YTG001_0023.第二十三章如何保持不衰老g2.0f
================== 第 1 段 ================== 【原始藏文】 ལེའུ་ཉེར་གསུམ་པ། མི་ན་བར་གནས་པར་བྱ་བ། ལེའུ་ཉེར་གསུམ་པ། མི་ན་བར་གནས་པར་བྱ་བ། དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། ནད་མེད་ཐ་མལ་གནས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །རྣམ་པར་མ་གྱུར་ཐ་མལ་ལུས་པོ་ལ། །མི་ན་གནས་དང་རིང་དུ་འཚོ་བར་བྱ། །དང་པོར་མི་ན་གནས་པར་བྱ་བ་ནི། །ནད་ཀུན་རྒྱུ་ལས་རྐྱེན་གྱིས་བསླང་ལས་འབྱུང༌། །རྐྱེན་མེད་རྒྱུ་ལས་འབྲས་བུ་འབྱུང་མི་སྲིད།དེ་ཕྱིར་ནད་རྣམས་ཀུན་གྱི་རྐྱེན་སྤང་བྱ། །དུས་དང་དབང་པོ་སྤྱོད་ལམ་རོ་ནུས་རྣམས། །དམན་དང་ལོག་པ་ལྷག་པས་ནད་སྐྱེད་ལ། ཡང་དག་སྦྱོར་བ་ནད་མེད་གནས་པའི་རྒྱུ། །དེ་ཕྱིར་སྤྱོད་ལམ་ཟས་སྨན་རྣམ་གསུམ་པོ། ཡང་དག་བསྟེན་པས་ནད་མེད་བདེར་གནས་འགྱུར། །ལོ་ཟླ་འདས་ཏེ་ལུས་ཟུངས་སྟོབས་འགྲིབ་པ། །ཚེ་ཟད་རྒས་པའི་ནད་ལས་བསྲིང་བ་ནི། །བཅུད་ལེན་ཕན་ཡོན་གནས་རྟེན་བྱ་ཐབས་བཞི། །ཕན་ཡོན་ཚེ་རིང་ན་ཚོད་དར་ལ་འཇོགལུས་མདངས་སྟོབས་སྐྱེད་དབང་པོ་གསལ་བར་བྱེད། །གནས་གཙང་དབེན་དགའ་བར་ཆད་མེད་པ་དེར། རྟེན་ནི་ཧ་ཅང་རྒས་པ་མ་ཡིན་པས། །ཆགས་སྤང་བརྩོན་པས་གཟའ་སྐར་བཟང་དུས་འཇུག །བྱ་ཐབས་གཙོ་ར་བླང་ཞར་སྤྱད་རྣམ་པ་གཉིས། ། གཙོ་བོར་སྤྱད་པ་སྔོན་འགྲོ་དངོས་གཞི་གཉིས། སྔོན་འགྲོ་སྣུམ་འཆོས་རྗེས་ལ་ཁྲུས་བྱས་ལ། །འབྲས་བུ་གསུམ་དང་རྒྱམ་ཚྭ་པི་པི་ལིང༌། བཅའ་སྒ་ཤུ་དག་ཡུང་བ་བྱི་ཏང་གབུ་རམ་བ་ཆུ་སྦྱར་བས་ཁོང་པ་སྦྱང༌། མ་སྦྱངས་དྲི་བཅས་ཚོས་ལྟར་དོན་མེད་འགྱུར། །དངོས་གཞི་སྒོག་སྐྱ་ཞུན་མར་སྦྱར་བྱས་ལ། །ནས་སྣོད་བདུན་གསུམ་བཞག་ལ་ཞག་གྲངས་བསྟེན། རླུང་གི་ནད་སེལ་ཚེ་འཕེལ་བྱེད་པ་ཡིན། །བྲག་ཞུན་ལེགས་བཏུལ་གསེར་དངུལ་ཟངས་ལྕགས་རྣམས། །ལྕགས་སྣོད་འཕྲོད་སྨན་སྦྱར་བ་རིམ་བསྐྱེད་བཟའ། ནད་འཇོམས་ཚེ་འཕེལ་མོན་སྣེ་རྒྱ་སྲན་སྤང༌། །ཙི་ཏྲ་ཀ་དང་མར་སྦྲང་སྦྱར་བ་བསྟེན།ཚེ་རིང་ལུས་རྒྱས་མེ་དྲོད་འབར་བར་བྱེད། བ་གཅིན་སྦྱར་བསྟེན་ཤ་བཀྲ་མཛེ་ནད་སེལ། ཨ་རུ་བར་སྐྱུར་འབྲས་བུ་སྨན་མར་གྱིས། །དབང་པོ་གསལ་ཞིང་སྟོབས་སྐྱེད་རྒས་ཀ་སྲ། །ཀུན་ལ་ནད་དང་གང་འཕྲོད་ཟས་སྤྱོད་བསྟེན། །རུལ་སྐྱུར་སྔོ་ངད་མི་འཕྲོད་སྤང་བར་བྱ། །ཟླ་བ་གསུམ་དྲུག་ལོ་གཅིག་འབྲས་བུ་འགྲུབ། དེ་མ་ལྕོགས་ན་ཞར་ལ་སྤྱད་བྱ
【漢語翻譯】 第二十三章 如何保持不衰老 第二十三章 如何保持不衰老 然後,益西寧布問道:「尊敬的大學者,智慧的化身,請您教導我如何才能保持健康長壽,請偉大的醫生之王開示。」佛陀回答說:「偉大的修行者,請聽我說。對於沒有衰老的普通身體,要保持不衰老並長壽。首先,要保持不衰老:所有疾病都由因和緣引起。沒有緣,因不可能產生結果。因此,必須避免所有疾病的緣。時間和感官、行為、味道和力量,不足、錯誤或過度都會引起疾病,而正確的結合是保持健康的根本原因。因此,通過正確地運用行為、食物和藥物這三種方法,可以保持健康和快樂。歲月流逝,身體的精華和力量減弱,爲了延長壽命,延緩衰老,有四種方法:滋補、益處、住所和方法。益處是延長壽命,保持青春,增強身體的光澤和力量,使感官清晰。住所是乾淨、僻靜、快樂和沒有干擾的地方。依靠的是不太老的人。通過努力避免執著,選擇吉祥的星象時機。方法有兩種:主要的方法和輔助的方法。主要的方法分為準備階段和實際階段。準備階段是先用油塗抹身體,然後洗澡。用三種水果、巖鹽、蓽茇、乾薑、鼠李、菖蒲、余甘子和糖與牛奶混合來清潔腸道。如果沒有清潔,就會像染色一樣毫無意義。實際階段是用大蒜和黃油混合。放在七個或三個大麥容器中,按天數服用。它可以消除風濕病,延長壽命。精心提煉的石油、黃金、白銀、青銅和鐵,與適合的藥物混合,逐漸增加食用。它可以消除疾病,延長壽命,避免食用桃子、胡椒和芥菜籽。服用訶子和蜂蜜混合物,可以延長壽命,增強身體,點燃體內的熱量。服用與牛尿混合的藥物,可以消除白癜風和麻風病。用訶子、毗梨勒、余甘子和藥用黃油,可以使感官清晰,增強力量,延緩衰老。根據個人情況,選擇適合自己的食物和行為。避免食用腐爛、酸臭和有異味的食物。三個月、六個月或一年後,就會有效果。如果不能做到,就採用輔助方法。
【英語翻譯】 Chapter Twenty-Three: How to Maintain Non-Aging Chapter Twenty-Three: How to Maintain Non-Aging Then, Yishi Ningbu asked: “Respected great scholar, embodiment of wisdom, please teach me how to maintain health and longevity. Please, great king of physicians, enlighten me.” The Buddha replied: “Great practitioner, listen to me. For the ordinary body that has not aged, maintain non-aging and prolong life. First, to maintain non-aging: all diseases arise from