菩薩藏佛教學會
20
背景
翻譯
下載 ▾

d1467吉祥勝樂輪供食儀軌般若護 善慧稱 智慧賢

D1467

། །།དཔལ་སུ་མ་ཏི་ཀཱི་རྟི་དང་སྒྲ་བསྒྱུར་གྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། @##། །རྒྱ་གར་སྐད་དུ། ཤྲཱི་ཙ་ཀྲ་སམྦ་ར་བ་ལིཾ་བྷི་དྷིཿ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ པའི་གཏོར་མའི་ཆོ་ག་།དངོས་ཀུན་གཅིག་ཏུ་སྡོམ་པ་ཡི། །དཔའ་བོ་སྡོམ་པ་ལ་བཏུད་དེ། །གཏོར་མའི་དེ་ཉིད་མདོར་བསྡུས་ནས། །མན་ངག་ཇི་བཞིན་བྲི་བར་བྱ། །དང་པོར་སློབ་དཔོན་རྣལ་འབྱོར་ཆེན་པོས་གནས་པ་ལས་ལངས་ཏེ། དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་དང ལྡན་པའི་སྔགས་པས་བཟའ་བ་ལ་སོགས་པ་མདུན་དུ་བྱས་ནས་སྦྱང་བར་བྱའོ།།དེ་ལ་མདུན་དུ་ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་གསུམ་ལས་སྐྱེས་པའི་མགོ་བོ་གསུམ་གྱིས་བྱས་པའི་སྒྱེད་པོའི་སྟེང་དུ་ཡི་གེ་ཨ་དཀར་པོ་ ལས་སྐྱེས་པའི་པདྨ་ནང་དམར་བ་ཕྱི་དཀར་པོ།དེའི་ནང་དུ་ཟན་ལ་སོགས་པ་ལ་ཨོཾ་ཏྲཱཾ་ཨཱཾ་ཁཾ་ཧཱུཾ། ལཱཾ་མཱཾ་པཱཾ་ཏཱཾ་བཾ་གྱི་ཡི་གེ་ལས་བསྐྱེད་ཅིང་དེས་བྱིན་གྱིས་བརླབས་པའི་བདུད་རྩི་ལྔ་དང་། སྒྲོན་མ་ལྔའི་རང་བཞིན་དུ་བསྐྱེད་ལ། ས་བོན་གྱི་ཡི་གེ་ལ་སོགས་པ་རླུང་གིས་བསྐྱོད་ པའི་མེ་ཡིས་གདུངས་ཏེ་ཞུ་བ་ན།ཉི་མ་འཆར་ཁའི་མདོག་ཅན་དུ་བལྟས་ཏེ། དེར་དངུལ་ཆུའི་ཁ་དོག་ཅན་གྱི་ཡི་གེ་ཧཱུཾ་ལས་བྱུང་བའི་ཁ་ཊྭཱཾ་ག་དཀར་པོ་བདུད་རྩིའི་རང་བཞིན་ཅན་སྤྱི་བོ་ཚུགས་སུ་འདུག་པ་ཞུ་ནས་ཁུ་བའི་རྫས་དེ་དངུལ་ཆུའི་མདོག་ཅན་བསིལ་བར་ གྱུར་པར་བལྟས་ནས།དེ་ནས་དེའི་སྟེང་དུ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པའི་ཡི་གེ་ཨོཾ་ཨཱཿ་ཧཱུཾ་རྣམས་རིམ་པས་སྟེང་ནས་སྟེང་དུ་གནས་པ་ལས་འཁོར་ལོ་གསུམ་གྱི་ལྷ་ཚོགས་རྣམས་སྤྲོས་ཏེ་འགྲོ་བའི་དོན་བྱས་ནས་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བ་ཅན་གྱིས་ཞུ་བར་གྱུར་ནས་ཡི་གེ་ གསུམ་པོ་ལ་ཇི་ལྟ་བ་བཞིན་གཞུག་གོ།།དེ་ཡང་ཡི་གེ་ཨོཾ་ལ་སོགས་པ་ཡང་རིམ་གྱིས་ཞུ་བར་བལྟ་སྟེ། ཇི་སྲིད་འདོད་པར་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་བོ།

