འགྱུར་རོ། །གཞན་ཡང་མ་འོངས་པའི་དུས་ན། ཡུལ་དགེ་བ་འདིའི་རྒྱལ་པོ་མཐུ་ཆུང་བར་འགྱུར་ཏེ། མཐུ་ཆུང་བ་དེས་ན་རང་གི་མཐུ་སྟོབས་ཀྱིས་ཡུལ་མི་ཐུབ་པས་རྒྱལ་པོ་དད་པ་ཅན་གཞན་འདི་ལྟ་སྟེ། བོད་ཀྱི་རྒྱལ་པོ་དང་རྒྱའི་རྒྱལ་པོ་ལ་སོགས་པ་ལ་སྐྱབས་བཙལ་ནས་ཡུལ་སྲུང་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། མ་འོངས་པའི་དུས་ན་རྒྱ་དང་བོད་ཀྱི་ཡུལ་དུ་དཀོན་མཆོག་གསུམ་གནས་ཤིང་མཆོད་གནས་ཆེན་པོར་བྱེད་པ་དང༌། ཡུལ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གནས་སུ་འགྱུར་ཞིང༌། སེམས་ཅན་དེ་དག་ཀྱང་བྱང་ཆུབ་ཆེན་པོའི་ལམ་འཚོལ་བའི་ངང་ཚུལ་ཅན། ཐེག་པ་ཆེན་པོ་ལ་དད་པ་ཏིང་ངེ་འཛིན་ལ་གཞོལ་བར་འགྱུར་ཏེ། དེ་དག་གི་མཐུ་སྟོབས་ཀྱིས་ལི་ཡུལ་གྱི་མི་དང༌། དཀོན་མཆོག་གསུམ་བརླག་པར་མི་འགྱུར་རོ། །སྐྱེས་བུ་དམ་པ་ཁྱེད་རྣམས་ཀྱིས་ཀྱང་བོད་དང་རྒྱའི་རྒྱལ་པོ་དང་བློན་པོ་དག་ཅི་ནས་ཀྱང་མཆོད་རྟེན་གོ་མ་སཱ་ལ་གན་དྷ་དང་ཡུལ་དགེ་བ་འདི་ལ་རི་མོར་བྱེད་པར་འགྱུར་བ་དང༌། ཡུལ་འདིར་བསོད་ནམས་བྱ་བའི་དངོས་པོ་དགེ་བ་རྒྱ་ཆེན་པོ་བྱེད་པར་འགྱུར་བ་དང༌། ཡུལ་འདིའི་མི་ཉི་འོག་དད་པ་མེད་པའི་ཡུལ་གཞན་དུ་འཁྱམས་པ་རྣམས་ཀྱང་སྡུག་བསྔལ་དང་བྲལ་ཞིང་བདེ་བར་རང་གི་ཡུལ་དུ་བསྐྱལ་ནས། ཕྱིར་ཡང་དག་པའི་ལྟ་བ་ཅན་དང༌། བསོད་ནམས་ལ་དགའ་བར་འགྱུར་བར་སེམས་སྒྱུར་ཅིག་དང༌། དགེ་བའི་རྩ་བ་དེའི་སྟོབས་ཀྱིས་སྐྱེས་བུ་དམ་པ་ཁྱེད་རྣམས་ཀྱི་དགེ་བའི་རྩ་བ་དང༌། མདངས་དང་གཟི་བརྗིད་དང༌། འཁོར་འཕེལ་བར་འགྱུར་ཞིང་སངས་རྒྱས་ཉིད་དུ་ཡང་ཉེ་བར་འགྱུར་གྱིས། དུས་གསུམ་དུ་གཏོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་གདམས་ངག་ལ་བྱས་པ་གཟོ་བར་གྱིས་ཤིག །འདི་ལྟར་ཡུལ་འདིའི་སེམས་ཅན་རྣམས་ཕྱིར་མི་ལྡོག་པ། བྱང་ཆུབ་སེམས་དཔའི་ལས་དང་ལྡན་པ། སྙིང་རྗེ་དང་ལྡན་པ། བདེ་བ་དང་ལྡན་པ་གཏོང་ཕོད་པ། ཕྲག་དོག་ད