causes and conditions. Without conditions, a cause cannot produce a result. Therefore, all conditions for diseases must be avoided. Time and senses, behavior, taste, and power, deficiency, error, or excess will cause diseases, while the correct combination is the root cause of maintaining health. Therefore, by correctly employing these three methods of behavior, food, and medicine, one can remain healthy and happy. As years pass, the body’s essence and strength diminish. To prolong life and delay aging, there are four methods: nourishment, benefit, dwelling, and means. The benefit is to prolong life, maintain youth, enhance the body’s radiance and strength, and clarify the senses. The dwelling is a clean, secluded, joyful, and undisturbed place. Reliance is on someone who is not too old. By striving to avoid attachment, choose auspicious astrological moments. There are two types of methods: the main method and the auxiliary method. The main method is divided into the preparatory stage and the actual stage. The preparatory stage is to first apply oil to the body and then bathe. Cleanse the intestines with a mixture of three fruits, rock salt, long pepper, dried ginger, buckthorn, calamus, amla, and sugar with milk. If not cleansed, it will be meaningless like dyeing. The actual stage is to mix garlic with butter. Place it in seven or three barley containers and take it according to the number of days. It can eliminate rheumatism and prolong life. Carefully refined petroleum, gold, silver, bronze, and iron, mixed with suitable medicines, gradually increase consumption. It can eliminate diseases, prolong life, and avoid consuming peaches, pepper, and mustard seeds. Taking a mixture of haritaki and honey can prolong life, strengthen the body, and ignite the body’s heat. Taking medicine mixed with cow urine can eliminate vitiligo and leprosy. With haritaki, bibhitaki, amla, and medicinal butter, the senses can be clarified, strength enhanced, and aging delayed. Depending on individual circumstances, choose foods and behaviors that suit you. Avoid consuming rotten, sour, and smelly foods. After three months, six months, or a year, there will be results. If this cannot be done, use auxiliary methods.
============================================================
================== 第 2 段 ================== 【原始藏文】 ས་པས། །གནས་སྐབས་འབྲས་བུ་འབྱུང་བར་ནུས་པ་ཡིན། །ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མི་ན་བ་གནས་པར་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། ལེའུ་ཉེར་གསུམ་པ། མི་ན་བར་གནས་པར་བྱ་བ།
【漢語翻譯】 薩巴(ས་པ),能夠使暫時的果產生。如是說。 《秘密竅訣續·八支甘露心髓》中,關於不病安住之品,第二十三章完畢。 第二十三章 不病安住。
【英語翻譯】 Sapa (ས་པ) is able to cause the temporary fruit to arise. Thus it is said. This concludes the twenty-third chapter, on dwelling without illness, from the Secret Instructions Tantra of the Eight-Branched Essence of Ambrosia. Chapter Twenty-Three: On Dwelling Without Illness.
============================================================
同部經論
與本文同名或相近的其他版本、科判、譯文與註疏。