d2260俱產生就月護 智慧名
D2260
@##། །རྒྱ་གར་སྐད་དུ། ས་ཧཱ་ཛ་སིདྡྷི། བོད་སྐད་དུ། ལྷན་ཅིག་སྐྱེས་གྲུབ། སངས་རྒྱས་ལ་ཕྱག་འཚལ་ལོ། །དཔལ་ལྡན་རོལ་པ་ལྷ་མོ་ཆེ། །དེ་བཞིན་དཔའ་བོ་རྡོ་རྗེ་དཔལ། །དམ་ ཚིག་ཅེས་བྱ་རྡོ་རྗེ་དཔལ།།དེ་བཞིན་པདྨ་རྡོ་རྗེ་དཔལ། །དཔལ་ལྡན་ལྷན་ཅིག་སྐྱེས་རྡོ་རྗེ། །རྡོ་རྗེ་དང་ལྡན་བྲམ་ཟེ་མོ། །དེ་བཞིན་གྲུབ་པའི་རྡོ་རྗེ་དཔལ། །དཔལ་ལྡན་གཤིན་རྗེའི་རྒྱལ་པོ་འདིས། །དཔལ་ ལྡན་འཁོར་ལོ་སྔོན་བརྗོད་པ།།བླ་མ་དགེ་སློང་གཉིད་ལོག་པ། །དེ་བཞིན་གཞན་ཡང་གང་ཞིག་ལྷ། །དཔལ་ལྡན་ཀུན་འགྲོ་མགོན་པོ་དང་། །དེ་བཞིན་དཔལ་ལྡན་ཐུགས་རྡོ་རྗེ། །དཔལ་ལྡན་རོལ་པའི་ ལྷ་མོ་སོགས།།ཡང་དང་ཡང་དུ་ཀུན་ལ་འདུད། །དེ་རྣམས་ཞབས་ལ་ཕྱག་བྱས་ནས། །གཞུང་ལུགས་མཐའ་ནི་བརྗོད་པར་བྱ། །ཀུན་འགྲོའི་ལྷན་ཅིག་སྐྱེས་ཞི་བ། །རྟག་ཏུ་འབྱུང་ཞིང་རང་ལ་གནས། །དུས་ ཀུན་དུ་ནི་མི་ཟད་པ།།རྟོག་པས་བརྟགས་པ་སྤངས་པ་ཉིད། །རང་དང་ཕྱི་རོལ་ནང་ན་གནས། །ཕྱི་དང་ནང་ལས་མ་སྐྱེས་པ། །ཟུང་འཇུག་ཚིག་གི་དོན་དེ་ནི། །རྒྱུ་དང་མི་རྒྱུ་གནས་པ་ལས། །དུས་ཀུན་དུ་ནི་ཡང་དག་ གནས།།གཞུང་ལས་མ་གཏོགས་རྙེད་མི་འགྱུར། །གང་དང་མཚུངས་པ་སྐྱེས་པ་ནི། །དེས་ན་ལྷན་ཅིག་སྐྱེས་པར་བརྗོད། །ལྷན་ཅིག་སྐྱེས་པ་རྟོག་པ་མེད། །མི་རྟོག་ལས་སྐྱེས་ལྷན་ཅིག་སྐྱེས། །སངས་རྒྱས་རྣམས་ ལ་ལྷན་ཅིག་སྐྱེས།།རྫོགས་པའི་བྱང་ཆུབ་སྟེར་མཛད་པ། །རྟོག་ལས་ཕྱི་རོལ་ལྷན་ཅིག་སྐྱེས། །བླང་བྱ་དོར་བྱ་སྤངས་པ་ཉིད། །གང་རུང་ཇི་ལྟ་དེ་ལྟ་བུར། །དེ་ནི་འབད་པ་མེད་པས་འཐོབ། །ཐེ་ཚོམ་མེད་ཅིང་རྟོག་མེད་པ། །མངོན་སུམ་དུ་ནི་ རྙེད་པར་འགྱུར།།ཉིན་མཚན་བསྐལ་པ་དེ་བཞིན་ལོ།
