菩薩藏佛教學會
20
背景
翻譯
下載 ▾

d2020極無戲論真實性教授大瑜伽自在尊 與拉班 智慧寶

D2020

@##། །རྒྱ་གརསྐད་དུ། སུ་ནི་པྲ་པཉྩཏ་ཏྷྭ་ཨུ་ཕ་རེཤནཱ་མ། བོད་སྐད་དུ། ཤིན་ཏུ་སྤྲོད་པ་མེད་དེ་ཁོ་ན་ཉིད་ཀྱི་མན་ངག་ཅས་བྱ་བ། བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།

我來為您翻譯這段藏文: [漢譯] 梵語:Suniprapañcatattvopadeśa-nāma 藏語:極無戲論真實性教授 頂禮世尊文殊師利! 註:這是一部佛教典籍的開篇,包含了: 梵文標題 藏文標題 頂禮文 這裡我按照您的要求,對於種子字/咒語部分(梵文標題)做了完整展示: 藏文:སུ་ནི་པྲ་པཉྩཏ་ཏྷྭ་ཨུ་ཕ་རེཤནཱ་མ 梵文天城體:सुनिप्रपञ्चतत्त्वोपदेशनाम 梵文羅馬拼音:Suniprapañcatattvopadeśa-nāma 漢語字面意思:極無戲論真實性教授

།སྟོང་ཉིད་སྙིང་རྗེ་གཅིག་པའི་སྐུ། །སྲིད་གསུམ་བདེ་ཆེན ངོ་བོ་ཉིད།།སྤྲོས་པའི་དྲི་མས་གོས་པའི། །བླ་མ་རྡོ་རྗེ་ཅན་ཞབས་འདུད། །འཇིག་རྟེན་གསུམ་ན་རྙེད་དཀའ་བ། །བླ་མ་མཆོག་གི་བཀའ་དྲིན་གྱིས། །སྐད་ཅིག་ཉིད་ལ་འཆར་བ་ནི། །བླ་མ་ཉེ་བར་བསྟེན་པར་བཤད། །ཤིན་ཏུ་འཇིགས་པའི་འདུར་ཁྲོད་ དུ།།འཇིག་རྟེན་ཆོས་ལ་ལྟོས་མེད་པའི། །རྣམ་རྟོག་ཀུན་སྤངས་དཔའ་བོས་ནི། །དོགས་པ་མེད་པར་བསྒྲུབ་པར་བྱ། །བློ་གྲོས་མཆོག་ལྡན་སྒྲུབ་བ་པ་པོས། །གཟའ་སྐར་ཚེས་གྲངས་འདིར་མེད་དེ། །དཀྱི+ེལ་འཁོར་ལ་སོགས་ལྷ་རྣམས་དང་། །ཕྱི་རོལ་བཀོད་པ་འདིར་མི་དགོས། ། བསམ་བཏན་བཟླས་པ་ཡོད་མ་ཡིན། །སྲེག་བླུགས་དང་ནི་གཏོར་མ་མེད། །ཕྱག་རྒྱ་བཅིངས་དང་འཁྲུལ་འཁོར་སོགས། །ཕྱི་རོལ་གཡེང་བ་ཀུན་སྤངས་ཏེ། །བརྩེ་ལྡན་གཞན་གྱི་དོན་སེམས་པ། །བླ་མའི་བྱིན་རླབས་ལ་བརྟེན་ནས། །སྐད་ཅིག་ཉིད་ལ་དངོས་གྲུབ་འགྱུར། །ཐོག མར་བླ་མ་ལྷར་བཅས་ལ།།མནྜལ་དབུས་ཞིང་མཆོད་གསོལ་གདབ། །གསང་སྔགས་རྒྱལ་པོ་རྗེས་དྲན་ནས། །སེམས་ནི་དག་ཅིང་ལས་རུང་འགྱུར། །བླ་མ་རང་ནི་རྡོ་རྗེ་སེམས། །ཐ་དད་པར་ནི་མི་བྱ་སྟེ། །བླ་མ་སངས་རྒྱས་ཆོས་དང་ནི། །དེ་བཞིན་དགེ་འདུན་བླ་མ་སྟེ། །དངོས་གྲུབ་གོ་ འཕང་མཆོག་འདོད་པས།།ཀུན་ནས་བླ་མ་མཉེས་པར་བྱ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་། །རྩོད་པའི་དུས་འདིར་བདག་དོན་དུ། །ཀུན་དང་མཐུན་པར་སྟོན་མཛད་པ། །དེ་ལྟར་ཤེས་ནས་དངོས་ཀུན་གྱི། །བསྟེན་བྱ་དུས་གསུམ་སངས་རྒྱས་ཀྱི། །དངོས་གྲུབ་རྒྱ་ཆེན་སྣོད་དུ་འགྱུར། ། སྲིད་པའི་རྩ་བ་ཉོན་མོངས་དང་། །བདག་འཛིན་ལ་སོགས་མ་ལུས་པ། །ཞེན་པ་མེད་པའི་སེམས་ཀྱིས་ནི། །ལྟོས་པ་མེད་པར་གཏང་བར་བྱ། །དཀོན་མཆོག་གསུམ་དང་བླ་མ་ལ། །བསམ་པ་ཐག་པས་སྐྱབས་སོང་བས། །ལུས་ངག་ཡིད་གསུམ་སྒྲིབ་པ་གང་། །བགལ་བ་ཉལ་ངང་བཅས པས་གྲོལ།།སྐུ་གསུང་ཐུགས་ཀྱི་ཡི་ཤེས་ནི། །རྡོ་རྗེ་རྣམས་དང་དབྱིར་མེད་འགྱུར། །འདི་ཉིད་གསལ་ཞིང་སྟོང་པ་དང་། །རིག་པ་དེ་ཉིད་མ་འགགས་ལ། །རང་རིག་ཡི་ཤེས་སྐད་ཅིག་ལ། །འདིར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ ཡང་མེད་པ་སྟེ།།འདི་ནི་མཆོག་གཏུ་བདེ་ཆེན་ཉིད། །འདི་ཉིད་གསལ་ཞིང་སྟོང་པ་ཉིད། །འདི་ལས་མཚོན་ཏེ་ཤེས་པ་བྱ། །འདི་ནི་རང་བཞིན་སྐུ་གསུམ་དང་། །ཡི་ཤེས་ལྔ་ཡི་བདག་ཉིད་ཅན། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད་། །

