ZP00_0018.勝者苗裔法自在.憶念語鬘吉祥枇杷.善妙之樹普皆歡喜苑g2.0f
================== 第 1 段 ================== 【原始藏文】 རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་རྗེས་སུ་དྲན་པའི་ངག་གི་འཕྲེང་བ་བཀྲ་ཤིས་བིལ་བའི་ལྗོན་བཟང་ཀུན་ཏུ་དགའ་བའི་ཚལ། རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་རྗེས་སུ་དྲན་པའི་ངག་གི་འཕྲེང་བ་བཀྲ་ཤིས་བིལ་བའི་ལྗོན་བཟང་ཀུན་ཏུ་དགའ་བའི་ཚལ། རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་རྗེས་སུ་དྲན་པའི་ངག་གི་འཕྲེང་བ་བཀྲ་ཤིས་བིལ་བའི་ལྗོན་བཟང་ཀུན་ཏུ་དགའ་བའི་ཚལ་ཞེས་བྱ་བ་བཞུགས་སོ། རྒྱ་གར་སྐད་དུ། །ཛ་ཡངྐུར་དྷ་རྨཱི་ནྟྲ་སྟུ་ཏི། བོད་སྐད་དུ། རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་ལ་བསྟོད་པ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་རང་ལུགས་འཆད་དང་སྒྲུབ་པས་འཛིན་པ་ལ། །འཇིགས་མེད་སྨྲ་བའི་སེང་གེ་ཉིད་ཅེས་འཇིག་རྟེན་ཀུན་ཏུ་གྲགས་འབར་བ། །ཆོས་ཀྱི་དབང་པོ་དཔལ་ལྡན་བླ་མའི་ཞབས་སེན་ཉིན་མོར་བྱེད་པའི་གཟིས། །བྱང་ཆུབ་བར་ཏུ་ཤེས་པའི་སྣང་བས་རྟག་ཏུ་དགེ་ལེགས་མཛད་གྱུར་ཅིག །གང་ཚེ་ཤེས་དང་ཤེས་བྱ་རོ་གཅིག་གདོད་མའི་དབྱིངས་སུ་བྱང་ཆུབ་ཀྱང་། །དམིགས་མེད་སྙིང་རྗེའི་རྫོགས་ལྡན་སྤྲིན་ཆེན་རྒྱས་པར་དཀྲིགས་པའི་འཛུམ་དཀར་ལས། །མཆོག་གི་སྤྲུལ་སྐུའི་སྒྱུ་འཕྲུལ་རོལ་མོས་ཡིད་ཅན་འདོད་པ་འཇོ་བའི་ཕུལ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོའི་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །མཚན་དཔེའི་ཟླ་བ་བདུད་རྩིའི་འོད་ཅན་ཐོག་མར་འཆར་དང་ལྷན་གཅིག་པར། །རིགས་དང་བརྩེ་སོགས་སྣང་ཆེན་དཀར་པོས་དཔྱོད་ལྡན་ཡིད་ཀྱི་ཀུ་མུ་ད། །ཅི་དགར་བཞད་པའི་ངལ་འཚོ་སྟེར་ལས་བསྔགས་པའི་ཆུ་གཏེར་འབུམ་གཡོ་བ། །རྒྱལ་བའི་མྱུ༴ །ཚུལ་གནས་ཁྲིམས་ཀྱི་མཐོ་རིས་ཚལ་དུ་མང་པོར་གསན་བའི་ཡོངས་འདུའི་དབང་། །ཇི་བཞིན་བསམ་པའི་མེ་ཏོག་མཛེས་འབར་སྒོམ་བྱུང་ཤེས་རབ་འབྲས་ བུས་སྤུད། །འཕགས་དང་མཁས་མང་བློ་མཆོག་ཟུར་མིག་ཕྱོགས་དེར་གཅིག་ཆར་ལྷུང་གྱུར་བ། །རྒྱལ་བའི༴ །ཆོས་བརྒྱད་འཁྲུལ་པའི་རྫུན་རིས་མ་ལུས་འོད་གསལ་ཞི་བའི་དབྱིངས་སུ་ཟུམ། །ཆོས་བཞིན་སྤྱོད་ཕྱིར་དབེན་པའི་རི་སུལ་ལྷ་ཡི་ཁང་བཟང་བཞིན་བསྟེན་ནས། །ཆོས་ཀྱི་སྙིང་པོ་ཐེག་ཆེན་ལམ་ལ་རྩེ་གཅིག་སྒྲུབ་པ་ལྷུར་བཞེས་པ། །རྒྱལ་བའི༴ །གཟོད་ནས་རྣམ་གྲོལ་ཡེ་ཤེས་བརྙེས་ཀྱང་ཚོགས་ཟུང་བྱེ་བས་རྒྱུད་སྦྱངས་ཏེ། །ཟག་མེད་སྦྱོར་བའི་འབྲས་བུ་ལས་སྐྱེས་བདེན་པ་མངོན་སུམ་ཉིད་མཐོང་ཕྱིར། །སྤོབ་པའི་གཏེར་མཛོད་མཐའ་ཀླས་འཇོ་སྒེགས་འཕགས་བཞིའི་དབུས་སུ་ཆེས་རྔམས་པ། །ར
