菩薩藏佛教學會
20
背景
翻譯
下載 ▾

d1295施食儀軌吉祥燃燈智 n3.5s

D1295

@#། །གཏོར་མའི་ཆོ་ག་@##། །རྒྱ་གར་སྐད་དུ། བ་ལིཾ་བི་དྷིཿ་བོད་སྐད་དུ། གཏོར་མའི་ཆོ་ག་།བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བགེགས་རྣམས་འཚེ་བ་ཞི་བྱ་དང་། །ལས་རྣམས་ཐམས་ཅད་བསྒྲུབ་པའི་ཕྱིར། །འབྱུང་པོ་ཐམས་ཅད་གཏོར་མ དག་།སྦྱིན་པའི་ཆོ་ག་ཡང་དག་བྲི། །དེ་ལ་དང་པོ་རྣལ་འབྱོར་པ་སྟན་བདེ་བ་ལ་འདུག་སྟེ། ཨོཾ་སྭ་བྷཱ་བ་ཤུདྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུ་དྡྷོུ྅ཧཾ། ཞེས་བྱ་བའི་སྔགས་འདི་ལན་གསུམ་དུ་ཡོངས་སུ་བཟླས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ལ་ལྷག་པར་མོས་པར་བྱའོ། ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧཾ། ཞེས་བྱ་བའི་སྔགས་བརྗོད་དོ་། །ཁམས་གསུམ་པོ་ཐོག་མ་ནས་མ་སྐྱེས་ཤིང་རང་བཞིན་གྱིས་འོད་གསལ་བ་རྣམ་པར་མི་རྟོག་པ། གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་རང་གི་སེམས་ཀྱི་སྣང་བ་ཙམ་དུ་དམིགས་ལ། ནམ་མཁའི་ཁམས་རྒྱ་ཆེན་པོའི་ དབུས་སུ།ཆོས་འབྱུང་གི་ཕྱག་རྒྱ་གྱེན་དུ་གནས་པར་རྣམ་པར་བསྒོམ་ཞིང་། དེའི་དབུས་ན་སྣ་ཚོགས་པདྨ་རྒྱ་ཆེན་པོ་དང་། ཟླ་བ་ལ་སོགས་པའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ཡི་དམ་གྱི་ལྷའི་རྣལ་འབྱོར་བསྐྱེད་པར་བྱའོ། །དེའི་འོག་ཏུ་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས། འགྲོ་བ་ མ་ལུས་པ་སྣང་བར་བྱས་པ་སྔོན་དུ་འགྲོ་བ་ཅན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་བདག་པོ་གཟུགས་ན་སྤྱོད་པ་ཚངས་པ་ལ་སོགས་པ་དང་།དབང་བསྒྱུར་གྱི་ལྷའི་རྒྱལ་པོ་ལ་སོགས་པ་དང་། ཟླ་བ་དང་ཉི་མ་དང་ཉེ་དབང་ལ་སོགས་འཇིག་རྟེན་སྐྱོང་བ་ཐམས་ཅད་དང་། མི་དང་མི་མ་ཡིན་པ་ ཐམས་ཅད་དང་།ཐགས་བཟངས་རིས་དང་སའི་ལྷ་ལ་སོགས་པ་དང་། ཀླུ་ལ་སོགས་པ་སེམས་ཅན་ཡང་དག་པར་དྲངས་ཏེ། ཆོས་འབྱུང་གི་དབུས་སུ་རྣམ་པར་བསམ་མོ། །དེ་ལ་དང་པོར་སྟེང་གི་ཕྱོགས་ཀྱི། གཟུགས་ཀྱི་ཁམས་ན་གནས་པའི་ལྷ། །རལ་པ་ཅོད་པན་དག་དང་དཀར། །ཏིང་ངེ་འཛིན་ གྱི་ཕྱག་རྒྱ་དང་།།འོད་ཟེར་དཀར་པོ་ཕྲེང་བར་ལྡན། །འདོད་པའི་ཁམས་ན་གནས་པ་ཡི། །འདོད་པའི་ཁམས་ཀྱི་དབང་ཕྱུག་སོགས། །ལྷ་རྣམས་རིན་ཆེན་ཅོད་པན་འཆང་། །སྣ་ཚོགས་རྒྱན་དང་འོད་ལྡན་པའོ།