【漢語翻譯】 大時,佛陀大寶積,寶積,以及極其廣大的僧眾請降臨。從各個地方來的十地菩薩等等,以及具有強大力量的眾生來到此地,品嚐佛法的滋味,不違背屬於三世的如來們的誓言。也是賢劫諸佛的行境,也守護著國土。也將守護此地的人民和教法。另外,在未來的時候,此善地的國王將會變得弱小。因為弱小,所以無法以自己的力量守護國土,因此會向其他具有信心的國王尋求庇護,比如向吐蕃的國王和漢地的國王等尋求庇護來守護國土。那是因為什麼呢?因為在未來的時候,漢地和吐蕃的國土中,三寶安住,成為偉大的供養處。那些國土也將變成菩薩摩訶薩的住所。那些眾生也具有尋求大菩提道的心態,信仰大乘,專注于禪定。憑藉著他們的力量,于闐的人民和三寶不會被毀滅。聖士夫們,你們也要盡力讓吐蕃和漢地的國王和大臣們,將古瑪薩拉犍陀佛塔和此善地作為榜樣,並且在此地行廣大善業,讓此地流落在其他不信佛法的國土的人民,也脫離痛苦,安樂地回到自己的國土,並且再次轉變為具有正見,歡喜行善的人。以那善根的力量,聖士夫們,你們的善根,光彩和威嚴,眷屬都將增長,並且也將接近成佛。請報答屬於三世的如來們的教誨。如此,此地的眾生不會退轉,具有菩薩的事業,具有慈悲,具有安樂,具有佈施,嫉妒

【英語翻譯】 Great time, Buddha Maharatnakuta, Ratnakuta, and extremely vast Sangha please descend. Bodhisattvas of the tenth bhumi and so on from various places, and those powerful beings come to this land, taste the flavor of the Dharma, and do not violate the vows of the Tathagatas belonging to the three times. It is also the realm of activity of the Buddhas of the Good Kalpa, and also protects the country. It will also protect the people and teachings of this land. Furthermore, in the future, the king of this virtuous land will become weak. Because of weakness, he will not be able to protect the country with his own power, so he will seek refuge from other faithful kings, such as the kings of Tibet and China, to protect the country. Why is that? Because in the future, the Three Jewels will abide in the lands of China and Tibet, and become great places of offering. Those lands will also become the abode of Bodhisattvas Mahasattvas. Those beings will also have the attitude of seeking the Great Bodhi path, have faith in the Mahayana, and be devoted to Samadhi. By their power, the people of Khotan and the Three Jewels will not be destroyed. Holy men, you must also do your best to make the kings and ministers of Tibet and China take the stupa of Gomasala Gandha and this virtuous land as examples, and perform great virtuous deeds in this land, so that the people of this land who are wandering in other lands without faith in the sun will also be free from suffering, return to their own land in peace, and again be transformed into people with right views and joy in doing good. By the power of that root of virtue, holy men, your roots of virtue, radiance and majesty, and retinue will increase, and you will also be close to becoming a Buddha. Please repay the teachings of the Tathagatas belonging to the three times. In this way, the beings of this land will not regress, have the deeds of Bodhisattvas, have compassion, have happiness, have generosity, and jealousy.