【漢語翻譯】 勝者苗裔法自在,憶念語鬘吉祥枇杷,善妙之樹普皆歡喜苑。
【英語翻譯】 Victory’s sprout, Dharma Lord, a garland of remembrance, auspicious bilva, a good tree, a garden of universal joy.
============================================================
================== 第 2 段 ================== 【原始藏文】 ྒྱལ་བའི༴ །ཤིང་རྟ་ཆེན་པོའི་ལམ་སྲོལ་འཆད་ལ་དགོས་པའི་དོན་གྱིས་མངོན་བསུས་ཏེ། །བསྡུས་དོན་ཚོམས་སུ་ལེགས་པར་བཅད་ཅིང་ཚིག་གི་སྦྱོར་བ་སྙན་འཇེབས་ཀྱིས། །སྔ་ཕྱིའི་མཚམས་སྦྱོར་བ་རྒལ་ལན་དང་བཅས་མ་ཕམ་དགྱེས་པའི་གཟུགས་དོམ། །རྒྱལ་བའི༴ །གཞལ་བྱ་མངོན་སུམ་མངོན་སུམ་མིན་དང་ཤིན་ཏུ་ལྐོག་གྱུར་ཇི་སྙེད་པ། །ཚད་མ་གསུམ་གྱིས་གཏན་ལ་ཕབས་ནས་དངོས་སྟོབས་རིག་པའི་མཚོན་རྣོན་པོས། །ཕས་རྒོལ་བསྟན་པ་གཅིག་ཆར་འཕྲོག་མཁས་ཆོས་ཀྱི་གྲགས་པའི་རྗེས་འགྲོ་བ། །རྒྱལ་བའི༴ །ཚིག་སྙན་རྒྱན་གསུམ་ལམ་ལས་དྲངས་ཤིང་སྡེབ་ལེགས་སྦྱོར་བ་འབུམ་གྱིས་བཅིངས། ། དོན་བཟང་རིན་ཆེན་ཐང་མར་བརྡལ་བས་དཔྱོད་ཤེས་ཡིད་ཀྱི་འདོད་དགུ་འཇོ། །ཐུབ་བསྟན་སྲོག་ཤིང་བསྐལ་བརྒྱར་བརྟན་མཛད་ལེགས་བཤད་རྩོམ་ལ་དཔའ་བོའི་ཞབས། །རྒྱལ་བའི༴ །མཁྱེན་པས་ཤེས་བྱ་ཀུན་གཟིགས་འཇམ་དཔལ་གཞོན་ནུས་རྗེས་སུ་འགྲོ། །བརྩེ་བས་སེམས་ཅན་ཁམས་ཀུན་ཁྱབ་འཇུག་ཕྱག་ན་པད་མོའི་གཟུགས་ཀྱི་ཟླ། །ནུས་པས་ཡིད་སྲུབ་སྡེར་བཅས་བསྙིལ་མཛད་གསང་བའི་བདག་པོས་སྙེམས་འཆང་བ། །རྒྱལ་བའི༴་མདོར་ན་སྲས་བཅས་རྣམ་འདྲེན་ཡོངས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲཱ་བའི་ཚུལ། །རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་སྙིང་རྗེ་ཆེན་པོས་ལུས་བཟུངས་ཏེ། །སྙིགས་མའི་མཐའ་ཡང་ཀུན་མཁྱེན་གཉིས་པའི་ཕྲིན་ལས་ས་གསུམ་རྒྱས་མཛད་པ། །རྒྱལ་བའི་མྱུ༴ །དེ་ལྟར་ངག་གི་ནོར་བུའི་རྒྱུད་མང་དད་གསུམ་སོར་མོས་བསྒྲེངས་དང་བཅས། །རྣམ་ཀུན་གུས་པས་ཁྱོད་ཉིད་འབོད་ན་མཐའ་ཡས་འགྲོ་བའི་གཉེན་གཅིག་པུ། །ཅི་སླད་བདག་ལ་ཐུགས་བརྩེར་མི་མཛད་ཏིང་འཛིན་རྫུ་འཕྲུལ་མཐའ་ཡས་གཏེར། །རྒྱལ་བའི༴ །ཨེ་མ་འཕགས་ཁྱོད་བྱིན་རླབས་བདུད་རྩིས་ཡང་ཡང་ཡིད་ལ་བཤེས་བྱས་པས། །སྲིད་ལས་ངེས་འབྱུང་ཨུཏྤལ་ནག་ཀློང་ཐར་བའི་ཕྱོགས་སུ་རབ་གྲོལ་བར། །དད་སོགས་འཕགས་ནོར་འབྲས་བུ་ཁུར་གྱིས་ཤིན་ཏུ་ལྕི་དང་ལྷན་ཅིག་པར། །རྒྱལ་བའི༴ །ཇི་ལྟར་ཁས་བླངས་ ཁྲིམས་ཀྱིས་རྒྱུད་སྦྱངས་དབེན་པའི་བྲག་རིའི་ཁང་བཟང་དུ། །མང་ཐོས་བསམ་པས་གཏན་ལ་ཕབ་ཅིང་རྩེ་གཅིག་མཉམ་པར་བཞག་པ་ལས། །ལུས་ཤེས་ཤིན་སྦྱང་བདེ་བས་རབ་བརླན་ཤེས་རབ་ཟབ་མོའི་གཟུངས་ཐོབ་བཞིན། །རྒྱལ་བའི༴ །སྙིང་རྗེ་ཆེན་པོས་མ་མས་རབ་བསྐྱེད་ཕར་ཕྱིན་དྲུག་གི་མཆོད་སྦྱིན་ཅན། །བསྡུ་དངོས་བཞི་ཡི་ཚངས་སྐུད་འཁྲིགས་ཆགས་འཕགས་རྣམས་དགྱེས་པའི་དྲང་སྲོང་ཆེ། །སྤྱོད་ཚུལ་ནམ་ཡང་མཚུངས་པ་སྤང་བས་འཇིག་རྟེན་དགེ་བ
【漢語翻譯】 勝利者啊!爲了闡述偉大車乘的道路,以所需的意義來迎接。 將彙集的要義妥善地剪裁,並以悅耳動聽的詞語組合。 前後銜接,包含辯駁,如同無熱惱海般令人喜悅的形象。 勝利者啊!無論可測量的顯現、非顯現和極隱蔽的事物有多少, 都以三種量確定,並以真實力量的智慧利器, 徹底摧毀敵對者的教義,追隨智者法稱的足跡。 勝利者啊!從美妙的詞語和三種裝飾的道路中引出,以成千上萬的優美組合束縛。 將美好的意義如珍寶般鋪開,滿足智者心中的一切願望。 愿能仁的教法命脈永固百劫,以善說寫作的勇士之足跡。 勝利者啊!以智慧遍觀一切所知,追隨文殊童子的腳步。 以慈悲遍及一切眾生界,如同蓮花手的形象。 以力量摧毀一切魔眾,秘密主掌握著驕傲。 勝利者啊!總而言之,一切具有佛子的導師們的智慧幻化網, 以二十種形象顯現菩提,以大悲心承擔身體, 即使在末世,也如第二遍知者般,使事業遍佈三界。 勝利者的後裔啊!如此,以口語的珍寶之弦,伴隨著三信之指的撥動, 以一切恭敬呼喚您時,您是無邊眾生唯一的親友。 為何不對我慈悲關愛?您是禪定和無邊神變的寶藏。 勝利者啊!唉瑪,尊貴的您,以加持甘露反覆滋潤我的心, 使我從輪迴中解脫,在黑蓮花盛開的虛空中,趨向解脫。 與信心等聖財的果實重擔一同。 勝利者啊!如所承諾般, 以戒律調伏自心,在寂靜的巖山樓閣中。 以多聞思維確定,並一心安住。 身心完全調柔,被安樂滋潤,獲得甚深智慧的陀羅尼。 勝利者啊!以大悲心如母親般養育,擁有六度波羅蜜的供養。 以四攝的梵線緊密相連,是令聖者喜悅的大仙。 行為舉止永不與世俗相同,是世間的善
【英語翻譯】 Victorious One! To expound the path of the Great Vehicle, welcoming with the necessary meaning. Cutting the collected essence well, and with pleasant and melodious combinations of words, Connecting the beginning and the end, including refutations, like the image of the joyful Lake Manasarovar. Victorious One! Whatever can be measured, manifest, non-manifest, and extremely hidden, Establishing them with the three valid cognitions, and with the sharp weapon of the power of reality’s wisdom, Completely destroying the doctrines of opponents, following the footsteps of the wise Dharmakirti. Victorious One! Drawing from the path of beautiful words and three ornaments, bound by hundreds of excellent combinations, Spreading out good meanings like a precious plain, fulfilling all the desires of the wise