我來為您翻譯這段藏文: 空性與大悲一體身, 三界大樂之本性, 向持金剛上師尊, 遠離戲論垢染者頂禮。 三界中難得遇見, 依靠勝師恩德力, 剎那之間得顯現, 此說親近上師法。 于極恐怖尸陀林, 不顧世間諸法中, 勇士斷除諸分別, 當無疑慮作修持。 具最勝慧修行者, 此中無需擇時日, 壇城諸尊等天眾, 外在佈設皆不需。 無有禪定與持咒, 無有火供及供食, 手印結印及法器, 應斷一切外散亂。 具悲意念利他事, 依止上師加持力, 剎那即得諸成就。 首于上師諸天前, 獻曼茶羅作祈請, 憶念密咒大王已, 心得清凈堪能用。 上師即是金剛心, 不應視為有差別, 上師即是佛法僧, 欲求最勝成就位, 當以一切悅上師。 諸佛體性金剛持, 於此濁世為我故, 隨順一切作開示, 如是了知諸事物。 所依三世諸佛之, 廣大成就法器成。 輪迴根本諸煩惱, 我執等等盡無餘, 以無執著之心識, 應當無依作舍離。 於三寶及上師前, 至誠皈依作依止, 身語意三諸罪障, 連同習氣得解脫。 身語意之智慧等, 與諸金剛成無別。 此中明空及覺性, 無礙顯現不間斷, 自明智慧剎那中, 此無始中及終際。 無有有寂涅槃等, 無有自他之分別, 此即最勝大樂性, 此即光明空性性。 由此表徵當了知, 此乃自性三身及, 五智自性之本體, 眾生即是佛陀性。