============================================================

================== 第 17 段 ================== 【原始藏文】 ང་ཁོན་དུ་འཛིན་པ་རྣམ་པར་སྤངས་པ། བྱས་པ་གཟོ་བ། ཆོས་ལ་དགའ་བ། ཡང་དག་པར་ལྟ་བ་ཅན། ལོག་པའི་ལྟ་བ་ཐམས་ཅད་རྣམ་པར་སྤངས་པ། སེམས་འཇམ་པར་འགྱུར་ཏེ། རྒྱུ་དེས་ན་དགེ་བ་རྣམས་ཞེས་བྱའོ། །ཡུལ་འདིའི་མཁར་ཡང་མི་བྱམས་པ་དང༌། འཇམ་པའི་སེམས་དང་ལྡན་པ་རྣམས་དང༌། མཆོད་རྟེན་དང་གཙུག་ལག་ཁང་དུ་མས་བརྒྱན་པར་འགྱུར་ཏེ། དེའི་ཕྱིར་མཁར་དགེ་བ་ཅན་ཞེས་བྱ་འོ། །གཞན་ཡང་ཡུལ་གཞན་དག་ནས་སེམས་ཅན་དད་པ་མེད་པ། སྡང་བ་འཁོན་དུ་འཛིན་པ་དག་ཡུལ་འདིར་འོངས་བ་ཀུན་ཡུལ་འདིའི་རྡུལ་གྱིས་རེག་ཅིང༌། ཡུལ་འདི་ནས་འཁྲུངས་པའི་འཚོ་བ་ལོངས་སྤྱོད་ན། དེ་དག་ཐམས་ཅད་ཀྱིས་སེམས་བསྒྱུར་ནས། སེམས་འཇམ་པ་དང༌། མཉེན་པ་དང༌། བྱམས་པའི་བསམ་པ་དང༌། ཁྲོ་བ་དང༌། འཁོན་དུ་འཛིན་པ་སྤངས་པ་དང༌། བྱང་ཆུབ་སེམས་དཔའ་ཕྱོགས་ཕྱོགས་ནས་ལྷགས་པ་དེ་དག་ཐམས་ཅད་ས་ལ་གནས་པའི་ལྷ་དང༌། ཀླུ་དང་ནམ་མཁའ་ལ་གནས་པའི་ལྷ་དང༌། གནོད་སྦྱིན་ཐམས་ཅད་སེམས་ངོ་མཚར་དུ་གྱུར་ནས་རངས་པ་སྐྱེས་ཏེ། ཆོས་ཀྱི་སྒོ་མོའི་སྒྲ་དེ་ལ་ཡིད་མི་ཕྱེད་པར་གྱུར་ཏོ། །དེ་ནས་དེའི་ཚེ་འཁོར་དེ་དག་གིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུ་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་ཆོ་འཕྲུལ་ཆེན་པོ་འདི་ལྟ་བུ་བསྟན་ལགས། བཅོམ་ལྡན་འདས་ཀྱིས་ཚངས་པའི་དབྱངས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཀྱིས་སྒོ་མོ་འདི་དག་ནི་ཡུལ་དགེ་བ་ནས་སྐྱེ་བའི་སེམས་ཅན་རྣམས་ཀྱི་ཆེད་དང༌། འཁོར་བཞི་པོ་རྣམས་ཀྱི་ཆེད་དུ་ཡང་ལྷག་པར་བྱིན་གྱིས་བརླབས་ནས་བསྟན་པ་ཡིན་ཏེ། ཆོས་ཀྱི་སྒོ་མོ་འདིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཚེགས་ཆུང་ངུ་དང༌། འབད་པ་ཆུང་ངུས་དབང་པོ་དང་ཤེས་པ་ཡོངས་སུ་དག་པར་འགྱུར་ཞིང༌། ཆོས་ཀྱི་སྒོ་མོ་དེ་དང་དེ་དག་ཀྱང་རྟོགས་པར་འགྱུར་རོ། །མ་འོངས་པའི་སྐྱེ་བོ་དེ་དག་ནི་བྱིས་པ་ཆུང་དུ་ཡན་ཆད་ཆོས་མངོན་པར་རྟོགས་པར་དགའ་ཞིང༌། རྩེད་མོར་ཡང་ཆོས་ཀྱི་སྒོ་མོ་འདི་དག་སྨྲ་བར་འགྱུར་རོ། །སེམས་ཅན་དེ་དག་དབང་པོ་ཡོངས་སུ་བརྟས་པ་ནས་ཆོས་ཀྱི་མིག་རྣམ་པར་དག་པས་དེ་བཞིན་གཤེགས་པའི་སྐུ་ཡང་མཐོང་བར་འགྱུར། ཆོས་ཀྱི་རྣ་བ་རྣམ་པར་དག་པས་ཆོས་ཡང་དག་པ་མ་ནོར་བ་ཡང་ཐོས་པར་འགྱུར། དེ་དག་འཁོར་བ་ན་འདུ་བྱེད་དང༌། ཆོས་ཐམས་ཅད་ལས་ཀྱང་སེམས་རྣམ་པར་གྲོལ་བར་འགྱུར་ཏེ། སེམས་དེ་ལྟ་བུ་ངེས་ན་ཡུལ་དགོན་པ་བྱིན་གྱིས་བརླབས

【漢語翻譯】 我慢之心徹底斷除,知恩圖報,喜好佛法,具有正見,一切邪見徹底斷除,心變得柔和,以此因緣故,稱之為善。此地之城也為不友善及具有柔和之心者,以及眾多佛塔與寺廟所莊嚴,因此稱之為善妙之城。此外,其他地方不具信心之有情,嗔恨懷恨者來到此地,一切皆因接觸此地之塵土,享用此地所生之生活資具,彼等一切皆轉變其心,變得心柔和,調順,具有慈悲之心,斷除憤怒與懷恨之心,菩薩從各方而來,彼等一切地上之神,龍以及虛空之神,所有夜叉心生稀有而生歡喜,對佛法之門的聲音深信不疑。之後,爲了讓那些眷屬理解,菩薩摩訶薩妙吉祥童子向薄伽梵請問到:薄伽梵,為何示現如此廣大之神變?薄伽梵以梵音開示到:妙吉祥,這些佛法之門是爲了從善地所生之有情以及四眾弟子而特別加持並示現的。以此佛法之門,菩薩們以微小之辛勞與努力,根與智慧將變得完全清凈,也將證悟那個與那個佛法之門。未來之眾生乃至年幼孩童都喜歡證悟佛法,玩耍時也將談論這些佛法之門。那些有情根完全成熟后,以清凈之法眼也將見到如來之身。以清凈之法耳也將聽聞到正確無誤之佛法。彼等在輪迴中,從行與一切法中,心也將獲得解脫,如果確定是那樣的心,那麼這個寂靜處就加持了。