這是一段藏傳佛教儀軌文獻的翻譯,我將為您完整翻譯: 吉祥蘇摩帝吉祥賢和譯師智慧賢所譯。 梵文:Śrī-cakra-saṃvara-baliṃ-vidhiḥ 藏文:དཔལ་འཁོར་ལོ་སྡོམ་པའི་གཏོར་མའི་ཆོ་ག 漢譯:吉祥勝樂輪供食儀軌 頂禮統攝諸法性, 勇士調伏大尊前, 今當依據密教義, 略述供食真實義。 首先,阿阇黎大瑜伽師從定中起身,具足吉祥勝樂輪瑜伽的密咒師,將食物等置於面前作凈化。 于面前觀想字母”巖”(YAṂ)化現風輪,其上觀想字母”讓”(RAṂ)化現火輪,其上從三字所生三頭所成之天灶,其上觀想白色字母”阿”(A)所化蓮花,內紅外白。 其中於食物等上,從”嗡茶阿康吽”(OṂ TRĀṂ ĀṂ KHAṂ HŪṂ)、“朗芒邦當旺”(LĀṂ MĀṂ PĀṂ TĀṂ VAṂ)等字所生並加持的五甘露與五燈性中生起。種子字等為風所動,為火所熾而融化時,觀想如日出時的顏色。 其中觀想水銀色之”吽”(HŪṂ)字所生白色嘎章嘎杖,具甘露本性,豎立頂端融化,其物質成為水銀色清涼狀。 其上阿里嘎里(元音輔音)變化而成的”嗡阿吽”(OṂ ĀḤ HŪṂ)三字依次由上而下安住,從中放射三輪諸尊眾,利益眾生后以交合為前導而融入,如其所應安置於三字中。 複次觀想”嗡”等字母次第融化,以三字隨欲加持。

།དེ་ནས་འབར་བའི་ཕྱག་རྒྱ་དང་ཕཻཾ་གྱི་སྔགས་དག་གིས་བཀུག་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ མདུན་དུ་བཞག་ལ།ཡོན་ཆབ་དང་ཞལ་བསིལ་ལ་སོགས་པ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་ནས་ཨཱ་ལི་དང་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཉི་མའི་རང་བཞིན་གྱི་ལག་པ་གཉིས་ཀྱི་ནང་དུ་ཆུད་པའི་ཡི་གེ་ཧཱུཾ་བལྟས་ཏེ། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦྦ་དྷརྨཱ། སྤར་སྤར་ཨ་ནུ་ག་ཏ་སརྦྦ་ དྷརྨཱཿ་ཨ་ཏྱན་ཏ་ཨ་ནུ་པྲ་བིཥཊ་སརྦྦ་དྷརྨ་ཧཱུཾ་ཞེས་བརྗོད་པ་སྔོན་དུ་འགྲོ་བས་ཟླ་བ་དང་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཐལ་མོར་བྱས་པའི་ལག་མཐིལ་དུ་བདུད་རྩིའི་སྣོད་གཞག་པའམ་ཡང་ན་བསྒོམས་ལ།དེའི་འོག་ཏུ་བདག་གིར་བྱ་བའི་དོན་འདི་གདོན་ཏེ། ལྷ་མོ་ཚད་མ་དམ་ཚིག་ ཚད་མ་དང་།།དེས་གསུངས་ཚིག་ཀྱང་ཚད་མ་མཆོག་ཡིན་པའི། །བདེན་པ་འདིས་ནི་ལྷ་མོ་འདི་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག་།དེ་ནས་མཆོད་པར་བྱ་བ་དང་། མཆོད་པ་པོ་དང་། མཆོད་པ་རྣམས་ཐ་མི་དད་པར་བལྟས་པས་བདུད་རྩིའི་སྣོད་དེ་ཤར་ནས་ཕྱོགས་སུ་གཡོན་ སྐོར་གྱིས་དང་།མཚམས་སུ་མེའི་མཚམས་ནས་བརྩམས་ཏེ་གཡས་སུ་བསྐོར་ཞིང་། འཁོར་ལོ་གསུམ་གྱི་ལྷ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོའི་ལྕེ་ནས་ཙམ་བསམས་ནས། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བན་དྷ་བན་དྷ། ཏཱ་ས་ཡ་ཏྲཱས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿ་ཧྲཿ་ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷ་ཀྵ་བྷ་ཀྵ། བ་ས་རུ་དྷི་ར་ཨནྟྲ་མཱ་ལ། ཨ་བ་ལཾ་བི་ནེ། གྲྀ་ཧྞ་གྲྀ་ཧྞ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་།སར་པཾ་བཱ་ཏ་རྫ་ཡ་ཏ་རྫ་ཡ། ཨཱ་ཀ་ཌྜྷྱ། ཨཱ་ཀཌྜྷྱ། ཧྲཱིཾ་ཧྲཱིཾ་ཛྞཽཾ་ཛྞཽཾ། ཀྵྨཱཾ་ཀྵྨཱཾ། ཧཱཾ་ཧཱཾ་ཧཱིཾ་ཧཱིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི སི་ལི།ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བ་འདི་ལན་ཅིག་བརྗོད་པས་དབུལ་ལོ། །བཅོམ་ལྡན་འདས་ཤེས་རབ་དང་བཅས་པ། མཁའ་འགྲོ་མ་ལ་སོགས་དང་ཁྭ་གདོང་མ་ལ་སོགས་པ་རྣམས་ལ་ཡང་ཅི་རིགས་པས་བསྐོར་ཞིང་། ཨོཾ་བཛྲ་ཨ་རལླི་ཧོཿ་ཛཿ་ཧཱུཾ་ བཾ་ཧོཿ་བཛྲ་ཌཱ་ཀི་ནྱ།ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ་ཞེས་བྱ་བ་འདི་ལན་གཅིག་གམ་གཉིས་སམ་གསུམ་མམ་བཞིའམ་ལྔ་བརྗོད་པས་དབུལ་ལོ།

然後以燃燒手印和”啪”(PHEṂ)咒召請,將圓滿一切相的壇城置於面前。以獻水、漱口水等為前導作完整供養后,觀想阿里嘎里(元音輔音)變化成月日本性的兩手中所持的”吽”(HŪṂ)字。 誦唸”嗡阿紐紐阿努嘎達薩兒瓦達爾瑪 斯巴爾斯巴爾阿努嘎達薩兒瓦達爾瑪 阿典達阿努巴維斯達薩兒瓦達爾瑪吽”(OṂ ANYONYA ANUGATA SARVA DHARMĀ SPAR SPAR ANUGATA SARVA DHARMĀḤ ATYANTA ANUPRAVEṢṬA SARVA DHARMA HŪṂ)為前導,月日中的”吽”字變化成金剛合掌,掌心中放置或觀想甘露器。 其後誦唸此自我加持文: “天母為量誓言量, 所說語言亦勝量, 以此諦實愿天母, 悉皆攝受護持我。” 然後觀想供養境、能供者及供品無二,以甘露器從東方向左旋轉諸方,于隅角處從火方開始右旋。觀想三輪諸尊從”吽”字所生白金剛舌吸取,誦: “嗡嘎熱嘎熱 庫如庫如 班達班達 札薩雅札薩雅 克修巴雅克修巴雅 吙吙 哈哈 啪啪 帕德帕德 達哈達哈 巴匝巴匝 巴克夏巴克夏 瓦薩如地熱安札瑪拉 阿瓦朗比內 格日那格日那薩巴巴達拉嘎達布贊嘎 薩爾邦巴達爾扎雅達爾扎雅 阿嘎達阿嘎達 吙吙 佐佐 克瑪克瑪 杭杭吙吙 吽吽 給利給利 西利西利 希利希利 地利地利 吽吽帕德帕德梭哈” 誦此一遍而供。 對薄伽梵具慧尊及空行母等、鴉面母等,亦隨宜旋轉供養,誦”嗡班扎阿熱利吙匝吽旺吙班扎達給尼 薩瑪雅當德日夏吙”(OṂ VAJRA ARALLI HOḤ JAḤ HŪṂ VAṂ HOḤ VAJRA ḌĀKINĪ SAMAYA STVAṂ DṚŚYA HOḤ)一遍或二遍或三遍或四遍或五遍而供養。

།དེ་ནས་ཞབས་བསིལ་དང་། ཕྱག་ཕྱིས་དང་། ཏཾ་པོ་ལ་སོགས་པ་ཕུལ་ཏེ། །པི་ཝང་མ་ལ་སོགས་པས། བྷ་ཝ་ཤ་མ་ས་མ་སཾ་ག་།བྷ་གན་སཾ་ཀ་ལྤ་ བྷ་གཱཿ་ཁ་མི་བ་ས་ཀ་ལ་བྷ་བཾ།བྷཱ་བ་ཏོ་བི་ཀྵ་མཱ་ཎཱཿ་གུ་རཏ་ར་ཀུ་རུ་ཎཱ་མྦྷཿསྥིད་ཙ་ཏིཏ་མྦུ་ནཱ་ཐཱ། ཀུ་རུ་ཀུ་རུ་ཏ་དེ་བྱོ་མ་ཡཡ་ཏི་བཱ་ནུ་ཀཾ་པཱ། མཆོད་ནས་བསྟོད་པ་བྱ་སྟེ། མངོན་པར་འདོད་པའི་དངོས་གྲུབ་བླང་བ་ནི། སྲིད་ཞི་མཉམ་པར་མཁྱེན་ཞིང་ཀུན་སྲིད་བ་ཞི་བ་མཉམ་པ་སོགས་ཀྱི་སྐད་དོད། རྟོག་རླབས་བཅོམ་པ། །དེ་ཉིད་དུ་ན་དངོས་ཀུན་མཁའ་ལྟར་གཟིགས་གྱུར་ཅིང་། །ཐུགས་ཀྱི་པདྨ་རབ་ལྕི་ཐུགས་རྗེའི་ཆུས་རྒྱས་པ། །ལྷ་མོ་རྣམས་ཀྱིས་བདག་ལ་ཤིན་ཏུ་བརྩེར་མཛོད་ཅིག་།དེ་ནས་དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་རྣམས་ལ་སྔ་མ་ལྟར་བསྐོར་ཞིང་། ཨོཾ་ཁ་ཁ ཁཱ་ཧི་ཁཱི་ཧི།སརྦྦ་ཡཀྵ་རཱ་ཀྵ་ས་བྷཱུ་ཏ། པྲེ་ཏ་པི་ཤཱ་ཙ་ཨུནྨ་ད། ཨ་པསྨ་ར། བཛྲ་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་མཾ་པ་ལིཾ་གྲྀཧྣནྟུ། ས་མ་ཡ་རཀྵ་ནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪ་ན་ཏུ། ཡ་ཐཻ་བཾ་ཡ་ཐེ་ཥྚཾ་བྷུ་ཉྫ་ཐ། པི་བ་ཐ་ཛི་གྷྲ་ཐ་མཱ་ཏི་ཀྲ་མ་ཐ། མ་མ་སརྦྦ་ཀཱ་རྟ་ཡ། སརྟ་སུ་ཁཾ་བི་བྲིད་དྷ་ཡེས་ཧ་ཡི་ཀཱ་བྷ་ བནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།ཞེས་ལན་གཉིས་བརྗོད་པས་བསྟབས་པར་བྱའོ། །བདུད་རྩི་དེ་ཟོས་པས་ཕྱོགས་སྐྱོང་ལ་སོགས་པ་རྣམས་ཆོས་ཀྱི་དབྱིངས་སྔོན་དུ་འགྲོ་བ་ཅན་ཇི་ལྟ་བ་བཞིན་བདེ་བ་ཆེན་པོས་ལུས་རྒྱས་པར་བསྒོམ་མོ། །དེ་ནས་སྤྱིར་ཏཾ་པོ་ལ་སོགས་པ་ཕུལ་ཏེ། སྙིང་གའི་ས་བོན་ ལས་བྱུང་པའི་པི་ཝང་མ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་དེ།མངོན་པར་འདོད་པའི་དངོས་གྲུབ་བླངས་ལ། བརྡའི་ལག་པས་བརྡ་བྱས་ནས་མ་ཚང་བ་དང་ལྷག་མ་བསྐང་བའི་དོན་དུ། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ ཡ་མ་ནུ་པཱ་ལ་ཡ།ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦྦ་སིདྡྷ་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་རྩི་ཏཏཾ་ཤྲེ་ཡཿ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ་བྷ་ག་བཱ་ན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། བཛྲ་ཧེ་རུ་ཀོ་བྷ་བ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ་ཧཱུཾ་ཕཊ། ཅེས་བྱ་བའི་ཡི་གེ་བརྒྱ་པའི་སྔགས། དྲིལ་བུ་དཀྲོལ་བ་སྔོན་དུ་འགྲོ་བས་བརྗོད་དོ།

