菩薩藏佛教學會
20
背景
翻譯
下載 ▾

d2709如郭爾貢少年贊 獅子不動 智燃智慧光 戒勝

D2709

།འཕགས་པ་ངག་གི་དབང་ཕྱུག་གཙོ་འཁོར་ལྔ་པའི་བསྟོད་པ་པཎྜི་ཏ་ཐིག་ལེ་བུམ་པས་མཛད་པ་རྫོགས་སོ།།[་]@##། །རྒྱ་གར་སྐད་དུ། ན་པ་ཀུཾ་ཀུ་མ་སྟ་བ། བོད་སྐད་དུ། གུར་ཀུམ་གཞོན་ནུ་ལྟ་བུའི་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ ལོ།།གུར་གུམ་གཞོན་ནུའི་གེ་སར་མདངས་འདྲའི་སྐུ། །ལྷག་པར་ཆགས་ཤིང་མོས་པ་འཛིན་འདི་ནི། །འགྲོ་བ་རྗེས་སུ་ཆགས་པས་འདུལ་གཟིགས་ནས། །ཐུགས་རྗེ་ཉིད་ཀྱིས་གཞན་གྱི་དབང་དུ་བཟུང་། །ཆར་སྤྲིན་གཞོན་དང་ཟླ་བ་ལྟ་བུའི་ཞལ། །གཉིས་ཀྱི་བར་ན་གནས་པ་རབ་མཛེས་པ། །འཆར་ ཁའི་ཉི་མའི་ཟེར་གྱིས་ཕོག་པ་ཡི།།གསེར་གྱི་པདྨ་ལྟ་བུ་རོལ་པའི་ཞལ། །ཐུབ་པ་ཡན་ལག་དྲི་མེད་རིན་ཆེན་བརྒྱས། །བརྒྱན་ཅིང་ཡིད་འོད་འོད་ཟེར་རབ་འཕྲོ་བ། །ཆར་སྤྲིན་གཞོན་ནུ་གློག་གིས་བསྐོར་འདྲས་ནི། །སྤྲས་པ་ཁྱོད་ཀྱི་ཅོད་པན་སྟེང་ན་འཛིན། །འཆར་ཁའི་ཟེར་གྱིས་པདྨ་དམར་ཕོག་པའི། ། མདངས་འདྲ་དགེ་བའི་མཚན་དང་རྒྱན་གྱི་གཞི། །ཁྱོད་ཀྱི་ཕྱག་ན་རལ་གྲི་མདའ་དག་དང་། །ུཏྤལ་སྔོན་པོ་དང་ནི་གཞུ་དག་འཛིན། །ཁྱོད་ཀྱི་འོད་ཀྱི་ཕུང་པོས་ཕྱོགས་མཚམས་སུ། །ཐུབ་རྣམས་རབ་སྐྱེད་ཡོན་ཏན་རབ་རྒྱས་བྱས། །ཡང་ཡང་རབ་འཕྲོས་ཡང་ཡང་རབ་བསྡུས པས།།གདུལ་བྱའི་བློ་ཡི་མ་རིག་མུན་པ་འཇོམས། །བཅོམ་ལྡན་སྲིད་པའི་འཇིགས་པ་སེལ་མཛད་ལ། །ཚད་མེད་མཆི་མས་མིག་བརླན་བཀང་བྱས་ནས། །ཐལ་སྦྱར་སྤྱི་བཏུད་པ་སྤུ་ལངས་པ་ཡིས། །ཐུགས་རྗེ་ཅན་ལ་མོས་པས་གུས་ཕྱག་འཚལ། །སྲིད་པའི་སྡུག་བསྔལ་གྱིས་བསྡམས་འགྲོ་ གསུམ་པོ།།ཐུགས་རྗེ་ཆེན་པོས་འགྲེལ་བར་མཛད་པ་ལ། །ལུས་དང་བཅས་པས་ཕྱག་འཚལ་ངག་དང་ཡང་། །ཕྱག་འཚལ་ཡིད་ཀྱིས་གུས་པས་ཕྱག་འཚལ་ལོ། །ཁྱོད་འབངས་སྐྱེ་བོ་སྐྱབས་གཞན་མ་མཆིས་པས། །འདི་ནི་ཡང་དང་ཡང་དུ་སློང་ལགས་སོ། །བདག་ནི་སྐྱེ་བ་སྐྱེ་བར་ མགོན་ཁྱོད་ལ།།སྐྱབས་སུ་མཆི་ཡིས་སྲིད་པའི་སྡུག་བསྔལ་སོལ། །གུར་གུམ་གཞོན་ནུ་ལྟ་བུའི་བསྟོད་པ། སློབ་དཔོན་སེང་གེ་མི་གཡོ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ ་ལ་ཕབ་པའོ།

我來為您翻譯這段藏文: 《聖語自在主及五眷屬贊》,由班智達提格布巴所作圓滿。 梵文為:那巴貢貢瑪斯達巴 藏文為:如郭爾貢少年贊 頂禮文殊童子! 身色如同郭爾貢少年花蕊光芒, 以殊勝愛樂執持此相, 觀見以慈悲調伏眾生, 以大悲心攝受他眾。 面容如青雲與明月, 二者之間莊嚴殊妙, 宛如朝陽光芒照耀, 金蓮綻放般的妙顏。 佛陀無垢肢體以百寶, 莊嚴放射悅意光芒, 如青雲環繞閃電般, 裝飾您頭冠之上持。 如朝陽照射紅蓮般, 光澤似善相與莊嚴, 您手持劍與箭, 青蓮與弓亦執持。 您光明聚集遍十方, 生諸佛陀功德廣大, 反覆放射覆又收攝, 摧毀所化無明黑暗。 世尊消除輪迴怖畏, 無量淚水沾濕雙目, 合掌頂禮毛骨悚然, 虔誠禮敬大悲尊者。 三界眾生為輪迴, 苦痛所縛大悲解, 以身頂禮復以語, 頂禮意亦敬頂禮。 您的眷屬無他依, 故而再三祈請您, 愿我生生世世中, 依止怙主除輪苦。 《如郭爾貢少年贊》,由堪布獅子不動所作圓滿。 由印度堪布智燃智慧光(དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན)與大譯師比丘戒勝(ཚུལ་ཁྲིམས་རྒྱལ་བ)翻譯、校對並審定。