【英語翻譯】 May I be completely free from pride, be grateful, delight in the Dharma, have right view, completely abandon all wrong views, and may my mind become gentle. Because of this cause, it is called “virtuous.” May the city of this land also be adorned with those who are unfriendly and those who possess gentle hearts, as well as with many stupas and temples. Therefore, it is called the “Virtuous City.” Furthermore, when sentient beings from other lands who lack faith, who are hateful and resentful, come to this land, all who are touched by the dust of this land and enjoy the sustenance born from this land, all of them will transform their minds, becoming gentle, pliable, with thoughts of loving-kindness, abandoning anger and resentment. All those Bodhisattvas who come from various directions, all the gods dwelling on the earth, the nagas, the gods dwelling in the sky, and all the yakshas, their minds will be filled with wonder and joy, and they will have unwavering faith in the sound of the Dharma’s gate. Then, at that time, in order to make it understandable to those assemblies, the Bodhisattva Mahasattva Manjushri Kumara asked the Bhagavan: “Bhagavan, for what reason have you shown such great miracles?” The Bhagavan replied with the voice of Brahma: “Manjushri, these Dharma gates are especially blessed and shown for the sake of sentient beings born from the virtuous land and for the four assemblies. Through these Dharma gates, Bodhisattvas will purify their faculties and wisdom completely with little effort and exertion, and they will also realize those and those Dharma gates. Those beings of the future, even young children, will delight in realizing the Dharma, and even in play they will speak of these Dharma gates. When those beings’ faculties are fully developed, they will see the body of the Tathagata with pure Dharma eyes. With pure Dharma ears, they will also hear the correct and unerring Dharma. In samsara, their minds will also be liberated from actions and all phenomena. If such a mind is certain, then this solitary place is blessed.”

============================================================

================== 第 18 段 ================== 【原始藏文】 ་པར་འདིར་དགེ་བའི་ཕྱོགས་ལ་བརྩོན་པའམ། ཡང་ན་རི་གླང་རུ་ལ་དེ་དག་ཐམས་ཅད་དངོས་གྲུབ་ཐོབ་པར་འགྱུར་ཏེ། བདུད་སྡིག་ཅན་གྱིས་ཀྱང་གླགས་མི་རྙེད་ན། གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟ་སྟེ། ལྷ་རྣམས་ཀྱིས་འཁོར་གནོད་སྦྱིན་ནམ། དྲི་ཟའམ། མིའམ་ཅི་ཆད་པས་བཅད་པར་གྱུར་ནའང༌། མཆོད་རྟེན་གོ་མ་སཱ་ལ་གན་དྷའམ། རི་གླང་རུ་ལ་མཁྲས་ན་དེ་དག་གིས་མི་མཐོང་བར་འགྱུར་རོ། །རྒྱ་ལ་མཐོང་ན་ཡང་སེམས་ཞི་བར་འགྱུར་ཏེ། རྒྱུ་དེས་ན་རི་གླང་རུ་དང་མཆོད་རྟེན་གོ་མ་སཱ་ལ་གན་དྷ་ན་མཚམས་བཅད་པ་དང༌། གཙང་སྦྲ་བྱེད་པ་དང༌། སྐྱབས་དང་འཇིག་རྟེན་གྱི་ཁམས་གཞན་ན་གནས་པའི་སེམས་ཅན་རྣམས་ཀྱིས་ཀྱང་ཕྱག་བྱ་བར་འོས་པ་ཡིན་ནོ། །མཆོད་རྟེན་གོ་མ་སཱ་ལ་གན་དྷ་དང༌། རི་གླང་རུ་དང༌། ཡུལ་དགེ་བ་དང༌། མཁར་དགེ་བ་ཅན་དང༌། དགོན་པ་བྱིན་གྱིས་བརླབས་བརླབས་པའི་མིང་ཐོས་ནས་དད་པ་སྐྱེས་པ་ཙམ་གྱིས་ཀྱང་སྡིག་པ་ཆེན་པོ་འབྱང་བར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌། རྣམ་ཐོས་ཀྱི་བུ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་གཉིས་སོང་ལ། མཚོ་ཆེན་པོ་འདི་ཤ་རིའི་གྲོལ་ཏེ། བྱང་ཕྱོགས་ལོགས་སུ་གྱི་ཤོ་གཙང་པོའི་ནང་དུ་ཕོ་ལ་ཆུ་ན་གནས་པའི་སེམས་ཅན་རྣམས་ལ་མི་གནོད་པར་བསྲུང་བ་དང༌། ཡུལ་འདི་མཚམས་མངོན་པར་གྱིས་ཤིག །དེ་ནས་ཉན་ཐོས་ཆེན་པོ་ཤཱ་རིའི་བུ་དང༌། རྣམ་ཐོས་ཀྱི་བུས་དེ་བཞིན་འཚལ་ལོ་ཞེས་གསོལ་ནས། རྫུ་འཕྲུལ་གྱིས་ནམ་མཁའ་ལས་ཤ་རི་གང་ན་བ་དེ་ལོགས་སུ་ཆས་སོ། །ཤཱ་རིའི་བུས་ནི་ལག་ན་འཁར་གསིལ་ཐོགས། རྣམ་ཐོས་ཀྱི་བུས་ནི་ལག་ན་མདུང་ཐོགས་ནས་ཤའི་རི་ཕྱེད་སྟབ་པས་བླངས་ཏེ་ནུབ་ཕྱོགས་ལོགས་སུ་བཞག་ནས། ཆུ་སྲོལ་ཆེན་པོ་གཏོད་དེ། མཚོ་སྲོག་ཆགས་དང་བཅས་པ་གྱི་ཤོ་གཙང་པོའི་ནང་དུ་ཕོ་སྟེ། ཚུལ་དེ་ལྟ་བུས་མཆོད་རྟེན་གོ་མ་སཱ་ལ་གན་དྷ་དང༌། རི་གླང་རུ་དང༌། ལི་ཡུལ་དེ་མངོན་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་དང༌། བྱང་ཆུབ་སེམས་དཔའ་ཉིས་ཁྲི་དྲང་སྲོང་དང་བཅས་པ་དང༌། རྣམ་ཐོས་ཀྱི་བུ་དང་ཁྱིམ་ཚིག་ལ་སོགས་པ་ལྷ་ཆེན་པོ་བརྒྱད་འཁོར་སུམ་ཁྲི་ལྔ་སྟོང་ལྔ་བརྒྱ་དང་བཅས་པ་ལ་མཆོད་རྟེན་གོ་མ་སཱ་ལ་གན་དྷ་ལ་སོགས་པ་ཡོངས་སུ་གཏད་དེ། ལྷ་དེ་དག་གིས་ཀྱང་དེ་བཞིན་དུ་མནོས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་བཞིན་དུ་མནོས་