mind. May the life-force of the Buddha’s teachings remain firm for hundreds of eons, with the feet of the heroes who compose good explanations. Victorious One! With wisdom, seeing all that is to be known, following the footsteps of youthful Manjushri, With love, pervading all realms of sentient beings, like the form of Avalokiteshvara holding a lotus, With power, subduing all maras, the Lord of Secrets holding pride. Victorious One! In short, the wisdom and magical net of all the guides with their sons, Manifesting enlightenment in twenty aspects, taking form with great compassion, Even in the degenerate age, like the second omniscient one, spreading activities throughout the three realms. Offspring of the Victorious One! Thus, with the string of verbal jewels, accompanied by the plucking of the fingers of the three faiths, When calling upon you with all reverence, you are the only friend of limitless beings. Why do you not show me loving-kindness? You are the treasure of samadhi and limitless magical powers. Victorious One! Alas, noble one, by repeatedly familiarizing my mind with the nectar of your blessings, Causing me to arise from samsara, in the space where black lotuses bloom, towards liberation, Together with the heavy burden of the fruits of faith and other noble riches. Victorious One! As promised, Taming the mind with discipline, in the secluded rock mountain palace, Establishing through much hearing and thinking, and abiding in single-pointed concentration, Body and mind completely tamed, moistened by bliss, obtaining the dharani of profound wisdom. Victorious One! Nurturing with great compassion like a mother, possessing the offering of the six perfections, With the tightly woven Brahmanic thread of the four means of attraction, a great sage pleasing to the noble ones, Behavior never conforming to the mundane, the virtue of the world.
