菩薩藏佛教學會
20
背景
翻譯
下載 ▾

YTG001_0017.第十七品.禁忌不適宜的食物g2.0f

================== 第 1 段 ================== 【原始藏文】 ལེའུ་བཅུ་བདུན་པ། ཟས་མི་འཕྲོད་པ་སྡོམ་པར་བྱེད་པ། ལེའུ་བཅུ་བདུན་པ། ཟས་མི་འཕྲོད་པ་སྡོམ་པར་བྱེད་པ། དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ཟས་སྐོམ་བསྡམ་བྱ་དུག་ལྡན་མི་འཕྲོད་ཟས། །འཕྲལ་དུ་སྲོག་འདོར་ཉེས་པ་འཁྲུག་ཕྱིར་བསྲུང༌། །རྒྱལ་པོའི་ཕོ་བྲང་སྲོག་འཚོའི་སློབ་དཔོན་བཞག །དེས་ནི་ཟས་སྐོམ་དུག་ལས་ཐར་བར་འགྱུར། དུག་ལྡན་ཟས་དེ་ཁ་དོག་དྲི་རོ་ལྡོག མེར་བསྲེག་དུ་བ་རྨ་བྱའི་མགྲིན་འདྲ་འབྱུང༌། མེ་ལྕེ་གཅིག་ཏུ་འཁྱིལ་ཞིང་མེ་སྟག་རྒལ། མཐོང་ན་བྱ་རོག་སྐད་འདོན་རྨ་བྱ་དགའ། ཁྱི་ལ་བྱིན་ན་ལྟོ་བ་དྲོས་ནས་སྐྱུག །ཤ་ལ་དུག་ཡོད་དམར་ལ་ལྕགས་མི་ལེན། །སྦོས་ཤིང་ཆང་སྦྱར་མིག་བདུགས་ཚ་ཞིང་འཁྲུག །དུག་སྟེར་ཆག་ཚང་མི་དེ་ཁ་སྐམ་ཞིང༌། རྔུལ་ཞིང་འདར་ལ་སྐྲག་ཅིང་འདུག་མི་ཚུགས། །གནོང་བག་གིས་ནི་ཕྱོགས་སུ་བལྟ་བར་བྱེད། །ཤེས་ནས་ཀུན་ལ་གནོད་པར་འགྱུར་ཕྱིར་དོར། །ཁ་ཟས་མི་འཕྲོད་ཟོས་པས་སྦྱར་དུག་མཚུངས། །ཞོ་མ་ལངས་དང་ཆང་གསར་མི་འཕྲོད་དེ། །ཉ་ཡི་ཤ་དང་འོ་མ་འཕྲོད་པ་མིན། །དེ་བཞིན་འོ་མ་ཤིང་ཐོག་གཉིས་མི་འཕྲོད། །བྱ་ཡི་སྒོ་ང་ཉ་ཡི་ཤ་མི་འཕྲོད། །སྲན་མའི་ཚོད་མ་བུ་རམ་ཞོ་མི་འཕྲོད། །ཤ་མོ་ཡུངས་ཀར་མར་ལ་བརྔོས་པ་དང༌། །ཁྱིམ་བྱའི་ཤ་དང་ཞོ་བསྲེས་ཟ་བ་དང༌། །སྦྲང་རྩི་མར་ནག་ཆ་མཉམ་འཕྲོད་མི་འགྱུར། །མར་གསར་འཁར་བའི་སྣོད་དུ་ཞག་བཅུ་ལས། །སྐྱེར་པའི་མེ་ལ་ཧ་རི་ཏྲ་ཤ་བསྲེགས། ཅོང་ཞི་ཟོས་རྗེས་ཤ་མོ་ཁུར་བ་ཟ། །ཞུན་མར་ཟོས་རྗེས་ཆུ་གྲང་འཐུང་བ་དང༌། །ཤ་ལ་དཀར་སྐྱུར་རྩམ་དྲིས་ཕོག་པ་དང༌། བཙོས་པའི་རླངས་བསྲུབས་ཞག་བདུན་ལོན་པ་དང༌། །སྐྱུར་དང་འོ་མ་ལྷན་ཅིག་ཟ་བ་དང༌། །སྔ་མ་མ་ཞུ་ཕྱི་མ་ཟོས་པ་ཡིས། ཁ་ཟས་མི་འཕྲོད་ཟོས་པས་འཐབ་པ་དང༌། །མ་གོམས་དུས་མིན་ཟོས་པས་དུག་ཏུ་འགྱུར། །རྩོལ་བཅས་སྣུམ་བསྟེན་དྲོད་ཆེ་དར་ལ་བབ། །སྟོབས་ལྡན་གོམས་པར་ཟོས་ལ་གནོད་མི་འགྱུར། །མི་འཕྲོད་འཕྲོད་པ་བསྟེན་ནམ་སྤང་བྱེད་ན། འདྲིས་གོམས་སྒོ་ནས་ཆ་ཡིས་བསླབ་པར་བྱ། །འཕྲལ་དུ་སྤང་བསྟེན་ཉེས་པ་མྱུར་དུ་འཁྲུག །གནོད་པ་གནོད་བྱའི་བདག་ཉིད་ཉེར་གྱུར་པས། ཕན་མེད་གནོད་པར་བྱེད་པ་མཁས་པ་སྤང་། །ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཁ་ཟས་བསྡམ་པའི་ལེའུ་སྟེ་བཅུ་བདུན་པའོ།། །། ལེའུ་བཅུ་བདུན་པ། ཟས་མི་འཕྲོད་པ་སྡོམ་པར

