d2667聖妙吉祥密續壇城儀軌 阿摩伽波陀
D2667
@##། །རྒྱ་གར་སྐད་དུ། ཨཱཪྻ་མཉྫུ་ཤྲཱི་གུ་ཧྱ་ཏནྟྲ་སྱ་མཎྜ་ལ་བི་དྷིཿ། བོད་སྐད་དུ། འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ཀྱི་དཀྱིལ་འཁོར་གྱི་ཆོ་ག། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་དབྱངས་ཀྱི་ནི། །ཁྲོ་བོ་ཡི་ནི་བསྙེན་པ་དག་།སྔོན་དུ བསྙེན་པ་བྱས་ནས་ནི།།དེ་ཡི་དཀྱིལ་འཁོར་བྲི་བར་བྱ། །དེ་ནས་འདི་ཡི་དཀྱིལ་འཁོར་ནི། །དངོས་གྲུབ་དམ་པ་སྦྱིན་མཛད་པ། །འཇིག་རྟེན་གསུམ་པོ་འཁྲུག་པར་མཛད། །ཡི་དགས་དམར་པོ་ཞེས་བྱ་ཡི། །ཚད་དུ་འདི་ནི་དཀྱིལ་འཁོར་འདི། །གནས་ནི་གང་དུ་འགྲུབ་འགྱུར་བ། །སྔགས་པས་ ཐོག་མ་ཉིད་དུ་ནི།།དེ་ཡི་གནས་ནི་བརྟག་པར་བྱ། །ཤིང་གཅིག་དང་ནི་དུར་ཁྲོད་དང་། །ཁྱིམ་སྟོང་དང་ནི་བཞི་མདོ་དང་། །མཆོད་རྟེན་འགྲམ་དང་ལྷ་ཁང་འགྲམ། །ཐིབས་པོ་ལམ་སྲང་གཉིས་པ་དང་། །སྐྱེད་མོས་ཚལ་དང་རི་ཡི་རྩེ། །ཆུ་ཡི་འགྲམ་མམ་ནགས་ཚལ་དང་། །ལྷ་ཆེན་གྱི་ནི་གནས་ཀྱང་ རུང་།།བ་ལང་ལྷས་སམ་ཡུལ་གྱི་ས། །ཁྱད་པར་དུ་ནི་ཡུལ་གཙང་སར། །ཡང་ནི་ཡིད་ནི་རབ་འཇུག་པ། །དེར་ནི་དཀྱིལ་འཁོར་རབ་ཏུ་བྱ། །ཤར་དང་བྱང་ནི་དམའ་བའམ། །ཁ་དོག་སྣུམ་པར་རབ་ཏུ་བཟང་། །བ་ཚྭ་མེད་ཅིང་མ་གས་པ། །དང་པོར་མཁས་པས་བརྟག་པར་བྱ། །དག་ པའི་གཟུགས་ནི་རབ་བཟུང་སྟེ།།དེ་ཉིད་གསུམ་བརྗོད་ས་ལ་ནི། །ལག་གིས་བརྡབ་པ་དག་ཏུ་བྱ། །རབ་འགྱུར་ལྷ་མོ་སྦྲན་པར་བྱ། །སྐྱོབ་བ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ ཡིས།།ཇི་ལྟར་བདུད་ཀྱི་ཚོགས་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །གསེར་གྱི་མདོག་དང་ལྡན་པ་ཡི། །ས་ཡི་ལྷ་མོ་ཇི་བཞིན་དུ། །ས་ལས་རབ་ཏུ་འཐོན་པ་ནི། །རྐང་བཀྲུ་མཆོད་ཡོན་མཉེས་པར་བྱས། །སྔོན་གྱི་དུས་ན་དེ་བཞིན་ གཤེགས།།ཤཱཀྱ་སེང་གེས་ས་འདིར་ནི། །སྡེ་དང་བཅས་པའི་བདུད་བཏུལ་ནས། །ཆོས་རྣམས་མངོན་རྫོགས་སངས་རྒྱས་བཞིན། །དེ་ནས་རིག་འཛིན་ཅན་གྱིས་ནི། །སེམས་ཅན་དོན་དུ་དཀྱིལ་འཁོར་བྱེད། །ས་ཡི་ལྷ་མོས་དབང་མཛོད་ཅིག་།བདུད་རྣམས་ཞི་བར་མཛད་དུ་གསོལ། །ས་བསླང་ བའི་ཆོ་གའོ།
我來為您翻譯這段藏文: 梵文題目:Āryamañjuśrīguhyatantrasya Maṇḍalavidhiḥ 藏文題目:聖妙吉祥密續壇城儀軌 漢譯: 頂禮文殊師利! 首先應當修持 聖文殊音忿怒尊, 完成近修之後, 方可繪製其壇城。 此壇城能夠 賜予殊勝悉地, 令三界震動, 名為赤色餓鬼。 修行者首先 應當選擇場所, 此壇城何處 方能成就圓滿。 獨樹下或尸林中, 空宅或四衢道, 佛塔旁或寺院邊, 密林或雙道間。 花園中或山頂上, 水邊或森林中, 大天神廟亦可行, 牛神廟或聖地。 尤其在清凈之地, 或心生歡喜處, 于彼處應當 如法建立壇城。 東方與北方低矮, 潤澤色澤最佳, 無鹽且地未裂開, 智者先當觀察。 持取清凈相, 誦三真實語, 雙手拍打地, 召請地天女。 諸佛救護者, 行為殊勝法, 地波羅蜜多, 天女為我證。 如釋迦獅子 救主降魔眾, 我亦勝魔已, 繪製此壇城。 金色地天女, 從地涌現出, 獻上洗足水, 供養令歡喜。 往昔如來佛, 釋迦獅子尊, 於此降魔眾, 圓滿證菩提。 持明者為利, 眾生造壇城, 愿地天女助, 息滅諸魔障。 這是召請地天的儀軌。
།དེ་ནས་རིག་འཛིན་ནན་གྱིས་ནི། ས་ནི་ཡང་དག་སྦྱང་བར་བྱ། །ཁྲོ་བོ་ཡི་ནི་ང་རྒྱལ་གྱིས། །འབྱུང་བོའི་གཏོར་མ་བྱིན་ནས་ཀྱང་། །ང་ནི་རྡོ་རྗེ་འདི་མིང་སྟེ། །སློབ་མ་དག་དང་སེམས་ཅན་གྱི། །དོན་དུ་དཀྱིལ་འཁོར་ཆེན་པོ་ནི། །ཡི་དགས་ཕལ་ཆེན་ཞེས་བྱ་བཞེངས། །གང་ དག་ས་འདིར་གནས་པ་ཡི།།ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ནམ་མཁའ་ལྡིང་དང་ཤ་ཟའི་ཚོགས། །འབྱུང་པོ་མང་པོ་ཐམས་ཅད་ཀུན། །མཆོད་སྦྱིན་བདེན་པ་འདི་ལོང་ལ། །འདི་རུ་མ་གནས་གཞན་དུ་དེང་། །ཁྲོ་བོ་འབར་བའི་བཀའ་བྱུང་གིས། །སྐད་ཅིག་གིས་ནི་མྱུར་དུ་དེང་། །གང་དག་ བསམ་པ་དང་ལྡན་ཞིང་།།ཁྲོ་བོ་ཆེན་པོའི་བཀའ་གཅོག་པ། །མྱུར་དུ་འགྲོ་བར་མི་སེམས་ནི། །སྤྱི་བོ་ཚལ་བ་བརྒྱར་འགས་སོ། །ོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། བགེགས་ཀྱི་ཕྱོགས་ནས་བརྗོད་ནས་ཀྱང་། །ཁྲོ་བོ་འབར་བའི་བཞིན་གྱིས་ནི། །རྐང་ མཐིལ་ཧཱུཾ་ལས་རྡོ་རྗེ་མཆོག་།འབར་བས་བགེགས་ནི་བསྐྲད་པར་བྱ། །ས་ལ་སྔགས་ཆུ་གཏོར་ནས་ཀྱང་། །ས་ཡི་དབུས་སུ་ཁྲུ་གང་བརྐོ། །སོལ་བ་ལ་སོགས་རོ་དག་ནི། །བསལ་ནས་སྔགས་ཀྱི་ཆུ་ཡིས་གཏོར། །རིན་ཆེན་ལྔ་སྩོགས་གང་བ་ཡི། །བུམ་པའི་ནང་དུ་བཅུག་ནས་ཀྱང་། །རང གིས་ཀྱང་ནི་དགང་བར་བྱ།།དྲི་ཡི་ཆུ་ཡིས་གཏོར་བར་བྱ། །བ་ཡི་ལྔ་དང་ལྡན་པ་ཡི། །ལྕི་བས་ཀྱང་ནི་བྱུག་པར་བྱ། །དཀྱིལ་འཁོར་ཉིས་འགྱུར་ལྷག་ཙམ་དུ། །ཀུན་དུ་སྦྱོར་བ་བརྩམ་པར་བྱའོ། །ས་སྦྱང་བའོ། །དེ་ནས་མཁས་པས་སྟ་གོན་གྱི། །ལས་ནི་གཉིས་པ་རབ་ཏུ་བརྩམ། །ལྔ་ ཡི་རྫས་ལ་སྦྱར་བ་ཡི།།དྲི་ཡི་ཆུས་ནི་དཀྱིལ་འཁོར་བྱ། །དེ་ནས་ཙནྡན་དམར་པོས་ཀྱང་། །པདྨ་དག་གི་གཟུགས་སུ་བྱ། །ཡི་དགས་འཛིན་པའི་སྔགས་དག་གིས། །མེ་ཏོག་དམར་པོ་དབུས་སྩོགས་བཞག་།དེ་ནས་མཆོད་ཡོན་གཞག་པར་བྱ། །མེ་ཏོག་སྦུ་གུ་དྲི་ཞིམ་དང་། ། ག་ རུ་དང་སྦྱར་བ་ཡི།།གུ་གུལ་བདུག་པའང་དེ་བཞིན་ནོ། །མར་མེ་མར་གྱི་མར་མེ་མཆོག་།དྲི་ཡི་དོན་དུ་ཙནྡན་མཆོག་།ཙནྡན་དཀར་པོ་དམར་པོ་ཡི། །གཏོར་མ་ཉ་དང་ཤ་ལ་སོགས། །སྦྱར་ཐུག་ལ་སོགས་དེ་བཞིན་ནོ། །མེ་ཏོག་ཆུར་བཅས་ཨརྐ་དང་། །རས་ལ་སྩོགས་པ་ཐམས་ཅད་དོ།