སེམས་ཅན་རྣམས་ནི་སངས་རྒྱས་ཉིད་། །སངས་རྒྱས་གཞན་དུ་བསྟན་ པ་མེད།།སངས་རྒྱས་རྣམས་ཀྱི་ཡི་ཤེས་སྐུ། །གཞན་དུ་བཙལ་བས་རྙེད་མ་ཡིན། །ཆོས་ཀུན་སྟོང་པ་ཉིད་རྟོགས་པས། །འགྲོ་ལ་སྙིང་རྗེ་རྒྱུན་མི་འཆད། །ཐབས་མཁས་སྤྱོད་པ་མཐའ་ཡས་པ། །ཡུལ་དང་དངོས་པོ་མེད་པའོ། །སྒྱུ་མ་ལྟ་བུར་འཛིན་མེད་པ། །རྒྱ་ཆེན་བསོད་ནམས་ ཚོགས་ལ་འབད།།རྣམ་རྟོག་མ་རིག་ཆེན་པོ་སྟེ། །སྲིད་པའི་རྒྱ་མཚོར་ནུབ་བྱེད་ཡིན། །རྟོག་པའི་འཆིང་བ་པས་གྲོལ་བ། །དེ་ཚེ་མཆོག་གི་ལམ་རྙེད་དོ། །ཕྱི་རོལ་ཡུལ་གྱི་འཆིང་བྱེད་རྣམས། །བུ་ག་དབུ་ནས་སྙིང་གར་བསྡུ། །ནང་ནི་རྣམ་རྟོག་གཟུག་རྔུ་ཡང་། །སྤྱི་གཙུག་ནས་ནི་རྐང་མཐིལ་ བར།།མེ་ཤེལ་ཙམ་ནས་སྙིང་གར་དགུག་།སྙིང་གི་བུ་ག་གསལ་པོར་ཕྱེ། །སྐར་མ་དང་འཕོ་བ་ཇི་ལྟ་བར། །རྒྱ་མཚོའི་མཐར་ཐུག་སྤྲོ་བར་བྱ། །རྟོག་པ་དང་ནི་བྲལ་བ་ནི། །ལུས་ཀྱི་བདེ་བ་ཅན་དེར་སོན། །ཡི་གེ་གསུམ་གྱི་གསང་སྔགས་བརྗོད། །མཁའ་དང་རང་རིག་སྟོད་པ་ཉིད། ། རོག་ཅིག་གནམ་མཀའ་ཡི་ཤེས་བསྒོམ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་གསང་ཆེན་བླ་ན་མེད། །འདི་ནི་སྲིད་དང་ཞི་ལས་གྲོལ། །བླང་དང་དོར་བ་ཅི་ཡང་མེད། །བདེ་བ་དང་ནི་སྡུག་བསྔལ་དང་། །བདུད་དང་ཉོན་མོངས་ཡོན་མ་ཡིན། །ལྷ་དང་སྲིན་པོ་འདིར་མེད་དེ། ། ནད་དང་སྡུག་བསྔལ་གྱིས་མི་གོས། །འདིས་ནི་བདུད་དང་ཉོན་མོངས་འཇོམས། །འཇོམས་བྱེད་བཅོམ་ལྡན་འདས་ཞས་བྱ། །དེ་ལས་གཞན་པ་གང་ཡིན་པ། །ཆོས་ཀུན་གཉེན་པོར་མི་འགྱུར་ཏེ། །ཐམས་ཅད་རྟོག་པ་ཡིན་ཕྱིར་རོ།

我來為您翻譯這段藏文: 眾生即是佛陀性, 佛陀更無他處示, 諸佛智慧之法身, 他處尋求不可得。 通達諸法皆空性, 對眾悲心恒不斷, 善巧方便無邊行, 無有境界及事物。 如幻無執而修持, 精進廣大福德聚, 分別即是大無明, 令陷輪迴大海中。 若能解脫分別縛, 彼時得證最勝道, 外境所生諸繫縛, 從頂門孔攝心間。 內之分別諸刺痛, 自頂至足底之間, 如火晶般攝心中, 明顯開啟心間孔。 如同星辰之流轉, 直至海際作廣佈, 若能遠離諸分別, 即達身具安樂處。 誦持三字密咒已, 虛空自明皆空性, 專一修習虛空智, 此乃一切諸佛陀, 心中無上大秘密, 此得解脫有寂中, 無有取捨任何法, 安樂以及諸痛苦, 魔障煩惱皆非有, 此中無有天與魔, 病苦憂患不能染, 此能降伏魔煩惱, 能降即名薄伽梵, 除此之外其他法, 不能對治諸萬法, 因為一切是分別。