【漢語翻譯】 在此處致力於善行,或者在日朗如(Ri glang ru)處,所有這些都將獲得成就,即使是邪惡的魔鬼也找不到機會,更不用說其他人了。例如,即使諸神被夜叉、乾闥婆或任何人類所阻礙,如果在佛塔郭瑪薩拉甘達(Go ma Sā la gan dha)或日朗如(Ri glang ru)處呼喚,他們也看不見。即使在遠處看見,心也會平靜下來。因此,日朗如(Ri glang ru)和佛塔郭瑪薩拉甘達(Go ma Sā la gan dha)應該被劃定界限,進行清潔,作為庇護,並且值得居住在其他世界的眾生也頂禮膜拜。僅僅聽到佛塔郭瑪薩拉甘達(Go ma Sā la gan dha)、日朗如(Ri glang ru)、善地、善城和受加持的寺院的名字,就能消除巨大的罪業。

然後,世尊對具壽舍利弗和多聞子說:「種姓之子,你們兩個去,將這個大湖分成舍利山(Sha ri),在北方,在吉首河(Gyi sho)中,保護水中的眾生不受傷害,並劃定這個地方的界限。」然後,大聲聞舍利弗和多聞子回答說:「如您所愿。」然後,憑藉神通,從空中將舍利山(Sha ri)移開。舍利弗手持錫杖,多聞子手持長矛,將一半的舍利山(Sha’i ri)抬起,放在西邊,開闢了一條大水道,將包括生物在內的湖水倒入吉首河(Gyi sho)中。就這樣,佛塔郭瑪薩拉甘達(Go ma Sā la gan dha)、日朗如(Ri glang ru)和于闐(Li yul)被顯現出來。

然後,世尊將佛塔郭瑪薩拉甘達(Go ma Sā la gan dha)等完全託付給聖觀世音自在和彌勒等八大菩薩,以及兩萬菩薩和仙人,以及多聞子和家室等八大天神及其三萬五千五百眷屬。那些天神也同樣接受了。世尊也同樣接受了。

【英語翻譯】 Here, striving for virtue, or at Ri glang ru, all of these will attain accomplishment, and even wicked demons will not find an opportunity, let alone others. For example, even if the gods are obstructed by yakshas, gandharvas, or any humans, if they call upon the stupa Go ma Sā la gan dha or Ri glang ru, they will not be seen. Even if seen from afar, the mind will be calmed. Therefore, Ri glang ru and the stupa Go ma Sā la gan dha should be demarcated, cleaned, taken as refuge, and worthy of being prostrated to by beings residing in other realms as well. Merely hearing the names of the stupa Go ma Sā la gan dha, Ri glang ru, virtuous land, virtuous city, and blessed monastery will purify great sins.