我來為您翻譯這段藏文: 隨後持明者應當 認真清凈此地土, 以忿怒尊慢心, 獻上鬼神食子后。 我名為金剛某, 為利諸弟子及 一切眾生故, 建立大餓鬼壇城。 凡是住此地者, 天龍與夜叉眾, 乾闥婆金翅鳥, 羅剎諸部多眾。 請受此供養食, 莫住此地他處去, 忿怒尊令已出, 剎那速疾離此處。 若有具心者, 違背大忿怒令, 不速離此者, 頭顱當裂百片。 咒語:Oṃ akrote kāyamāntaka hana matha bhañja hūṃ phaṭ (嗡 阿克若帝 嘎雅曼達嘎 哈那 瑪他 班匝 吽呸) 向障礙方誦咒已, 以忿怒燃燒相, 足底吽字金剛尊, 燃燒驅除諸障礙。 灑咒水于地上已, 地中央掘一肘, 炭灰等諸垢物, 清除后灑咒水。 盛滿五寶等物, 置入寶瓶中已, 自己亦當注滿, 香水灑洗凈之。 具足五種牛物, 塗抹于其地上, 壇城二倍大小, 開始作諸事業。 此為凈地法。 隨後智者當, 開始第二個, 預備之事業。 以五物調和, 香水作壇城, 復以赤檀香, 作蓮花形狀。 以餓鬼咒語, 中央置紅花, 隨後當安置, 凈水作供養。 花朵及香管, 檀香和合之, 安息香薰香, 亦復如是作。 酥油燈最勝, 為香用勝檀, 白檀及紅檀, 食子魚肉等。 粥食等亦然, 花水阿迦花, 布等一切物。
།དེ་ ལྟར་དེ་ནི་ཚོགས་བསགས་ནས།།སློབ་དཔོན་གྱིས་ནི་ཁྲུས་བྱས་ནས། །སྨྱུང་བ་བྱས་ཏེ་མཉམ་གཞག་པས། །ཁྲོ་བོའི་བསྲུང་བས་བྱིན་གྱིས་བརླབ། །འདི་ལྟར་རྟོག་པ་ཞིབ་མོ་ལས། །གསུངས་པའི་རིམ་པས་ཁྲོ་བོ་ཉིད། །བསྐྱེད་དང་སྤྱན་དྲངས་ལ་སྩོགས་ཀྱིས། །ལྷ་དེ་འབད་དེ་ མཉེས་པར་བྱ།།དེ་ནས་འབད་དེ་གསོལ་བ་གདབ། །དཀོན་མཆོག་གསུམ་དང་རིགས་གསུམ་གྱི། །མགོན་པོ་དེ་བཞིན་གཤེགས་དང་བཅས། །གང་དག་རིགས་ཀྱི་ཁྲོ་བོའི་ཚོགས། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང་། །ཁྲོ་བོ་ཁྱོད་ལ་མཆོད་པའི་ ཕྱིར།།བདག་ནི་ནང་པར་དཀྱིལ་འཁོར་བགྱིད། །བྱིན་གྱིས་བརླབ་ཅིང་གནང་མཛད་ཅིང་། །ཐུགས་རྗེས་རྗེས་སུ་གཟུང་དུ་གསོལ། །ཞེས་ལན་གསུམ་བརྗོད་དོ། །ལྷ་གནས་པའི་རིམ་པའོ། །གསེར་སོགས་རིན་ཆེན་ལས་བྱུང་བའི། །བུམ་པ་བཟང་པོ་མ་ཉམས་པའི། །ཁྲུས་ཀྱིས་ གཙང་མར་བྱས་པ་ཡི།།དྲི་ཡི་ཆུས་ཀྱང་བྱུག་པར་བྱ། །མཚན་ཉིད་ལྡན་པའི་བུམ་པ་གཉིས། །པདྨའི་སྟེང་དུ་བེ་ཅོན་དང་། །ལས་ཀྱི་རྒྱ་གྲམ་བྲི་བར་བྱ། །གཙང་མའི་གོས་ཀྱིས་མགུལ་པ་དཀྲི། །དང་པོ་འོད་གསལ་རྒྱུ་ལས་ནི། །ཁ་དོག་དཀར་པོ་བཾ་ལས་བྱུང་། །ཇི་བཞིན་དབྱིབས་སུ་[(]བསྐྱིད་[,]བསྐྱེད་[)]་ ནས་སུ།།དེ་ཡི་ནང་དུ་པདྨ་བསམ། །པདྨའི་ལྟེ་བར་ཉི་མ་ལ། །ཧཱུཾ་ལས་བྱུང་བའི་ཁྲོ་བོ་བསྐྱེད། །ཁྲོ་བོ་གཉིས་པོ་དེ་དག་ནི། །རང་མཚན་ཁ་དོག་ལྡན་པར་བྱ། །སྤྱན་དྲངས་ནས་ནི་རབ་བཅུག་ནས། །མཆོད་ཡོན་ལ་སོགས་དེ་ལ་དབུལ། །སོ་སོའི་སྙིང་པོ་བརྒྱ་རྩ་བརྒྱད། །བཟླས་ནས་ཆུ་ཡི་ རང་བཞིན་དུ།།ཁྲོ་བོ་གཉིས་ཀ་གྱུར་པར་བསམ། །རིན་ཆེན་སྨན་ལ་སྩོགས་པ་དང་། །དཔག་བསམ་ཤིང་སྩོགས་ཁ་རྒྱན་བྱས། །བུམ་པ་གནས་པའི་ཆོ་གའོ། །སློབ་མ་གནས་པའི་ཆོ་ག་དག་།གཞན་དུ་རྟོག་པ་ཞིབ་ལས་བཤད། །དེ་བས་འདིར་ནི་དེ་བཞིན་ནོ། །སྤྱི་ཡི་ལས་ཀྱིས་གནས་པར་ བྱ།།འོན་ཀྱང་རང་གིས་ཆོ་ག་དག་།ཅུང་ཟད་འདི་དག་སྦྱར་བར་བྱ། །སློབ་མ་སྨྱུང་བར་བྱས་ནས་ཀྱང་། །ཁྲུས་ཀྱི་ཆོ་ག་ལེགས་བྱས་ཏེ། །ཁྲོ་བོས་བསྲུང་བ་བྱིན་བརླབས་ནས། །བླ་མ་ལ་ནི་གསོལ་བ་གདབ། །དཔའ་བོ་ཆེན་པོ་དེང་གསོན་ཅིག་།བདག་ནི་འཁོར་བས་སྐྱོ་བ་དང་། །སེམས་ཅན་ཀུན་ལ་ ཕན་པའི་ཕྱིར།།གསུམ་ལ་སྐྱབས་སུ་འགྲོ་བ་གསོལ། །དཀྱིལ་འཁོར་ལྷ་ལ་དེ་བཞིན་ནོ། །ཁྱད་པར་དུ་ནི་སློབ་དཔོན་ལའོ།
我來為您翻譯這段藏文: 如是積聚資糧已, 阿阇黎沐浴后, 持齋入等持中, 以忿怒護加持。 如是細密續中, 所說次第忿怒尊, 生起及迎請等, 勤勉令其歡喜。 隨後勤行祈請言: 三寶及三部主, 如來諸尊及, 一切部忿怒眾。 祈請垂念於我, 為利諸弟子及, 供養忿怒尊, 我明日作壇城。 祈請加持並開許, 大悲攝受於我。 (此句誦三遍) 此為諸尊安住法。 金等珍寶所成, 善妙無損寶瓶, 以凈水洗凈已, 復以香水塗抹。 具相二寶瓶, 蓮花上畫杵, 及畫業十字, 潔凈布纏頸。 初從光明因, 白色 “班” 字生, 如是形相中, 其內觀蓮花。 蓮花臍日上, 吽字生忿怒, 彼二忿怒尊, 具足自相色。 迎請入瓶已, 獻上凈水等, 各誦本心咒, 一百零八遍。 觀想二忿怒, 化為水自性, 寶珠藥等物, 如意樹為飾。 此為寶瓶安置法。 弟子安住儀軌, 他處細續中說, 故此依彼而行。 以共業安住, 然自之儀軌, 稍作此配合。 弟子持齋已, 善作沐浴法, 忿怒護加持, 向師作祈請: 大勇士今請聽! 我厭離輪迴, 為利諸眾生, 祈請皈依三。 壇城尊亦然, 特別于師長。
།བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །སྔགས་ཀྱི་སྤྱོད་དང་བརྟུལ་ཞུགས་གང་། །དེ་བཞིན་བདག་ནི་བསྒྲུབ་པར་འཚལ། །ཐར་ཆེན་གྲོང་དུ་འཇུག་པར་འཚལ། །བློ་ ཆེན་གྱིས་ནི་བསྐྱབ་དུ་གསོལ།།སློབ་མའི་ཚིག་གསན་བླ་མ་བཟང་། །བརྩེ་བས་བུ་ལ་མངོན་ཕྱོགས་ནས། །དང་བའི་བཞིན་གྱིས་འདི་སྐད་སྨྲ། །བུ་གཅིག་འདིར་ཤོག་ཐེག་ཆེན་གྱི། །ཁྱོད་ནི་ཚུལ་ཆེན་སྣོད་གྱུར་ཏེ། །རིག་པ་འཛིན་པ་སྤྱོད་བའི་ཚུལ། །ཁྱོད་ལ་ཡང་ནི་བཤད་པར་བྱ། །དུས་གསུམ་བྱོན་ པའི་སངས་རྒྱས་རྣམས།།སེམས་ཅན་ཕན་ཕྱིར་གང་བཞུགས་པ། །ཀུན་གྱིས་ཐབས་ཆེན་སྔགས་ཀྱི་ནི། །ཆོ་ག་མཁྱེན་ནས་ཐམས་ཅད་མཁྱེན། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །གསང་སྔགས་སྤྱོད་པ་མཉམ་མེད་པ། །བདུད་ཀྱི་ཚོགས་རྣམས་འདུལ་བྱེད་པ། ། ཁྱོད་ཀྱིས་བློ་གྲོས་འདི་གྱིས་ཤིག་།དེ་སྐད་སྤྲོ་བ་བསྐྱེད་ནས་སུ། །སློབ་མས་ཕྱག་འཚལ་ལ་སོགས་པ། །ཡན་ལག་བདུན་པའི་སྨོན་ལམ་བྱའོ། །དེ་ནས་སློབ་དཔོན་གྱིས་སྡོམ་པ་དཔོག་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ལ། །ཁྱོད་ཀྱིས་སྐྱབས་སུ་འགྲོ་བར་གྱིས། །དཀྱིལ འཁོར་ལྷ་དང་སློབ་དཔོན་དག་།ཁྱོད་ཀྱིས་རྟག་ཏུ་གཟུང་བར་བྱ། །སེམས་ཅན་ཐམས་ཅད་སྒྲོལ་བྱེད་པའི། །བྱང་ཆུབ་སེམས་ནི་མཉམ་མེད་པ། །ཡང་དག་བརྟན་པོར་གཟུང་བར་བྱ། །རིག་པ་འཛིན་པའི་སྡོམ་པ་གཟུང་། །སྲོག་ཆགས་གསོད་དང་མ་བྱིན་ལེན། །འདོད་པ་བརྫུན་རྣམས་མི བྱའོ།།ཉེས་པ་ཀུན་གྱི་རྩ་བ་ཡི། །ཆང་ནི་བཏུང་བ་སྤང་བར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་ཉེས་པ་རྣམ་བཞི་དང་། །ཡིད་ཀྱི་རྣམ་གསུམ་བསྲུང་བར་བྱ། །སེམས་ཅན་འཚེ་བ་མ་ལུས་སྤང་། །སེམས་ཅན་དོན་ལ་མངོན་དགའ་ཞིང་། །ཐེག་པ་ཆེན་པོའི་ལམ་ལ་ གནས།།དམ་པ་ཉེ་བར་མཉེས་པ་དང་། །འདུལ་བའི་དོན་ནི་མ་ལུས་བྱ། །ལྷ་དང་ལྷ་མིན་གསང་བ་པ། །དེ་ལ་བརྙས་པར་མི་བྱའོ། །ཕྱག་རྒྱ་བཞོན་པ་མཚོན་ཆ་རྣམས། །འགོམ་པའམ་བརྫི་བར་མི་བྱའོ།
我來為您翻譯這段藏文: 祈請賜我菩提心, 密咒行持諸律儀, 如是我願修持之, 愿入大解脫城中, 祈請大智護佑我。 善師聞此弟子語, 慈悲面向其子時, 以喜悅顏如是言: 獨子來此大乘法, 汝為大法之法器, 持明行者之行儀, 我今為汝宣說之。 三世一切諸佛陀, 為利眾生而安住, 皆以大方便密咒, 知曉儀軌成正覺。 是故為證遍智故, 無等密咒之行持, 降伏一切魔眾者, 汝當以智如是行。 如是令生歡喜已, 弟子禮拜等諸事, 當作七支祈願文。 爾後上師授戒言: 于佛法僧三寶前, 汝當皈依而行持, 壇城諸尊及上師, 汝當恒時而依止。 度脫一切諸有情, 無等菩提心妙寶, 應當堅固而受持, 受持持明之律儀。 不殺生命不偷盜, 不淫慾及不妄語, 一切過失之根本, 飲酒之事當遠離。 身之三業及口業, 四種過失意三業, 皆當守護而不犯, 斷除一切害眾生。 歡喜利益諸有情, 安住大乘道法中, 令聖者生歡喜心, 成辦一切調伏事。 天眾非天密咒眾, 于彼不應生輕蔑, 手印坐騎諸兵器, 不應跨越或踐踏。
།སྤྱོད་དང་བརྟུལ་ཞུགས་གསང་བ་གང་། །གསང་བ་བརྟུལ་ཞུགས་ བརྟན་པོར་གྱིས།།སློབ་མ་བརྟན་པོ་རབ་དང་བས། །ཇི་སྐད་གསུངས་པའི་སྡོམ་པ་ཀུན། །འཁོར་བས་སྐྱོ་བའི་ཡིད་བཞག་ནས། །ངེས་པར་ལེགས་པའི་དོན་དུ་གཟུང་། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མང་པོ་ཀུན་ནས་བཤགས། །དགེ་བ་ཀུན་ལ་ཡི་རང་ ངོ་།།སངས་རྒྱས་བྱང་ཆུབ་གཟུང་བར་གྱིས། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །མཉམ་མེད་བྱང་ཆུབ་སེམས་ནི་བསྐྱེད། །སེམས་ཅན་མ་ལུས་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །སེམས་ཅན་མ་བསྒྲལ་དཔག་མེད་པ། །མྱ་ངན་ འདས་ལ་དགོད་པར་བྱ།།ལུས་ངག་ཡིད་ཀྱི་ཉེས་རྣམས་བསྡམས། །བག་མེད་ཆང་རྣམས་བཏུང་བ་ཡང་། །ཐེག་པ་དམན་ལ་འདོད་མི་བགྱི། །ལྷ་དང་ལྷ་མིན་གསང་བ་པ། །བླ་མ་བརྙས་པར་མི་བྱའོ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་ལ་སོགས་མི་འགོམ་མོ། །རིག་པ་འཛིན་ པའི་སྡོམ་པ་ཀུན།།ཚུལ་ཆེན་སྔགས་པས་གསུངས་པ་ཀུན། །ཀུན་ནས་ཀུན་དུ་གཟུང་བར་བགྱི། །ལས་དང་བཀའ་སྩལ་མ་ལུས་བགྱི། །སྤྱི་གཙུག་ལ་སོགས་གནས་རྣམས་སུ། །ཁྲོ་བོའི་སྔགས་རྣམས་གཞག་པར་བྱ། །སོ་ཤིང་སྲུང་སྐུད་དེ་བཞིན་སྦྱིན། །ཀུ་ཤའི་སྟན་ལ་ཆོ་ག་བཞིན། ། སློབ་མ་གནས་པའི་ཆོ་གའོ། །ཇི་ལྟར་རིམ་པར་དཀྱིལ་འཁོར་ལ། །མཆོད་ཡོན་ལ་སོགས་ཕུལ་ནས་ཀྱང་། །ཡིད་ཀྱིས་ནམ་མཁར་བཞུགས་ནས་ནི། །ནད་པར་མཁས་པས་ཐིག་གདབ་པོ། །དཀར་པོ་དམར་པོ་སྔོན་པོ་ཡི། །ཁ་དོག་གསུམ་པའི་སྐུད་པ་ནི། །རས་བལ་ལ་སོགས་བཙོས པས་བྱ།།སྟོང་པ་རྒྱུ་ལས་ཡི་གེ་གསུམ། །སོ་སོའི་ཆ་རུ་བསྐྱེད་ནས་ཀྱང་། །སྐུ་གསུང་ཐུགས་དག་བསམ་པར་བྱ། །ནམ་མཁར་གནས་པའི་དེ་བཞིན་གཤེགས། །ཡེ་ཤེས་ཐིག་སྐུད་བཀུག་སྟེ་གཞུག་།དྲི་ཡི་ཕྱོགས་ལ་སོགས་པས་མཆོད། །གཉིས་སུ་མེད་པའི་སྔགས་ཀྱིས་ནི། ། ཐིག་སྐུད་སུམ་སྒྲིལ་མཛེས་པ་ཡིས། །མཁས་པས་ཐིག་བཏབ་ཕུན་སུམ་ཚོགས། །ཤར་གྱི་སྒོ་རུ་གནས་ནས་ཀྱང་། །ཁྲོ་བོའི་སྐུར་ནི་རང་བྱས་ནས། །སྔགས་ཀྱི་ཡི་གེ་དགོད་པར་བྱ། །གཡོན་གྱི་ཁུ་ཚུར་ལྟེ་བར་བསྟེན། །ལས་ཀྱི་ཁྲོ་བོར་བསམས་ནས་སུ། །ཐོག་མར་ཤར་ནས ནུབ་དུའོ།།དེ་འོག་ལྷོ་ནས་བྱང་དུ་སྟེ། །ནམ་མཁར་ཐིག་གཉིས་གདབ་པར་བྱ། །ཕྱོགས་བཅུ་ན་བཞུགས་དེ་བཞིན་གཤེགས། །འགྲོ་དོན་དུས་ལ་བབ་པར་བསྐུལ། །དེ་ནས་ཡང་ནི་དེ་བཞིན་ཏེ། །ཐིག་སྐུད་དེ་ནི་ཕྱོགས་མཚམས་ནས། །ཤར་ལྷོ་ཡི་ནི་མཚམས་ནས་ཀྱང་། །ནུབ་ནས་ བྱང་གི་མཚམས་དག་ཏུ།།ཐིག་གིས་རབ་ཏུ་ཚད་བྱས་ཏེ། །གྲུ་བཞི་པར་ནི་ཐིག་གདབ་བོ།