།རྟོག་པའི་འཆིང་བས་འཆིང་བར་འགྱུར། །དེ་ཉིད རྣལ་འབྱོར་པས་ཤེས་ནས།།ཕྱི་དང་ནང་དང་གཞན་རྣམས་ཀྱི། །སྤྲོས་པའི་དྲ་བ་རྣམ་པར་བཅད། །ཡུལ་གྱི་འཛིན་པ་རྣམ་པར་བཤིག་།སྟོང་བ་ཉིད་ལ་གཏད་ལེགས་ན། །རྟོག་པའི་དྲ་བ་སྤོང་བར་འགྱུར། །རྟེན་དང་བརྟན་པ་རྣམ་པར་དབྱེ། །མཉམ་པར་བཞག་པ་གོམས་པར་བྱ། ། དེ་ནས་བྱང་ཆུབ་སེམས་བསྐྱེད་པའི། །བླ་མའི་མན་དག་བཤད་པར་བྱ། །བླ་མ་རྡོ་རྗེ་འཆང་གི་སྐུ། །འོག་མིན་བདེ་ཆེན་དེར་བསྒོམས་ཏེ། །མི་ཕྱེད་བསམས་པས་གསོལ་བ་གདབ། །མཐར་ཕྱིན་ཚེ་ན་རང་ལ་བསྟིམ། །ཐོག་མེད་བརྩེ་བས་བསྐྱངས་པ་ཡི། །དྲིན་ཅན་རྣམས་ལ་སྙིང་རྗེ བསམ།།གནོད་བྱེད་འདི་རྣམས་བདག་གི་མ། །སྔོན་ཚེ་ཡང་ཡང་ཕན་བཏགས་ཀྱང་། །སྨྱོན་པ་བཞིན་དུ་རང་དབང་མེད། །མི་དགེའི་ལས་ཀྱིས་མནར་མེད་འགྱུར། །དེ་ལྟར་དྲན་པས་སྲིད་གསུམ་ལ། །སྙིང་རྗེ་མཐར་ཕྱིན་འགྱུར་བ་ཡིན། །ཕྱི་ནང་སྤྱོད་པ་མི་སྲུན་པས། །བློ་གྲོས་ཤིན་ ཏུ་འཁྲུགས་པའི་ཚེ།།བདག་དང་གཞན་དུ་བརྗེ་བ་ཡི། །བྱང་ཆུབ་སེམས་ནི་དྲན་པར་བྱ། །དུས་ནི་བདུད་དང་ཉོམ་མོངས་ཚོགས། །འཇོམས་ཤིང་སྤྲོས་མེད་ཉིད་དུ་འགྱུར། །སྲོག་འགག་པ་ཡི་སྦྱོར་བ་ཡིས། །གོམས་པར་བྱེད་པའི་རྣལ་འབྱོར་བས། །ཇི་ལྟར་རྡོ་རྗེའི་རྣལ་འབྱོར་གྱིས། ། ལུས་འདི་རྣམ་དག་སྦྱར་བར་བྱ། །དགང་བའི་སྦྱོར་བས་སྤྱི་གཙུག་ནས། །རྐང་མཐིལ་བར་དུ་དགང་བྱས་ལ། །རྔུབ་པའི་སྦྱོར་བས་ཞི་བར་བྱ། །དང་པར་སྲུབ་ཅིང་བསྲུབ་བར་བྱ། །གཉིས་པ་རྒྱ་མཚོ་བསྐྱོད་པ་སྟེ། །གསུམ་པ་བསད་པ་ནོར་ལྷ་གཉིས། །བཞི་པ་ཡན་ལག་བརྐྱང་བསྐུམ འདི།།ཕྱིགས་བཞི་གཡོ་ཞིང་སྲིད་གསུམ་བསྒྲགས། །འདི་ཡི་སྦྱོར་བས་གོམས་བྱས་ན། །ནད་ཀུན་ལས་ནི་གྲོལ་འགྱུར་ཞིང་། །འདི་ལྟར་རྒུད་དང་རྒས་པ་དང་། །འཆི་བདག་ཐག་རིང་ཀུན་རྟོག་འཇོམས། །སྲིད་པའི་འཆིང་བ་ལས་གྲོལ་ཞོང་། །སྤྲོས་མེད་ཡེ་ཤེས་གོ་འཕང་ འཐོབ།།དག་པའི་བཞི་མཉམ་བླང་བྱས་ཏེ། །གླ་རྩི་ཡིས་ནི་དུག་མེད་འགྱུར། །གཉྫི་དང་ནི་བ་རུང་། །སྒ་སྐྱ་དང་ནི་ལྷན་ཅིག་བྱས། །བུ་རམ་མར་དང་སྦྲང་རྩིར་བཅས། །གསང་སྔགས་བཟླས་ཤིང་ཞག་བདུན་བསྒྲུབ། །དམ་ཚིག་བརྟན་ལྡན་རྣལ་འབྱོར་པས། །ནང་པར་དུས་ སུ་བསྙེན་པ་བྱ།།སྐྲ་དཀར་གཉེར་མ་ལ་སོགས་སྤང་། །དབང་པོ་རྣམས་ནི་མཆོག་ཏུ་གསལ། །ལུས་ཀྱི་མདོག་རྒྱས་ཟོ་མདོག་བདེ། །མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་རློབས། །བདེ་བ་ཆེན་པོའི་ཏིང་འཛིན་དང་། །