我來為您翻譯這段藏文: 梵語:Sahajasiddhi 藏語:Lhan cig skyes grub 漢譯:俱產生就 頂禮諸佛! 吉祥遊戲大天女, 如是勇士金剛吉, 誓言名為金剛吉, 如是蓮花金剛吉。 吉祥俱生金剛尊, 具足金剛婆羅門, 如是成就金剛吉, 吉祥閻魔法王此。 吉祥輪已先宣說, 上師比丘入睡眠, 如是其他諸天眾, 吉祥普行怙主及, 如是吉祥意金剛, 吉祥遊戲天女等, 再三再四皆頂禮。 于彼足下作禮已, 當說教法之究竟。 普行俱生寂靜性, 恒常生起住自中, 一切時中無盡際, 遠離分別所執著。 安住自身內外中, 不從內外而生起, 雙運詞義即是此, 從於因非因住中, 一切時中善安住, 教法之外不可得。 與何相應所生者, 是故說為俱生性。 俱生離諸分別想, 無分別生即俱生, 諸佛皆具俱生性, 圓滿菩提能賜予。 超越分別俱生性, 遠離取捨之自性。 隨其所應如是性, 無須勤勉而獲得。 無有疑惑離分別, 現前即可得證悟。 日夜劫數如是年。
這一段結束和下一段開始連起來
這段藏文可以翻譯如下:
將能現前而獲得,
晝夜劫數及年歲,
或經百俱胝劫數,
於一切時無間斷,
終將證得俱生[智]。
離諸分別而現前,
佛說[此智]安住心。
這段偈頌主要講述了:
- 修行的時間長度(可能需要很長時間,甚至百劫)
- 修行的結果(獲得俱生智)
- 證悟的特徵(離分別、現前)
- 證悟的本質(安住於心)
其中”俱生”(ལྷན་ཅིག་སྐྱེས་པ)是密宗重要術語,指本俱、本有的智慧或大樂等境界。這段偈頌描述了通過持續不斷的修持,最終可以證得離諸分別的現
།བསྐལ་པ་བྱེ་བ་བརྒྱ་དག་གམ། །རྒྱུན་མི་འཆད་པའི་དུས་ཀུན་དུ། །ལྷན་ཅིག་སྐྱེས་པ་ཐོབ་པར་འགྱུར། །རྟོག་དང་བྲལ་ཞིང་མངོན་སུམ་པ། །རྒྱལ་བས་ཡིད་ཀྱི་ནང་གནས་གསུངས། ། རྟག་དང་ཆད་དང་བྲལ་བ་ཉིད། །མཚན་དང་མཚན་གཞི་སྤངས་པ་ཉིད། །གཞན་ཡང་སྙིང་རྗེ་མངོན་བརྗོད་པ། །ལྷན་ཅིག་སྐྱེས་པར་ཡོངས་བརྗོད་བྱ། །ལྷན་ཅིག་སྐྱེས་འདི་དངོས་རྣམས་ཀྱི། །རྒྱུ་དག་ཏུ་ནི་ཡོངས་སུ་བརྗོད། །ལ་ལ་བདག་ནི ལྷན་ཅིག་སྐྱེས།།ཁ་ཅིག་རྨོངས་པས་དབང་ཕྱུག་སྟེ། །བདག་བཅས་མ་ཡིན་བདག་མེད་པ། །རྟོག་པ་གཉིས་ནི་སྤངས་པ་ཉིད། །དེ་ནི་ཟུང་འཇུག་གོ་འཕང་དུ། །རྒྱལ་བས་ལྷན་ཅིག་སྐྱེས་པར་གསུངས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག་། དེ་ཉིད་མཆོག་ཏུ་མི་འགྱུར་བ། །དེ་ཉིད་ཀུན་ལ་ཁྱབ་པ་ཡི། །ལུས་ཀུན་ལ་ནི་རྣམ་པར་གནས། །བུད་མེད་བྱིས་པ་བ་ལང་རྫི། །ཀླ་ཀློ་དང་ནི་རིགས་ངན་དང་། །ཆུ་ཡི་ནང་གནས་སེམས་ཅན་དང་། །ལྷ་དང་གནོད་སྦྱིན་ཀླུར་བཅས་པའི། །དེ་རྣམས་ལྷན་ཅིག་སྐྱེས་མི་ཤེས། །འགྲོ་བའི་གྲོང་ཁྱེར་དག་ཏུ འཁྱམ།།སངས་རྒྱས་བདག་ཉིད་ལུས་ལ་ནི། །དངོས་གྲུབ་བདེ་བ་མི་ནུས་ཤིང་། །བདག་ཉིད་འཕྲོག་པའི་ཆོམ་རྐུན་ཏེ། །དེ་ཡིས་སྡིག་པ་མ་བྱས་སམ། །བདག་ཉིད་འདི་དག་གཞན་པ་ལ། །གཞན་དག་ཏུ་ནི་རྟོག་པར་བྱེད། །བདག་ཉིད་འཕྲོག་པའི་ཆོམ་རྐུན་ཏེ། །དེ་ཡིས་སྡིག་པ་མ་བྱས་སམ། ། བདག་ཉིད་ངེས་པར་སངས་རྒྱས་ཀུན། །མཛའ་བོ་ཐམས་ཅད་ཉིད་ཀྱང་ངོ་། །རང་གི་ལྷག་པའི་ལྷར་སྦྱོར་བས། །དེ་ཕྱིར་བདག་ཉིད་བསྒྲུབ་པར་བྱ། །ལུས་གནས་ལུས་ལས་མ་བསྐྱེད་པ། །རྟོག་པ་གཉིས་ནི་སྤངས་པ་སྟེ། །ཁྱབ་བྱ་ཁྱབ་བྱེད་ཚུལ་གྱིས་ནི། །དངོས་པོ་ཀུན་ལ་ཡང་དག་གནས། ། ལྷ་དང་ལྷ་མིན་ཀླུར་བཅས་དང་། །ཐུབ་པ་རྣམས་དང་དྲང་སྲོང་དང་། །བདག་ཏུ་འཛིན་པའི་མཐར་གནས་པ། །གླེན་པ་རྨོངས་པས་མི་ཤེས་སོ། །མཆོག་གི་གོ་འཕང་མི་ཤེས་ཕྱིར། །རྨོངས་པ་ཐམས་ཅད་ཉོན་མོངས་འགྱུར། །བསྐལ་པ་གསུམ་དུ་ངལ་བྱས་ནས། །བདག་ཉིད་གཅིག་པུ་འདུ བའོ།།རྣམ་པ་ཀུན་དུ་འདི་དག་མིན། །ཉན་ཐོས་པ་ཡི་བྱང་ཆུབ་འདོད། །དབུ་མའི་འདོད་ལུགས་གཞུང་གི་ཚུལ། །དེ་ནི་རྩོད་པ་ཀུན་ལ་མོས། །བསྐལ་པའི་ཡལ་གར་ངལ་བྱས་ཀྱང་། །དེ་ཡིས་ཀུན་ནས་མི་ཤེས་སོ།
我來為您翻譯這段藏文: 百俱胝劫或, 相續不斷諸時中, 將能證得俱生性。 遠離分別現量見, 佛說安住意識中。 遠離常斷之自性, 遠離能相所相性。 複次宣說大悲心, 應當稱說為俱生。 此俱生性諸事物, 普遍宣說為其因。 有說自我即俱生, 或有愚者說自在。 非有我非無我性, 遠離二種分別想。 彼即雙運之果位, 佛說此為俱生性。 彼即眾生之命根, 彼即無上不變性, 彼即遍及一切中, 安住一切諸身中。 婦女童子牧牛人, 野蠻人與下賤者, 水中所住諸有情, 天眾及與夜叉龍, 彼等不知俱生性, 流轉漂泊眾生城。 佛陀自性之身中, 不能成就樂悉地, 自性劫奪之盜賊, 彼豈不造諸罪業? 此等自性於他處, 執為他者而分別。 自性劫奪之盜賊, 彼豈不造諸罪業? 