我來為您翻譯這段藏文: 《施食儀軌》 梵文:Baliṃ vidhiḥ 藏文:གཏོར་མའི་ཆོ་ག 漢譯:施食儀軌 禮敬化現為童子的文殊菩薩! 爲了平息一切魔障的侵擾, 成就一切事業, 我將如實書寫, 向一切眾生施食的儀軌。 首先,瑜伽士應安坐于舒適座位上,誦唸此咒語三遍: “嗡 娑婆瓦 秫達 薩兒瓦 達兒瑪 娑婆瓦 秫多杭”(Om svabhāva śuddhāḥ sarva dharmāḥ svabhāva śuddho ‘ham),應當深信一切法本性清凈。 然後誦唸:“嗡 輸尼亞達 嘉那 班扎 娑婆瓦 阿特瑪 郭杭”(Om śūnyatā jñāna vajra svabhāva ātmako ‘ham)。 觀想三界本來未生,自性光明,無分別,不二真如,僅是自心顯現。在廣大虛空界中,觀想向上豎立的法界印,其中央有廣大雜色蓮花和月輪等壇城,其上應修持自身本尊瑜伽。 之後,從心間種子字放射光明,先照耀無餘眾生,召請三千大千世界的主宰色界梵天等諸天,以及自在天王等諸天,月亮、太陽、帝釋等一切護世天神,所有人與非人,賢善天神和地神等,以及龍族等眾生,觀想他們都集聚在法界中央。 其中,首先是上方: 色界天眾, 髮髻冠飾皆潔白, 具三昧印相, 放射白色光明鬘。 欲界所住諸天眾, 欲界自在等天神, 頭戴寶冠諸天眾, 具足種種莊嚴光。

།སྟེང་གི་ཉི་ཟླ་སོགས་དེ་བཞིན། །རང་རང་ཕྱོགས་ཀྱི་ཕྱོགས་བདག་པོ། ། རང་རང་མདོག་དང་ཕྱག་མཚན་སོགས། །ལྡན་པ་གོ་རིམས་བཞིན་དུ་བསྒོམ། །ཐགས་བཟངས་རིས་དང་ས་ལ་སོགས། །ཀླུ་ཡི་བདག་པོ་བརྒྱད་རྣམས་ཀྱང་། །རང་གི་ཡེ་ཤེས་སེམས་སྙིང་གའི། །ས་བོན་ལས་བྱུང་རིགས་གསུམ་གྱིས། །ཡེ་ཤེས་རྣམ པར་སྣང་མཛད་སོགས།།གཟུགས་སུ་རིམ་གྱིས་བསྒྲུབ་པར་བྱ། །དེ་ལ་ད་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྦྱོང་བར་བྱེད་པའི་ཆོ་ག་བསྟན་པར་བྱ་སྟེ། རང་གིས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་ཟླ་བ་བྱེ་བའི་འོད་དང་མཚུངས་པའི་ཡི་གེ་ཨོཾ་མདོག་དཀར་པོ་ཟླ་བའི་དཀྱིལ་ འཁོར་ལ་གནས་པ།འོད་ཀུན་ནས་འཕྲོ་བ་མགོ་བོའི་སྟེང་དུ་རྣམ་པར་བསམས་ལ། དེའི་འོད་ཟེར་གྱིས་ཚངས་པ་ལ་སོགས་པ་གཟུགས་ན་སྤྱོད་པའི་ལྷ་རྣམས་རྣམ་པར་སྣང་མཛད་ཀྱི་རྣམ་པར་བསྒྲུབ་པར་བྱའོ། །དེའི་འོག་ཏུ་རང་གི་ཡེ་ཤེས་སེམས་དཔའི་ཐུགས་གའི་ས་བོན་དེ་ཉིད་ལས་རྣལ་ འབྱོར་པའི་ཡི་གེ་ཧཱུཾ་ནོར་བུ་མཐོན་ཀའི་མདོག་ཅན་ལ་ནོར་བུ་མཐོན་ཀའི་འོད་འཕྲོ་བ།ཟླ་བའི་དཀྱིལ་འཁོར་དབུས་གནས་པའི། །དེ་ལ་འོད་འཕྲོས་རྣམ་བསམས་ཏེ། །འོད་ཟེར་སྤྲིན་དེས་བཀུག་ནས་ནི། །འདོད་ན་སྤྱོད་པའི་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བ་སྦྱང་བྱས་ཏེ། ། སངས་རྒྱས་མི་བསྐྱོད་གཟུགས་དག་ཏུ། །གྲུབ་པར་ཡོངས་སུ་བསྒོམ་པར་བྱ། །དེ་མ་ཐག་ཏུ་རང་གིས་ཡེ་ཤེས་སེམས་དཔའི་ཐུགས་ཀ་དེ་ཉིད་ལས་ཡི་གེ་ཨ་དམར་པོ་འོད་ཟེར་དམར་པོའི་ཚོགས་རབ་ཏུ་འཕྲོ་བ་ཟླ་བའི་དཀྱིལ་འཁོར་ལ་གནས་པ། ཀུན་ནས་སྤྲོས་པ་དེའི་འོད་ཟེར་དམར་པོ་སྤྲོས་པས ཐགས་བཟངས་རིས་དང་།སའི་ལྷ་དང་། ཀླུའི་རྒྱལ་པོ་བརྒྱད་ཡོངས་སུ་སྦྱངས་ཏེ། དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་རྣམ་པར་བསྒྲུབ་པར་བྱའོ། །འཇིག་རྟེན་སྐྱོང་བ་ལ་སོགས་པ་འཁོར་དང་བཅས་པ་དེ་དག་ཐམས་ཅད་རང་གི་རིགས་ཀྱི་དེ་བཞིན་གཤེགས་པའི་གཟུགས་ སུ་བསྒྲུབ་པ་དེ་ལ་གཟུགས་ན་སྤྱོད་པ་རྣམས་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་རིགས་སོ།།འདོད་པ་ན་སྤྱོད་པའི་ལྷ་རྣམས་དང་། འཇིག་རྟེན་རྣམས་ནི་མི་བསྐྱོད་པའི་རིགས་སོ། །ཐགས་བཟངས་རིས་ལ་སོགས་པ་རྣམས་ནི་འོད་དཔག་ཏུ་མེད་པའི་རིགས་སོ།

