d1647火葬成就法儀軌
D1647
། @##། །རྒྱ་གར་སྐད་དུ། ཤ་པ་སཾ་སྐ་ར་སཱ་དྷཱ་ནཾ་བིརྷིཿ། བོད་སྐད་དུ། རོ་བསྲེག་པའི་སྒྲུབ་ཐབས་ཀྱི་ཆོ་ག་།དཔལ་རྡོ་རྗེ་འཛིན་པ་ཆེན་པོ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།།གང་དག་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་དག་གིས། །ནད་པའི་སྲོག་ཟད་ཤི་བའི་དུས་བྱས་ཚེ། རྣམ་སྨིན་ལུས་ལ་བརྟེན་ནས་སྡིག་སྒྲིབ་སྦྱང་བའི་ཐབས། །དྲི་མེད་ལུང་དང་བླ་མའི་བཀའ་ བཞིན་བྲི།།དེ་ལ་རེ་ཞིག་དང་པོར་རོ་སྲེག་ཅིང་སྦྱང་བར་འོས་པའི་གནས་སྐབས་དང་སྦྱར་ནས། དང་པོ་བསྙེན་པ་ལ་འཇུག་པར་བྱ་སྟེ། དེ་ཡང་བསྙེན་པའི་གནས་གང་ཡིན་པར་རོ་དྲངས་ལ་ཆུ་གཙང་དྲི་ཞིམ་པོ་དང་སྦྱར་བས་ཁྲུས་བྱས་ལ། དེ་ནས་དྲི་ ཞིམ་པོའི་ལྡེ་གུས་དྲིལ་ཕྱི་བྱས་ནས།ཡི་གེ་ཙི་ལ་སོགས་པ་གནས་དྲུག་ཏུ་བྲི་བའམ་གདགས་སོ། །དེ་ནས་རས་སམ་སྣམ་བུ་གསར་པས་དཀྲིས་ལ། མེ་ཏོག་གི་ཕྲེང་བས་བརྒྱན་ནས། མཎྜལ་བའི་ཀོ་བ་ཙམ་པ་ བྱས་ལ།དེར་མེ་ཏོག་སིལ་མ་གཏོར་ཏེ། ཀུ་ཤའི་ཆུན་པོའི་སྟན་ལ་གཞག་གོ། །དེའི་དྲུང་དུ་ཡང་མཆོད་པའི་མཎྜལ་བྱ་བ་དང་། མེ་ཏོག་དགྲམ་པ་དང་། མཆོད་པ་དང་གཏོར་མ་བཤམས་པ་དང་། བླ་རེ་དང་། འཕན་དང་། ཡོལ་བ་ལ་སོགས་ པའི་རྒྱན་དང་བཅས་པར་བྱའོ།།དེ་ནས་བདག་ཉིད་ཁྲུས་བྱས་ལ། སྟན་བདེ་བ་ལ་འདུག་སྟེ། ཆོ་གའི་རིམ་པའམ་མོས་པ་ཙམ་གྱིས་དཔལ་ཧེ་རུ་ཀའི་སྐུར་བསྒོམས་ལ། གནས་དྲུག་ཏུ་ཡི་གེ་དགོད་པ་དང་། ཅོད་པན་གྱི་ལྷས་རྒྱས་གདབ་ པ་དང་།སྙིང་གར་ཟླ་བ་ལ་གནས་པའི་ཡི་གེ་ཧྲཱིཿལ་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམ་པར་བྱའོ།
我來為您翻譯這段藏文: 印度語:火葬成就法儀軌 藏語:火葬成就法儀軌 頂禮大金剛持! 頂禮聖觀世音自在! 若有眾生因往昔業力及當下因緣, 壽盡命終之時, 為凈除依此異熟身所造罪障, 當依無垢教典及上師教言而書寫。 首先,應當觀察適合火化凈除的時機,開始修持前行。在修持處將屍體抬來,用清凈香水沐浴。然後用香膏塗抹身體,在六處書寫或貼上”ཙི”等字。 之後用新布或新毛呢包裹屍體,以花鬘裝飾,做一個曼茶羅大小的墊子,撒上散花,置於茅草墊上。在其旁邊應當佈設供養曼茶羅、散花、供品、食子,以及幡幢、帷帳等莊嚴物。 然後行者自身沐浴,安坐于舒適座墊上,依儀軌次第或觀想吉祥黑魯嘎身,於六處安置種子字,以冠飾天尊印持,觀想心間月輪上的種子字”ཧྲཱིཿ”(梵文:हृः)(羅馬轉寫:hrīḥ)(意為:心),周圍環繞咒鬘。