【漢語翻譯】 第十七品,禁忌不適宜的食物。 第十七品,禁忌不適宜的食物。 此後,仙人智慧明瞭又這樣說道:「喂,大仙人,請聽!應禁忌的食物飲料是含有毒素、不適宜的食物。爲了避免立即喪命和紊亂疾病,應當守護。國王的宮殿里應設定負責生命健康的教師,這樣才能從食物飲料的毒害中解脫。有毒的食物,其顏色、氣味、味道會改變。用火焚燒,產生的煙霧像孔雀的脖子一樣。火焰會聚成一團,火星四射。看到時,烏鴉會發出叫聲,孔雀會高興。如果給狗吃,狗會腹脹嘔吐。肉里有毒,顏色發紅,鐵器無法靠近。膨脹,摻入酒,眼睛腫脹,發熱且紊亂。給毒藥的人,會口乾舌燥,出汗、顫抖、害怕,坐立不安,因內疚而四處張望。知道后,因為會危害大家,所以要丟棄。吃了不適宜的食物,就像服用了混合毒藥一樣。未發酵的酸奶和新釀的酒是不適宜的。魚肉和牛奶不適宜。同樣,牛奶和水果兩者不適宜。鳥蛋和魚肉不適宜。豆類蔬菜、紅糖和酸奶不適宜。蘑菇用芥末油和酥油煎炸,以及家禽肉和酸奶混合食用,蜂蜜和黑糖以相同比例混合也不適宜。新酥油在銅器中存放超過十天,用黃檗木的火烤哈日達(訶梨勒 Haritaki,梵文 हररीतकी,harītakī,訶梨勒果)肉。吃了鐘喜(一種食物)后又吃蘑菇和蔓菁。吃了融化的酥油后又喝冷水,肉里混入奶渣、酸奶和糌粑粉,煮熟后攪拌的酥油存放超過七天,酸的和牛奶一起食用,前一種食物未消化又吃后一種食物,吃了不適宜的食物會引起爭鬥,不習慣或非時節食用會變成毒藥。努力工作后食用油膩食物,體溫高,身體強壯,有力量的人習慣食用不會有害。如果不適宜的食物,要食用適宜的食物,或者禁忌,應該通過逐漸習慣的方式來學習。立即禁忌或食用,會迅速引起疾病。有害之物與受害之物性質相近,無益反而有害,智者應當避免。」 這樣說道。在《甘露心髓八支秘密教授續》中,關於禁忌食物的章節,即第十七品。

【英語翻譯】 Chapter Seventeen: Abstaining from Unsuitable Foods. Chapter Seventeen: Abstaining from Unsuitable Foods. Then, the sage with discerning wisdom spoke again, saying, “O great sage, listen! Foods and drinks to be abstained from are those containing poison and unsuitable foods. To avoid immediate death and the disturbance of diseases, one should guard against them. In the royal palace, a teacher for the health of life should be appointed, so that one may be freed from the poison of foods and drinks. Poisonous foods change in color, smell, and taste. When burned in fire, the smoke resembles the neck of a peacock. The flames gather into one, and sparks fly. When seen, crows will caw, and peacocks will rejoice. If given to a dog, it will vomit with a warm belly. If there is poison in meat, it will be red, and iron will not adhere to it. Swelling, mixed with alcohol, causes the eyes to swell, heat up, and become disturbed. The person giving poison will have a dry mouth, sweat, tremble, be fearful, and unable to sit still, looking around with guilt. Knowing this, discard it because it will harm everyone. Eating unsuitable food is like taking mixed poison. Unfermented yogurt and new wine are unsuitable. Fish meat and milk are not suitable. Likewise, milk and fruit are not suitable together. Bird eggs and fish meat are not suitable. Bean curd, brown sugar, and yogurt are not suitable. Mushrooms fried in mustard oil and butter, and eating poultry meat mixed with yogurt, honey and black sugar mixed in equal proportions are also unsuitable. Fresh butter stored in a copper vessel for more than ten days, roasting Haritaki (訶梨勒 Haritaki,梵文 हररीतकी,harītakī,訶梨勒果) meat on a fire of yellow sandalwood. Eating mushrooms and turnips after eating ‘chongzhi’ (a type of food). Drinking cold water after eating clarified butter, and meat mixed with curd, yogurt, and tsampa flour, boiled and stirred butter that is more than seven days old, and eating sour things and milk together, eating the next food before the previous one is digested, eating unsuitable food causes conflict, and eating unfamiliar or out-of-season food turns into poison. After strenuous work, consuming oily food, high body temperature, and strong, powerful people who are accustomed to eating it will not be harmed. If food is unsuitable, one should eat suitable food, or abstain from it, one should learn through gradual habituation. Immediate abstinence or consumption will quickly cause illness. Harmful things are similar in nature to the things being harmed, being unhelpful and harmful, the wise should avoid.” Thus he spoke. This is the seventeenth chapter, on abstaining from food, from the Secret Oral Instruction Tantra of the Ambrosia Heart Essence Eight Branches.

============================================================