d2803增長聲名儀軌
D2803
བསིལ་བའི་མཚན་ཉིད་ཅན་ནོ། །རྒྱུན་གྱི་མཐར་དྲན་པའི་རྒྱས་བཏབ་པ་ཞེས་བྱ་བ་དང་། སྦྱོར་བའི་རྒྱས་བཏབ་པ་ཞེས་པ་གཉིས་ཅི་རིགས་སུ་དྲན་པར་བྱའོ། །ོཾ་ཨཱཿཧྲཱིཿབཛྲ་སཱུཪྱ་ཙནྡྲ་ཀཱ་ཛ་སིདྡྷ་ས་མ་ཡ་ས་མ་ཡ་སྨ་ར་སྨ་ར་ཨ་ནུ་སྨྲྀ་ཏི་ཀ་ར་ཧཱུཾ། ཉི་ཟླ་སྒྲོན་མའི་ཆོ་ག་རྫོགས་སོ།།[་]@#། །བཅོམ་ལྡན་འདས་ཐུགས རྗེ་ཆེན་པོ་གྲགས་པའི་རྒྱལ་མཚན་ཅན་ལ་ཕྱག་འཚལ་ལོ།།འདིར་འཇིག་རྟེན་པ་མང་པོ་ཆོས་དང་ལྡན་པའི་དོན་བྱ་བ་ལ་སྦྱར་བའི་ཕྱིར། རེ་ཞིག་དམ་ཚིག་ཅན་ཡོན་ཏན་ཚུལ་ན་གནས་པའི་ཆེ་བ་བསྒྲགས་པས་གནས་གང་དུ་སྐྱེ་བོ་འདུ་བའམ། མང་པོས་མཐོང་བ་དང་ཐོས་པའི་སྤྱོད་ཡུལ་དུ་གྱུར་པ་ཞིག་བཅོས་ལ། རྡོ་རྗེ་ཐབ་སྦྱོར་ལ་སོགས་པས་བགེགས་བསལ་ཞིང་དེར་ཁང་བུ་བརྩེགས་པའི་དཀྱིལ་འཁོར་རིམ་པ་གཉིས་པ་གྲོང་ཁྱེར་པ་དང་ཕོ་བྲང་པ་མན་ངག་དང་ལྡན་པས་བརྩིག་ཅིང་བྲི་བར་བྱའོ། །དེའི་ཁོར་ཡུག་ལ་སོགས་པར་མཆོད་པ་ཐམས་ཅད་ཀྱིས་བརྒྱན་ཅིང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཀློག་པས ཕྱོགས་བཞིར་སྒྲ་སྒྲོགས་པར་བྱས་ལ།རྣལ་འབྱོར་ཅན་བདག་དང་སྐལ་བ་ལྷག་པ་དང་མཉམ་པ་ཐམས་ཅད་ལ་རྣམ་པ་ཐམས་ཅད་གུས་པའི་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ་དང་། སྐལ་པ་དམན་པ་རྣམས་ལ་སྙིང་རྗེའི་ལྕགས་ཀྱུས་ཟིན་པས་ཇི་ཙམ་དོན་བྱ་བར་བཟོད་པ་དེ་སྲིད་འབད་པར་བྱའོ། ། གང་ཕྱིར་གྲགས་པ་མ་ཡིན་རྒྱུན། །མི་སྙན་བརྗོད་སོགས་དོན་མིན་ཕྱིར། །མཁས་པ་གྲགས་པ་བཟང་སྐྱོང་འདོད། །དེས་ནི་སྡིག་པ་བསལ་ཕྱིར་འབད། །གདུག་པའི་ངག་གི་མཚོན་རྣོན་པོས། །གཞན་གྱི་གྲགས་པ་གཅོད་བྱེད་ཅིང་། །ཚེ་རབས་ཀུན་ཏུ་བདག་གི་ཡང་། །སྙན་པ་མ་ཡིན་ཀུན་སྐྱེད་པའོ། ། མི་གང་བདག་ཉིད་སྐྱོན་བརྗོད་ཀྱི། །གཞན་གྱི་ཡོན་ཏན་མི་འཕྱར་ལ། །ནམ་ཡང་ཉེས་པར་སྨྲ་མི་བྱེད། །དེ་ནི་གྲགས་པ་བཟང་ལྡན་འགྱུར། །སྟོན་པ་ལ་སོགས་གུད་སྟོན་བྱེད། །ཕ་རོལ་གྲགས་པ་ངན་སེལ་བརྩོན། །བདག་ཉིད་སྡིག་པ་སྤང་ལ་མཁས། །གྲགས་པའི་རྒྱལ་མཚན་ཆོ་ག་བཞི། །སྡིག་པ་ཉུང་ངུ དང་བསོད་ནམས་མང་པོ་ཅན་ནི་འཕགས་པ་དགྱེས་པའི་གང་ཟག་སྟེ།གྲགས་པའི་རྒྱལ་མཚན་གྱི་ཚོགས་སྙན་པ་མང་པོ་རྙེད་པར་རུང་ངོ་། །དེས་ནམ་དུ་ཡང་ཁོང་ཁྲོ་བས་གཞན་སྤྱོ་བར་མི་བྱའོ། །སློབ་མ་ལོག་པར་ཞུགས་པ་ལ་སོགས་པ་འཁྲུག་པས་མི་སྙན་པར་བརྗོད་པས་སླར་བཟློག་པ་ནི་མ་ཡིན། དཀྱིལ་འཁོར་ བྲིས་ནས་རྩོད་པ་ཅན་གྱི་སྐྱེས་བུ་བསྟེན་པར་མི་བྱའོ།