我來為您翻譯這段藏文: 一切秘密行與律, 堅固秘密律儀持, 堅定弟子極虔誠, 如是所說諸律儀, 心生厭離輪迴已, 為求究竟善妙持。 皈依三寶作依怙, 懺悔一切諸罪業, 隨喜一切諸善根, 受持佛陀菩提道。 如三世間諸怙主, 決定趣向菩提果, 發起無等菩提心, 為度無餘諸眾生。 我當受持諸律儀, 無量未度諸有情, 當令安置涅槃中, 防護身語意過失。 放逸飲酒諸行為, 不慕小乘之法行, 天眾非天密咒眾, 不應輕慢諸上師。 手印坐騎諸兵器, 標幟等物勿跨越, 一切持明之律儀, 大法密咒師所說, 一切時處當受持, 事業教敕皆奉行。 頂髻等處諸部位, 應當安置忿怒咒, 賜予齒木護身線, 如法安坐吉祥草, 此為安置弟子法。 如是次第于壇城, 獻上凈水等供品, 意觀諸尊住虛空, 智者應當畫壇線。 白色紅色及藍色, 三色所成之線繩, 以棉等物染色成, 空性因中三字生。 各自部分觀想已, 當觀身語意清凈, 虛空安住如來尊, 迎請智慧線入住。 以香等物作供養, 無二咒語所加持, 三股線繩極莊嚴, 智者圓滿畫壇線。 安住東門之處所, 自身化現忿怒身, 應當安置咒文字, 左拳安置臍輪處。 觀想事業忿怒尊, 首從東向西方畫, 其後南向北方畫, 虛空應畫二條線。 十方安住如來尊, 勸請利生時已至, 複次如是而安布, 彼線從於方隅間。 東南方位為起始, 西方乃至北方隅, 以線善作度量已, 應畫方形之壇城。
།རིམ་པ་གཅིག་པ་མཛེས་པ་ལ། །སྒོ་བཞི་དག་གིས་མཛེས་པར་བྱ། །དཀྱིལ་འཁོར་དང་ནི་འཚམ་པ་ཡི། །དབུས་སུ་པདྨོ་བྲི་བར་བྱ། །པདྨོ་དང་ནི་ཕྱོགས་བཞིའི་སྒོ། །ཐེ་ཚོམ་མེད་པར་ མཉམ་པར་བྱ།།སྙིང་པོ་མཛེས་པའང་དེ་བཞིན་ཏེ། །ཐམས་ཅད་ཆོ་ག་བཞིན་དུ་གདག་།ཆོ་ག་བཞིན་དུ་དཀྱིལ་འཁོར་དེ། །ཀུན་དུ་ཐིག་གིས་བཏབ་ནས་ཀྱང་། །མཆོད་ཡོན་བཞེངས་ཏེ་རབ་ཏུ་གཤེགས། །ཡི་གེ་གསུམ་དང་མྱུཿཡིས་དགྲོལ། །ོཾ་ཨཱཿཧཱུཾ་མུཿདུར་ཁྲོད་ རྫས་ཀྱི་ཐལ་བས་ནི།།ཕྱི་ནས་ཀུན་དུ་བྲི་བར་བྱ། །ཡི་དགས་ཕལ་ཆེན་གསང་མཆོག་ནི། །དཀྱིལ་འཁོར་མཁས་པས་ནུབ་མོ་བྲི། །ཁྲུ་གང་ལ་སོགས་རིམ་པ་ནས། །ཁྲུ་ནི་བརྒྱད་པའི་བར་དུ་སྟེ། །དེ་ལས་ལྷག་པ་ཡོང་མི་བྲི། །ལས་ཀྱི་རིམ་པ་སོ་སོར་བྲི། །དུར་ཁྲོད་ཐལ་བས་ སྦྱར་བའི་ཚོན།།ཁ་དོག་གསུམ་ནི་བཅོས་པར་བྱས། །སྟོང་པ་ཉིད་ཀྱི་རྒྱུ་ལས་ཏེ། །ཁ་དོག་གསུམ་ནི་ཡི་གེས་བསྐྱེད། །ཡེ་ཤེས་ཚོན་དག་བཀུག་ནས་ཀྱང་། །གཉིས་མེད་བྱས་ལ་མཆོད་ཡོན་དབུལ། །ཁྲོ་བོའི་ཡི་གེ་དག་བཟླས་ལ། །རིམ་པ་བཞིན་དུ་བྲི་བར་བྱ། །ཆོས་ཀྱི་དབྱིངས་ ཀྱི་རང་བཞིན་གྱིས།།སེམས་ཅན་ཁམས་ནི་སྒྲོལ་བར་བྱེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །གཤིན་རྗེ་གཤེད་ནི་མཆོག་གི་གནས། །དབང་ལྡན་ཕྱོགས་སུ་ཁ་དོག་གསུམ། །ཇི་བཞིན་ལེགས་པར་བྲིས་ནས་ཀྱང་། །ཁྲོ་བོའི་སྔགས་ཀྱིས་བརྟག་པར་བྱ། །ཉེས་པ་ ཀུན་ལས་རྣམ་གྲོལ་བའི།།ཚོན་གྱི་ལས་ནི་དེ་ནས་བརྩམ། །དབུས་སུ་ལེགས་པར་གཞག་ནས་ཀྱང་། །ཁྲོ་བོས་ཀྱང་ནི་བྱིན་གྱིས་བརླབ། །དེ་ཉིད་གསུམ་གྱི་གསང་སྔགས་བཟླས། །དེ་བཞིན་ཐིག་ལས་གསུམ་བྲི་སྟེ། །དབུས་ཀྱི་པདྨོ་གསེར་གྱི་མདོག་།འདབ་མ་དག་ནི་ དམར་པོས་བརྒྱན།།སྙིང་པོ་ཟེ་བ་མཛེས་པ་དེ། །གསེར་གྱི་ཁ་དོག་བཞིན་དུ་བྱ། །ཐམས་ཅད་དུར་ཁྲོད་ཐལ་བས་བསྐོར། །སྒོ་དང་ཕྱོགས་མཚམས་ལ་སོགས་པ། །རིགས་ནི་དབྱེ་བས་ཕྱེ་བར་བྲི། །རྟ་བབས་མེ་ཡི་ཕྲེང་བའི་མཐར། །ཐམས་ཅད་རིགས་ཀྱི་ཁ་དོག་བྱ། །ལྷོ་ཕྱོགས་ ཀྱི་ནི་སྒོ་ཕྱེ་ལ།།ལྷག་མ་རྣམས་ནི་བཅད་པར་བྲི། །གཞན་ཡང་ཡི་དགས་ལྷག་པ་ཡི། །པདྨོའི་ལྟེ་བར་བྲི་བར་བྱ། །དེ་བཞིན་ཕྱོགས་སྒོ་ནང་དག་དང་། །ཕྱོགས་རྣམས་དེ་དག་ཐམས་ཅད་དུ། །ཡི་དགས་བཞི་དང་མགོ་མེད་དོ། །དུར་ཁྲོད་ཐལ་བས་སྤགས་ཏེ་བྲི། །བྱང་ཤར་ལ་ སོགས་གྲཝ་རྣམས་སུ།།མཁས་པས་བེ་ཅོན་ཕྱག་རྒྱ་བྲི། །གལ་ཏེ་བྲི་བར་མི་ནུས་ན། །ཡི་དགས་ཕལ་ཆེན་དབུས་དག་ཏུ། །པདྨ་ལྔ་བྲིས་གང་ཡིན་པའོ། །དེ་ཡི་སྟེང་དུ་ཡི་དགས་ནི། །ཡི་དགས་ཀྱི་ནི་སྔགས་མཆོག་གིས། །བསམ་པ་དག་ནི་བྱས་ཀྱང་རུང་། །གྲཝ་ཡི་དབྱུག་པ་བཞི་པོ་ཡང་། སྔགས་ཉིད་ཀྱིས་ནི་བསམ་པར་བྱ། །དེ་བཞིན་སྔགས་ཀྱིས་ཐམས་ཅད་བྱའོ།