Then, at that time, the Blessed One spoke to the Venerable Shariputra and Vaishravana, saying, “Sons of noble family, you two go and divide this great lake into the Sharira mountain (Sha ri), and in the northern direction, into the Gyisho River (Gyi sho), protect the beings living in the water from harm, and demarcate this place.” Then, the great Shravaka Shariputra and Vaishravana replied, “As you wish.” Then, through miraculous power, they moved the Sharira mountain (Sha ri) from the sky. Shariputra held a staff in his hand, and Vaishravana held a spear in his hand, and they lifted half of the Sharira mountain (Sha’i ri), placed it in the western direction, and created a great waterway, pouring the lake, including its creatures, into the Gyisho River (Gyi sho). In this way, the stupa Go ma Sā la gan dha, Ri glang ru, and Khotan (Li yul) were revealed.

Then, the Blessed One completely entrusted the stupa Go ma Sā la gan dha, etc., to the noble Avalokiteshvara, Maitreya, and other eight great Bodhisattvas, as well as twenty thousand Bodhisattvas and sages, and Vaishravana and his household, etc., eight great gods with their retinue of thirty-five thousand five hundred. Those gods also accepted it in the same way. The Blessed One also accepted it in the same way.

============================================================

================== 第 19 段 ================== 【原始藏文】 སོ། །བཅོམ་ལྡན་འདས་དང༌། དད་པ་དང༌། ཡང་ཡུལ་འདིར་སྡིག་པ་མི་བྱེད་པར་འགྱུར་ཏེ། ཡུལ་འདི་འི་ཡོན་ཏན་མང་པོ་དེ་དག་དང་ལྡན་པ་ཡིན་ནོ། །དེ་ནས་འདིའི་ཚེ་སྔར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལན་གསུམ་གྱི་བར་དུ་བྱིན་གྱིས་བརླབས་ནས་འོད་ཟེར་ཐུགས་རྗེ་ཆེན་པོ་དང་བཅས་ཏེ། བཀྱེ་བ་དེས་ཆུ་ན་གནས་པའི་སེམས་ཅན་རྣམས་ཀྱི་སེམས་ཡོངས་སུ་དག་པ་དང་བདེ་བ་དང་ལྡན་པར་བྱས་ནས་ཆུའི་ནང་ནས་སླར་ཐོན་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། །ཡང་འོད་ཟེར་དེ་དག་སླར་ལོག་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡུལ་བྱིན་གྱིས་བརླབས་པ་དང༌། ཉན་ཐོས་ཆེན་པོ་རྣམས་ཀྱིས་ཡུལ་བྱིན་གྱིས་བརླབས་པ་དང༌། མཚོའི་ནང་ནས་བྱུང་བའི་པདྨའི་སྟེང་ན་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞུགས་པ་དེ་དང་དེ་དག་གི་འོད་ཟེར་དང་འདྲེས་ནས་ནམ་མཁའ་ལ་འཕགས་ཏེ། སྟེང་གི་ནམ་མཁའ་ཁེབས་པར་གྱུར་ཅིང༌། ལི་ཡུལ་ཐམས་ཅད་དུ་ལྷའི་མེ་ཏོག་གི་ཆར་བབ་བོ། །ལྷའི་མེ་ཏོག་དེ་དག་ཕན་ཚུན་དུ་རེག་པ་ལས་ཆོས་ཀྱི་སྒོ་མོ་འདི་ལྟ་སྟེ། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་མཚན་དང༌། ཡང་དག་པའི་ལྟ་བ་དང༌། ཤེས་རབ་དང༌། ཚུལ་ཁྲིམས་དང༌། དགེ་བའི་རྩ་བ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་དཀའ་བ་སྤྱད་པ་དང༌། སྨོན་ལམ་དང༌། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། དགེ་སྦྱོང་གི་འབྲས་བུ་བཞི་པོ་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། ཁམས་གསུམ་གྱི་སྲིད་པ་ལས་ངེས་པར་འབྱིན་པ་རྣམ་པརཐར་པའི་སྒོ་གསུམ་དང༌། འདུ་བྱེད་འཇིག་པ་དང༌། དྲན་པ་ཉེ་བར་བཞག་པ་དང༌། འཕགས་པའི་བདེན་པ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། བསམ་གཏན་དང༌། བསྡུ་བའི་དངོས་པོ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་དབང་པོ་ཡོངས་སུ་དག་པ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་མཐའ་དག་གི་སྒྲ་འབྱིན་པར་གྱུར་ཏེ། གཞན་ཡང་སེམས་ཡོངས་སུ་དག་པ་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་དང༌། སྙོམས་པར་འཇུག་པ་དང༌། ས་དང་སྟོབས་དང༌། ཐུགས་རྗེ་དང༌། བྱམས་པ་ཆེན་པོ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། ཐེ་ཚོམ་སེལ་བ་དང༌། སངས་རྒྱས་ཉིད་ལས་མི་ལྡོག་པ་དང༌། ཏིང་ངེ་འཛིན་དང༌། མངོན་པར་རྟོགས་པ་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་དང༌། མ་འདྲེས་པ་དང༌། སངས་རྒྱས་ཉི