我來為您翻譯這段

བདེ་བ་ཆེན་པོའི་ཏིང་འཛིན་དང་། །སྤྲོས་མེད་ཡེ་ཤེས་གོ་འཕང་འཐོབ། །རྡོ་རྗེ་འཇིག་བྱེད་ སྦྱོར་བ་ཡིས།།རྒྱལ་བའི་ཚོགས་སུ་མཉེས་བྱས་ཏེ། །སྙིང་གི་ཀུན་རྫོབ་སྣ་རྩེ་ནས། །སོར་བཞི་བཅལ་ནས་དབུ་མར་གཞུག་།ནོར་བུའི་བར་དུ་སྲོག་འཛིན་པ། །སྟེང་གི་དག་པས་ཟིན་པ་ཡིན། །ཕྱག་ན་རྡོ་རྗེ་གཟུང་བྱ་སྟེ། །གཡས་པའི་མཐིལ་གྱིས་བུམ་པ་སྦྱོར། ། ཙཀྵུ་གྱེན་དུ་བལྟ་བར་བྱ། །ཅིག་ཤོས་གཡོ་བར་མི་བྱེད་དེ། །བཐག་ཅམ་ཡང་མི་འབྱུང་ངོ་། །གལ་ཏེ་ཕྱི་རོལ་བྱུང་བ་ན། །མཁའ་འགྲོ་རྣམས་ཀྱིས་ཚར་གཅོད་དོ། །འགོ་རླུང་བསྡམས་པས་དགྲ་ཚོགས་ཞི། །སྟང་རླུང་མནན་པས་བདུད་རྣམས་འཇོམས། །དབུས་རླུང་དཀྲུགས པས་བར་ཆོད་སེལ།།རྣལ་འབྱོར་འདིལ་སྒྲུབ་པ་ངོས། །དུ་བར་སོགས་མངོན་ཤེས་སོ།

這段藏文的中文直譯如下: 大樂禪定與 無戲論智慧境界獲得。 以金剛破壞瑜伽, 令佛眾歡喜后, 從心的世俗鼻尖處, 量四指后入中脈, 持命至寶珠處, 為上凈所攝持。 應持金剛杵, 右掌結瓶印。 眼睛向上觀看, 另一邊不動搖, 也不會有疲倦。 若有外漏時, 空行母們將懲治。 下風束縛則敵眾平息, 上風壓制則降伏諸魔, 攪動中風則除障礙。 瑜伽士修此, 將獲煙等神通。 註:這裡的”ཙཀྵུ”(Cakṣu)是梵語音譯,意為”眼睛”。我已按照詩歌體的形式進行了對仗翻譯。