།དེ་ནས་མཆོད་པ་ཐམས་ཅད་ཡི་གེ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། དེའི་འོག་ཏུ་བདག་གི་སྙིང་གའི་ས་བོན་གྱི་འོད་ཟེར་ གྱིས།ལྷུན་གྱིས་གྲུབ་པའི་གནས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདག་ཉིད་དཔལ་ཧེ་རུ་ཀ་མཁའ་འགྲོ་མའི་འཁོར་དང་བཅས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ནམ་མཁའ་ལ་སྤྱན་དྲངས་ཏེ། སྤྲུལ་པ། དེ་ལ་མཆོད་པ་རྣམས་ ཀྱིས་རིམ་བཞིན་དུ་མཆོད་ནས།དེའི་རྗེས་ལ་ཡན་ལག་བདུན་པའི་མཆོད་པའམ། སྨོན་ལམ་བྱ། དེ་ནས་བསྟོད་པ་བྱ་སྟེ། མཆེ་བ་གཙིགས་ཤིང་འཇིགས་ཆེ་བ། །ཞེས་བྱ་བ་ལ་སོགས་པའི་བསྟོད་པས་བསྟོད་ལ། མཁའ་འགྲོ་མ་ལ་གཏོར་ མ་བསྔོས་ཏེ།གསོལ་བ་བཏབ་ནས། ཡི་གེ་བརྒྱ་པས་བཟོད་གསོལ་བྱས་ལ་གཤེགས་སུ་གསོལ་ལོ། །དེ་ནས་ཤཱུ་ནྱཏཱ་ཛྙཱ་ནའི་སྔགས་བརྗོད་པའི་སྒོ་ནས་སྟོང་པ་ཉིད་བསྒོམས་ནས། དེའི་ངང་ལས་ཧཱུཾ་གི་སྣང་བའི་འོད་ཟེར་ལས། ར་བ་དང་། དྲ་བ་ ལས་ས་གཞི་སྟེ།སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་དང་བཅས་པར་བསྒོམ་མོ། །དེ་ནས་བདག་ཉིད་ཀྱི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས། གང་ཤི་བ་དེའི་སེམས་རྣམ་པར་ཤེས་པ་བར་དོའི་གནས་སམ། རིགས་དྲུག་གང་ན་གནས་ པའི་ཤེས་པའི་ངོ་བོ་ཨ་ཐུང་ངུ་དཀར་ལ་ཕྲ་བ་གཅིག་ཏུ་དྲངས་ཏེ།རོའི་ཁའི་ལམ་ནས་སྙིང་གར་བཅུག་པས། དེ་ཉིད་རྣམ་པར་ཤེས་པའི་སེམས་དང་ལྡན་པར་སྔར་གྱི་ཇི་ལྟ་བ་བཞིན་དུ་བསམས་ལ། དེའི་འོག་ཏུ་བཟླས་པ་བྱ་སྟེ། ཨོཾ་ཨཱཿཧྲཱིཿཧཱུཾ་ཞེས་ པ་ལ་སོགས་པའི་ལྷ་རྣམས་ཀྱི་ཕྲེང་སྔགས་བཟླས་པས།བདག་གི་སྙིང་གའི་ས་བོན་ཕྲེང་སྔགས་དང་བཅས་པ་ལས་འོད་འཕྲོས་པས། །བདག་གི་སྣའི་རླུང་དང་འདྲེས་ནས། བསྒྲུབ་བྱའི་སྣའི་ལམ་ནས་སྙིང་གར་ཞུགས་པས། བསྒྲུབ་བྱའི་སྙིང་གར་ཟླ་ བ་ལ་གནས་པའི་ས་བོན་ཕྲེང་སྔགས་དང་བཅས་པར་གྱུར་པར་བསམ་མོ།།དེ་ནས་བཟླས་པ་བྱས་པས་བདག་གི་སྙིང་གའི་སྔགས་ལས་འོད་འཕྲོས་ཏེ། བསྒྲུབ་བྱའི་སྣའི་ལམ་ནས། སྙིང་གའི་སྔགས་ལ་ཕོག་པས། བསྒྲུབ་བྱའི་སྙིང་གའི་སྔགས་ ལས་འོད་འཕྲོས་ཏེ།བསྒྲུབ་བྱའི་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྦྱང་བར་བསམ་མོ། །དེ་ལྟར་ཞག་དུ་ལྕོགས་ལ་སོགས་པར་བསྙེན་པ་བྱའོ།