我來為您翻譯這段藏文: 一重莊嚴之壇城, 四門莊嚴為嚴飾, 與壇城相稱合宜, 中央應畫蓮花相。 蓮花與及四方門, 毫無疑慮當等同, 心要莊嚴亦如是, 一切如法而安布。 如法佈置此壇城, 周遍畫線安布已, 獻上凈水請離去, 三字咒及姆字解。 嗡阿吽姆(ōṃ āḥ hūṃ muḥ)以尸林, 灰燼遍佈而描畫。 餓鬼大眾最勝密, 智者夜晚畫壇城。 從一肘尺等次第, 乃至八肘為限度, 不可過此而描畫, 各別事業次第畫。 尸林灰燼調和色, 三色應當善調製, 從於空性因中生, 三色由咒字生起。 迎請智慧色已后, 無二供奉凈水供, 誦持忿怒咒字已, 次第而畫諸壇城。 法界自性本然中, 度脫一切眾生界, 一切如來諸尊眾, 勝處即是閻魔敵。 西北方位三種色, 如實善妙描繪已, 以忿怒咒作觀察, 遠離一切諸過失。 色彩事業始於此, 善巧安置於中央, 復以忿怒作加持, 誦持三諦密咒語。 如是畫三重界線, 中央蓮花金色相, 花瓣嚴飾以紅色, 心間蕊處極莊嚴。 應如金色而描畫, 尸林灰燼遍環繞, 門與方隅等諸處, 依部類別而區分。 門楣火焰鬘邊際, 一切部族依色畫, 開啟南方之門戶, 余門畫作關閉狀。 複次殊勝餓鬼相, 應畫蓮花中心處, 如是方門內部分, 及諸方位一切處。 四餓鬼與無頭者, 調和尸灰而描畫, 東北等處諸角隅, 智者畫杵手印相。 若不能作此描畫, 大餓鬼于中央處, 畫五蓮花為標誌, 其上觀想餓鬼相。 以彼殊勝餓鬼咒, 作意觀想亦可行, 四角杵相亦當以, 咒語本身而觀想, 如是一切依咒行。
།གལ་ཏེ་དྲི་བར་ནུས་ཀྱང་ནི། །སྔགས་ཉིད་སྟེང་དུ་གཞག་པར་བྱ། །སྒོ་ཡི་ཡི་དགས་བཞི་པོ་ཡང་། །སྔགས་ཀྱིས་བྱིན་གྱིས་བརླབ་པར་གསུངས། །དཀྱིལ་འཁོར་བྲི་བའི་ཆོ་གའོ། །དཀྱིལ་འཁོར་རྫོགས་པར་ཤེས་ནས ནི།།རྣམ་རྒྱལ་ཁྲོ་བོའི་བུམ་པ་ནི། །ལྷོ་ཡི་སྒོ་ཡི་དབུས་སུ་གཞག་།ལས་ཀྱི་བུམ་པ་བྱང་ཤར་ཏེ། །བགེགས་སྲུངས་ཞེས་ནི་བརྗོད་ལ་གཞག་།མར་མེ་མར་གྱི་རྒྱུ་ལས་ཏེ། །སྙིང་པོ་འཇམ་པ་བརྒྱད་ཀྱིས་བསྐོང་། །ལྷ་བཤོས་དག་ཀྱང་དེ་ཡི་གྲངས། །བདུག་པ་མཆོག་དང་ཨ་ག་རུ། །དེ་ཡི་ གྲངས་སུ་མཉམ་པར་གཞག།།ཙནྡན་དཀར་དམར་དེ་བཞིན་བླང་། །མཆོད་པའི་ཁྱད་པར་གཞན་ཡང་སྟེ། །ཐམས་ཅད་ཆོ་ག་བཞིན་དུ་གཞག་།ཉ་དང་ཤ་དང་ཟན་དྲོན་ཚོགས། །ཁྱད་པར་གཏོར་མ་དག་ཀྱང་གཞག་།ཡི་དགས་ཕལ་ཆེན་ཕྱི་རོལ་དུ། །ཆུ་དང་བཅས་པའི་མེ་ཏོག་གཞག་། ཇི་ལྟར་ཆོ་ག་ཞིབ་མོ་བཞིན། །ཕུན་སུམ་ཚོགས་པའི་ཡོ་བྱད་གཞག་།གནས་དང་གནས་སུ་དེ་བཞིན་བརྒྱན། །དེ་འོག་སློབ་དཔོན་བདག་ཉིད་ཀྱིས། །ཁྲུས་ཀྱི་ཆོ་ག་བྱས་ནས་ཀྱང་། །རང་གི་སྙིང་པོ་སྔགས་ཀྱིས་ནི། །ཐམས་ཅད་ཡན་ལག་སྔགས་ཀྱིས་བྱ། །སྨྱུང་བས་བྱང་ཆུབ་སེམས ལྡན་པས།།ཇི་ལྟར་རིམ་པས་བསྐྱེད་ནས་ཀྱང་། །མཇུག་ཏུ་ཁྲོ་བོ་གཤིན་རྗེ་གཤེད། །སྔགས་བརྗོད་པས་ནི་སྤྱན་དྲངས་ནས། །རང་གི་སྙིང་པོས་བཞུགས་སུ་གསོལ། །ཡི་དགས་ཀྱི་ནི་སྤྱི་བོར་ཡང་། །མེ་ཏོག་དམར་པོ་བཞག་པར་བྱ། །བློ་ལྡན་གྱིས་ནི་ཁྲོ་བོ་ལའོ།
我來為您翻譯這段藏文: 若能夠作涂香事, 應當置咒于其上, 四門餓鬼諸尊眾, 說以咒語作加持。 此為壇城畫法儀。 了知壇城圓滿已, 勝利忿怒寶瓶者, 安置南門之中央, 事業寶瓶東北方, 誦說護障咒安置。 燈燭以油為材料, 柔和心咒八數滿, 神饈數量亦如是, 最勝香料與沉香, 數量相等而安置。 取用白紅旃檀香。 其他殊勝諸供品, 一切如法而安置, 魚肉熱食會供聚, 殊勝朵瑪亦安置, 大餓鬼于外圍處, 置水及花為供養。 如同細緻儀軌中, 圓滿資具當安置, 處處如是作莊嚴, 其後阿阇黎自身, 沐浴儀軌作已后, 以自心要咒語者, 一切支分以咒成。 具足齋戒菩提心, 如其次第生起已, 最後忿怒閻魔敵, 誦咒迎請降臨已, 以自心咒請安住。 于彼餓鬼頂髻處, 應當安置紅色花, 智者對於忿怒尊。
།དེ་ནས་ཙནྡན་དམར་ བོ་དབུལ།།ཙནྡན་གྱིས་ནི་གཏོར་བ་ཡི། །མེ་ཏོག་སྔགས་ཀྱིས་དབུལ་བར་བྱ། །དེ་ནས་གཙོ་བོའི་སྙིང་པོས་དབུལ། །འབྱུང་པོའི་གཏོར་མ་ཁྲོ་བོ་ལ། །ཕུལ་ནས་ཡི་དགས་ཕལ་ཆེན་གྱི། །ཕྱི་རོལ་དུ་ནི་མཁས་པ་ཡིས། །སྨེ་གཏོར་རྣམས་ཀྱང་དབུལ་བར་བྱ། །དེ་ནས་གཙོ་བོའི་སྙིང་པོ་ཉིད། ། བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །ཁྲོ་བོའི་གཙོ་ལ་ཕྱོགས་ནས་ནི། །དེ་ནས་ཡང་ནི་བདུག་པ་འབུལ། །ཆོ་གས་ཁྲུས་བྱས་སྨྱུང་བ་ཡི། །སློབ་མ་དག་གི་བསོད་ནམས་ཀྱང་། །སྔགས་ཀུན་གྱིས་ནི་གཟི་བྱིན་བསྐྱེད། །ཁྲོ་བོ་ཡི་ནི་སྙིང་པོ་ཡི། །ལག་གཉིས་མེ ཏོག་བྱིན་ནས་ནི།།གོས་ཀྱིས་གདོང་ནི་གཡོགས་པར་བྱ། །ཁྲོ་བོའི་སྔགས་ཀྱིས་སྒོ་དྲུང་གཞག། །བླ་མ་རྡོ་རྗེ་འཆང་གིས་ཀྱང་། །མཚོག་མ་སྤྱི་གཙུག་ལ་སོགས་ལ། །སྔགས་རྣམས་མ་ལུས་གཞག་པར་བྱ། །བསང་གཏོར་སྔོན་འགྲོ་དེ་བཞིན་ཏེ། །རིན་ཆེན་གསེར་སྩོགས་ཡོན་ མཆོག་དག་།འབད་པས་བླ་མ་ལ་ཕུལ་ནས། །འཇུག་པའི་སྔོན་དུ་གསོལ་བ་གདབ། །འདི་ནི་དངོས་གྲུབ་ཐོབ་པའི་རྒྱུ། །སངས་རྒྱས་ཀུན་གྱིས་རབ་སྤྲུལ་པའི། །བླ་མ་ལ་ནི་ཕྱག་འཚལ་ཏེ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་དཀྱིལ་འཁོར་འཇུག་པར་འཚལ། །འཇམ དཔལ་ཁྲོ་བོ་མི་བཟད་པ།།དེ་ཡི་དཀྱིལ་འཁོར་དམ་པ་མཆོག་།ཡི་དགས་མང་པོ་ཞེས་བྱའི་ཕྱིར། །བདག་གིས་སློབ་མ་གཞུག་པར་བགྱི། །ོཾ་ཨཱཿཧཱུཾ་ཞེས་པས་བསྐུལ་བར་བྱའོ། །དེ་ནས་སློབ་མ་བདག་ཉིད་དངོས་གྲུབ་ཀྱི་སྣོད་དུ་བྱ་བའི་ཕྱིར་ན་འདི་དག་བྱ་སྟེ། །བླ་ན་མེད་པའི་སངས་ རྒྱས་དང་།།ཆོས་དང་བྱང་ཆུབ་སེམས་དཔའི་ཚོགས། །འགྲོ་བ་མ་ལུས་པ་ཡི་སྐྱབས། །བདག་ནི་གསུམ་ལ་སྐྱབས་སུ་མཆི། །དེ་ནས་སྐྱབས་ནི་གསུམ་པོ་དང་། །དཀྱིལ་ན་གཤིན་རྗེ་གཤེད་གཅིག་པུ། །དཔའ་བོ་ཁྲོ་བོ་མི་བཟད་པ། །དེ་དག་ཀུན་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ དང་ཁྲོ་བོ་ནི།།རྟག་ཏུ་བདག་ནི་མཆོད་པར་བགྱིད། །བླ་མ་ལ་ཡང་དེ་བཞིན་དུ། །སྒོ་གསུམ་དང་བའི་སེམས་ཀྱིས་མཆོད། །དཀྱིལ་འཁོར་ལ་མེ་ཏོག་གཏོར་རོ། །ལུས་ཀྱི་ཉེས་པ་གསུམ་རྣམས་དང་། །ངག་གི་བཞི་པོ་ཉེས་པ་སྤྱད། །ཡིད་ཀྱི་ཉེས་སྤྱད་གསུམ་པོ་སྟེ། །ལུས་ཀྱི་སྒྲིབ་ པ་མ་ལུས་བཤགས།།སངས་རྒྱས་སྲས་བཅས་འཕགས་པ་ཡི། །ཐར་པར་བྱས་པའི་དགེ་བ་དང་། །ཐམས་ཅད་ཐར་བར་གྱུར་པ་ཡི། །བདག་གཞན་དགེ་ལ་ཡི་རང་ངོ་། །ས་བོན་མཆོག་ལས་རང་བྱུང་བའི། །ཐར་པར་གྱུར་པའི་དགེ་བའི་ཚོགས། །སེམས་ཅན་མྱ་ངན་འདས་པའོ།