།རྣམ་རྟོག་དྲ་བ་མ་ལུས་གཅོད། །ཤིན་ཏུ་སྤྲོས་མེད་གོ་འཕང་ཐོབ། །སྒྲུབ་པོའི་ལམ་གྱི་གེགས་བྱེད་པ། །བར་དུ་གཅོད་པ་དེས་ལ་བ། །ཕྱི་རོལ་བདུད་ཀྱིས་དཀྲུགས་པ་དང་། །ལུས་ལ་ སེམས་དང་རང་རིག་དང་།།ནད་དང་སྡུག་བསྔལ་རབས་པ་ཡིས། །བར་དུ་གཙོད་པ་ཕལ་ཆེར་ལ། །སྔར་གྱི་མན་ངག་སྒོམས་པ་ཡིས། །མཁའ་ལ་སྤྲིན་ཚེགས་འཁྲིགས་པ་ལ། །མི་བཟད་རུང་གིས་བསྐྱོད་པ་བཞིན། །གཞན་ཡང་བདུད་ཀྱི་བར་ཆད་གང་། །སྤྲོས་མེད་དེ་ཉིད་དབྱིངས་ སུ་བསྟིམ།།རྟེན་དང་བརྟེན་པ་སོ་སོར་བྱ། །འཛིན་པ་ཉིད་ལ་གཏང་པར་བྱ། །དེ་ལྟར་གོམས་པས་སྤྲོས་མེད་འགྱུར། །དགའ་དང་བདེ་བ་དང་བ་ཡིས། །ཕྱེ་དང་གསང་བ་མཚན་པར་བྱ། །བློ་ཡི་རྟོག་པ་མ་ཞིན། །སེམས་ཅན་ལམ་གྱི་དཔའ་བསྐྱེད་ལ། །ཏིལ་མར་དར་བཏགས་རལ་གྲི་ བཞིན།།ཐོགས་པ་ཆད་པར་གཞིམ་པར་བྱ། །ཤིན་ཏུ་སྤྲོས་མེད་དྲུ་མའི་གསུང་། །བླ་ཡོ་ཡུལ་དུ་གམ་སན་ཡང་། །སྤྲོས་པ་རྩུབ་མོས་བསྐྱོད་བའི་ཚེ། །དྲོ་ལ་སྤྲོས་མེད་ཀྱིས་ལ་རིག་།བློ་ནི་ཕལ་པར་བརྟན་པར་གནས། །དེ་ཚེ་སྤྲོས་པ་སྤྲོས་མེད་དུ། །རོ་གཅིག་མཉམ་པ་ཉིད་དུ་ཐིམ། ། འདྲེད་པ་སྲིན་པོ་འཇིགས་པའི་ཆོགས། །དུར་ཁྲོ་ང་རོ་ལངས་ལ་སོགས་པ། །འཁུན་དུང་རང་བབ་ཤུགས་པ་འབོད། །འཇིག་པ་རྣམ་པ་སྣ་ཚོགས་བ། །སེམས་ལས་མ་གཏོགས་གཞན་མེད་པས། །རང་སེམས་སྐར་མདའ་འཕོ་བ་ལྟར། །དེ་ཡི་སྙིང་ལ་ཐིམ་པ་ཡིས། །བློ་དང་ཞན དང་སྤྲོས་མེད་རྣམས།།སྤྲོས་མེད་ཡི་ཤེས་ཉིད་དུ་འགྱུར། །ཡང་ན་བློ་དེ་ཉིད་ལ་གཏང་། །བདག་གི་གཅེས་དེ་མཆོད་སྤྱན་བྱ། །མི་བཟད་གདོན་དང་འགོ་བའི་ནད། །སྡིག་པའི་རྨི་ལམ་འཕོ་བ་སོགས། །གཟའ་དང་རྒྱུ་སྐར་གདོན་ལ་སོགས། །ནད་དང་མྱ་ངན་སྡུག་བསྔལ་དང་། །དགྲ་དང་ འབྱུང་བའི་གནོད་པ་བྱ།།མི་དང་མི་མ་ཡིན་པ་ཡིས། །ཉེ་བར་འཚེ་བ་སྣ་ཚོགས་པ། །ཐག་པའི་སྦྲུལ་ནི་སངས་པ་བཞིན། །སྐྱུག་བྲོ་བ་དང་གཙང་སྦྲ་དང་། །འཛེམ་བག་དང་ནི་ངོ་ཚ་དང་། །སྤྲོས་མེད་ཡི་ཤེས་ཀྱིས་གཞོམ་བྱ། །བླ་མ་འདོད་ལྟར་བསྒྲུབ་བྱ་སྟེ། །དགའ་དང་བདེ་དང་རངས་པ་ དང་།།ཚིམ་དང་ང་རྒྱལ་དྲེགས་པ་དང་། །སྒེག་དང་ཚུལ་འཆོས་རྒྱན་ལ་སོགས། །སྤྲོས་མེད་ཡི་ཤེས་ངོ་བོ་ཉིད། །ཞུམ་དང་སྒྱིད་ལུག་མི་མཐུན་ཕྱོགས། །ཐམས་ཅད་སྤྲོས་མེད་ཉིད་དུ་འགྱུར། །མི་བཟད་ཉོན་མོངས་གང་ཡིན་པ། །སྤྲོས་མེད་དེ་ཉིད་ལས་གཞན་ཡིན། །དེ་ལྟར་བགྲོད་དང་ བགྲང་མིན་པ།།ཡིད་དུ་འོང་དང་མོ་འོང་བ། །ཤིན་ཏུ་སྤྲོས་མེད་སེམས་ཀྱིས་ནི། །