自性決定諸佛眾, 一切親友亦復然。 以修自勝本尊故, 是故應當修自性。 住身不從身所生, 遠離二種分別想, 以能所遍之方式, 善住一切諸事物。 天與非天及諸龍, 諸佛牟尼仙人眾, 住於我執邊際者, 愚癡迷昧不能知。 以不了知勝果位, 一切愚者成煩惱。 歷經三劫作勞苦, 唯一自性當會聚。 一切種中非此等, 聲聞欲求菩提果。 中觀宗義教法軌, 彼于諸諍皆信受。 縱于劫枝作勞苦, 彼亦終究不能知。
།ཐེག་ཆེན་ཤིན་ཏུ་ཡངས་པ་ལས། །རྒྱལ་བ་མཆོག་གིས་ སྔོན་གསུངས་པ།།འདི་ལྟར་གཅིག་པུ་ཉིད་ཀྱིས་ནི། །ཡང་དག་རྫོགས་པའི་བྱང་ཆུབ་མཆོག་།ཕྱག་ན་རྡོ་རྗེའི་རིམ་ལས་འོངས། །རྣ་བ་ནས་ནི་རྣ་བར་རྙེད། །གང་ལ་བྱང་ཆུབ་གཞུང་གནས་པ། །བླ་མ་དེ་ཡིས་འགྲོ་བ་སྒྲོལ། །བསྒོམ་བྱ་སྒོམ་བྱེད་འབྲེལ་པའམ། །ཡང་དང་ ཡང་དུ་བརྟགས་པ་ནི།།རྟོག་པ་བསྒོམ་པའི་བདག་ཉིད་ཀྱིས། །དངོས་གྲུབ་དོན་དུ་སྒྲུབ་པའི་ཐབས། །དེ་ཀུན་རྟག་ཏུ་རྣལ་འབྱོར་པས། །དོར་བ་ཉིད་དུ་ཡོངས་སུ་བརྟག། །དེ་བཞིན་དུ་ཡང་། །ཇི་སྲིད་ཇི་སྲིད་རྣམ་རྟོག་པ། །དེ་སྲིད་ཐམས་ཅད་ཀུན་ནས་བརྫུན། །གང་ཞིག་དེ་ཉིད་མ་བརྟགས་ པ།།དེ་བཞིན་ཡང་དག་དེ་བདེན་པ། །རྟེན་འབྲེལ་ལས་སྐྱེས་སྐད་ཅིག་མ། །ཁ་ཅིག་དངོས་གྲུབ་དབང་གཉིས་སྐྱེས། །བྱིས་པ་ཡུན་རིང་རྒན་སོགས་ཀྱིས། །འབད་པ་ཡིས་ནི་ཐོབ་མི་འགྱུར། །རྒྱུ་དང་བཅས་པའི་སྐད་ཅིག་མ། །འཁྲུལ་དང་རྣམ་པར་འཁྲུལ་འདྲ་མ། །ཁ་ཅིག་ ལོངས་སྤྱོད་རྫོགས་པའི་གཞུང་།།དེ་ནི་ལྷན་ཅིག་སྐྱེས་བརྗོད་མིན། །ལྟེ་བའི་དབུས་སུ་འཁོར་ལོ་མཆོག། །དེ་དབུས་གཟི་བརྗིད་གཟུགས་ཅན་ནི། །སྒྲུབ་པ་པོ་ཡིས་རྟག་བསྒོམས་པ། །དེ་ནི་ལྷན་ཅིག་སྐྱེས་བརྗོད་མིན། །སྤྱི་བོར་གནས་པའི་འཁོར་ལོ་ཆེ། །དེ་ལ་རེག་དང་བདེ་བ་ འབབ།།བྱ་བའི་རབ་ཏུ་སྦྱོར་བས་འཐོབ། །དེ་ནི་ལྷན་ཅིག་སྐྱེས་བརྗོད་མིན། །སྲོག་གི་རླུང་ནི་འགོག་པ་རུ། །འབད་པ་ཡིས་ནི་གང་ཞིག་བྱེད། །སྣ་ཡི་རྩེ་མོར་རབ་གཞུག་བྱ། །དེ་འགོག་པ་ཡིས་གང་ཐོབ་པ། །དེ་ནི་ལྷན་ཅིག་སྐྱེས་བརྗོད་མིན། །ཐུར་སེལ་རླུང་ནི་འགོག་པ་ ཡིས།།ལུས་ནི་གདུང་བ་བྱས་ནས་སུ། །ཡང་ནས་ཡང་དུ་གོམས་པར་བྱེད། །དེ་ནི་ལྷན་ཅིག་སྐྱེས་མི་བརྗོད། །མཉམ་གནས་ཆེད་བརྗོད་བརྒྱད་རྣམས་ཀྱིས། །གང་ཞིག་རླུང་ནི་འགོག་པ་རུ། །འབད་པ་ཡིས་ནི་གང་ཞིག་བྱེད། །དེ་ནི་ལྷན་ཅིག་སྐྱེས་བརྗོད་མིན། །ས་ལ་སོགས་པ་ གཟུང་བ་ཡིས།།སྒྲུབ་པོ་གང་ཞིག་ཐམས་ཅད་འདོད། །ཤིན་ཏུ་འབད་པས་སྒྲུབ་བྱེད་པ། །དེ་ནི་ལྷན་ཅིག་སྐྱེས་བརྗོད་མིན། །ཕྲ་མོའི་ཐིག་ལེ་རྣལ་འབྱོར་ནི། །ཁ་ཅིག་སྒྲུབ་པོས་སྒྲུབ་པར་བྱེད། །བསམ་གཏན་བསམ་བྱ་གང་ཡོད་པ། །དེ་ནི་ལྷན་ཅིག་སྐྱེས་བརྗོད་མིན། །བྷ་ག་ནང་ གནས་ཐིག་ལེ་ནི།།ཁ་ཅིག་སྒྲུབ་པོས་སྒྲུབ་པར་བྱེད། །དེ་ནི་རྟོག་བཅས་གོ་འཕང་སྟེ། །དེ་ནི་ལྷན་ཅིག་སྐྱེས་བརྗོད་མིན། །སྙིང་གའི་དབུས་སུ་བསམ་གཏན་ནི། །
我來為您翻譯這段藏文: 于廣大勝乘中, 最勝佛陀昔所說, 如是唯一性即是, 殊勝圓滿菩提果。 金剛手之次第來, 耳傳耳聞而獲得。 于彼菩提教住者, 上師彼能度眾生。 所修能修之關係, 反覆觀察分別者, 以彼分別修自性, 為求悉地修行法。 瑜伽士當恒常時, 應當觀察盡斷除。 如是複次: 乃至何時有分別, 爾時一切皆虛妄。 若於彼性未觀察, 如是真實即諦實。 緣起所生剎那性, 有說悉地二灌生, 愚童長老等諸人, 縱以勤勉不能得。 具因之性剎那間, 迷亂遍亂相似性, 有說圓滿受用教, 彼非所說俱生性。 臍中最勝之輪相, 彼中威光具相者, 修行者常所修習, 彼非所說俱生性。 頂輪安住大輪中, 彼觸安樂而流注, 以作事業加行得, 彼非所說俱生性。 于彼命氣遮止中, 以勤精進而修作, 鼻端之處善趣入, 以彼遮止所獲得, 彼非所說俱生性。 以遮下行風氣故, 令身受苦而修習, 反覆串習而修持, 彼非所說俱生性。 平住八種誦咒者, 若於風氣作遮止, 以勤精進而修作, 彼非所說俱生性。 以地等境所執取, 修行者欲一切法, 以極精進而修作, 彼非所說俱生性。 微細明點瑜伽者, 有修行者而修持, 凡有禪定所思維, 彼非所說俱生性。 住于秘處明點者, 有修行者而修持, 彼為有分別果位, 彼非所說俱生性。 於心中央作禪定,