============================================================
================== 第 3 段 ================== 【原始藏文】 འི་མཐུ་ཐོབ་བཞིན། །རྒྱལ་བའི༴་སྙིང་ནི་བདེ་སྟོང་བདུད་རྩིའི་རོས་སིམ་སྣང་སྤྱོད་ཐམས་ཅད་ལྷ་སྐུར་ཤར། །སྲོག་རྩོལ་དྷུ་ཏིའི་ཕྱག་རྒྱར་དབང་བྱས་གཞོམ་མེད་འོད་གསལ་ཐིག་ལེ་ཆེར། །རྡོ་རྗེ་གསུམ་གྱི་དགའ་བས་སྙེམས་གྱུར་རིག་འཛིན་ཚོགས་དང་ལྷན་གཅིག་ཏུ། །རྒྱལ་བའི༴ །གནས་སྐབས་ཆོས་བཞིན་སྤྱོད་པའི་འགལ་ཟླ་ཡིད་སྲུབ་རྒྱུར་བཅས་མཚོན་རྣོན་པོས། །དབང་གཞུ་གསར་བའི་རྗེས་སུ་སོན་པས་མཐུན་པའི་རྐྱེན་ཀུན་ཕུན་ཚོགས་ཏེ། །ཕན་དང་བདེ་བའི་ལེགས་བྱས་ཇི་སྙེད་ཉིན་རེ་ཞིང་ཡང་འཕེལ་བཞིན་དུ། །རྒྱལ་བའི༴ །མདོར་ན་རྒྱལ་བའི་མྱུ་གུ་བྱུ་མཆོག་ཆོས་ཀྱི་དབང་པོའི་གསང་གསུམ་དང་། །རྣམ་དཀར་མཛད་པའི་ངོ་མཚར་མ་ལུས་འགྲོ་ཀུན་སྙིང་ལ་རྫོགས་གྱུར་པས། །སྲིད་དང་ཞི་བའི་ཕ་མཐར་མི་གནས་དགེ་ མཚན་བྱེ་བའི་མནྡ་རས། །དེང་ནས་བཟུང་སྟེ་འཇིག་རྟེན་གསུམ་ན་རྟག་ཏུ་བཀྲ་ཤིས་སྣང་གྱུར་ཅིག །འདི་ལྟར་འཕགས་པ་དང་མཁས་པ་དང་། །སོ་སོའི་སྐྱེ་བོ་རྣམ་ཤེས་ཤིན་ཏུ་ལྐོག་གྱུར་བདག་གིས་ཀྱང་། ཨེ་མ་རྒྱལ་བའི་སྲས་ཆེན་པོ་ཞེས་བསྔགས་པའི་མེ་ཏོག་ཕྱོགས་བརྒྱར་འགྲེམ་པ་མགོན་པོ་ཞི་བ་ལྷ་དང་དབྱེར་མི་ཕྱེད་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་བསྔགས་པའི་ཚིག་གི་སྦྱོར་བ་གྱིས་ཞེས་འཕགས་བཞིའི་རིགས་ལ་ཡང་དག་པར་གནས་པའི་དྲང་སྲོང་ཆེན་པོའི་བརྟུལ་ཞུགས་ཅན་བི་ཛ་ཡ །།།་བྷ་ཏྲས་གུས་པས་བསྐུལ་བ་དོན་ཡོད་ཅིང་རང་ཉིད་ཀྱིས་ཀྱང་། །སྐྱེ་བར་ངག་གི་ལས་དཀར་མིན་བསགས་པའི་གཉེན་པོར་ཆེད་དུ་དམིགས་ཏེ་ཀུན་མཁྱེན་བླ་མ་དགྱེས་པའི་འབངས། །མཁྱེན་བརྩེའི་དབང་པོས་དཀྱུས་གཅིག་ཏུ་དང་བས་གསོལ་བ་བཏབ་པའི་དགེ་བས་བདག་གཞན་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་སྙིང་རྗེའི་གཏེར་དང་མི་གཉིས་པའི་བླ་མ་མཆོག་གི་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །དགེའོ།། །། རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་རྗེས་སུ་དྲན་པའི་ངག་གི་འཕྲེང་བ་བཀྲ་ཤིས་བིལ་བའི་ལྗོན་བཟང་ཀུན་ཏུ་དགའ་བའི་ཚལ།
【漢語翻譯】 獲得加持之力。 勝利者的心是樂空甘露的味道,顯現和行為都化為天神的形象。 生命之氣被都提脈的手印所掌控,成為不可摧毀的光明大點。 因三金剛的喜悅而感到滿足,與持明者眾一同。 勝利者。 暫時像法一樣行事的違緣,連同擾亂心意的根源,以鋒利的武器。 因追隨新的權勢之弓,一切順緣都圓滿。 利益和安樂的善行,日日增長。 勝利者。 總而言之,勝利者的幼苗,如綠松石般珍貴,法王的秘密三處。 一切純潔的作為和奇蹟,都圓滿在眾生的心中。 不住于輪迴和涅槃的邊際,吉祥的 功德之花曼陀羅。 從今以後,愿三界永遠充滿吉祥的光芒! 如此,聖者和智者, 以及各自的凡夫,意識極其隱蔽的我, 也一樣。 唉!被稱為「偉大的勝利者之子」的花朵,向四面八方散佈,與怙主寂天菩薩無二無別的菩提薩埵,大菩薩,爲了讚頌他,請作詞語的組合,安住於四聖種姓的偉大苦行者毗扎雅·巴扎恭敬地勸請,自己也覺得有意義。 爲了對治生生世世所造的口業惡業,特別祈願一切智智上師歡喜。 以智慧和慈悲的力量,一心一意地虔誠祈禱,愿此善根使自他相續,迅速獲得至尊怙主慈悲之藏無二無別的上師的智慧眼加持。 善哉! 勝利者的幼苗,法王,憶念他的語言之鬘,吉祥的木橘樹,一切歡喜的園林。