這段藏文的中文直譯如下: 斷除一切分別網, 獲得極無戲論境界。 對修行者道路造障礙, 即是彼等違緣。 外魔擾亂及 身體、心識與自覺, 病痛苦難等, 大多數違緣中, 以修前述教授, 如同密佈天空的云, 被猛烈狂風吹散一般。 其他任何魔障, 融入無戲論法界。 能依所依各自為, 應當放下執著。 如是熟習成無戲, 以喜樂清凈, 表徵顯密二者。 心智分別未止息, 眾生道中生勇猛, 如同過濾芝麻油劍, 應當斷除阻礙。 極無戲論中脈語, 雖入上師境界中, 當粗重戲論擾動時, 以暖無戲而了知。 心意安住平凡中, 彼時戲論入無戲, 融入一味平等性。 惡鬼羅剎恐怖眾, 尸林怒吼起尸等, 呻吟自然力量呼, 種種可怖形相中, 除心之外別無他, 如同心似流星般, 融入彼等心間時, 心智弱者與無戲, 皆成無戲論智慧。 或者放于彼心中, 供養自己所珍愛。 難忍鬼魅眾生病, 罪業夢境遷移等, 行星星宿鬼魅等, 病痛憂傷諸苦及, 敵人元素諸損害, 人與非人所造作, 種種逼惱傷害事, 如同了知繩為蛇。 嘔吐厭惡與潔凈, 謹慎以及羞恥心, 應以無戲智慧摧。 依師意願當修持, 歡喜快樂與滿意, 滿足傲慢與驕矜, 妖艷偽裝裝飾等, 即是無戲智本性。 怯弱懈怠違品等, 一切轉成無戲論。 難忍煩惱為何物, 無戲真實外別無。 如是行走與無數, 可意以及不可意, 以極無戲論心識。

ཤིན་ཏུ་སྤྲོས་མེད་སེམས་ཀྱིས་ནི། །ཞེན་པ་ཉིད་དུ་མི་བྱའོ། །འཇིག་རྟེན་རྣམས་དང་མཐུན་པ་ཡི། །རྣམ་གཞག་ཧྲུལ་པོ་བཤིགས་ནས་ཀྱང་། །དོགས་པ་མེད་པས་སེམས་ཀྱིས་ནི། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །དེ་ལས་ཡོན་ཏན་ ཕུན་སུམ་ཚོགས།།དཔལ་ལྡན་རྡོ་རྗེ་འཛིན་པར་འགྱུར། །ེ་མ་ཞི་བ་ཆེན་པའི་ཆོས། །ེ་མ་ཁྲོ་བོ་འཇིགས་མཛད་པ། །ེ་མ་མྱ་ངན་འདས་པ་མཆོག་།ེ་མ་འཁོར་བཞི་བ་ཉིད། །ེ་མ་འདི་ནི་རབ་ཏུ་མཚར། །སྐྱོན་ནི་གང་ཡིན་ཡོན་ཏན་འགྱུར། །བྱང་ཆུབ་སེམས་ནི་མངོན་ རྟོགསབྱེད།།དངོས་པོ་མིན་ཞིང་སྒོམ་པ་མིན། །ཁམས་ཀྱང་མིན་ཞིང་རྣམ་ཤེས་མིན། །ནམ་མཁའི་དཀྱིལ་དང་མཚུངས་པ་ཉིད། །ནམ་མཁའ་ལྟ་བུར་བདག་མེད་བ། །ཆོས་འདི་བདེ་བ་ཆེན་པོའོ། །ས་ཡང་མ་ཡིན་ཆུ་ཡང་མིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྡོ་རྗེས་ རིམས་པའི་སྦྱོར་བ་ཡིས།།སྐྱེ་བ་འདི་ལ་རབ་ཏུ་གནས། །དངོས་པོ་ཐམས་ཅད་དངོས་མེད་བཤད། །དངོས་པོ་མེད་ཅེས་མ་བསྒྲགས་པ། །རྣལ་འབྱོར་སྦྱོར་བ་དང་བྲལ་ཞིང་། །ཆད་པ་མ་ཡིན་རྟག་པ་མིན། །ཡན་ལག་མེད་ཅིང་ཁ་དོག་མེད། །ཐོག་མ་དབུས་དང་མཐའ་ཡང་སྤངས།། དངོས་པོ་ཐམས་ཅད་མེད་པར་འགྱུར། །མཆོག་ཏུ་དགའ་བའི་མཚན་ཉིད་དོ། །བསོད་ནམས་སྡིག་པ་དག་དང་མ་འབྲེལ་བ། །མཆོག་ཏུ་དགའ་བ་དྲི་མེད་དག་པ་ཡི། །དགོན་པོ་དེ་ཉིད་གཏེར་ཆེན་གཅིག་པུ་སྟེ། །ཀུན་ཀྱང་སྙིང་རྗེའི་སེམས་ཉིད་མགོན་འདི་ཡོད། །ཆོས རྣམས་ངོ་བོ་བདེ་བ་ཆེན་པོའི་མཆོག།།མཆོག་ཏུ་ལྷན་ཅིག་སྐྱེས་དགའི་ངོ་བོ་ནི། །གཟུགས་མེད་བསོད་ནམས་མེད་ཅིང་སྡིག་པ་མེད། །སྐྱེ་དང་འགག་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་བླ་མའི་དྲིན་གྱིས་རང་ཉིད་ཡིད་ཆེས་དྲན་ཕྱིར་གསལ་བྱེད་པ། །དེ་ལ་ནོངས་གྱུར་དཔལ་ལྡན་བླ་མ་ལྷ་མོ་ རྣམས་ལ་བཟོད་པར་གསོལ།།རྒྱལ་བ་སྲས་བཅས་ཐུགས་ཀྱི་གསང་འདི་ལེགས་པར་བཀོད་པ་ཡིས། །བསོད་ནམས་གང་སྐྱེས་དེ་ཡིས་འགྲོ་ཀུན་རྡོ་རྗེ་འཛིན་གྱུར་ཅིག། །ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་གྱི་མན་ངག་ཅེས་བྱ་བ། སློབ་དཔོན་དཔལ་ལྡན་མཐུ་སྟོབས་ཀྱི་མགོན་པོ་ཐུགས་ སྤྲོས་པ་མེད་པའི་དབྱིངས་ལས་མ་གཡོས་བཞིན་དུ།།སྐུའི་སྤྲོས་པ་དཔག་ཏུ་མེད་པས་གདུག་པ་ཅན་ཚར་གཅོད་ཅིང་། བཅོམ་ལྡན་འདས་ཀྱིས་དངོས་སུ་བྱིན་གྱིས་བརླབས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་རླབས་མཛད་པ་རྫོགས་སོ།