我來為您翻譯這段藏文: 上方日月等諸天, 各自方位的方位主, 各具本色與法器, 依次而觀想。 賢善天神與地神等, 以及八大龍王眾, 從自智慧心間的, 種子字放三部族光, 現為毗盧遮那佛等, 依次而成就。 現在宣說凈化一切眾生的儀軌:從自身智慧尊心間的種子字放射出如百萬月亮般的光芒,觀想白色的”嗡”(ཨོཾ,ॐ,Oṃ)字安住于月輪中,遍放光明,位於頭頂之上。以其光芒將梵天等色界諸天轉變成毗盧遮那佛的形相。 其次,從自身智慧尊心間的種子字中,觀想瑜伽士的”吽”(ཧཱུཾ,हूँ,Hūṃ)字呈青玉色並放射青玉色光芒,安住于月輪中央。從中放射光明雲,攝召欲界諸天與護世天神,凈化后,觀想他們成就為不動佛的形相。 緊接著,從自身智慧尊心間放射紅色的”阿”(ཨ,अ,A)字,安住于月輪中,放射紅色光明。以其紅色光芒凈化賢善天神、地神和八大龍王,使他們成就為無量光佛的形相。 關於將護世天等眷屬全部轉變為各自部族如來形相:色界諸天屬於毗盧遮那佛部族,欲界諸天與護世天屬於不動佛部族,賢善天神等屬於無量光佛部族。