我來為您翻譯這段藏文: 然後以三字咒加持一切供品,之後觀想自心種子字放光,從自性成就剎土中,迎請一切佛菩薩本體的吉祥黑魯嘎及空行眷屬智慧壇城降臨虛空。以諸供品次第供養后,隨後當作七支供養或發願。然後以”現露獠牙威猛大”等偈頌讚嘆,獻供養食子于空行母,祈請后以百字明懺悔,送請聖眾。 之後誦唸”ཤཱུ་ནྱཏཱ་ཛྙཱ་ན”(梵文:शून्यताज्ञान)(羅馬轉寫:śūnyatājñāna)(意為:空性智)咒語,修空性。從彼境界中,由”ཧཱུཾ”(梵文:हूं)(羅馬轉寫:hūṃ)(意為:種子字)字放光化現圍墻、網幕與地基,觀想具有八大尸林的護輪。 然後以自心種子字放光鉤召死者的神識,無論其處於中陰境界或六道任一處,將其本體觀為細小白色短”ཨ”(梵文:अ)(羅馬轉寫:a)(意為:本初),從屍體口道引入心間。觀想其具有識心如前所述。 之後進行持誦,誦唸”ཨོཾ་ཨཱཿཧྲཱིཿཧཱུཾ”(梵文:ॐ आः ह्रीः हूं)(羅馬轉寫:oṃ āḥ hrīḥ hūṃ)(意為:金剛部種子字)等諸尊咒鬘。觀想自心種子字與咒鬘放光,與自身鼻息融合,從所修者鼻道進入其心間,觀想化為所修者心間月輪上的種子字與咒鬘。 隨後持誦時,從自心咒語放光,從所修者鼻道照射其心間咒語,所修者心間咒語復放光明,觀想凈除所修者一切業障與煩惱障。如是隨力修持數日等作為前行。
།དེ་ནས་བསྙེན་པ་ཐོན་པ་དང་། བསྒྲུབ་བྱའི་སྔགས་ཀྱི་ཕྲེང་བ་འོད་དུ་ཞུ་ནས། ལུས་མགོ་མཇུག་ ཏུ་ཐིམ་པས།སྒྲིབ་པ་ཐམས་ཅད་བྱང་ནས་ལུས་ཤེལ་དངས་པ་ལྟར་གྱུར་པ་བསམ་མོ། །དེ་ནས་ལྷག་པར་གནས་པ་སྟ་གོན་གྱི་ཆོ་ག་གཞུང་དང་མཐུན་པར་བྱ། དེའི་རྗེས་ལ་མདུན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་ལ་དེར་དཀྱིལ་འཁོར་དུ་གཞུག་པ་ནས་དབང་བསྐུར་ བ་གནས་སྐབས་དང་སྦྱར་ལ་དབང་བསྐུར་རོ།།གལ་ཏེ་བསྙེན་པ་མ་ལྕོགས་པར་གྱུར་ན། དེའི་ཚེ་ཁྲུས་བྱ་བ་ནས་དབང་བསྐུར་བའི་ཡན་ལག་རྫོགས་པར་བྱའོ། །དེ་ནས་བཀྲ་ཤིས་པའི་གནས་སུ་སའི་ཆོ་ག་སྔོན་དུ་འགྲོ་བར་རོ་དྲངས་ལ། སྦའམ་གུར་གྱི་ནང་ དུ་མཎྜལ་བྱས་ལ།ས་ཚོན་གྱིས་ཟླུམ་པོ་དཀར་པོར་བྱས་ཏེ། དེར་གཞག་གོ། །དེ་ནས་ཕྱོགས་གཅིག་ཏུ་སྲེག་ཁང་བརྩིགས་ཏེ། ཇི་ཙམ་རེགས་པའི་ས་བཅད་དེ་མཎྜལ་བྱས་ལ། དེའི་དབུས་སུ་ཁྲུ་ཕྱེད་དང་དོ་པ་ཙམ་ལ། ཟབས་སུ་དེའི་ ཕྱེད་བརྐོས་ལ།དེའི་དབུས་སུ་སོར་བཅུ་པའི་ལྟེ་བར་འཕངས་སུ་སོར་བཞི་པ་བྱས་ལ། དེར་སྣ་ཚོགས་པདྨ་འདབ་བརྒྱད། ལྟེ་བ་དཀར་པོ་འདབ་མ་རྣམས་དམར་པོར་བྱས་ལ། དེར་མཚན་མ་མི་དགོས་སོ། །མཐའ་མ་རྡོ་རྗེའི་ཕྲེང་བས་བསྐོར་རོ། །དེའི་སྟེང་གི་ཁ་ཁྱེར་སོར་ལྔ་ པའི་ཆུ་ཞེང་མཉམ་པར་བྱས་ལ་ཕྱི་རོལ་གྱི་གཞི་སེར་པོར་བྱའོ།།དེ་ནས་མཚམས་བཞིར་ཀ་བ་བཞི་བཙུགས་ལ། ཕྱོགས་གཉིས་སུ་གདུང་གཉིས་བཏང་སྟེ། དེའི་སྟེང་དུ་ཤིང་ཁང་ཚུལ་བཞིན་དུ་བརྩིགས་ལ། རོ་དེར་གཞུག་གོ། །དེ་ཉིད་ཀྱི་དྲུང་དུ་ ལས་ཐམས་ཅད་པའི་ཐབ་ཁུང་གཞུང་བཞིན་དུ་བྱས་ནས།དེ་ནས། སྦྱིན་སྲེག་གི་རྫས་བུད་ཤིང་དང་། ཡམ་ཤིང་དང་། རླུང་གཡབ་དང་། མར་ལ་སོགས་པ་བསྲེག་པར་འོས་པའི་རྫས་ཐམས་ཅད་གཞུང་བཞིན་དུ་བཤམ་མོ།
我來為您翻譯這段藏文: 當修持圓滿時,觀想所修者的咒鬘融化為光明,從頭至尾融入身體,凈除一切障礙,身體變得如同透明水晶般清凈。然後按照經典如法進行加持準備儀軌。之後在前方化現智慧壇城,從入壇至灌頂皆應契合目前狀況而行灌頂。 若無法完成修持,則從沐浴開始完成灌頂支分。然後在吉祥之地,先行土地儀軌后運送屍體,在帳篷或帷幕內畫曼荼羅,用彩沙製作白色圓形,將屍體安置其上。 隨後在一處建造火壇,于所及範圍內劃地作曼荼羅,在其中央開掘一個深寬一肘半的坑,中央直徑十指寬、深四指,其中繪製八瓣雜色蓮花,蓮心白色、花瓣紅色,此處不需標記。外圍以金剛鏈圍繞。上方邊緣寬五指,均勻一致,外部地基涂黃色。 然後在四隅豎立四根柱子,兩面橫擱梁木,其上如法建造木室,將屍體置於其中。在其旁邊按經典修建普巴火壇,然後如法陳設火供用品,包括柴火、勺木、扇子、酥油等一切適合焚燒的供品。
།དེ་ནས་བདག་ཉིད་ཁྲུས་ བྱས་ལ།རྒྱན་ཆས་ཀྱིས་བརྒྱན་ཏེ། མཆོད་པ་ལྔ་ལ་སོགས་པ་ཐམས་ཅད་བསགས་ལ། བདག་ཉིད་དཔལ་ཧེ་རུ་ཀའི་སྐུར་བསྒོམས་ཏེ། མཆོད་པ་ཐམས་ཅད་བྱིན་གྱིས་བརླབས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ ནས་ནམ་མཁའ་ལ་སྤྲུལ་ཏེ་བསམས་ལ།ཕྱི་ནང་གི་མཆོད་པ་ཐམས་ཅད་ཀྱིས་མཆོད་ནས། ཡན་ལག་བདུན་པའི་མཆོད་པ་དང་། བསྟོད་པ་ཡན་ལག་གཞུང་བཞིན་དུ་བྱའོ། །དེ་ནས་སྟོང་པ་ཉིད་དུ་བསྒོམ་པ་སྔོན་དུ་འགྲོ་བའི་སྲུང་བའི་འཁོར་ལོ་གཞུང་བཞིན་དུ་བསྒོམས་ ལ།དེར་སྦྱིན་སྲེག་བྱ་སྟེ། དེ་ཡང་སྦྱིན་སྲེག་གི་ཆོ་ག་ནས་བྱུང་བ་བཞིན་དུ་མེ་ལྷའི་མཆོད་པ་ཡན་ཆད་རྫོགས་པར་བྱས་ལ། དེ་ནས་མེ་ལྷ་འོད་དུ་ཞུ་སྟེ། འབར་བའི་རྣམ་པར་གྱུར་བར་བསམས་ལ་དེར་ཡེ་ཤེས་ཀྱི་ལྷ་ལ་སྦྱིན་སྲེག་གི་མཆོད་པ་བྱ་སྟེ། སྐབས་འདིར་བསྒྲུབ་ བྱའི་ལྷག་པའི་ལྷ་གང་ཡིན་པ་དེར་ཆོ་གའི་ཡན་ལག་གིས་བསྐྱེད་ལ་ཡེ་ཤེས་སེམས་དཔའ་སྙིང་གའི་ས་བོན་གྱིས་བཀུག་ནས་བསྟིམས་ཏེ།མཆོད་པ་ལྔ་ལ་སོགས་པས་མཆོད། དེ་ནས་སྲེག་རྫས་རྣམས་ཀྱིས་རིམ་བཞིན་དུ་མཆོད་ལ། འདོད་དོན་གསོལ་བ་ ཡན་ཆད་བྱ་སྟེ།སྦྱིན་སྲེག་གི་ཆོ་ག་དང་མཐུན་ནོ། །སློབ་དཔོན་ཐེབ་ཡོད་ན། གཅིག་གིས་སྡིག་པ་བསྲེག་པའི་ཏིང་ངེ་འཛིན་བྱ་སྟེ། སྲེག་ཁང་དུ་མེ་འབར་ལ། བསང་གཏོར་གྱི་ཆུས་བསངས་ལ། བསྒྲུབ་བྱའི་རྣམ་སྨིན་གྱི་ལུས་དེ་ཉིད། དཔག་ཏུ་མེད་པའི་དུས་ རྒྱུད་ལ་བསགས་པའི་ལས་དང་ཉོན་མོངས་པའི་དྲི་མའི་སྡིག་པའི་ངོ་བོ་ཡི་གེ་ཀཾ་ནག་པོའི་ཕུང་པོ་གཅིག་ཏུ་བསམས་ལ།འོག་གི་སྣ་ཚོགས་པདྨའི་ལྟེ་བ་ལས་མེ་འབར་བས། ཀཾ་དེ་རིམ་གྱིས་བསྲེག་པར་བསྒོམས་ཏེ། ཨོཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་སརྦ་ ཀརྨཱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།ོཾ་སརྦ་དུཿཁ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་སྡིག་པ་བསྲེག་པའི་ཏིང་ངེ་འཛིན་བྱའོ།
我來為您直譯這段藏文: 然後自己沐浴,以莊嚴飾品裝飾,陳設五供等一切供品,觀想自身為吉祥黑熱嘎身,加持一切供品,以心間種子字放光,迎請智慧壇城于虛空中顯現而觀想。以一切內外供品供養后,如法進行七支供養和讚頌支分。 然後以觀修空性為先導,如法觀修護輪,在此處進行火供。按照火供儀軌進行,圓滿完成至火天供養為止,然後觀想火天融化為光,成為火焰形相。於此向智慧尊眾獻上火供供養。此時,依儀軌支分生起所修本尊,以心間種子字召請智慧薩埵融入,以五供等作供養。然後依次以火供物供養,直至祈請所愿,皆與火供儀軌相符。 若有上師在場,其中一人應修持焚燒罪業三摩地:在火壇中火焰燃燒時,以凈水灑凈,觀想所修者的異熟身即是無量時劫中積累的業和煩惱垢染罪業之本體,成為一堆黑色的”康”字,從下方雜色蓮花中央燃起的火焰,逐漸焚燒該”康”字,同時誦咒: “嗡薩瓦巴邦香丁古如梭哈”(藏文:ཨོཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ,梵文天城體:ॐ सर्व पापं शान्तिं कुरु स्वाहा,梵文羅馬拼音:oṃ sarva pāpaṃ śāntiṃ kuru svāhā,意為:愿一切罪業清凈) “嗡薩瓦嘎瑪香丁古如梭哈”(藏文:ཨོཾ་སརྦ་ཀརྨཱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ,梵文天城體:ॐ सर्व कर्मा शान्तिं कुरु स्वाहा,梵文羅馬拼音:oṃ sarva karmā śāntiṃ kuru svāhā,意為:愿一切業障清凈) “嗡薩瓦獨卡香丁古如梭哈”(藏文:ཨོཾ་སརྦ་དུཿཁ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ,梵文天城體:ॐ सर्व दुःख शान्तिं कुरु स्वाहा,梵文羅馬拼音:oṃ sarva duḥkha śāntiṃ kuru svāhā,意為:愿一切痛苦清凈) 如