我來為您翻譯這段藏文: 隨後獻上紅旃檀, 以旃檀香作灑凈, 以咒供養諸花朵, 復以主尊心咒獻。 向忿怒尊獻部多, 朵瑪供已大餓鬼, 于其外圍智者當, 獻上諸般零散供。 其後誦持主尊咒, 應當持誦一百八。 面向忿怒主尊已, 隨後復獻香供養。 如法沐浴具齋戒, 弟子福德亦復然, 以諸咒語生威光。 以忿怒尊心咒者, 雙手授予花朵已, 應當以衣覆其面。 忿怒咒置門前處, 金剛持師上師亦, 于眉心頂髻等處, 應當安置諸咒語。 灑凈朵瑪為前行, 珍寶黃金勝供品, 精勤獻與上師已, 入壇之前作祈請: 此為成就獲得因, 諸佛化現之上師, 我今頂禮敬禮已, 為諸眾生利益故, 我今祈願入壇城。 文殊忿怒大威猛, 彼之殊勝聖壇城, 為度眾多餓鬼故, 我今引導諸弟子。 以”嗡阿吽”作勸請。 其後為使弟子成為成就法器故當如是行: 無上佛陀與正法, 菩薩聖眾大會眾, 一切眾生之皈依, 我今皈依三寶尊。 其後三種皈依及, 壇中唯一閻魔敵, 勇士忿怒大威猛, 于彼一切作頂禮。 三寶忿怒尊眾前, 我當恒時作供養, 于師亦復如是行, 三門凈信心供養。 向壇城散花供養。 身之三種諸過失, 語之四種諸過患, 意之三種諸過失, 身之障礙盡懺悔。 諸佛菩薩聖眾之, 解脫所作諸善業, 一切解脫所成就, 自他善業生隨喜。 從勝種子自生起, 解脫所成善資糧, 愿諸眾生得涅槃。
། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ། །ཕྱོགས་བཅུའི་ཞིང་རྣམས་དག་པར་ནི། །སེམས་ཅན་ཕན་ཕྱིར་གང་བཞུགས་རྣམས། །ཐབས་ཀྱིས་མྱ་ངན་འདའ་བཞེད་པ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །མ་སྨིན་པ་རྣམས་སྨིན་པ་དང་། །སྨིན་པ་གྲོལ་བར་བྱ་བའི་ཕྱིར། །དམ་ཆོས་བདུད་རྩི་འབྱུང་བ་ཡི། ། གསུང་ནི་དུ་མར་བསྒྲག་པར་མཛོད། །དེ་ནས་སློབ་དཔོན་གྱིས་སྔར་གྱི་སྡོམ་པ་ཐམས་ཅད་བརྗོད་དེ་སྦྱིན་པར་བྱའོ། །སློབ་མས་ཁས་བླངས་པ་བརྗོད་པས། །སྡོམ་པ་མ་ལུས་གཟུང་བར་བྱ། །དེ་རིང་ཕན་ཆད་བུ་ཁྱོད་ནི། །དེ་བཞིན་གཤེགས་པའི་རིགས་སུ་ཞུགས། །ང་ཡི་ཡེ་ཤེས་ཆེན་པོ་སྦྱིན། ། དེ་ཡིས་དངོས་གྲུབ་མཆོག་ཐོབ་འགྱུར། །གང་དག་དཀྱིལ་འཁོར་མ་ཞུགས་ལ། །གསང་བ་འདི་ནི་སྨྲ་བ་མིན། །བག་མེད་སེམས་ཀྱིས་སྨྲས་གྱུར་ན། །དངོས་གྲུབ་ཅུང་ཟད་ཐོབ་མི་འགྱུར། །དེ་ནས་དམ་ཚིག་ཆུ་བླུད་དེ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན སྲེག་པར་བྱེད།།དམ་ཚིག་བསྲུངས་ན་དངོས་གྲུབ་འཐོབ། །འཐུང་ཅིག་རྡོ་རྗེའི་དམ་ཚིག་ཡིན། །དྲི་དང་མེ་ཏོག་ལྡན་པའི་ཆུས། །ལག་པ་གཡས་པས་བླུད་པར་བྱས། །ོཾ་ཨཱཿཧཱུཾ། དུས་འདི་ཉིད་ནས་བུ་ཁྱོད་ཀྱི། །དེ་བཞིན་གཤེགས་པ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་ བཀའ་སྩལ་མཆོག་།མཉན་དང་བསྒྲུབ་པ་དག་ཀྱང་གྱིས། །ཁྱོད་ནི་ནམ་ཡང་ང་ལ་ནི། །མ་དད་པ་ཡི་སེམས་རྣམས་སྤང་། །སློབ་མ་མོས་པ་མེད་པ་ཡིས། །དངོས་གྲུབ་རིང་བར་རྒྱལ་བས་གསུངས། །ཇི་ལྟར་དངོས་གྲུབ་ཐོབ་མི་ཐོབ། །རྒྱུད་ལས་འབྱུང་བཞིན་ཕྲ་རྣམས་བརྟག་།ལས ཀྱི་བྱ་བ་རབ་འཇུག་པ།།རིམ་པ་འདི་ལས་ཤེས་པར་འགྱུར། །སློབ་མ་མཚན་ལྡན་ཉེས་སྐྱོན་མེད། །ཤིན་ཏུ་བཀྲུས་ཏེ་རྒྱན་གྱིས་བརྒྱན། །བ་ཡི་རྣམ་ལྔ་བླུད་ནས་ནི། །དེ་འོག་སྨྱུང་བར་གང་གནས་པ། །ཞིམ་པའི་དྲི་ཡིས་ལུས་ལ་བྱུག་།གོས་དང་རྒྱན་གྱིས་བརྒྱན་པར་བྱས། ། ཤར་གྱི་ཕྱོགས་སུ་ཁ་བལྟས་ལ། །ཀུ་ཤའི་སྟན་ལ་གཞག་པར་བྱ། །དེ་ཡི་ལག་གཉིས་སྙིམ་པའི་ནང་། །ཙནྡན་གཏོར་མའི་མེ་ཏོག་སྦྱིན། ། གར་ནག་པོའི་དུ་བས་ཀྱང་། །དེ་ནས་མྱུར་དུ་སྔགས་བརྗོད་དེ། །སྒྲུབ་པའི་ཆོ་ག་འདི་ཡིས་ནི། །སྣོད་ལ་དབབ་པའི་ལས་བྱའོ།
我來為您翻譯這段藏文: 迴向證得大菩提。 十方清凈諸剎土, 為利眾生諸住者, 方便欲入涅槃者, 祈請住世勿涅槃。 為令未熟令成熟, 已熟眾生得解脫, 妙法甘露涌現之, 祈請廣演諸言教。 其後上師應宣說先前一切戒律並授予。 弟子應當作承諾, 受持一切諸戒律。 從今以後汝子當, 已入如來之種姓。 我授汝大智慧法, 以此當得勝成就。 于未入壇城者前, 不應宣說此秘密。 若以放逸心宣說, 些許成就亦難得。 其後令飲誓水言: 此乃汝之地獄水, 破誓則當被燒燬, 守誓則得諸成就。 飲此金剛三昧耶, 以具香花之凈水, 右手持水令其飲。 “嗡阿吽”。 從此時起汝子當, 知我即是如來尊, 我所宣說諸勝教, 當善聽聞並修行。 汝於我前任何時, 應當遠離不信心。 弟子若無敬信心, 佛說成就遠離之。 如何能得與不得, 當依經續察微細, 諸業事業善趣入, 從此次第當了知。 具相弟子無過失, 善加沐浴飾莊嚴, 飲用五種牛乳已, 其後住于齋戒中。 以妙香涂其身軀, 衣飾莊嚴善裝扮。 面向東方而安坐, 應置其于吉祥草。 雙手掌中奉獻上, 旃檀朵瑪與花朵。 以黑芝麻煙燻已, 隨後速疾誦咒語。 以此修法儀軌者, 當作擇器灌頂業。
། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཡ་མཱནྟ་ཀ་ཀྲྀཎྜི་ཨ་བེ་ཤ་ཧཱུཾ་ཕཊ། སྣོད་ལ་བབས་གྱུར་དེ་ནས་ནི། །དགེ་དང་མི་དགེ་དྲི་བར་བྱ། །འབྱུང་བ་བྱུང་བ་བདེན་པར་སྨྲ། །སེམས་ཅན་ཆེན་པོ་འདི་གྱིས་ལ། །འདི་མིན་ཞེས་ནི་རྗོད་པར་བྱེད། །དེ་ནས་ཁྲོ་བོ མཆོག་དེ་ལ།།མེ་ཏོག་ལྡན་པའི་ཨརྒྷ་དབུལ། །དེ་ནས་བདེ་གཤེགས་བསྟན་པ་ཡི། །དམ་ཚིག་ཀྱང་ནི་བསྟན་པར་བྱ། །སྣོད་ཀྱིས་ཐོས་ནས་དེ་ནས་སུ། །དེ་བཏང་ནས་ནི་ས་ལ་འགྱེལ། །རིག་པ་ཁྲོ་བོ་གཤིན་རྗེ་གཤེད། །གྲུབ་པ་དེ་ལས་བཞུད་པར་འགྱུར། །དེ་ལས་སློབ་ མས་མེ་ཏོག་ནི།།གཤིན་རྗེ་གཤེད་ལ་གཏོར་བ་ནི། །རང་གི་སྙིང་པོས་མེ་ཏོག་ཉིད། །དཀྱིལ་འཁོར་ལ་ནི་གཏོར་བར་བྱ། །ོཾ་ཨཱཿཧཱུཾ། ལྷོ་ཕྱོགས་སྒོ་ནས་དེ་བཞིན་ཏེ། །དེ་ནས་གདོང་རས་བསལ་ནས་ཀྱང་། །དབྱུག་པའི་ཕྱག་རྒྱ་བསྟན་པར་བྱ། །དེ་ནས་དཀྱིལ་འཁོར་དེ་བཞིན་ ཏེ།།དེ་བཞིན་གཤེགས་པས་དེ་རིང་ཉིད། །ཁྱོད་ནི་ནན་ཏན་མིག་ཕྱེ་སྟེ། །ང་ཡིས་ཇི་བཞིན་མིག་ཕྱེ་བས། །མི་བཟད་དཀྱིལ་འཁོར་མཐོང་བར་གྱིས། །ོཾ་ཨཱཿཧཱུཾ། དེ་ནས་བེ་ཅོན་གྱི་ཕྱག་རྒྱ་བསྟན་པར་བྱ་སྟེ། དཀོན་མཆོག་གསུམ་གྱི་དམ་ཚིག་ནི། །མངོན་པར་བསྟན་པ་སྔར་བྱས་ ནས།།ལག་པ་གཡས་པ་ཆོ་ག་བཞིན། །ལེགས་པར་རབ་ཏུ་བཅིང་བར་བྱ། །རིག་འཛིན་དག་གིས་རྟག་པར་ནི། །ལག་པའི་སོར་མོ་ཐམས་ཅད་ཀྱིས། །མཐེ་བོང་ལེགས་པར་སྤྲས་ནས་ནི། །རབ་ཏུ་བསྡམས་པ་བཟང་པོ་བཅིང་། །ཆོ་ག་ཤེས་པས་བེ་ཅོན་རྒྱ། །སྙིང་པོ་ སྔགས་སམ་ལོགས་ཤིག་ཏུ།།སྔགས་པ་ཕྱག་རྒྱའི་སྔགས་གྱིས་བཅིང་། །གཞན་དུ་ཡང་ནི་མ་ཡིན་ནོ། །ོཾ་ན་མོ་བུདྡྷ། དྷརྨྨཱ། སཾ་གྷ་བྷྱཿ། སཏྠ་ཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛ་ཡ། ཨ་གྣི་ཛྭ་ལི་ཏ་ཛི་ཧ་པྲ་ཏ་ཤྲཱི་རི་ཧཱུཾ་ཧཱུཾ་ཕཊ། དེ་ལྟར་བེ་ཅོན་ཕྱག་རྒྱ་དང་སྔགས་བསྟན་ནས་དཀྱིལ་འཁོར་ ཡང་ཡི་དགས་ཕྲེང་བ་ལ་སོགས་པ་ཐམས་ཅད་བསྟན་པར་བྱའོ།།དེ་ནས་སློབ་དཔོན་བདག་ཉིད་ཀྱིས། །བསྟན་པའི་བེ་ཅོན་རྒྱ་བཅིངས་ནས། །ལྷོ་ཕྱོགས་སྒོ་ནས་སློབ་མ་ཡིས། །དྲི་སོགས་མཆོད་པ་མ་ལུས་དབུལ། །དེ་ནས་སྔགས་པ་དབང་བསྐུར་ལ། །ཆུ་དང་མེ་ཏོག་བཅས་པ་ཡི། ། སྙིང་པོ་གདབ་པའི་བུམ་པ་ཡིས། །ཁྲོ་བོས་དབང་བསྐུར་མཆོག་སྦྱིན་ནོ།
我來為您翻譯這段藏文,其中包含的咒語如下: 第一段咒語: 嗡阿克若得卡雅曼達卡哈納瑪塔班扎吽雅曼達卡克仁迪阿貝夏吽啪德 (ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཡ་མཱནྟ་ཀ་ཀྲྀཎྜི་ཨ་བེ་ཤ་ཧཱུཾ་ཕཊ) (ॐ अक्रोतेकयमान्तक हन मथ भञ्ज हूं यमान्तक कृण्डि अवेश हूं फट्) (oṃ akrote kaya māntaka hana matha bhañja hūṃ yamāntaka kṛṇḍi aveśa hūṃ phaṭ) 正文翻譯: 已入法器后即應, 詢問善惡諸因緣, 所生一切皆實語, 此大有情當如是, 若非如此當宣說。 其後于彼勝忿怒, 獻上具足花供養。 其後善逝教法中, 三昧耶戒當宣說。 法器聞已其後時, 放開倒地即昏迷。 明咒忿怒閻魔敵, 成就從彼當離去。 其後弟子以花朵, 散於閻魔敵尊前, 以自心咒散花朵, 應當散於壇城中。 “嗡阿吽”。 從南門入亦如是, 其後除去面巾已, 應當示現杖印契。 其後壇城亦如是, 如來於今日為汝, 殷重開啟智慧眼, 如我所開汝眼目, 當見難忍之壇城。 “嗡阿吽”。 其後當示金剛杵印: 三寶誓戒之儀軌, 如前顯示宣說已, 右手如法作儀軌, 應當善妙繫縛之。 持明諸尊恒常時, 以手一切諸指頭, 善巧莊嚴大拇指, 極善縛結為勝印。 知曉儀軌金剛印, 心咒或於他處中, 咒師以印咒縛之, 其餘一切皆非是。 最後咒語: “嗡那摩布達 達爾瑪 桑嘎貝 薩塔塔嘎塔克若達比扎雅 阿格尼作利塔吉哈帕塔西日吽吽啪德” (ོཾ་ན་མོ་བུདྡྷ། དྷརྨྨཱ། སཾ་གྷ་བྷྱཿ། སཏྠ་ཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛ་ཡ། ཨ་གྣི་ཛྭ་ལི་ཏ་ཛི་ཧ་པྲ་ཏ་ཤྲཱི་རི་ཧཱུཾ་ཧཱུཾ་ཕཊ) (ॐ नमो बुद्ध धर्म संघभ्यः सत्थ तथागत क्रोध विजय अग्नि ज्वलित जिह प्रत श्रीरि हूं हूं फट्) (oṃ namo buddha dharma saṃghabhyaḥ sattha tathāgata krodha vijaya agni jvalita jiha prata śrīri hūṃ hūṃ phaṭ) 如是示現金剛杵印及咒語后,應當示現壇城以及餓鬼串等一切。 其後上師自身當, 繫縛所示金剛印, 從南門前弟子應, 獻上香等諸供養。 其後咒師灌頂時, 具足凈水與花朵, 以彼種子水瓶中, 忿怒尊賜勝灌頂。
།ོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བཉྫ་ཧཱུཾ་ཕཊ། དེ་ནས་ཁྲོ་བོའི་སྙིང་པོ་ཡིས། །ཆོ་ག་བཞིན་དུ་དབང་བསྐུར་ལ། །བདུག་པ་མེ་ཏོག་ཕྲེང་ལྡན་པར། །སྙིང་པོ་དེ་ལ་སྦྱིན་པར་བྱ། །ོཾ་ཨ་ཀྲོ་ཏེ་ཀ་ཡ་ལ་སོགས། །སྔགས ཀྱི་དོན་ནི་བཅུ་བདུན་པ།།ཁྲོ་བོ་དེ་ཉིད་ཀྱིས་གསུངས་པ། །དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །ཁྲོ་བོ་དྲན་པར་བྱ་ཞིང་བཟླས། །གཞན་ཡང་སྔགས་ཀྱི་སྤྱོད་པའི་མཆོག་།སྨྱུང་བར་བྱང་ཆུབ་སེམས་ལྡན་ལས། །སྐྱེ་བོ་མེད་བའི་ནགས་ཚལ་དུ། །རུ་རགྴ་ཡི་ཕྲེང་ཐོགས་ཤིང་། །ལག་པ་དྲི་ཡིས་བྱུགས་ནས་ ཀྱང་།།ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །འཇིག་རྟེན་ལྷ་ལ་ཕྱག་མི་འཚལ། །གླང་པོ་ལ་ཡང་ལམ་མི་བཟུར། །རྒྱལ་པོ་ལ་ཡང་ཕྱག་མི་བཙལ། །བགྲོད་དཀའ་བ་ནས་བགྲོད་པར་བྱེད། །ཁྲོ་བོ་འབའ་ཞིག་སེམས་བྱེད་ཅིང་། །སྤྱོད་དང་བརྟུལ་ཞུགས་བརྟེན་པར་གྱིས། །ཞེས་བརྟུལ་ ཞུགས་སྦྱིན་པར་བྱའོ།