【漢語翻譯】 索!薄伽梵和信心,並且此地將不會造作罪惡,因為此地具有眾多功德。然後,此時,先前的如來薄伽梵曾三次加持,並以慈悲大光明遍照,以此加持,使水中安住的眾生之心完全清淨、安樂,並從水中再次出來,遍佈十方諸佛剎土。又,這些光芒再次返回,大菩薩們加持此地,大聲聞們加持此地,從海中生出的蓮花上,如來的身影安住於其上,它和那些光芒混合,升到空中,覆蓋了上方的天空,整個李域都降下了天花之雨。那些天花互相接觸,產生了這樣的法門:佛、法、僧之名,以及正見、智慧、戒律、善根,以及如來們的苦行、發願、菩薩的神變、使眾生完全成熟,以及沙門的四果,即入流果、一來果、不來果、阿羅漢果,以及從三有中必定解脫的三解脫門,以及行蘊壞滅,以及正念,以及聖諦,以及神足,以及禪定,以及四攝事,以及各別正知,以及四無色定和根完全清淨,所有與菩提分相合的法都發出聲音。此外,心完全清淨,以及菩提支,以及聖道,以及等至,以及地和力,以及大悲,以及大慈,以及緣起,以及斷疑,以及不退轉於佛位,以及三摩地,以及現觀,以及無生法忍,以及不共法,以及佛

【英語翻譯】 So! The Bhagavan and faith, and also in this place, evil will not be committed, because this place is endowed with many qualities. Then, at this time, the previous Tathagata Bhagavan blessed it three times, and with great light of compassion, by that blessing, the minds of the beings dwelling in the water were completely purified and filled with happiness, and then emerged from the water again, pervading all the Buddha fields of the ten directions. Again, those rays of light returned, and the great Bodhisattvas blessed the place, and the great Shravakas blessed the place, and on the lotus that arose from the sea, the image of the Tathagata resided, and it and those rays of light mingled and rose into the sky, covering the sky above, and a rain of divine flowers fell throughout the entire land of Li. Those divine flowers touched each other and produced the following Dharma doors: the names of the Buddha, Dharma, and Sangha, and right view, wisdom, discipline, roots of virtue, and the austerities practiced by the Tathagatas, aspirations, the miraculous powers of the Bodhisattvas, the complete maturation of beings, and the four fruits of the Shramanas, namely, Stream-enterer, Once-returner, Non-returner, and Arhat, and the three doors of liberation that certainly liberate from the three realms of existence, and the destruction of formations, and mindfulness, and the noble truths, and the feet of miracles, and meditation, and the four objects of gathering, and individual perfect knowledge, and the four formless absorptions and the complete purification of the senses, all the sounds of the Dharma that are in harmony with the aspects of enlightenment arose. Furthermore, complete purification of the mind, and the limbs of enlightenment, and the noble path, and absorption, and the grounds and powers, and great compassion, and great love, and dependent origination, and dispelling doubt, and non-retrogression from Buddhahood, and Samadhi, and Abhisamaya, and tolerance of the unborn Dharma, and the unmixed qualities, and the Buddha.

