d0689聖無量網思維王儀軌newc3.5s
D689
d0689位於德格甘珠爾第93函,沒有相當的大正藏所收譯經
@#། །རྒྱ་གར་སྐད་དུ། ཨཱརྱ་ཨ་མོ་གྷ་པཱ་ཤ་ཀལྤ་རཱ་ཛ་བི་དྷི་ནཱ་མ། བོད་སྐད་དུ། འཕགས་པ་དོན་ཡོད་ཞགས་པའི་རྟོག་པའི་རྒྱལ་པོའི་ཆོ་ག་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་དེང་བདག་ཅག་གིས་འཁོར་གྱི་དཀྱིལ་འཁོར་གྱི་དབུས་སུ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་ཤིང་བསྔགས་པ་དོན་ཡོད་པའི་ཞགས་པའི་རྟོག་པའི་རྒྱལ་པོའི་ཆོ་ག་ཞིབ་མོ་ཞེས་བགྱི་བ་འདི་ཉིད་སྐྱེ་བོ་མང་པོ་ ལ་སྨན་པ་དང་།སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། རྗེས་སུ་བརྩེ་བར་བགྱི་བའི་སླད་དུ་བརྗོད་པར་བགྱི་ཡིས་གསོན་ཅིག་།ོཾ་པདྨ་ཧ་སྟ་མ་ཧཱ་ཨ་མོ་གྷ་པཱ་ཤ་ས་ཧཱ་ཡཾ་ས་མ་ཡ་ཧྲྀ་ད་ཡཱཾ་ཙ་ར་ཙ་ར་ཧཱུཾ། དོན་ཡོད་པའི་ཞགས་པའི་རང་བཞིན་གྱི་སྤྱན་རས་གཟིགས་ ཀྱི་སྙིང་པོ་ཞེས་བགྱི་སྟེ།ལས་ཐམས་ཅད་ཀྱང་བགྱི་བའོ། །ོཾ་དི་བྱ་སཾ་པཱུ་ར་ནཾ་གེ་བི་ལོ་ཀི་ཀྵ་ཎི་ཧཱུཾ། འཁར་གསིལ་གྱི་རིག་པ་སྟེ། ལན་ཉི་ཤུ་རྩ་གཅིག་བཟླས་ན་སྒྲ་གྲག་པས་སེམས་ཅན་རྣམས་ངན་འགྲོ་ལས་ཐར་བར་འགྱུར་རོ། །ོཾ་པཏྟྲ་པཱུ་ར་ཡ་ཨ་མོ་གྷ་བ་ཏོ་ས་མནྟ་པྲ་བྷེ་སྭཱ་ཧཱ། ལྷུང་བཟེད་ཀྱི་རིག་པ་སྟེ། ལན་ཉི་ཤུ་རྩ་གཅིག་བཟླས་ན་བདུད་རྩིའི་རྣམ་པར་འགྱུར་ཞིང་གང་གིས་ཟོས་པ་རྣམས་ངན་འགྲོ་ལས་ཐར་བར་འགྱུར་རོ། །ཕྱག་རྒྱ་ཐལ་མོ་ལྷན་ཅིག་ཏུ་དམ་དུ་སྦྱར་བ་ལས་སླར་པདྨའི་ཚུལ་དུ་བགྱིས་ནས་མཛུབ་མོ་ནོར་བུ་ལྟ་བུར་བགྱིས་ཏེ། གུང་མོ་ཡིད ཙམ་བཀུག་པ་ནི་ཡིད་བཞིན་གྱི་ནོར་བུ་ཆེན་པོའི་རྒྱལ་མཚན་གྱི་རྩེ་མོའི་ཕྱག་རྒྱ་སྟེ།ལག་པ་སྤྱི་བོར་བཀན་ནས་བཞག་པ་སྤྱི་བོར་དབང་བསྐུར་བའི་རིག་པ་འདི་ལན་བདུན་བརྗོད་དོ། །ོཾ་ཏྱཻ་དྷཱ་ཨ་ནུ་ག་ཏ། ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏྲཻ་ཡ་དྷྭི་ཀེ་པདྨ་མ་ཎི་སུ་པདྨེ་ཨ་མོ་གྷེ་སརྦ་ཏ་ཐཱ་ག་ཏཱ་ཡ་ཨ་ དྷིཥྛི་ཏེ་ཧཱུཾ།རིག་པ་འདིས་དབང་བསྐུར་བ་ཙམ་གྱིས་རིག་སྔགས་འཆང་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དབང་བསྐུར་བར་འགྱུར་རོ། །རིག་སྔགས་འཆང་གི་རྒྱལ་པོ་ཆེན་པོར་ཡང་འགྱུར་རོ། ། རིག་སྔགས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཀྱང་རྣམ་པར་དག་པར་འགྱུར་རོ།
以下是完整的直譯: 印度語:阿耶阿莫伽帕夏卡爾帕拉扎維迪那瑪 藏語:聖無量網思維王儀軌名 頂禮一切佛菩薩。 然後,菩薩大菩薩聖觀世音自在向世尊如是稟告:“世尊,今天我們在眾會壇城中央,為利益眾多眾生,為眾多眾生安樂,為憐憫世間,為慈悲隨順,將宣說此被一切佛菩薩頂禮讚嘆的無量網思維王詳細儀軌,請聽。” (藏文,ōṃ padma hasta mahā amogha pāśa sahāyaṃ samaya hṛdayāṃ cara cara hūṃ,ॐ पद्म हस्त महा अमोघ पाश सहायं समय हृदयां चर चर हूं,ଓଁ ପଦ୍ମ ହସ୍ତ ମହା ଅମୋଘ ପାଶ ସହାଯଂ ସମଯ ହୃଦଯାଂ ଚର ଚର ହୂଂ,無量網本性觀世音心咒,嗡巴德瑪哈斯達瑪哈阿莫嘎帕夏薩哈揚薩瑪雅哈日達揚匝拉匝拉吽) 此咒名為無量網本性觀世音心咒,可成辦一切事業。 (藏文,ōṃ divya saṃpūraṇaṃ ge vilokikṣaṇi hūṃ,ॐ दिव्य संपूरणं गे विलोकिक्षणि हूं,ଓଁ ଦିବ୍ୟ ସଂପୂରଣଂ ଗେ ବିଲୋକିକ୍ଷଣି ହୂଂ,天鈴咒,嗡迪維雅桑布拉囊給維洛基克沙尼吽) 此為天鈴咒。唸誦二十一遍,聲音響起,眾生將從惡趣解脫。 (藏文,ōṃ pattra pūraya amogha vato samanta prabhe svāhā,ॐ पत्त्र पूरय अमोघ वतो समन्त प्रभे स्वाहा,ଓଁ ପତ୍ତ୍ର ପୂରଯ ଅମୋଘ ବତୋ ସମନ୍ତ ପ୍ରଭେ ସ୍ୱାହା,缽咒,嗡巴特拉布拉雅阿莫嘎瓦多薩曼達帕貝梭哈) 此為缽咒。唸誦二十一遍,將變成甘露形態,凡食用者皆從惡趣解脫。 手印:雙手合掌緊貼,然後如蓮花狀展開,食指如寶珠狀,中指稍微彎曲,此為如意寶大勝幢頂手印。將手掌向上置於頭頂,誦此灌頂咒七遍: (藏文,ōṃ tyaidhā anugata abhiṣiñcatu māṃ sarva traiyadhvike padma maṇi supadme amoghe sarva tathāgatāya adhiṣṭhite hūṃ,ॐ त्यैधा अनुगत अभिषिञ्चतु मां सर्व त्रैयध्विके पद्म मणि सुपद्मे अमोघे सर्व तथागताय अधिष्ठिते हूं,ଓଁ ତ୍ୟୈଧା ଅନୁଗତ ଅଭିଷିଞ୍ଚତୁ ମାଂ ସର୍ବ ତ୍ରୈଯଧ୍ବିକେ ପଦ୍ମ ମଣି ସୁପଦ୍ମେ ଅମୋଘେ ସର୍ବ ତଥାଗତାଯ ଅଧିଷ୍ଠିତେ ହୂଂ,灌頂咒,嗡泰達阿努嘎達阿比欣扎杜芒薩瓦特雷雅德維給巴德瑪瑪尼蘇巴德美阿莫給薩瓦達塔嘎達雅阿迪斯提得吽) 僅以此咒灌頂,持咒者將得到一切如來灌頂。將得到聖觀世音自在灌頂。也將成為大持明王。一切咒語也將成就。一切煩惱障也將清凈。
།འཇིག་རྟེན་གྱི་གཙོ་བོ་གཅིག་པུའི་གནས་སུ་ཡང་འགྱུར་བར་ཐེ་ཚོམ་མ་མཆིས་སོ། །ོཾ་པདྨོཥྞཱི་ཥ་བི་མ་ལེ་ཧཱུ~ཾ་ཕཊ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས ཀྱི་བུ་མོ་གང་ལ་ལས་གསང་སྔགས་ཀྱི་སྙིང་པོ་ཡི་གེ་བཅུ་པ་འདི་སྙིང་རྗེ་དང་ལྡན་པར་བགྱིས་ཏེ་བཟླས་བརྗོད་བགྱིས་ན་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་ནས་ས་བཅུ་ལ་གནས་པའི་བར་དུ་འགྱུར་ཞིང་།ལྷ་དང་། མིའི་སྐྱེ་དགུ་དག་གིས་འདི་ནི་དེ་བཞིན་གཤེགས་པའོ་ཞེས་བརྗོད་པར་འགྱུར་ ལ།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། དོན་ཡོད་པའི་ཞགས་པའི་པདྨའི་གཙུག་ཏོར་དྲི་མ་མེད་པའི་འཁོར་ལོས་སྒྱུར་བར་འགྱུར་ཏེ་འདི་ལ་ཐེ་ཚོམ་མ་མཆིས་སོ། །བཅོམ་ལྡན་འདས་གསང་སྔགས་ཀྱི་སྙིང་པོ་ཡི་གེ་བཅུ་པ་འདི་ནི་ཡོན་ཏན་ཆེན་ པོ་ཚད་མ་མཆིས་པ་རྣམས་དང་ལྡན་པར་རིག་པར་བྱའོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུ་གཟུངས་སྔགས་ཀྱི་སྙིང་པོ་འདི་དག་ནི་ཡི་གེ་འབྲུ་རེ་རེ་ཙམ་བཟླས་བརྗོད་བྱས་པ་ཙམ་གྱིས་ཀྱང་སངས་རྒྱས་ཀྱི་མཛད་པ་བྱེད་པར་ འགྱུར་ན།རིགས་ཀྱི་བུ་གང་གིས་ཆེད་དུ་གཉེར་ཏེ། ཆེས་ངལ་ཞིང་དུབ་པར་བཟླས་བརྗོད་དང་། སྒྲུབ་པ་དང་། ཆོ་གས་ཚུལ་བཞིན་དུ་རྒྱས་པར་སྒྲུབ་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། དོན་ཡོད་པའི་ཞགས་པའི་པདྨའི་གཙུག་ཏོར་དྲི་མ་མེད་པའི་སྙིང་པོ་ཁྲོ་བོའི་གཟུངས་ སྔགས་རིམ་པར་ཕྱེ་བ་གསང་སྔགས་ཆེན་པོ་ཡི་གེ་བཅུ་པ་འདི་ལན་ཅིག་ཙམ་དྲན་ནམ།བཀླགས་སམ། མིང་ཙམ་ཡང་བཟུང་ངམ། དུས་ཚིགས་འགའ་རེར་དྲན་པ་ཙམ་གྱིས་ཀྱང་སེམས་ཅན་དེའི་མཚམས་མེད་པའི་ལས་བྱས་པས་མནར་མེད་པའི་དམྱལ་བར་གཞོལ་བ་ཚེ་བསྐལ་ པར་གནས་པར་འགྱུར་བ་ཡང་ལས་ཐམས་ཅད་རྣམ་པར་དག་པར་འགྱུར་རོ།།སྡིག་པ་དང་སྒྲིབ་པ་ཐམས་ཅད་ཀྱང་རང་རབ་ཏུ་ཟད་པར་འགྱུར། ལུས་ཡོངས་སུ་དག་ཅིང་དྲི་མ་མེད་པར་འགྱུར། སྒྲིབ་པ་དང་། ཉོན་མོངས་པ་ཐམས་ཅད་དང་བྲལ་བར་འགྱུར། ཚེ་འཕོས་ ནས་ཀྱང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་པདྨ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ།།ཚེ་རབས་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར། ནམ་ཡང་ངན་འགྲོར་འགྲོ་བར་མི་འགྱུར། བསྐལ་པ་བྱེ་བ་འབུམ་ཕྲག་བརྒྱད་ཅུར་འཁོར་ལོས་སྒྱུར་བའི་མཆོག་ཏུ་འགྱུར་རོ།
必定成為獨一無二的世間主,毫無疑問。 (藏文,ōṃ padmoṣṇīṣa vimale hūṃ phaṭ,ॐ पद्मोष्णीष विमले हूं फट्,ଓଁ ପଦ୍ମୋଷ୍ଣୀଷ ବିମଲେ ହୂଂ ଫଟ୍,蓮花頂髻清凈咒,嗡巴德摩斯尼夏維瑪雷吽呸) 世尊,若有善男子或善女人以慈悲心持誦此十字密咒心要,將不退轉于菩提,乃至安住十地,天人眾生皆將稱其為如來,于無上正等正覺必不退轉,將成為無量網蓮花頂髻清凈轉輪王,此事毫無疑問。 世尊,此十字密咒心要應知具足無量大功德。 世尊告曰:“善男子,如是如是。善男子,此等陀羅尼咒心要,僅誦一字便能行持佛業,更何況善男子刻意精進,極盡辛勞地持誦、修持、如法廣修諸儀軌者? 無量網蓮花頂髻清凈心要忿怒陀羅尼咒分類大密咒十字明,若僅一次憶念,或讀誦,或持其名,或偶爾憶念,即使是造作無間業、應墮無間地獄、壽命持續一劫的眾生,一切業也將清凈。 一切罪障也將自然窮盡, 身體將完全清凈無垢, 遠離一切障礙煩惱, 命終之後也將往生極樂世界,化生蓮花中, 一切生世皆將憶念宿世, 永不墮入惡趣, 於八十億俱胝劫中成為最勝轉輪王。
།སངས་རྒྱས་ ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་བར་འགྱུར།སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རབ་ཏུ་དགོངས་པར་འགྱུར་རོ། །སྒྲུབ་པའི་ཆོ་གའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་གསང་སྔགས་ཀྱི་རྩ་ བ་དོན་ཡོད་པའི་ཞགས་པའི་པདྨའི་གཙུག་ཏོར་གྱི་སྙིང་པོ་དྲི་མ་མེད་པ་གསང་བ་འདི་རིག་སྔགས་འཆང་བའི་རིགས་ཀྱི་བུའམ།རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལས་ལན་ཅིག་ཙམ་ཡང་དྲན་པས་ཡིད་ལ་བྱེད་ ཅིང་།ཡོངས་སུ་དག་པའི་བདག་ཉིད་སྙིང་རྗེ་ཆེན་པོ་དང་། བྱམས་པའི་སེམས་དང་ལྡན་པ་དང་། ལྷག་པའི་བསམ་པས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་བློ་དང་། དམིགས་པ་དང་ལྡན་པས་སེམས་ཅན་གང་ཡང་རུང་བའི་རྣ་ཁུང་དུ་བརྗོད་ན་སེམས་ཅན་དེ་དག་ངན་ སོང་དུ་སྐྱེ་བར་མི་འགྱུར་ཏེ་དེ་ནི་གནས་མེད་དོ།།སེམས་ཅན་དེ་དག་ཐམས་ཅད་དགེ་བའི་རྩ་བ་ཆེན་པོ་དང་ཡང་ལྡན་པར་འགྱུར་རོ། །ལན་གཉིས་བརྗོད་ན་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ལན་གསུམ་བརྗོད་ན་རིམས་དང་། འབྲུམ་བུ་དང་། འབྲས་དང་། ལྷོག་པ་དང་། མེ་དབལ་དང་། གཡན་པ་དང་། རྐང་ཤུ་དང་། མཛེ་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ལན་བཞི་བརྗོད་ན། དུག་དང་། དབྱིག་དུག་དང་། བྱད་དང་། གཤེད་བྱེད། ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ལན་ལྔ་བརྗོད་ན་འཐབ་པ་དང་། རྩོད་པ་དང་། འགྱེད་པ དང་།ཤགས་སུ་གྱུར་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ལན་དྲུག་བརྗོད་ན་འཇིགས་པ་ཐམས་ཅད་དང་། གདོན་ཐམས་ཅད་དང་། རིམས་ཐམས་ཅད་དང་། ཕ་རོལ་གྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ལན་བདུན་བརྗོད་ན་དུས་མ་ཡིན་པར་འཆི་བ་ཐམས་ཅད་ དང་།སེམས་ཅན་ཐམས་ཅད་ཀྱི་འཚེ་བ་དང་། ཡམས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ལག་ན་རྡོ་རྗེ་དེ་ལྟ་བས་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཉིན་རེ་བཞིན་དུ་ཚིག་གཞན་མི་སྨྲ་བར་སྙིང་པོ་འདི་ལན་བདུན་བདུན་བཟླས་པར་བྱའོ།
將從佛土往詣佛土。諸佛世尊將深加垂念。此為修持儀軌。 然後世尊對秘密主手持金剛說道:“手持金剛,此無量網蓮花頂髻清凈秘密心咒根本,若有持明族的善男子、善女人、比丘、比丘尼、優婆塞、優婆夷,哪怕只是一次憶念作意,以清凈自性、大悲心、慈愛心,以增上意樂不捨一切眾生的心念和觀想,對任何眾生耳中誦持,彼等眾生必不生於惡趣,此乃無有是處。彼等一切眾生將具足廣大善根。 誦二遍則一切疾病悉皆平息。 誦三遍則熱病、痘瘡、疥瘡、腫瘤、火瘡、癬、疣、麻風等一切疾病悉皆平息。 誦四遍則毒、藥毒、詛咒、加害等一切悉皆平息。 誦五遍則爭鬥、諍訟、鬥毆、仇恨等一切悉皆平息。 誦六遍則一切恐懼、一切魔鬼、一切瘟疫、一切他人加害悉皆平息。 誦七遍則一切非時死亡、一切眾生傷害、一切瘟疫悉皆平息。 手持金剛,因此為利一切眾生,每日不言他語,應誦此心咒七遍七遍。”
།ལག་ན་རྡོ་རྗེ་གང་ལ་ལ་དག་འདི་ ལྟར་སྡིག་པ་མི་དགེ་བ་བཅུ་རབ་ཏུ་སྤྱོད་པ།མཚམས་མེད་པ་བྱེད་པ། དམ་པའི་ཆོས་ལ་སྐུར་པ་འདེབས་པ། འཕགས་པའི་གང་ཟག་ལ་རབ་ཏུ་བརྙས་པས་དེ་དག་སེམས་ཅན་དམྱལ་བར་གཞོལ་བའི་ཚེའི་དུས་བྱས་པར་གྱུར་པ་དང་། དགེ་སློང་གང་ལ་ལ་དག་རང་གི་བསླབ་པའི་ སྡོམ་པ་དྲལ་བ།ཚུལ་ཁྲིམས་ཀྱི་སྡོམ་པ་རལ་ཅིང་ཞིགས་པ་དང་། མཁན་པོ་དང་། སློབ་དཔོན་ལ་མ་གུས་ཤིང་འཁུ་བ་དང་། དམ་པའི་ཆོས་ལ་རྨ་འབྱིན་པས་ཚེའི་དུས་བྱས་པར་གྱུར་ནས་སེམས་ཅན་དམྱལ་བར་གཞོལ་བར་གྱུར་པ་དེ་དག་གི་དོན་དུ་བྱེ་མ་གཙང་མ་ལ་ལན་གྲངས་བདུན་ བདུན་བཟླས་ནས།དུར་ཁྲོད་དུ་བོར་བའི་རོ་དང་། རོ་བསྲེགས་པའི་རུས་པའམ། དུར་མཆད་དུ་བཅུག་པའི་རོའམ། རུས་པ་ལ་བྱེ་མ་དེས་གཏོར་བར་བྱའོ། །གང་དང་གང་ན་སེམས་ཅན་རྣམས་ཀྱི་རུས་པ་གང་དག་ཡོད་པ་དེ་དང་དེ་དག་ཏུ་བྱེ་མ་དེས་གཏོར་མ་ཐག་ཏུ། དེ་དང་དེར་བྱེ་མས་ཕོག་ པའི་སེམས་ཅན་དེ་དག་རྣམས་སེམས་ཅན་དམྱལ་བ་དང་།དང་། དུད་འགྲོ་དང་། ཤ་ཟའི་སྐྱེ་གནས་དང་། གནོད་སྦྱིན་གྱི་སྐྱེ་གནས་སུ་སྐྱེས་པར་གྱུར་ན་ཡང་དེ་དག་དེའི་མོད་ལ་ཚེ་བརྗེས་ནས་ཐམས་ཅད་མཐོ་རིས་ཀྱི་འཇིག་རྟེན་ལྷ་དང་མིའི་གནས་སུ་རབ་ཏུ་གཞོལ་ བར་འགྱུར་ཞིང་།ཕྱིན་ཆད་ནམ་ཡང་སེམས་ཅན་ཐམས་ཅད་དམྱལ་བ་དང་། དང་། དུད་འགྲོའི་འགྲོ་བ་རྣམས་སུ་སྐྱེ་བར་མི་འགྱུར་རོ། །གཟུངས་སྔགས་ཡི་གེ་བཅུ་པ་འདི་ཉིད་གྲོ་ག་དང་། རས་སམ་ཤོག་བུ་ལ་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ན། གནས་དེར་སྲོག་ཆགས་ རྐང་གཉིས་པ་དང་།རྐང་བཞི་པ་དང་། རྐང་པ་དང་། རྐང་མེད་པ་གང་དག་ཉེ་བར་འོངས་པ་དེ་དག་ཐམས་ཅད་མཆོད་རྟེན་དེའི་གྲིབ་མ་ཕོག་པ་ཙམ་གྱིས་དེ་དག་གི་སྡིག་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་དག་ཅིང་མཐོ་རིས་སུ་གཞོལ་བར་འགྱུར་རོ། །དང་། བྱ་ དང་།ཝ་དང་། ཁྱི་དང་། ནེའུ་ལེ་དང་། གྲོག་སྦུར་དང་། སྦྲུལ་དང་། རུས་སྦལ་དང་། ལག་འགྲོ་ལ་སོགས་པ་སྲོག་ཆགས་ཕྲ་མོ་གང་དག་གིས་མཆོད་རྟེན་དེའི་གྲིབ་མ་ལ་འགྲིམས་པ་ཐམས་ཅད་ཀྱང་གྲིབ་མ་ཕོག་པ་ཙམ་གྱིས་དེ་དག་རྣམས་ཀྱི་སྡིག་པ་དང་། སྒྲིབ་པ་ཐམས་ཅད་ རྣམ་པར་དག་པར་འགྱུར་ཞིང་དེ་དག་ཐམས་ཅད་ཀྱང་མཐོ་རིས་ཀྱི་འཇིག་རྟེན་དུ་གཞོལ་བར་འགྱུར་རོ།
手持金剛,若有人如是行十不善業、造五無間罪、誹謗正法、極度輕蔑聖者,以此因緣命終墮入地獄;或有比丘破壞自己的學處禁戒、毀壞戒律、不敬師長且懷恨、詆譭正法,以此因緣命終墮入地獄。爲了這些眾生的利益,應將此咒誦七遍七遍於清凈沙上,然後將此沙撒于墓地的屍體、火化的骨灰、入殮的屍體或骨骸之上。 無論何處有眾生的骨骸,只要以此沙撒于其上,凡被沙觸及的眾生,即使已生於地獄、畜生、餓鬼、夜叉之處,也將立即轉生,悉皆往生天人善趣,此後永不再生於地獄、畜生等惡趣。 若將此十字陀羅尼咒書寫于樺樹皮、布帛或紙上,置於佛塔之內,凡是兩足、四足、有足、無足的眾生靠近此處,僅被佛塔之影觸及,其一切罪障悉皆清凈,往生善趣。 鳥、狐、狗、鼬、螞蟻、蛇、龜、猴等微小眾生,凡是在此佛塔陰影下活動的,僅被影子觸及,其一切罪障悉皆清凈,這些眾生也都將往生善趣。
།བུད་དུང་ལ་སོགས་པ་ལ་ལན་བདུན་བཟླས་བརྗོད་བྱས་ནས་གནས་མཐོན་པོའི་རྩེ་མོ་ནས་དུང་དེ་བུས་ན། སེམས་ཅན་གང་དག་གིས་དུང་དེའི་སྒྲ་ཐོས་པའི་སྐྱེས་པའམ། བུད་མེད་དམ། ཁྱེའུའམ། བུ་མོའམ། ལྷའམ། སམ། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དེ་དག་ཐམས་ཅད་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་གཞོལ་བར་འགྱུར་ཞིང་དགེ་བའི་བཤེས་གཉེན་རྣམས་དང་ཕྲད་ནས་ཆོས་ཐོས་ཏེ་རིམ་གྱིས་མྱ་ངན་ལས་འདའ་བའི་བར་དུ་འགྱུར་རོ། །སེམས ཅན་གང་དག་སྦྱིན་པ་ལ་དགའ་བ་དང་།གང་དག་བསྙེན་གནས་ལ་ཉེ་བར་གནས་པ་དང་། གང་དག་སྐྱབས་གསུམ་ཉེ་བར་གཟུང་བ་དང་། གང་དག་ཚུལ་ཁྲིམས་ཡོངས་སུ་དག་པ་དང་ལྡན་པ་དང་། གང་དག་བྱང་ཆུབ་སེམས་དཔའི་སྡོམ་པས་ཡང་དག་པར་བསྡམས་པ་དེ་ དག་གིས་སྒྲ་དེ་ཐོས་ན།དེ་དག་ཐམས་ཅད་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །ཚེ་དེ་བརྗེས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཙནྡན་དཀར་པོ་ལ་ལན་བདུན་བཟླས་ བརྗོད་བྱས་ནས་དགེ་འདུན་གྱི་ཀུན་དགའ་ར་བའམ།དཀོར་སའམ། སྐྱེ་བོའི་དབུས་སམ། རྒྱལ་པོའི་ཕོ་བྲང་དུ་བདུག་པར་བྱས་ན། གང་དག་དེའི་དྲི་ལ་བསྣམས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་རྣམ་པར་བྱང་བར་འགྱུར་ཏེ། སངས་ རྒྱས་ཀྱི་སྐུ་ཡོངས་སུ་རྫོགས་པ་རབ་ཏུ་འཐོབ་པའི་བར་དུ་འགྱུར་རོ།།ཆོས་གོས་ལ་རབ་ཏུ་བདུགས་ནས་ལུས་ལ་གྱོན་ན་གང་ཟག་དེའི་སྡིག་པ་དང་། སྒྲིབ་པ་ཐམས་ཅད་མ་ལུས་པར་རྣམ་པར་དག་པར་འགྱུར་རོ། །ལུས་ལ་བབ་པ་ཙམ་གྱིས་བག་ཆགས་ཀྱི་དྲི་མ་དང་། སེར་སྣ་ དང་ཉོན་མོངས་པའི་སྐྱོན་ཐམས་ཅད་སྤངས་པར་འགྱུར་རོ།།གོས་ལ་བདུགས་ཏེ་བཅངས་པ་ཙམ་གྱིས་འཇིག་རྟེན་ཐམས་ཅད་དབང་དུ་འགྱུར་རོ། །བདག་གི་གོས་ལ་རབ་ཏུ་བདུགས་ཏེ་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་རྒྱལ་པོ་དང་། བཙུན་མོར་བཅས་པ་རྣམས་དབང་དུ་འགྱུར་རོ། །ཀུན་ གྱི་མཆོད་གནས་ཆེན་པོར་འགྱུར་རོ།།འཇིག་རྟེན་ཐམས་ཅད་ཀྱི་བླ་མར་འགྱུར་རོ། །འཕགས་པའི་དགེ་འདུན་གྱི་དབུས་སུ་ཞུགས་ན་དགེ་འདུན་ཐམས་ཅད་ཀྱི་མཆོད་གནས་ཆེན་པོར་འགྱུར་རོ། །སྐྱེ་བོའི་ཚོགས་ཆེན་པོའི་ནང་དུ་ཞུགས་ན་ནོར་དང་། ལོངས་སྤྱོད་ཆེན་པོ་འཕེལ་ བར་འགྱུར་ཞིང་མཆོད་གནས་ཆེན་པོའི་འོས་སུ་ཡང་འགྱུར་རོ།།ཙནྡན་གྱི་བདུག་པའི་ཆོ་གའོ།
將此咒誦七遍於海螺等物上,然後在高處頂端吹響此螺,凡聽聞此聲的男女老少、天人、畜生等一切眾生,皆將往生善趣天界,遇見善知識,聽聞佛法,最終趨向涅槃。 凡是喜好佈施、持守八關齋戒、皈依三寶、具足清凈戒律、受持菩薩戒的眾生,若聽聞此聲,皆將不退轉于菩提,迅速證得無上正等正覺。命終之後立即往生極樂世界。 將此咒誦七遍於白檀香上,然後在僧團園林、庫房、人群中或王宮中薰香,凡聞此香氣的眾生,其一切業障煩惱障悉皆清凈,乃至獲得圓滿佛身。 若以此香薰法衣后穿著,此人的一切罪障將全部清凈。僅身體接觸,即能斷除習氣污垢、慳吝及一切煩惱過失。 僅持帶薰香過的衣物,即能統攝一切世間。若身著薰香過的衣物入王宮,將能攝受國王及后妃眷屬。將成為一切人的大供養處。將成為一切世間的上師。 若入聖僧眾中,將成為僧眾的大供養處。若入大眾群中,將增長廣大財富受用,也將成為大供養處的對象。 此為檀香薰香儀軌。
།དོན་ཡོད་པའི་ཞགས་པའི་རྟོག་པ་ལས་པདྨའི་གཙུག་ཏོར་དྲི་མ་མེད་པའི་སྙིང་པོའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཁྲོ་བོའི་རྒྱལ་པོ་ཆེའི། །རྟོག་པ་རབ་ཏུ་བཤད་བྱ་སྟེ། ། དོན་ཡོད་རྒྱལ་པོ་རྨད་བྱུང་ཚེ། །ཀུན་ཏུ་དངོས་གྲུབ་ཐོགས་མེད་ཅིང་། །དཀྱིལ་འཁོར་ཀུན་ཏུ་དབང་བསྐུར་བས། །སྡང་བ་ཐམས་ཅད་རབ་ཏུ་འཇོམས། །བདུད་དང་བགེགས་དཔུང་རྣམ་པར་འཇིག་།གནོད་སྦྱིན་སྲིན་པོ་གསང་བ་པ། །འབྱུང་པོ་ཐམས་ཅད་རབ་ཏུ་འབྲོས། ། བསམ་པ་ཐམས་ཅད་རབ་རྫོགས་བྱེད། །ོཾ་བྷྲྀ་ཀུཊིདཾཥྚེ་ཨ་མོ་གྷ་ས་མ་ཡེ། ཨ་བྷི་ཥིཉྩ་མཱཾ་སརྦ་བིད་ཨ་མོ་གྷ་ཨཾག་ཨབྷི་ཥེ་ཀ་ཧཱུ~ཾ། མི་ལི་མི་ལི་སྭཱ་ཧཱ། ཁྲོ་བོའི་རྒྱལ་པོའི་སྙིང་པོའོ། །དེ་ནས་སྐུ་གཟུགས་ཀྱི་ཆོ་ག་ནི་དངུལ་ལ་ཁྲོ་བོའི་རྒྱལ་པོ་སོར་བཅུ་གཉིས་ཀྱི་ཚད ཙམ་ཤིན་ཏུ་མཛེས་ཤིང་ཚད་དང་ལྡན་པ།གདོང་གསུམ་པ། རལ་པའི་ཐོར་ཚུགས་ཅན། རྒྱལ་བ་འོད་དཔག་ཏུ་མེད་པས་སྤྱི་བོར་བརྒྱན་པ། ཟླ་བ་ཚེས་པ་མགོ་ལ་ཐོགས་པ། གདོང་གསུམ་གྱི་དང་པོ་ཁྲོ་བ། གཡས་ཅུང་ཟད་འཛུམ་པ། གཡོན་གད་མོ་དགོད་པ། ལག་པ་བཞི་པ། གཡས་དང་པོ་ན་པདྨ། འོག་མ་ན་རལ་གྲི་འཕྱར་བ། གཡོན་དང་པོ་ན་ཞགས་པ། འོག་མ་མདུང་རྩེ་གསུམ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་པདྨ་དང་ཟླ་བའི་གདན་ལ་རྒྱལ་པོའི་རོལ་སྟངས་ཀྱིས་འདུག་པ། གཅན་གཟན་ཁྲོ་བོའི་པགས་པས་སྨད་དཀྲིས་པའོ། །གཡས་ཕྱོགས་སུ ནི་ལྷ་མོ་སྒྲོལ་མ་ཨུཏྤ་ལ་ཐོགས་པ་རྒྱན་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པའོ།།གཡོན་ཕྱོགས་སུ་ནི་ལྷ་མོ་རིག་སྔགས་ཀྱི་རྒྱལ་མོ་ནོར་བུ་རིན་པོ་ཆེ་ཐོགས་པ། རྒྱན་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པའོ། །འཇིག་རྟེན་དབང་ཕྱུག་གི་དྲུང་དུ་རིག་སྔགས་འཆང་པུས་མོ་བཙུགས་པ་ལག་ན་ སྤོས་ཕོར་ཐོགས་ཤིང་བགྲང་ཕྲེང་འཛིན་པ་བཅོམ་ལྡན་འདས་ལ་གྱེན་དུ་བལྟ་བའོ།།ཡང་ན་ནི་རི་མོར་བྲི་བར་བྱ་སྟེ་ཆོ་ག་བཞིན་ནོ། །གཟུགས་བརྙན་དེ་དག་གི་དྲུང་དུ་བའི་ལྕི་བས་བྱུག་པ་བྱས་ལ། ཙནྡན་དཀར་པོའི་དཀྱིལ་འཁོར་བྱ་ཞིང་གུར་གུམ་གྱིས་མཆོད་ཡོན་བྱ་སྟེ། མེ་ཏོག་ལ་ སོགས་པས་ཡང་དག་པར་མཆོད་པར་བྱའོ།།དཀྱིལ་འཁོར་དེའི་སྟེང་དུ་ཁྲོ་བོའི་རྒྱལ་པོ་བཞུགས་སུ་གསོལ་ཏེ། དེའི་དྲུང་དུ་བཟླས་བརྗོད་སྟོང་ཕྲག་བརྒྱད་བྱའོ། །དེ་ནས་གཟུགས་བརྙན་དེ་འགུལ་ཞིང་གཡོ་བར་འགྱུར་རོ།
無量網思維中蓮花頂髻清凈心要品第四。 接下來將詳細解說大忿怒王的思維: 無量王出現稀有時, 一切成就無障礙, 遍一切壇城灌頂, 摧毀一切諸怨敵, 摧滅魔軍及障礙, 夜叉羅剎諸密者, 一切鬼魅悉逃散, 圓滿一切諸心願。 (藏文,oṃ bhṛkuṭidaṃṣṭre amogha samaye abhiṣiñca māṃ sarva vid amogha aṅga abhiṣeka hūṃ mili mili svāhā,ॐ भृकुटिदंष्ट्रे अमोघ समये अभिषिञ्च मां सर्व विद् अमोघ अङ्ग अभिषेक हूं मिलि मिलि स्वाहा,ଓଁ ଭୃକୁଟିଦଂଷ୍ଟ୍ରେ ଅମୋଘ ସମଯେ ଅଭିଷିଞ୍ଚ ମାଂ ସର୍ବ ବିଦ୍ ଅମୋଘ ଅଙ୍ଗ ଅଭିଷେକ ହୂଂ ମିଲି ମିଲି ସ୍ୱାହା,忿怒王心咒,嗡布庫蒂當斯特雷阿莫嘎薩瑪耶阿比欣扎芒薩瓦維德阿莫嘎昂嘎阿比謝卡吽米里米里梭哈) 此為忿怒王心咒。 接下來是造像儀軌:用銀造忿怒王像,高十二指寬,極其莊嚴美麗且比例恰當。三面,結螺髻,頭頂飾以無量光佛,頭戴新月。三面中,正面忿怒,右面微笑,左面大笑。四臂,右上手持蓮花,右下手舉劍;左上手持繩索,左下手持三叉戟。全身佩戴各種裝飾,以蓮花月輪為座,作王者姿態而坐,下身披猛獸忿怒皮。 右側為度母天女,手持青蓮,以各種裝飾莊嚴。左側為明咒王后天女,手持如意寶,以各種裝飾莊嚴。 在觀世音前方跪著一位持明者,手持香爐和念珠,仰望世尊。 或者可以按照儀軌繪畫。 在這些像前塗抹牛糞,做白檀香壇城,以藏紅花做供水。以鮮花等作如法供養。請忿怒王安坐于壇城之上,在其前誦咒八萬遍。然後這些像將會震動搖晃。
།རྐང་པས་ཕན་ཚུན་དུ་འཆག་པར་འགྱུར། གཟུགས་ ལས་འོད་ཟེར་འབྱུང་བར་འགྱུར།ཚིག་འབྱིན་པར་འགྱུར། ལེགས་སོ་ཞེས་སྒྲ་འབྱིན་པར་འགྱུར། ལག་པ་གཡས་པ་རིག་སྔགས་འཆང་གི་སྤྱི་བོར་འཇོག་པར་འགྱུར། ཡིད་ལ་བསམས་སོ་ཅོག་ཐམས་ཅད་དང་། མཆོག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །བཟླས་ བརྗོད་རྫོགས་པའི་མོད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁྲོ་བོའི་རྒྱལ་པོ་རང་གི་མདུན་ན་བཞུགས་པར་འགྱུར་རོ།།དྲན་པ་ཙམ་གྱི་མོད་ལ་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །ལས་ཐམས་ཅད་ཀྱང་བྱེད་པར་འགྱུར་རོ། །བཀླགས་པས་ལས་ཐམས་ཅད་ དང་།དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བ་དང་། གྲུབ་པ་ཐམས་ཅད་སྟོན་པར་འགྱུར་རོ། །ཁྲོ་བོའི་རྒྱལ་པོ་ཆེན་པོའི་ཞགས་པ་ནས་བཟུང་སྟེ། བཟླས་བརྗོད་སྟོང་རྩ་བརྒྱད་བྱས་ན་སྔོན་ཆད་བསགས་པའི་བསོད་ནམས་དང་། ལས་ཀྱི་བགོ་སྐལ་ཐམས་ཅད་མངོན་སུམ་དུ་ འགྱུར་རོ།།ཚེའི་མཐར་ཐུག་གི་བར་དུ་དཔལ་ཆེན་པོ་ཐོབ་པ་དང་། ཆེ་བ་ཉམས་སུ་མྱང་བར་འགྱུར་རོ། །གདོང་དུ་བལྟས་ཏེ་བཟླས་བརྗོད་སྟོང་རྩ་བརྒྱད་བྱས་ན་དབང་ཕྱུག་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །པདྨ་ནས་བཟུང་སྟེ་བཟླས་བརྗོད་སྟོང་རྩ་བརྒྱད་བྱས་ན་ཉོན་ མོངས་པ་དང་།ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །རལ་གྲི་ནས་བཟུང་སྟེ། བཟླས་པ་སྟོང་རྩ་བརྒྱད་བྱས་ན་ནམ་མཁའ་ལ་འགྲོ་བའི་དངོས་གྲུབ་ཐོབ་པར་འགྱུར་རོ། །རྩེ་གསུམ་ནས་བཟུང་སྟེ། སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན། འཇིག་རྟེན་ གསུམ་གྱི་དབང་ཕྱུག་ཏུ་འགྱུར་རོ།།འགྲོ་བ་ཐམས་ཅད་དབང་དུ་འགྱུར་རོ། །རྐེད་པ་ནས་བཟུང་སྟེ་བཟླས་པ་སྟོང་རྩ་བརྒྱད་བྱས་ན་སྔོན་གྱི་ཚེ་རབས་དྲན་པར་འགྱུར་རོ། །རྒྱལ་པོ་དང་བཙུན་མོ་འཁོར་དང་བཅས་པ་རྣམས་དབང་དུ་འགྱུར་ཏེ། བདག་ཉིད་ཇི་སྲིད་འཚོའི་བར་དུ་ནོར་ རྣམས་ཉེ་བར་གནས་པར་འགྱུར་རོ།།ཅོད་པན་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། ཁྲོ་བོའི་རྒྱལ་པོའི་དབུ་ལ་བཅིངས་ན་ངེས་པར་དབང་བསྐུར་བ་ཐོབ་པར་འགྱུར་ཏེ། འདི་ལ་ཐེ་ཚོམ་དང་ཡིད་གཉིས་བསྐྱེད་པར་མི་བྱའོ། །བཟླས་བརྗོད་དང་། སྒྲུབ་པ་འདི་དག་གིས་ནི་འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་ཁྲོ་བོའི་རྒྱལ་པོའི་གཟུགས་ཀྱིས་རིག་སྔགས་འཆང་གི་མདུན་དུ་བྱོན་ཏེ།ཅི་དགོས་པ་ཐམས་ཅད་བྱེད་པར་འགྱུར་རོ། །འཕགས་པ་དོན་ཡོད་ཞགས་པའི་རྟོག་པའི་རྒྱལ་པོའི་ཆོ་ག་ལས་ཕྱུང་བ་རྫོགས་སོ།
它將用腳來回走動。身體將放光。會發出聲音。會發出”善哉”的聲音。右手將放在持明者的頭頂。一切所想之事和一切殊勝將圓滿成就。 誦咒完畢的瞬間,聖觀世音自在忿怒王將親自現前。僅僅憶念的瞬間,一切悉地將成就。也將成辦一切事業。 通過誦讀,一切事業和一切悉地將成就,並將示現一切成就。 從大忿怒王的繩索開始,誦咒一千零八遍,過去所積累的一切福德和業力果報將現前。直至壽命盡頭,將獲得大威德並體驗偉大。 面對面誦咒一千零八遍,將獲得大自在的悉地。 從蓮花開始誦咒一千零八遍,將遠離一切煩惱和隨煩惱。 從寶劍開始誦咒一千零八遍,將獲得空中飛行的悉地。 從三叉戟開始誦咒一千零八遍,將成為三界自在,一切眾生將被攝受。 從腰部開始誦咒一千零八遍,將憶念前世。國王、王后及眷屬將被攝受,自己終生將擁有財富。 對冠冕誦咒一百零八遍,然後繫在忿怒王頭上,必定獲得灌頂。對此不應生疑惑和猶豫。 通過這些持咒和修持,聖觀世音自在忿怒王將以身相降臨持明者面前,滿足一切所需。 此為從聖無量網思維王儀軌中摘出。
། །།པཎྜི་ཏ་མཉྫུ་ཤྲཱི་ཝརྨ་དང་། ་ལོ་ཙྪ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།
由班智達曼殊室利瓦爾瑪和譯師比丘羅登謝繞翻譯、校對並最終確定。
同部經論
與本文同名或相近的其他版本、科判、譯文與註疏。