།དེ་བས་ན་ གཟུགས་ན་སྤྱོད་པ་ལ་སོགས་པ་ནས་ཀླུའི་རྒྱལ་པོ་བརྒྱད་ཀྱི་བར་དེ་དག་རང་རང་གི་རིགས་ཀྱི་དེ་བཞིན་གཤེགས་པའི་གཟུགས་སུ་བསྒྲུབས་ལ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བས་དབང་བསྐུར་ཏེ། མགོ་བོ་ལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱར་བྱས་ལ། དེ་དག་གིས་ལུས་དང་ངག་ དང་ཡིད་བྱིན་གྱིས་བརླབ་པར་བྱའོ།།དེ་ནས་དེ་རྣམས་ཀྱི་མདུན་དུ་བཟའ་བ་དང་བཅའ་བ་ལ་སོགས་པའི་དངོས་པོ་ཅི་འབྱོར་བ་བཙལ་ལ། དང་པོར་ཡཾ་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་རྒྱལ་མཚན་གྱིས་མཚན་པ་རྣམ་པར་བསམས་ལ། དེའི་སྟེང་དུ་རཾ་དམར་པོ་ ཡོངས་སུ་གྱུར་པའི་མེའི་དཀྱིལ་འཁོར་ཟུར་གསུམ་རབ་ཏུ་འབར་བའི་གཟུགས་ཅན་དང་།དེའི་སྟེང་དུ་ཡི་གེ་ཨ་ཡོངས་སུ་གྱུར་པའི་ཀ་པཱ་ལ་ཡོངས་སུ་བསྒོམས་ལ། ཀ་པཱ་ལ་དེའི་དབུས་སུ་བདུད་རྩི་ལྔ། བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་ཞེས་དེ་བཞིན་གཤེགས་པ་ལྔའི་ས་བོན་བྱིན་གྱིས་བརླབ་པར་བསམས་ ལ།དེའི་འོག་ཏུ་སྦར་བ་དང་དྲོས་པ་ལ་སོགས་པའི་ཚོགས་ཡང་དག་པར་བསྒྲུབས་ལ། ཡི་གེ་ཨོཾ་གྱིས་བྱིན་གྱིས་བརླབས་པར་བལྟའོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་གྲུབ་པའི་རྡོ་རྗེ་བསམས་ལ། དེ་ནས་ཡི་གེ་ཨོཾ་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་ དྲངས་ནས།བདུད་རྩི་ལྔ་པོ་དེའི་སྟེང་དུ་རབ་ཏུ་བསྟིམས་ལ། དེ་མ་ཐག་ཏུ་འབར་བ་དང་དྲོས་པ་དང་། ཡི་གེ་ཨོཾ་དང་རྡོ་རྗེ་དེ་ཉིད་དུ་ཞུ་བར་གྱུར་པར་བསམས་ལ། ཨརྒྷཾ་ལ་སོགས་པ་འབུལ་ཞིང་། དེ་ལྟར་བསྒྲུབས་པའི་བདུད་རྩི་དེ་བཞིན་གཤེགས་པའི་ཚོགས་ཐམས་ཅད་ཀྱི་ལྗགས་རྡོ་རྗེ་ལས་འཕྲོས་ པའི་འོད་ཟེར་གྱི་སྦུ་གུས་རབ་ཏུ་དྲངས་པས་ཚིམ་པར་བྱའོ།

我來為您翻譯這段藏文: 因此,從色界天眾直至八大龍王,將他們成就為各自部族如來的形相,以一切如來灌頂而為其灌頂,頭頂結金剛薩埵印,加持他們的身語意。 然後在他們面前,陳設所有可獲得的飲食等供品。首先觀想”央”(ཡཾ,यं,Yaṃ)字變化成弓形風輪,上有勝幢為標誌。其上觀想紅色”讓”(རཾ,रं,Raṃ)字變化成三角形火輪,呈熾燃狀。其上觀想”阿”(ཨ,अ,A)字變化成嘎巴拉(顱器)。 在顱器中央,觀想五甘露由五如來種子字”布隆阿雜康吽”(བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ,भ्रूं आं जॄं खं हूं,Bhrūṃ Āṃ Jṝṃ Khaṃ Hūṃ)加持。 其下成就烹煮、溫熱等供品,觀想以”嗡”(ཨོཾ,ॐ,Oṃ)字加持。其上觀想由”吽”(ཧཱུཾ,हूं,Hūṃ)字所成的金剛杵。然後以”嗡”字光芒召請一切如來智慧甘露,融入五甘露之上。 隨即觀想火焰、溫暖、“嗡”字和金剛杵全部融化。獻上凈水等供品,以如是成就的甘露,通過一切如來眾的金剛舌所放射的光管吸飲而得以滿足。

།དེ་ནས་རྡོ་རྗེ་དང་དྲིལ་བུ་ཡང་དག་པར་བླངས་ཏེ། འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་ཀྱིས་དངོས་པོ་དེ་དག་ལན་བདུན་གྱི་བར་དུ་བྱིན་གྱིས་བརླབས་ལ། དེ་ནས་དེ་རྣམས་ལ་དབུལ་ཏེ། རྡོ་རྗེ་མྱུར་དུ་གསོར་བྱས་ནས། །རྡོ་རྗེ་སྦྱོར་ ནས་ཀུན་བརྟགས་ཀྱི་།།རི་བོ་ཐམས་ཅད་ངེས་བསལ་བྱ། །དེ་ནས་དྲིལ་བུ་གསིལ་བྱས་ལ། །རྒྱལ་བས་སྟོང་ཉིད་རྟོགས་འགྱུར་བའི། །མཆོག་ཏུ་དགྱེས་པའི་སྒྲ་ཡིས་ནི། །ཚིགས་བཅད་འདི་ནི་ལན་གསུམ་བརྗོད། །སྲིད་པ་ངོ་བོ་ཉིད་ཀྱིས་དག་།ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་ བཞིན་དག་པའི་སེམས་དཔའ་མཆོག་།སྲིད་པའི་མཆོག་ནི་སྒྲུབ་པར་བྱེད། །དེ་ལ་གཏོར་མ་བྱིན་གྱིས་བརླབ་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ། ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ཁོ་ན་ཉིད་ཀྱི་སྔགས་འདི་ལན་གསུམ་མམ་བདུན་བརྗོད་དོ།