我來為您翻譯這段藏文,首先是開頭的咒語: 嗡阿克若得卡雅曼達卡哈納瑪塔班扎吽啪德 (ོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བཉྫ་ཧཱུཾ་ཕཊ) (ॐ अक्रोतेकयमान्तक हन मथ भञ्ज हूं फट्) (oṃ akrote kaya māntaka hana matha bhañja hūṃ phaṭ) 完整中文翻譯: 其後以彼忿怒尊, 心咒如法作灌頂, 具足香花及瓔珞, 心咒應當賜予彼。 “嗡阿克若得卡雅”等, 咒義共有十七種, 忿怒尊自所宣說, 從今以後汝當知, 忿怒尊當唸誦之。 複次咒語行中勝, 具足菩提心齋戒, 于彼無人之林中, 手持人骨珠鬘已, 涂香于手復如是, 無有疑慮當成就。 世間天神不頂禮, 大象亦不避其道, 國王亦不行禮敬, 難行之處皆能行。 唯當憶念忿怒尊, 行持誓願當依止。 如是應當賜誓願。
།དེ་ནས་སློབ་མ་དབང་ཐོབ་དེས། །གཤིན་རྗེ་གཤེད་ནི་ཁྲོ་བོ་ཡི། །ཚུལ་ལས་བདག་ནི་དོན་ཡོད་དེ། །ལྷ་ཁྱོད་ཀུན་ལ་བདེ་མཛད་པ། །ཁྲོ་བོ་ཁྱོད་ནི་བདག་གིས་མནོས། །མནོས་ཞེས་ཁྲོ་བོ་མེ་ཏོག་གཏོར། །དེ་ནས་སློབ་མས་ཕྱག་བྱས་ཏེ། །ཅི་ནུས་ཡོན་མཆོག་དབུལ་བར་ བྱ།།སྔགས་པས་བླ་མ་མཆོད་བྱས་ན། །དངོས་གྲུབ་འགྲུབ་འགྱུར་གཞན་དུ་མིན། །སློབ་མ་སྙིང་པོ་བྱིན་ནས་ནི། །ཕྲེང་བ་ཙནྡན་ལ་སོགས་པས། །མཆོད་ནས་དེ་ཡི་འོག་ཏུ་ནི། །ཕྱི་རོལ་དུ་ནི་སྔར་བཞག་པའི། །དྲི་ཆུ་ལ་སོགས་བཀང་བའི་སྣོད། །དེ་ནས་མཆོད་པ་ཕུལ་ནས་ནི། །འཇམ་ དབྱངས་ཁྲོ་བོ་མི་བཟད་པ།།མཐུ་རྩལ་དྲག་པོ་སླར་ཡང་གཏང་། །དེ་བཏང་བ་ཡི་འོག་ཏུ་ནི། །དཀྱིལ་འཁོར་དུ་ཡང་མཆོད་ཡོན་དབུལ། །རྒྱ་ཆེར་ས་ཡི་དཀྱིལ་འཁོར་ནི། །དངོས་གྲུབ་མཚུངས་མེད་འདོད་པ་ཡི། །རིག་སྔགས་འཆང་གིས་དེ་ལྟར་ནི། །མཆོད་པ་དེ་ལྟར་ལེགས་པར་བྱ། ། སྣོད་ནི་གསེར་སོགས་རིན་ཆེན་དུ། །ཚོན་རྩི་ལེགས་པར་བསྡུ་བར་བྱས། །གཙང་མའི་ཆུ་བོ་ལ་སྩོགས་པོར། །ཕྱི་ནས་ཀྱང་ནི་རྣམ་ལྔས་བྱུག་།ཚུལ་ཆེན་རྒྱུད་ལས་གསུངས་པ་ཡི། །དཀྱིལ་འཁོར་འཇུག་པའི་ཆོ་ག་བྱས། །ཆུང་ཟད་དགེ་བ་གང་ཐོབ་འདིས། །འཇམ་དཔལ་ཁྲོ ་བོའི་གནས་ཐོབ་ཤོག་།
我來為您翻譯這段藏文: 然後得授灌頂者, 閃殺忿怒尊之法, 我今已得此意義, 天尊于眾作安樂, 忿怒尊我已領受。 言畢散花獻忿怒, 其後弟子作頂禮, 盡己所能獻勝供。 若修咒者供上師, 悉地成就非他途。 授予弟子心咒已, 以旃檀等諸瓔珞, 供養之後複次第, 先前置於外界中, 盛滿香水等容器。 其後獻供複次第, 文殊忿怒不可忍, 威力猛烈復遣回。 遣回之後複次第, 壇城之中獻供水。 廣大地之曼荼羅, 欲求無等之悉地, 持明如是而修持, 供養如是善修行。 容器金等諸珍寶, 善聚塗料而莊嚴, 清凈河流等處所, 其後復以五種涂。 大法續中所宣說, 修持入壇之儀軌, 以此所得微善根, 愿證文殊忿怒位。
D2668
འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་།སློབ་དཔོན་དོན་ཡོད་པའི་ཞབས་ཀྱིས་མཛད་པ་རྫོགས་སོ། །[་]@##། །རྒྱ་གར་སྐད་དུ། བྷ་ག་ཝཱཾ་མཉྫུ་ཤྲཱི་གྷོ་ཥ་སྱ་ཀྲོ་དྷ་ཡ་མཱནྟ་ཀ་ཧོ་མ་བི་དྷིཿ། བོད་སྐད་དུ། བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱི་ཁྲོ་བོ་གཤིན་རྗེ་གཤེད་པོའི་སྦྱིན་སྲེག་གི་ཆོ་ག་།བྱང་ཆུབ་སེམས་དཔའ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །དེ་ལ་དུ་མ་དང་རྫས་སོ་སོར་བྱ་བ་ནི་སྤྱིར་གསལ་ལོ། །དེ་ལ་ཞི་བ་ལ་ནི་ཐབ་ཁུང་ཟླུམ་པོ་རྒྱར་ཁྲུ་གང་ལ་ཟབས་སུ་དེའི ཕྱེད་པར་བྱས་ཏེ།དཀར་པོར་བསྒྱུར་རོ། །རྒྱས་པ་ལ་དེའི་ཉིས་འགྱུར་དུ་བྱ་སྟེ། དབྱིབས་གྲུ་བཞི་སེར་པོར་བྱའོ། །དེ་གཉིས་ཀྱི་མུ་རན་ཡང་ཞི་བ་ལ་སོར་བཞིའི་འཕང་ལ་རྒྱས་པ་ལ་ཉིས་འགྱུར་རོ། །དབང་དང་དྲག་པོའི་སོར་བཅུའི་རྒྱ་དང་ལྔའི་ཟབས་སུ་བྱའོ། །ཁ་ཁྱེར་དང་མུ་རན་ནི་འཕང་ དུ་སོར་གསུམ་དུ་མཚུངས་སོ།ཁ་དོག་དམར་ནག་དང་སྔོན་པོ་ལ་དབྱིབས་ནི་ཟླ་བ་ཕྱེད་པ་དང་། གྲུ་གསུམ་ཡིན་ནོ། །ཐམས་ཅད་ཀྱི་ནང་དུ་པདྨ་འདབ་མ་བརྒྱད་པ་ལྟེ་བ་སེར་པོར་བྱའོ། །ལྟེ་བར་ཡི་དགས་འཛིན་པ་དང་། །འདབ་མ་དམར་པོ་ལ་མཚམས་ཀྱི་བཞིར་བེ་ཅོན་ནོ། །ཁ་ཁྱེར་ལ་ཞི བ་ལ་འཁོར་ལོ།།རྒྱས་པ་ལ་ནི་རིན་ཆེན། དབང་ལ་པདྨ་འདབ་རྒྱས། དྲག་པོ་ལ་རྩེ་གསུམ་མོ། །མུ་རན་ལ་ཡི་དགས་ཕྲེང་བར་མཚུངས་སོ། །དེའི་ཕྱི་རོལ་གྲུ་བཞི་སྒོ་བཞིར། ཡི་དགས་སོ་སོ་བར་སྦྲེལ་ཏེ། དཀྱིལ་འཁོར་གྱི་ལས་བཞིན་ནོ། །ཐབ་ཁུང་བརྩེགས་ནས་ནང་ཀུ་ཤ་ རྩེ་མོ་ཡང་ཕྱོགས་སོ་སོ་བར་བསྟན་ལ་བུད་ཤིང་སོ་སོ་བས་བྲིས་པའི་དབྱིབས་བཞིན་བརྩིག་གོ།།དེ་ནས་རྫས་སོ་སོ་བ་ཡང་གཡས་སུ་གཞག་པར་བྱ། །མཆོད་པ་སོ་སོ་གཡོན་དུ་གཞག་།མདུན་དུ་མར་སོ་སོ་བ་དང་། ཡོན་ཆུ་དང་གཟར་བུ་རྣམ་གཞག་གོ། །དེ་ནས་སྔགས་པས་གོས་ སོ་སོ་བ་གོན་ཏེ།།རྒྱན་ཡང་དེ་བཞིན་ནོ། །སྟན་སོ་སོ་བ་ལ་ཁ་ཡང་ཞི་བ་ཤར། རྒྱས་པ་ལྷོ། །དབང་ནུབ། དྲག་པོ་བྱང་དུ་བལྟས་ཏེ། སྒྲུབ་ཐབས་ཀྱི་གཞུང་ལ་འཇུག་པར་བྱའོ།
我來為您翻譯這段藏文: 聖文殊密續壇城儀軌,由阿阇黎阿摩伽波陀所造圓滿。
同部經論
與本文同名或相近的其他版本、科判、譯文與註疏。