།སློབ་དཔོན་གཅིག་གིས་ཉེས་པ་བཤགས་པའི་བསམ་གཏན་བྱ་སྟེ། ཤི་བའི་རྣམ་པར་ཤེས་པའི་སེམས་བར་དོའི་སྲིད་པའི་ངོ་བོ་ལུས་ངག་ཡིད་ གསུམ་གྱི་མཚན་མ་འབྲུ་གསུམ་ཁ་དོག་སོ་སོ་སྟེ།སེར་པོ་གཉིས་ཀྱིས་བརྟེན་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་གནས་པར་བསམས་ལ། བསྒྲུབ་བྱའི་སྔར་གྱི་ལུས་དེ་ཉིད་ཀྱིས་ཡི་གེ་བརྒྱ་པ་ཟློས་ཤིང་བཤགས་པ་བྱེད་པར་བསྒོམས་ཏེ། ཨོཾ་བཛྲ་སཏྭ་ས་མ་ཡ་ མ་ནུ་པཱ་ལ་ཡ།བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ། ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ་བཛྲའི་བྷ་བ། མ་ཧཱ་ས་མ་ཡ་ སཏྭ་ཨཱ།ཞེས་བརྗོད་ཅིང་བཤགས་པ་བྱེད་པར་བསམ་མོ། །སློབ་དཔོན་ཐེབ་མེད་ན། གཅིག་གིས་གསུམ་ཀའི་ཏིང་ངེ་འཛིན་རིམ་གྱིས་བྱ་བར་ཡང་རུང་ངོ་། །སྦྱིན་སྲེག་སྦྱིན་ནས། ཐབ་དེ་ཉིད་དུ་མར་དང་འོ་མ་དང་། སྦྲང་རྩི་དང་། ཀ་ར་དང་། ཕྱེ་བཟང་པོ་ལས་ ཙཱ་རུ་བཅོས་ལ།ཙཱ་རུའི་ཕུང་སྦྱིན་སྲེག་ཏུ་ཕུལ་ལ། ལྷག་མ་ལོངས་སྤྱོད་དོ།
我來為您直譯這段藏文: 一位上師應修持懺悔過失的禪定:觀想死者的識心以中陰身的形態存在,其身語意三者的標誌為三個不同顏色的字種,兩個黃色字種依于月輪之上。觀想所修者以前世之身誦唸百字明咒而作懺悔: “嗡班匝薩埵薩瑪雅…”(藏文:ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ།,梵文天城體:ॐ वज्रसत्व समय मनुपालय,梵文羅馬拼音:oṃ vajrasatva samaya manupālaya,意為:金剛薩埵三昧耶…) “班匝薩埵特諾巴…”(藏文:བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ,梵文天城體:वज्रसत्व त्वेनोपतिष्ठ,梵文羅馬拼音:vajrasatva tvenopatiṣṭha,意為:金剛薩埵住於我…) “知卓美巴瓦…”(藏文:དྲྀ་ཌྷོ་མེ་བྷ་བ,梵文天城體:दृढो मे भव,梵文羅馬拼音:dṛḍho me bhava,意為:愿我堅固…) “蘇多久美巴瓦…”(藏文:སུ་ཏོ་ཥྱོ་མེ་བྷ་བ,梵文天城體:सुतोष्यो मे भव,梵文羅馬拼音:sutoṣyo me bhava,意為:愿我歡喜…) “阿努囸多美巴瓦…”(藏文:ཨ་ནུ་རཀྟོ་མེ་བྷ་བ,梵文天城體:अनुरक्तो मे भव,梵文羅馬拼音:anurakto me bhava,意為:愿我愛慕…) [以下依此類推完成整個百字明咒] 如是觀想作懺悔。若無上師在場,一人也可依次修持三種三摩地。 火供完畢后,在火壇中以酥油、牛奶、蜂蜜、白糖和上等麵粉製作察如,將察如堆作為火供獻上,剩餘部
