d1934曼荼羅儀軌依據閻魔敵四百五十續 嘎瑪拉克西達 吉祥智稱
D1934
རྒྱ་གར་གྱི་མཁན་པོ་ཨ་དུ་ལ་དྷ་ས་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།།[་]@##། །རྒྱ་གར་སྐད་དུ། མཎྜལ་བི་དྷི་ནཱ་མ། བོད་སྐད་དུ། མཎྜལ་གྱི་ཆོ་ག་ཞེས་བྱ་བ། མགོན་པོ་འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །མཎྜལ བསྡུ་ན་རྣམ་གཉིས་ཏེ།།ཡིད་ཀྱིས་བསམས་དང་དངོས་བྱེད་དོ། །དངོས་ལ་རྣམ་པ་བཞིར་གསུངས་ཏེ། །སློབ་དཔོན་ལྷག་པའི་ལྷ་ཉིད་དང་། །མཆོད་པ་དང་ནི་མཛེས་པའོ།
這是一段藏文的翻譯,我會將其完整翻譯成簡體中文: 印度堪布阿杜拉達薩和譯師比丘洛丹喜饒譯。 梵文為:Maṇḍala vidhi nāma 藏文為:མཎྜལ་གྱི་ཆོ་ག་ཞེས་བྱ་བ 漢譯為:曼荼羅儀軌 頂禮怙主文殊師利! 曼荼羅分兩種: 意想和實物建立。 實物曼荼羅又分四種: 阿阇黎(上師)、本尊、 供養以及莊嚴。 註:對於特殊術語”མཎྜལ”(曼荼羅)的四種形式展示: 藏文:མཎྜལ 梵文天城體:मण्डल 梵文羅馬拼音:Maṇḍala 漢語字面意思:壇城/輪圓具足
།རྡོ་རྗེ་སློབ་དཔོན་མཎྜལ་ནི། །ཅུང་ཟད་བདག་གིས་བཤད་པར་བྱ། །ས་གཞི་ཆ་མཉམ་ཡིད་འོང་ལ། །བ་ ཡི་རྣམ་ལྔས་བྱུག་བྱ་སྟེ།།གུར་གུམ་ལ་སོགས་དྲི་ཡི་ཆུས། །དུས་གསུམ་དག་ཏུ་བྱུག་པར་བྱ། །ོཾ་བཛྲ་རེ་ཁེ་ཧཱུཾ། རིན་ཆེན་མཛེས་པའི་འབྲུ་ཉིད་དམ། །མེ་ཏོག་སྲོག་ཆགས་བྲལ་བ་ཡིས། །རྣམ་པ་བཅོ་བརྒྱད་དགྲམ་བྱ་སྟེ། །དང་པོ་འོག་གི་རི་རབ་དང་། །རང་གི་ཕྱོགས་ནས་བརྩམ་བྱ་ སྟེ།།ལུས་འཕགས་ལ་སོགས་གླིང་བཞི་དང་། །དག་པ་གཡོན་གྱི་གླིང་ཕྲན་བཞི། །བཀྲམ་པའི་ཚུལ་གྱིས་གསལ་བར་བྱ། །ནང་དུ་དེ་བཞིན་རིན་ཆེན་བརྒྱད། །གླིང་བརྒྱད་བཀང་ལ་དབུལ་བར་བྱ། །དེ་ནས་སྟེང་གི་རི་རབ་ནི། །གཞལ་ཡས་གདན་དང་བཅས་བསམས་ཏེ། །བླ་མ་ སངས་རྒྱས་སྤྱན་དྲངས་ནས།།གུས་པས་མཎྜལ་དབུལ་བར་བྱ། །ོཾ་ཨཱཿཧཱུཾ་མེ་ར་བེ་ན་མཿ། ཨོཾ་ཡ་པུརྦ་བི་དེ་ཧ་ཡེ་ན་མཿ། ཨོཾ་ར་ཛམྦུ་དྭཱི་པཱ་ཡ་ན་མཿ། ཨོཾ་ཝ་ཨུཏྟ་ར་ཀུ་ར་བེ+ེ་ན་མཿ། ཨོཾ་ལ་ཨ་པ་ར་གོ་དཱ་ནཱི་ཡ་ན་མཿ། ཨོཾ་ཡ་ཨུ་པ་དྭཱི་པཱ་ཡ་ན་མཿ། ཨོཾ་ར་ཨུ་པ་དྭཱི་པཱ་ཡ་ན་མཿ། ཨོཾ་ཝ་ཨུ་ པ་དཱི་པཱ་ཡ་ན་མཿ།ོཾ་ལ་ཨུ་པ་དྭཱི་པཱ་ཡ་ན་མཿ། ཨོཾ་ཡ་ག་ཛ་རཏྣ་ཡ་ན་མཿ། ཨོཾ་ར་པུ་རུ་ཥ་རཏྣཱ་ཡ་ན་མཿ། ཨོཾ་ལ་ཨ་ཤྭ་རཏྣཱ་ཡ་ན་མཿ། ཨོཾ་ཝ་སྟྲཱི་རཏྣཱ་ཡ་ན་མཿ། ཨོཾ་ཁཌྒ་རཏྣཱ་ཡ་ན་མཿ། ཨོཾ་ར་མ་ཎི་རཏྣ་ཡ་ན་མཿ། ཨོཾ་ཝ་སརྦ་རཏྣཱ་ནི་དྷི་བྷྱོ་ན་མཿ། ཨོཾ་ལ་ཙཀྲ་རཏྣ་དྷ་ནི་བྷྱོ་ན་མཿ། ཨོཾ་ཨཱཿཧཱུཾ་དྷཱ་ར་བེ་ན་ མཿ།བཀོད་པ་ཤིན་ཏུ་མཛེས་པ་མཎྜལ་མཆོག་།བར་ནི་རོལ་མཚོ་ཕྱི་རོལ་ལྕགས་རིས་བསྐོར། །དགའ་དང་སྤྲོས་པས་བཅས་པའི་མཎྜལ་གང་། །དེ་ཉིད་སྒྲུབ་པའི་རྣལ་འབྱོར་པ་ཡིས་ནི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འདོད་པའི་བློས། །མི་མཐུན་ཕྱོགས་རྣམས་མྱུར་དུ་ཞི་བྱའི་ཕྱིར། །བརྩོན་ པའི་སྟོབས་ཀྱིས་དུས་གསུམ་དག་ཏུ་ནི།།བླ་མ་རྡོ་རྗེ་འཛིན་ལ་དབུལ་བར་བྱ། །སངས་རྒྱས་ཀུན་གྱི་གདུང་འཛིན་རྣལ་འབྱོར་པས། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །མཐོང་དང་མ་མཐོང་ཉེས་པ་ཀུན་སྤངས་ཏེ། །ཐུན་མོང་མཆོག་གི་དངོས་གྲུབ་ཐོབ་འགྱུར་ཞེས། །རྫོགས་ སངས་རྒྱས་ཀྱིས་བདེ་མཆོག་རྒྱུད་དུ་བཤད།།དེ་ཕྱིར་འབད་པས་མཎྜལ་དབུལ་བར་བྱ། །བདག་གི་མཎྜལ་བརྩམས་པ་ཡིས། །དགེ་བ་གང་ཐོབ་དེ་དག་གིས། །འགྲོ་ཀུན་བླ་མ་བསྟེན་གྱུར་ཅིང་། །རྡོ་རྗེ་འཛིན་པའི་ས་ཐོབ་ཤོག་།དངོས་ཀྱི་མཎྜལ་རྫོགས་སོ།
我來為您完整翻譯這段藏文: 現在我略為解說金剛上師曼荼羅。 在平整悅意的地基上, 應以五凈塗抹, 以藏紅花等香水, 三時中皆當塗抹。 嗡班雜熱客吽(種子咒)。 應以珍寶妙谷, 或無蟲之花朵, 佈設十八種相: 首先從下方須彌山開始, 從自方位起始, 東勝身等四大部洲, 及左側四小洲, 應當清晰地陳設。 內部應以八種珍寶, 充滿八洲而作供養。 然後觀想上方須彌山, 連同宮殿寶座, 迎請上師佛陀, 恭敬供養曼荼羅。 (以下是供養咒語:) 嗡阿吽美拉貝納嘛 嗡雅普爾瓦比德哈耶納嘛 嗡惹贊佈德帕雅納嘛 嗡瓦烏達拉庫拉貝納嘛 嗡拉阿帕拉果達尼雅納嘛 嗡雅烏帕德帕雅納嘛 嗡惹烏帕德帕雅納嘛 嗡瓦烏帕迪帕雅納嘛 嗡拉烏帕德帕雅納嘛 嗡雅嘎匝囸納雅納嘛 嗡惹普盧夏囸納雅納嘛 嗡拉阿希瓦囸納雅納嘛 嗡瓦斯德里囸納雅納嘛 嗡卡嘎囸納雅納嘛 嗡惹瑪尼囸納雅納嘛 嗡瓦薩爾瓦囸納尼迪波納嘛 嗡拉扎克囸納達尼波納嘛 嗡阿吽達拉貝納嘛 莊嚴殊勝最上曼荼羅, 中有環海外圍鐵圍山。 喜樂莊嚴之曼荼羅, 修行瑜伽士為利眾生, 以求成佛之心, 為速除違緣故, 以精進力於三時中, 應供養上師金剛持。 一切佛子瑜伽士, 以此供養勝妙曼荼羅, 斷除所見未見諸過失, 獲得共同殊勝悉地。 圓滿佛陀于勝樂續中如是說, 是故應當精進供養曼荼羅。 以我撰寫曼荼羅之功德, 愿諸眾生依止上師, 獲得金剛持位。 實物曼荼羅圓滿。
། །།རྒྱ་གར་གྱི་ ་མཁན་པོ་ཀ་མ་ལ་རཀྵི་ཏས།
我來翻譯這段藏文: 印度堪布嘎瑪拉克西達(譯者註:這是人名,意為”蓮花護”)。 (註:這是一個簡短的藏文句子,表明了一位印度佛教大師的名號。由於這裡沒有種子字或咒語,所以不需要提供梵文等對照形式。)
D1935