【英語翻譯】 Gaining the power of blessings. The heart of the Victorious One is the taste of bliss-emptiness nectar, all appearances and actions arise as the form of deities. The life force is controlled by the mudra of the dhuti channel, becoming an indestructible, clear light bindu. Being content with the joy of the three vajras, together with the assembly of vidyadharas. The Victorious One. Adverse conditions that temporarily act like the Dharma, along with the root of disturbing the mind, with sharp weapons. By following the new bow of power, all favorable conditions are fulfilled. Benefits and happiness, as many good deeds as there are, increase day by day. The Victorious One. In short, the sprout of the Victorious One, precious like turquoise, the secret three places of the Dharma King. All pure deeds and miracles are completely fulfilled in the hearts of all beings. Not abiding at the extremes of samsara and nirvana, auspicious Mandarava of merits. From now on, may the three realms always be filled with auspicious light! Thus, the noble and the wise, And also the ordinary individuals, even I, whose consciousness is extremely obscured, Ah! The flowers praised as “Great Son of the Victorious One” are spread in all directions, the Bodhisattva who is inseparable from the Protector Shantideva, the great Bodhisattva, to praise him, please compose words, Vijayabhadra, the great ascetic who abides in the four noble lineages, respectfully requested, and also felt meaningful himself. In order to counteract the negative verbal actions accumulated in lifetimes, especially praying that the Omniscient Lama may be pleased. With the power of wisdom and compassion, praying sincerely with one mind, may this virtue cause the blessings of the wisdom eyes of the supreme Lama, inseparable from the treasure of compassion, to quickly enter the minds of myself and others. May it be virtuous! The sprout of the Victorious One, the Dharma King, a garland of words in remembrance of him, the auspicious Bilva tree, a garden of all joy.
============================================================
同部經論
與本文同名或相近的其他版本、科判、譯文與註疏。