以下是完整的中文直譯: 以極無戲論心識, 不應執著其本身。 隨順世間諸眾生, 破除陳舊諸安立。 以無疑慮之心識, 如同勇士獅子行。 由此功德圓滿成, 轉為吉祥金剛持。 怎奇大寂靜之法, 怎奇忿怒可畏尊, 怎奇最勝涅槃果, 怎奇輪迴之本性, 怎奇此乃極稀有, 過患皆成功德相。 現證菩提心, 非物亦非修, 非界非識蘊, 等同虛空界, 如空無我性, 此法大安樂。 非地亦非水, 非火風虛空, 以金剛次第瑜伽, 安住於此一生中。 說諸事物皆無實, 未曾宣說無諸物, 遠離瑜伽修行法, 非斷非常之本性。 無支分亦無顏色, 遠離始中及終際, 一切事物成無有, 最勝歡喜之體相。 福德罪業皆不繫, 最勝歡喜無垢凈, 彼即唯一大寶藏, 悲心本性護佑存。 諸法本性大樂勝, 最勝俱生喜本性, 無色無福亦無罪, 生滅二相皆非有。 如是依師恩德為自信憶念而明顯, 於此若有過失祈請吉祥上師天母眾寬恕。 以此善書佛及佛子心要秘密, 所生福德愿諸眾產生金剛持。 極無戲論真實性教授論竟。 具德大力怙主上師,安住無戲法界中, 以無量身相降伏諸惡者, 蒙佛親自加持之大瑜伽自在尊事業圓滿。

།བསྟན་པ་སྲུང་བའི་ལྷ་རྣམས་ ཀྱིས་བུ་གཅིག་པ་ལྟར་བསྐྱངས་པས་རྒྱལ་པོ་གཞན་གྱི་རྒོལ་བས་གླགས་ལྟ་བར་མི་ནུས་པའི་ལྗོངས་ཆོས་ཀྱི་རྒྱལ་པོའི་སྐུ་མཁར་ཉི་མ་གཟུགས་སུ་རྒྱ་གར་གྱི་མཁན་པོ་པཎྜིཏ་དངོས་གྲུབ་བརྙེས་པ་དང་ལ་རྦན་ཨཱ་ཙཨཱརྱ་དང་།གློ་བོའི་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་གྱིས་བསྒྱུར་ཅིང་ ་ཞུས་ཏེ་གཏན་ལ་ཕབ་པའོ།

以下是完整的中文直譯: 護法神眾如護獨子般守護,其他國王的進犯無法尋得破綻的法王宮殿日形城中,印度堪布、獲得悉地的班智達與拉班阿阇黎,以及洛沃譯師比丘智慧寶(協繞仁欽)譯出、校對並審定。 註:這段文字是一個典型的藏文典籍譯跋,說明了譯經的地點(法王宮殿日形城)、譯者(印度班智達和藏地譯師)以及翻譯過程(譯出、校對、審定)。其中”洛沃”(གློ་བོ)是地名,“智慧寶”(ཤེས་རབ་རིན་ཆེན)是譯師名。