這是藏文的中文翻譯: 具有清涼的特性。應當記住”以相續末尾的正念印封”和”以加行印封”這兩種方式中的任何一種。 [咒語部分: 藏文:ོཾ་ཨཱཿཧྲཱིཿབཛྲ་སཱུཪྱ་ཙནྡྲ་ཀཱ་ཛ་སིདྡྷ་ས་མ་ཡ་ས་མ་ཡ་སྨ་ར་སྨ་ར་ཨ་ནུ་སྨྲྀ་ཏི་ཀ་ར་ཧཱུཾ། 梵文天城體:ॐ आः ह्रीः वज्र सूर्य चन्द्र काज सिद्ध समय समय स्मर स्मर अनुस्मृति कर हूँ 梵文羅馬拼音:oṃ āḥ hrīḥ vajra sūrya candra kāja siddha samaya samaya smara smara anusmṛti kara hūṃ 漢譯:嗡阿吽 金剛日月光成就誓言誓言憶念憶念隨唸作] 日月燈儀軌圓滿。
頂禮世尊大悲名稱勝幢。此處爲了使眾多世間人從事具有正法的事業,首先應當宣說持戒者具德行者的功德,在眾人聚集或為多人所見聞之處,應當修建一處場所。以金剛橛等除障,並在那裡建造雙層樓閣壇城,由具有口訣的城市人和宮廷人來建造繪製。在其周圍等處以一切供品莊嚴,誦讀吉祥偈頌使四方響徹聲音。 對於瑜伽士自身以及具有殊勝福分者,應以一切恭敬方式宣說教言;對於福分低劣者,則應以悲心鉤攝,盡其所能地努力利益他們。 由於非名聲之相續, 不悅耳言等無義, 智者欲護持美名, 為除罪業而精進。 以惡語鋒利武器, 斬斷他人之名聲, 於一切生世中亦, 生起一切不悅聲。 若人自說己過失, 不輕他人之功德, 永不說諸過失語, 此人具有美名聲。 對師等作供養者, 勤除他人惡名聲, 善巧斷除自罪業, 名稱勝幢四種法。 少有罪業而多有福德者是聖者歡喜之人,能獲得名稱勝幢眾多美譽。他永遠不應以嗔恨心輕視他人。對於邪入的弟子等,不應以爭吵不悅之語來制止。繪製壇城后,不應親近好爭論之人。
།རྟག་ཏུ་བྱམས་པས་ནོན་པའི་ཡིད། །འཇམ་ཞིང་ཡིད་འབབ་སྙན་སྨྲ་དང་། །ཁ་ན་མ་ཐོ་མེད་ཀུན་སྤྱོད། །རྣམ་ཞི་ལ་གྲགས་པ་འགྲུབ་སྟེ། །དེ་ལ་འདིར་རྩ་བའི་རིག་པ་སྔོན་དུ་བསྙེན་པས་དབང་གྱུར་པ་ཐོབ་པར་བྱས་ནས་གྲོང་ཁྱེར་བའི་དཀྱིལ་འཁོར་ནི་རང་ཉིད་ ཅི་ཙམ་དུ་གྲགས་པ་བསྒྲགས་པར་འདོད་པ་དེ་ཙམ་ཉེ་བར་དགོད་དོ།།ཕོ་བྲང་བའི་དཀྱིལ་འཁོར་ནི་འཁོར་ལོའི་རྩིབས་བརྒྱད་པ་པདྨ་འདབ་མ་བརྒྱད་དང་ལྡན་པ་སྤྲིན་གྱི་ཕུང་པོའི་རུམ་ཕྲག་ན་གནས་པ་རྒྱུན་མ་ཆད་པར་འབྲུག་གི་སྒྲ་ཟབ་མོ་སྒྲོགས་པས་མཛེས་པའོ། །གྲགས་པའི་རྒྱལ་མཚན་དབུས་ བཞུགས་ལ།།སྒྲ་ལྡན་བརྒྱད་ཀྱིས་དུང་འབུད་བསྐོར། །ཕྱོགས་གཟུགས་མཚམས་ནི་ཕྱེད་གཟུགས་མདོག་།འདབ་བརྒྱད་ལ་གནས་ལས་སྒྲུབ་བརྩོན། །དེ་བཞིན་རྩིབས་རིམ་དགའ་བ་དང་། །མི་ཕབ་དབྱངས་བཟང་ང་རོ་ཆེ། །སྙན་པའི་ཏོག་དང་ཀུན་ཁྱབ་བྱེད། །ཡིད་གཞུངས་དོན་བསྒྲུབ་ཅེས་བྱ་ བརྒྱད།།དཀར་དང་དམར་སེར་ལྗང་དང་དམར། །དཀར་དང་ལྗང་དང་སེར་བས་ཏེ། །ལྷ་ཡི་རྔ་ཆེན་བརྡུང་བ་དང་། །སྒྲུབ་པ་པོ་ཡི་བསྔགས་པ་བརྗོད། །གཡེར་ཁ་ལ་སོགས་སྙན་པའི་སྒྲས། །གྲོང་ཁྱེར་ལ་ནི་སེམས་བྱེད་ཅིང་། །ཕོ་བྲང་ལྷན་ཅིག་འབྲུག་སྒྲ་ཡིས། །མ་ལུས་གྲགས་པ་སྒྲོགས་པར་བྱེད། ། དེ་ལྟར་དཀྱིལ་འཁོར་ས་བསྐྱེད་ནས། བདག་གི་སྨིན་མཚམས་ཀྱི་ཧྲཱིཿལས་འོད་ཕྱུང་བས་པོ་ཏ་ལ་ནས་གྲགས་པའི་དཀྱིལ་འཁོར་སྤྱན་དྲངས་ཏེ། དེ་ཉིད་བཞུགས་པས་བྱིན་གྱིས་བརླབ་པར་བྱའོ།
以下是中文翻譯: 恒時以慈心所攝持的意, 溫和悅意說悅耳語, 一切行為無過失, 寂靜者能成就名聲。 對此,在此首先應修習根本明咒獲得自在力,然後依自己想要宣揚名聲的程度來佈設城市壇城。宮廷壇城是八輻輪形,具有八瓣蓮花,處於雲團之間,不斷發出深沉雷鳴聲而莊嚴。 名稱勝幢安住中央, 八音神環繞吹螺, 方隅半身種種色, 八瓣蓮上勤成事。 如是輻環歡喜者, 不退美音大吼聲, 悅耳頂髻遍覆者, 正直意成就八尊。 白及紅黃綠與紅, 白與綠色及黃色, 擊打天眾大鼓時, 宣說修行者讚頌。 鈴鐺等諸悅耳音, 于城市中令心喜, 宮殷伴隨雷鳴聲, 宣揚一切之名聲。 如是生起壇城后,從自己眉間的”吽”字放光,從普陀山迎請名稱壇城,以其安住加持。
།དེ་ནས་ཕྲིན་ལས་ལ་སྦྱར་བར་བྱ་བའི་ཕྱིར་སྔགས་བཟླ་བར་བྱ་སྟེ། ཨོཾ་ཨཱཿཧྲཱིཿསརྦ་ལོ་ཀ་མ་མ་ཀཱིརྟི ་སྥ་ར་སྥ་ར།
以下是中文翻譯: 然後爲了修持事業應當持誦咒語: 嗡阿啥薩爾瓦洛嘎瑪瑪格德斯帕囸斯帕囸 (藏文:ཨོཾ་ཨཱཿཧྲཱིཿསརྦ་ལོ་ཀ་མ་མ་ཀཱིརྟི་སྥ་ར་སྥ་ར) (梵文天城體:ॐ आः ह्रीः सर्व लोक मम कीर्ति स्फर स्फर) (梵文羅馬擬音:oṃ āḥ hrīḥ sarva loka mama kīrti sphara sphara) (漢語字面意思:嗡 阿 啥 一切 世間 我的 名聲 遍滿 遍滿)
D2804
གརྫ་གརྫ། པྲ་ཀཱ་ས་པྲ་ཀཱ་ས་ས་མ་ཡ་ཧཱུཾ། ཇི་སྲིད་ངལ་བར་མ་གྱུར་པར། །དཀྱིལ་འཁོར་རྗེས་མཐུན་དོན་གྲུབ་བྱེད། །རྣལ་འབྱོར་ལྡན་པས་འབད་བྱས་མཐར། །མཆོད་པས་མཉེས་བྱས་གཤེགས་སུ་གསོལ། །གྲགས་པ་བསྐྱེད་པའི་ཆོ་ག་རྫོགས་སོ།།[་]@#། །ཐུགས་རྗེ་ཆེན་པོ་གཟི་བརྗིད་འབར་ བ་ལ་ཕྱག་འཚལ་ལོ།
我來為您翻譯這段藏文。這段文字包含咒語和詩歌體內容: 首先是咒語部分: 藏文:གརྫ་གརྫ། པྲ་ཀཱ་ས་པྲ་ཀཱ་ས་ས་མ་ཡ་ཧཱུཾ། 梵文天城體:गर्ज गर्ज प्रकाश प्रकाश समय हूं 梵文羅馬拼音:garja garja prakāsa prakāsa samaya hūṃ 漢語字面意思:吼叫吼叫 光明光明 誓言 吽 接下來是詩歌體的翻譯: 只要尚未疲憊時, 壇城相應成就事。 瑜伽具足勤修后, 供養歡喜請回返。 增長名聲儀軌終。
同部經論
與本文同名或相近的其他版本、科判、譯文與註疏。