然後獻上洗足水、手巾、檳榔等,由琵琶母等獻上: “有無平等圓滿聚, 如空遍滿諸有情, 觀見一切諸有情, 大悲水滴潤濕主。 諸天女等以大悲, 如是而作加持我。” 供養後作讚頌,取所欲成就: “了知輪涅平等性,摧毀分別波浪者, 于彼見諸法如空, 心蓮廣大悲水潤, 愿諸天母極慈憫, 於我生起大悲心。” 然後如前對八大尸林的方位護法旋轉供養,誦: “嗡卡卡 卡嘻卡嘻 薩兒瓦雅克夏熱克夏薩布達 貝達比夏匝溫瑪達 阿巴斯瑪熱 班扎達嘎達給尼達雅 伊芒巴令格日難圖 薩瑪雅熱克堪圖 瑪瑪薩兒瓦悉地美巴雅匝南圖 雅泰旺雅貼斯當布扎塔 比瓦塔即格熱塔瑪地克熱瑪塔 瑪瑪薩兒瓦嘎爾塔雅 薩爾塔蘇康維布日達耶斯哈耶嘎巴萬圖吽吽帕德帕德梭哈”誦二遍而供。 觀想諸方位護法等食用此甘露后,以法界為前導,如實以大樂充滿身軀。 然後總體獻上檳榔等,由心間種子所生琵琶母等作完整供養,以八句咒作讚頌,取所欲成就。以手印作手勢后,為圓滿不足與超過,誦百字明咒: “嗡班扎嘿如嘎薩瑪雅瑪努巴拉雅 嘿如嘎特威諾巴提斯塔 德日朵美巴瓦 蘇多久美巴瓦 蘇波久美巴瓦 阿努熱克多美巴瓦 薩兒瓦悉當美巴雅匝 薩兒瓦嘎爾瑪蘇匝美則當希熱雅庫如吽 哈哈哈哈吙 巴嘎萬 班扎嘿如嘎瑪美門匝 班扎嘿如郭巴瓦 瑪哈薩瑪雅薩特瓦阿吽帕德” 以搖鈴為前導而誦。

།དེ་ནས་ཨོཾ་ཡོ་ག་ཤུདྡྷཿ་སརྦ་དྷརྨ་ཡོ་ག་ཤུདྡྷོུ྅ཧཾ། ཞེས་བརྗོད་ཅིང་པ་ད་ཀོར་གྱི་ཕྱག་རྒྱས་མཉེས་པར་བྱས་ལ། ཕྱག་རྒྱ་བཏུལ་ཏེ་འཁྱུད་པའི་གདེངས་ཀ་སྔོན་དུ་འགྲོ་བས་སྲིན་ལག་དང་མཐེ་བོས་སེ་གོལ་ གཏོགས་པ་སྔོན་དུ་འགྲོ་བ་ཅན་གྱིས།ོཾ་བཛྲ་མུཿཞེས་བཏོན་པས་གཤེགས་སུ་གསོལ་ཏེ། འཁོར་ལོ་དེ་བདག་ཉིད་ལ་གཞུག་གོ།

然後誦”嗡瑜伽凈 薩兒瓦達爾瑪瑜伽舒朵杭”(ཨོཾ་ཡོ་ག་ཤུདྡྷཿ་སརྦ་དྷརྨ་ཡོ་ག་ཤུདྡྷོུ྅ཧཾ,ॐ योग शुद्धः सर्व धर्म योग शुद्धोऽहं,oṃ yoga śuddhaḥ sarva dharma yoga śuddho’haṃ,意為”嗡 瑜伽清凈 一切法瑜伽清凈我”),以蓮花旋繞手印令歡喜,解除手印,以擁抱姿勢為前導,以無名指和拇指彈指為前導,誦”嗡班扎木”(ཨོཾ་བཛྲ་མུཿ,ॐ वज्र मुः,oṃ vajra muḥ,意為”嗡金剛解”)而請其返回,將此輪收攝入自身。

།གཏོར་མའི་ཆོ་ག་བྲིས་པས་བདག་ལ་ནི། །བསོད་ནམས་གང་སྐྱེས་དེ་ནི་མྱུར་ཉིད་དུ། །འགྲོ་བ་གསུམ་པོ་རྟོག་པའི་དྲ་བ་དག་།རྣམ་བསལ་འཁོར་ ་ལོ་གསུམ་གྱི་ངོ་བོར་ཤོག་།་

以下是直譯: 由我書寫朵瑪儀軌, 所生任何福德即刻, 愿三界眾生分別網, 悉皆清凈成三輪體。