============================================================

================== 第 20 段 ================== 【原始藏文】 ད་དུ་འགྱུར་བ་དང༌། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། སྟོང་པ་དང༌། མ་བྱས་པ་དང༌། མ་སྐྱེས་པ་དང༌། ཕྱིན་ཅི་ལོག་པ་དང༌། ཡང་དག་པའི་མཐའ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་ཁོངས་སུ་གཏོགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྟོགས་པ་དང༌། རྣལ་འབྱོར་པ་རྣམས་ཀྱིས་སོ་སོར་རང་གི་རིག་པའི་སྤྱོད་ཡུལ་དང༌། སྐྱེ་བ་དང༌། སྡུག་བསྔལ་བ་དང༌། རྒ་བ་དང༌། སྡུག་པ་དང་བྲལ་བ་དང༌། མི་སྡུག་པ་དང་ཕྲད་པ་དང༌། འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ་གྱི་སྒྲ་ཡང་འབྱུང་བར་གྱུར་ཏོ། །གཞན་ཡང་ཕུང་པོ་ལྔ་པོ་དག་ལ་སེམས་ཅན་མེད་པ་དང༌། གསོ་བ་དང༌། གང་ཟག་དང༌། སྲོག་མེད་པ་དང༌། ཆོས་བདེན་པ་སྐྱེ་བ་མེད་པ། འགག་པ་མེད་པ། རྟག་པ་མེད་པ། ཆད་པ་མེད་པ། འོང་བ་མེད་པ། འགྲོ་བ་མེད་པ། དཀོན་མཆོག་གསུམ་གྱི་གདུང་དང༌། བྱིན་གྱིས་བརླབས་པ་དང༌། འགྲོ་བ་ལྔ་པོ་དག་གི་འཁྲུལ་པ་རྨི་ལམ་ལྟ་བུ་དང༌། འཁོར་བའི་འདུ་བྱེད་བཙོན་ར་ལྟ་བུ་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། ཆུ་ཟླ་དང༌། བྲག་ཆ་ལྟ་བུའོ་ཞེས་བྱ་བའི་སྒྲ་འབྱུང་བར་གྱུར་ཏོ། །གཞན་ཡང་དད་པ་དང༌། མངོན་པར་རྟོགས་པ་དང༌། བརྩོན་འགྲུས་དང༌། དགེ་བ་བཅུའི་ལས་ཀྱི་ལམ་དང༌། འཁོར་བས་སྐྱོ་བ་དང༌། དེ་ལྟ་བུ་ལ་སོགས་པ་བརྒྱ་སྟོང་དུ་མ་བྱུང་བར་གྱུར་ཏོ། །དེ་ནས་འཁོར་འདུས་པ་མང་པོ་དེ་དག་ལ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་པ་དང༌། འཁོར་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ།། །།འཕགས་པ་གླང་རུ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །། འཕགས་པ་གླང་རུ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

【漢語翻譯】 現在轉變,無常,痛苦,無我,空性,無為,無生,顛倒,真實的邊際,以及屬於如來藏的範疇,不分別的智慧的證悟,瑜伽士們各自自己的智慧的行境,以及生,痛苦,老,與可愛的分離,與不可愛的相遇,追求慾望而不得的痛苦的聲音也出現了。此外,對於五蘊,沒有有情,滋養,補特伽羅,沒有生命,法真實,無生,無滅,無常,無斷,無來,無去,三寶的種姓,加持,五道眾生的迷惑如夢,輪迴的行作如監獄,如幻術,如陽焰,如水月,如山谷的回聲般的聲音也出現了。此外,信心,現觀,精進,十善業道,對輪迴的厭離,像那樣等等成百上千沒有不出現的。然後,對於聚集的眾多眷屬,世尊這樣說了,所有那些眷屬都對世尊所說的感到歡喜而讚歎。 《聖者授記格朗》大乘經圓滿。 《聖者授記格朗》大乘經。

【英語翻譯】 Now, change, impermanence, suffering, selflessness, emptiness, unconditioned, unborn, inverted, the true limit, and belonging to the realm of the Tathagatagarbha, the realization of non-discriminating wisdom, the respective fields of experience of the yogis’ own wisdom, as well as birth, suffering, old age, separation from the beloved, encountering the unpleasant, and the sound of the suffering of seeking desires and not finding them also arose. Furthermore, regarding the five aggregates, there is no sentient being, nourishment, person, no life, Dharma is true, unborn, unceasing, impermanent, without interruption, without coming, without going, the lineage of the Three Jewels, blessings, the delusion of the five types of beings is like a dream, the actions of samsara are like a prison, like illusion, like mirage, like the moon in water, like an echo in a valley, such sounds also arose. Furthermore, faith, realization, diligence, the path of the ten virtuous actions, renunciation of samsara, and so on, hundreds and thousands of such things appeared without exception. Then, to those many assembled retinues, the Blessed One spoke thus, and all those retinues rejoiced at what the Blessed One said and praised him. The Mahayana Sutra “The Prophecy of the Noble Glong Ru” is complete. The Mahayana Sutra “The Prophecy of the Noble Glong Ru”.

============================================================