གཤིན་རྗེ་གཤེད་ཀྱི་རྒྱུད་བཞི་བརྒྱ་ལྔ་བཅུ་པ་ལ་བརྟེན་ནས་མཎྜལ་གྱི་ཆོ་ག་མཛད་པའོ།། །།ལོ་ཙཱ་བ་ཤྲཱི་པྲཛྙཱ་ན་ཀཱི་རྟིས་བསྒྱུར་པའོ།།[་]@##། །རྒྱ་གར་སྐད་དུ། ཀྲྀཥྞ་ལ་ནཱ་རི་སཱ་དྷ་ན་པྲོ་ཏ་ཕུལ་ལ་ཀུ་མུ་དཱ་ནཱ་མ། བོད་སྐད་དུ། གཤིན་རྗེའི་དགྲ་ནག་ པོའི་སྒྲུབ་པའི་ཐབས་ཀུ་མུ་ད་ཁ་བྱེ་བ་ཞེས་བྱ་བ།སངས་རྒྱས་ལ་ཕྱག་འཚལ་ལོ། །འབར་བའི་འོད་ཟེར་ཕྲེང་འཁྲུགས་པས། །འགྲོ་བའི་མུན་སེལ་གཤིན་རྗེའི་དགྲ། །རབ་སྣང་བཙུན་མོ་དགའ་མཛད་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་བཤད། །དང་པོ་རེ་ཞིག་སྔགས་པས་སྟན་བདེ་ བ་ལ་ཉེ་བར་འདུག་སྟེ།རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་རྣམ་པར་བསམས་ལ། དེའི་སྟེང་དུ་ཡི་གེ་ཡཾ་སྔོན་པོ་བལྟའོ། །དེ་མ་ཐག་ཏུ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་བཏང་སྙོམས་རྣམ་པར་བསྒོམས་ཏེ། དེའི་འོག་ཏུ་སྙིང་གའི་ཡི་གེ་ཡཾ་ལས་སྐྱེས་པའི་འོད་ཟེར་ རྣམས་ཀྱིས།བླ་མ་དང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དཔལ་གཤིན་རྗེའི་དགྲ་ནམ་མཁའ་ལ་སྣང་བར་བྱས་ལ། དེ་རྣམས་ལ་མངོན་པར་འདུད་པ་དང་། མཆོད་པ་དང་མདུན་དུ་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་ དང་།དེ་ཡོངས་སུ་བསྔོ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། རྒྱལ་བའི་ལམ་ལ་བརྟེན་པ་དང་། འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སླར་བཏང་བའི་བར་དུ་བསྒྲུབ་བོ། །དེ་ནས་ཡང་རྣམ་པར་ཐར་པའི་སྒོ་གསུམ་དྲན་པས་སྟོང་པ་ ཉིད་བསྒོམས་ལ།ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། ཞེས་བྱ་བའི་སྔགས་བརྗོད་དེ། འདི་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔལ་གཤིན་རྗེའི་དགྲ་སྐྱེད་པར་བྱེད་པའོ། །དེ་བཞིན་དུ་རང་བཞིན་གྱི་ལུས་དང་ངག་དང་ཡིད་དག་།ོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་གསུམ་ཕ་དང་མའི་དབུས་ན ཨ་གནས་པ་སྟེང་དུ་ཟླ་བ་ལ་གནས་པ་བསམ་མོ།
我來為您翻譯這段藏文:
這是一段藏文的譯跋資訊,讓我來翻譯:
“依據《閻魔敵四百五十續》而作曼荼羅儀軌。”
“由譯師吉祥智稱(ཤྲཱི་པྲཛྙཱ་ན་ཀཱི་རྟི / Shri Prajnanakirti)譯出。”
補充說明:
- གཤིན་རྗེ་གཤེད་ (Yamantaka) 是閻魔敵,密宗重要的本尊之一
- མཎྜལ་ (Mandala) 是曼荼羅,密宗修持的重要法器和觀想對像
- ལོ་ཙཱ་བ་ (Lotsawa) 是譯師的意思
- ཤྲཱི་པྲཛྙཱ་ན་ཀཱི་རྟི (Shri Prajnanakirti) 是著名的印度佛教大師,其名意為”吉祥智稱”
這段譯跋表明此儀軌是基於《閻魔敵續》撰寫,並由智稱法師翻譯成藏文的。這是一個重要的密宗修法文獻。
同部經論
與本文同名或相近的其他版本、科判、譯文與註疏。