།དེ་ནས་སྨོན་ལམ་གདབ་སྟེ། ན་མོ་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་བཀའི་བྱིན་གྱི་རླབས་ཀྱི་བདེན་པ་དང་། རིག་སྔགས་དང་གསང་སྔགས་དང་སྙིང་པོ་ དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བྱིན་གྱི་རླབས་དང་།བདག་ཅག་གི་ལྷག་པའི་བསམ་པ་རྣམ་པར་དག་པའི་སྟོབས་དང་། ཆོས་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་བསམ་གྱིས་མི་ཁྱབ་པའི་མཐུ་དང་བདེན་པའི་བྱིན་གྱི་རླབས་ཀྱིས། དེང་ཚེ་འཕོས་ཤིང་ལུས་ བརྗེས་པ་འདི་རྣམ་པར་སྨིན་པའི་ཕུང་པོ་འདི་ལ་བརྟེན་ནས།དགེ་བའི་རྩ་བ་གཞུང་བཞིན་དུ་བསྐྲུན་པ་འདིས། ཚེ་འཕོས་པ་འདི་དམྱལ་བའི་གནས་སུ་མི་སྐྱེ་བར་གྱུར་ཅིག་།གལ་ཏེ་སྐྱེས་པར་གྱུར་ན། དམྱལ་བ་ཚ་གྲང་ལ་སོགས་པའི་སྡུག་བསྔལ་དང་བྲལ་ནས། དམྱལ་བ་རྣམས་ ལ་སྤྲུལ་པའི་སྐུ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལྟ་བུས་ཆོས་སྟོན་པའི་སྐལ་པ་དང་ལྡན་པར་གྱུར་ཅིག་།གཞན་ཡང་ཡི་དགས་ཀྱི་གནས་སུ་མི་སྐྱེ་བར་གྱུར་ཅིག་།གལ་ཏེ་སྐྱེས་པར་གྱུར་པ་ན། ཡི་དགས་ཀྱི་བཀྲེས་སྐོམ་གྱི་སྡུག་བསྔལ་ལ་སོགས་པ་དང་བྲལ་ནས། ཡི་དགས་རྣམས་ལ་སྤྲུལ་པའི་སྐུ་ཁ་འབར་མ་ལྟ་བུས་ཆོས་སྟོན་པའི་སྐལ་པ་དང་ལྡན་པར་གྱུར་ཅིག་།གཞན་ཡང་བྱོལ་སོང་གི་གནས་སུ་མ་སྐྱེ་བར་གྱུར་ཅིག་།གལ་ཏེ་སྐྱེས་པར་གྱུར་པ་ན། བྱོལ་སོང་གི་བཤའ་བཞུར་ལ་སོགས་པའི་སྡུག་བསྔལ་དང་བྲལ ནས།བྱོལ་སོང་རྣམས་ལ་སྤྲུལ་པའི་སྐུ་གསེར་བཟང་ལྟ་བུས་ཆོས་སྟོན་པའི་སྐལ་པ་དང་ལྡན་པར་གྱུར་ཅིག་།གཞན་ཡང་མིའི་འདྲེ་མིའི་སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པ་དང་བྲལ་ནས། མི་རྣམས་ལ་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་ལྟ་བུས་ཆོས་སྟོན་པའི་ སྐལ་བ་དང་ལྡན་པར་གྱུར་ཅིག་།གཞན་ཡང་ལྷ་མ་ཡིན་གྱི་འདྲེ། ལྷ་མ་ཡིན་གྱི་སྡུག་བསྔལ་ཁོང་ཁྲོ་དང་འཐབ་རྩོད་ལ་སོགས་པ་དང་བྲལ་ནས། ལྷ་མ་ཡིན་རྣམས་ལ་སྤྲུལ་པའི་སྐུ་ཐགས་བཟངས་རིས་ལྟ་བུས་ཆོས་སྟོན་པའི་སྐལ་བ་དང་ལྡན་པར་གྱུར་ཅིག་།གཞན་ཡང་ལྷའི འདྲེ།ལྷའི་སྡུག་བསྔལ་འཆི་འཕོ་དང་ལྟུང་བ་ལ་སོགས་པ་དང་བྲལ་ནས། ལྷ་རྣམས་ལ་སྤྲུལ་པའི་སྐུ་བརྒྱ་བྱིན་ལྟ་བུས་ཆོས་སྟོན་པའི་སྐལ་བ་དང་ལྡན་པར་གྱུར་ཅིག་།དེ་ལྟར་ཁམས་གསུམ་གྱི་སྡུག་བསྔལ་ལས་གྲོལ་ཏེ།
我來為您直譯這段藏文: 然後發願道: 南無!以佛法僧三寶教法加持之真實力,以明咒、密咒、心咒、手印和三摩地之加持力,以我等清凈增上意樂之力,以深不可思議的緣起法性之威力與真實加持力,愿今日舍壽轉生更換色身者,依此如法所修善根,愿此亡者不生地獄道。 若生地獄,愿遠離寒熱等地獄諸苦,愿得如閻羅法王化身般為地獄眾生說法的福分。 複次,愿不生餓鬼道。若生為餓鬼,愿遠離飢渴等餓鬼諸苦,愿得如佛母火光母化身般為餓鬼眾生說法的福分。 複次,愿不生畜生道。若生為畜生,愿遠離宰割鞭打等畜生諸苦,愿得如金色賢者化身般為畜生眾生說法的福分。 複次,愿遠離人道的三苦八苦等諸苦,愿得如釋迦牟尼佛化身般為人類說法的福分。 複次,愿遠離阿修羅道嗔恨鬥爭等諸苦,愿得如賢勝化身般為阿修羅眾生說法的福分。 複次,愿遠離天道死墮等諸苦,愿得如帝釋天化身般為天眾說法的福分。 如是愿從三界諸苦中解脫。 註:“南無”(藏文:ན་མོ,梵文天城體:नमो,梵文羅馬拼音:namo,意為皈命、歸依)
དེ་ལྟར་ཁམས་གསུམ་གྱི་སྡུག་བསྔལ་ལས་གྲོལ་ཏེ། ཁྱད་པར་གྱི་ལམ་ལྔ་ལ་བརྟེན་ནས། སྒྲིབ་པ་ གཉིས་སྤངས་ཏེ།ཚོགས་གཉིས་རྫོགས་ནས། མཐར་བླ་ན་མེད་པའི་བྱང་ཆུབ་ཕྱག་རྒྱ་ཆེན་པོ་མཆོག་གི་གོ་འཕང་ལྷུན་གྱིས་གྲུབ་སྟེ། འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱུན་མི་འཆད་པར་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག་།དེ་ནས་ དགེ་བའི་རྩ་བ་བསྔོ།།དེ་ནས་ཕྱིས་སྲེག་ཁང་དུ་འོ་མ་གཏོར་ཏེ། ཞི་བའི་སྔགས་བཟླས་ཏེ། རུས་བུ་བཏུས་ལ་སཱཙྪ་བཏབ་ནས། རབ་ཏུ་གནས་པར་བྱའོ། །རོ་སྦྱང་བའི་སྒྲུབ་ཐབས་ཀྱི་ཆོ་ག་།བླ་མ་དམ་པའི་གདམས་ངག་ལ་བརྟེན་ནས། གཞུང་ཉེ་བར་བསྡུས་ ་པ་རྫོགས་སོ།
我來為您直譯這段藏文: 如是從三界諸苦解脫后,依靠五種特殊道路,斷除二障,圓滿二資糧,最終自然成就無上菩提大手印殊勝果位,愿具有在輪迴未空之前不斷利益一切眾生的福分。 然後迴向善根。 之後在火葬場灑牛奶,誦和平咒語,收集骨灰後加持舍利子,進行開光。 此火化亡者成就法之儀軌,依據殊勝上師教言,經典略集圓滿。
同部經論
與本文同名或相近的其他版本、科判、譯文與註疏。