我來為您翻譯這段藏文: 然後正確持拿金剛杵和鈴鐺,以一切部多施食咒語加持這些供品七遍,之後獻供。 迅速搖動金剛杵, 由金剛相應觀察, 當除一切遍計山。 隨後搖響鈴鐺時, 以佛證空所生起, 最勝歡喜之聲音, 誦此偈頌三遍: “輪迴以自性清凈, 以自性離輪迴已, 最勝清凈自性尊, 成就輪迴之最勝。” 其中加持施食的咒語是: “嗡阿卡若目康薩兒瓦達兒瑪南阿迪阿努特班納特瓦達 嗡阿吽啪德梭哈” (ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ། ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ, ॐ अकारो मुखं सर्वधर्माणां आद्यनुत्पन्नत्वात् ॐ आः हूं फट् स्वाहा, Oṃ akāro mukhaṃ sarvadharmāṇāṃ ādyanutpannatvāt oṃ āḥ hūṃ phaṭ svāhā) 應誦此真實性咒語三遍或七遍。

། རྫོགས་པའི་བྱང་ཆུབ་སེམས་དག་ནི། །རྗེས་དྲན་གཏོར་མ་བྱིན་གྱིས་བརླབས་། །ཇི་ལྟར་བདུད་རྩི་རོ་དག་གིས། །དེ་ལྟར་ཐམས་ཅད་ཚིམ་པར་བྱ། །ཡང་དག་འཐོར་འཐུང་བྱིན་ནས་ནི། །བཟོད་བྱ་གཤེགས་སུ་གསོལ་བར་བྱ། །དེ་ལ་གཤེགས་སུ་གསོལ་བའི་སྔགས་ནི་འདི་ཡིན་ཏེ། ཨོཾ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།།རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་གཤེགས་པར་མཛད་དུ་གསོལ། །ོཾ་ཨཱཿ་ཧཱུཾ་མུཿ། སྐྱེ་བ་མེད་དང་འགག་པ་མེད། །ཐོག་མ་ནས་ནི་རང་བཞིན་དག་།འགྲོ་ཀུན་འདི་དག་མཐོང་ནས་ནི། །གཤེགས་ ཆེན་འདི་ནི་བྱ་བ་ཡིན།།གཏོར་སྦྱིན་ཆོ་ག་ལེགས་བྲིས་ནས། །བདག་གིས་བསོད་ནམས་གང་གཉེར་བསགས། །དེས་ནི་འགྲོ་བ་འདི་དག་ཀུན། །རྫོགས་པའི་བྱང་ཆུབ་སྣོད་འགྱུར་ཤོག་།བྷཾ་ག་ལར་སྐྱེས་དགེ་སློང་ནི། །མར་མེ་མཛད་དཔལ་ཡེ་ཤེས་ཀྱིས། །བླ་མ་མཉེས་ལས་ཐོབ་གྱུར་པ། ། ་

我來為您翻譯這段藏文: 圓滿菩提心清凈, 憶念加持此施食, 如同甘露之味般, 令彼一切得滿足。 獻上完美飲食已, 請求寬恕並送行。 其中送行咒語是: “嗡”(ཨོཾ,ॐ,Oṃ) 您已成辦眾生利, 賜予隨順之成就, 祈請前往佛剎已, 復請再度降臨臨。 “嗡阿吽母”(ཨོཾ་ཨཱཿ་ཧཱུཾ་མུཿ,ॐ आः हूं मुः,Oṃ Āḥ Hūṃ Muḥ) 無生亦無有滅盡, 本來自性即清凈, 見此一切諸眾生, 此乃大行之所為。 善書施食儀軌已, 我所積集諸福德, 愿以此福令眾生, 悉成圓滿菩提器。 孟加拉出生之比丘, 吉祥燃燈智慧者, 從於悅意上師處, 獲得[此法]。