སྙིང་གའི་དབུས་སུ་བསམ་གཏན་ནི། །ཡིད་འདོད་རྣམས་ཀྱིས་སྒོམ་པར་བྱེད། །དེ་ནི་རྟོག་བཅས་གོ་འཕང་སྟེ། །དེ་ནི་ལྷན་ཅིག་སྐྱེས་བརྗོད་མིན། །ལུག་དང་ སེར་སྐྱ་དག་དང་ནི།།དེ་དབུས་ལ་གནས་ཡིད་བཟང་མ། །དེ་འགོག་པ་ཡིས་གང་ཐོབ་པ། །དེ་ནི་ལྷན་ཅིག་སྐྱེས་བརྗོད་མིན། །དགའ་དང་ཁྲོ་བོའི་དབང་གིས་ཤེས། །རྩེ་གཅིག་ཅེས་ནི་མཚན་པར་ནི། །བྱིས་པས་ཡེ་ཤེས་སུ་ནི་བརྟགས། །དེ་ནི་ལྷན་ཅིག་སྐྱེས་བརྗོད་མིན། །ཀུན་ ཏུ་གནས་སུ་འཁྱིལ་པ་ལ།།རླུང་འགོག་པ་ཡི་འབར་བ་ཡིས། །ཟུམ་པའམ་ནི་རྒྱས་པར་ནི། །དེ་ནི་ལྷན་ཅིག་སྐྱེས་བརྗོད་མིན། །འདར་དང་བརྒྱལ་དང་དེ་བཞིན་ཉིད། །འབྱེད་དང་འཛུམས་པ་ལ་སོགས་དང་། །འཕར་དང་སྒྲ་དང་མི་བཟད་ཆེ། །དེ་ནི་ལྷན་ཅིག་སྐྱེས་བརྗོད་མིན། ། བུམ་པ་བཞིན་དུ་ཁོང་སྟོང་དུ། །དེ་ལྟར་གང་ཞིག་རྟོག་པར་བྱེད། །ཡང་ན་སྟོང་པར་སྨྲ་བའི་བློ། །དེ་ནི་ལྷན་ཅིག་སྐྱེས་བརྗོད་མིན། །དངོས་པོ་གང་ཞིག་དེ་དག་ཀུན། །རྟོག་པའི་ཡེ་ཤེས་ལ་སྐྱེས་བརྗོད། །བསྒོམས་པའི་སྟོབས་ཀྱི་སེམས་ཀྱིས་ནི། །དེ་ཡིས་ཐམས་ཅད་རྫོགས པར་འགྱུར།།ཐུབ་པས་སྔོན་དུ་གང་གསུངས་པ། །སྤལ་བ་རལ་བའི་ཁུར་དང་ནི། །འོད་གསལ་ཐལ་བའི་བྱུག་པ་དང་། །མཆོད་ཕྱིར་ཐོགས་ནི་དཀར་པོ་དང་། །སྤྱི་བླུགས་དཔུང་མགོར་ཐོགས་པ་སྟེ། །དེ་ལྟར་སྣ་ཚོགས་རྣམ་པ་ནི། །བསྒོམས་པའི་སྟོབས་ཀྱིས་མཐོང་བར་ འགྱུར།།འདི་ནི་བདེན་མིན་མཐོང་བ་སྟེ། །ལྷན་ཅིག་སྐྱེས་པ་མཐོང་བ་མེད། །དེ་བཞིན་དུ་ཡང་། གང་ཞིག་མཐོང་བ་དེ་བདེན་མིན། །གང་མ་མཐོང་བ་དེ་བདེན་ཏེ། །དངོས་པོ་རྟོག་པ་ལོང་བ་ཉིད། །རབ་རིབ་གནོད་པ་ལ་སོགས་བཞིན། །སྐྱེ་འགྲོ་ཐམས་ཅད་བདེན་པའི་ཚུལ། ། གཟུང་དང་འཛིན་པ་སྤངས་པ་ཉིད། །ལྷན་ཅིག་སྐྱེས་པའི་གོ་འཕང་གནས། །གང་གིས་མཐོང་བ་དེ་ཡིས་མཐོང་། །དངོས་དང་དངོས་མིན་གོ་འཕང་གནས། །རྟོགས་དང་བརྟགས་པ་མིན་ལས་གྲོལ། །གསལ་བར་མ་བྱས་ཀུན་ལས་འདས། །ལྷན་ཅིག་སྐྱེས་པ་སྔོན་དུ བརྗོད།།བྱིས་པའི་བརྗོད་པ་དག་དང་བྲལ། །བརྗོད་བྱ་རྗོད་བྱེད་སྤངས་པ་ཉིད། །ལྷན་ཅིག་སྐྱེས་པ་དེ་ལྟ་བུར། །བླ་མ་མཆོག་གིས་སྔོན་དུ་གསུངས། །དཔལ་ལྡན་རོལ་པའི་ལྷ་མོའི་དྲིན་གྱིས་ནི། །དེ་བཞིན་དཔལ་ལྡན་བླ་མ་དག་དང་ནི། །དཔལ་ལྡན་བདེ་བ་ཆེན་པོའི་རྡོ་རྗེ་ཡིས། ། ལན་ཅིག་གིས་ནི་བདེ་བ་ཆེན་པོས་མཁྱེན། །ཐེ་ཚོམ་མེད་ཅིང་རྟོག་པ་མེད། །རང་རང་ངོ་བོ་སྟོན་པ་པོ། །བདག་གིས་ཡང་དག་ཉམས་སུ་མྱོང་། །
我來為您翻譯這段藏文: 於心中央作禪定, 以意所欲而修習, 彼為有分別果位, 彼非所說俱生性。 羊與迦毗羅等尊, 彼中所住善意母, 以彼遮止所獲得, 彼非所說俱生性。 由喜忿怒力所知, 所謂專注而標示, 愚者執為智慧性, 彼非所說俱生性。 于諸處所盤旋中, 以風遮止之熾燃, 或成閉合或開展, 彼非所說俱生性。 顫抖昏厥及如是, 開合微笑等諸相, 跳動聲響大難忍, 彼非所說俱生性。 如同瓶子內空性, 如是若有所分別, 或說空性之心識, 彼非所說俱生性。 彼等一切諸事物, 說生分別智慧中, 以修力故心性中, 由彼一切得圓滿。 牟尼昔時所宣說, 髮髻縷結重擔等, 光明塗抹灰塵相, 供養執持白色物, 肩上執持凈水瓶, 如是種種諸形相, 以修力故得見之, 此非真實所見相, 無有俱生之見地。 如是複次: 所見一切非真實, 未見之法乃真實, 事物分別即盲目, 如同翳障等過患。 一切眾生真實相, 即是遠離能所取, 安住俱生之果位, 由誰見彼即能見。 安住有無之果位, 解脫覺知與所思, 超越一切未明顯, 俱生先前已宣說。 遠離愚者諸言說, 即是遠離能所詮, 如是俱生之本性, 最勝上師先宣說。 以吉祥遊戲天母恩德力, 如是吉祥諸上師恩德力, 以吉祥大樂金剛威德力, 一時即能以大樂而證知。 無有疑惑無分別, 顯示各自之體性, 我已如實而體驗。
།བདག་གིས་ཡང་དག་ཉམས་སུ་མྱོང་། །མུན་པ་ལ་ནི་སྒྲོན་མེ་བཞིན། །ཟ་བའམ་ནི་འཁྲིག་པ་ན། །གནས་སྐབས་ཀུན་ལ་ཐམས་ཅད་དུ། །གསང་བ་མེད་ཅིང་འཇིགས་པ སྤངས།།ཡེ་ཤེས་ཆེན་པོ་རང་གིས་རིག་།གང་ཞིག་དེ་ལ་རྗེས་དྲན་པར། །ཡང་དང་ཡང་དུ་དྲན་བྱེད་པ། །དེ་ནི་དངོས་གྲུབ་རྒྱས་འགྱུར་ཏེ། །སྲིད་པའི་མཚོ་ལས་སངས་རྒྱས་བཞིན། །བདག་ཉིད་ཀྱིས་ནི་དྲན་དོན་དུ། །བདག་གིས་དེ་ནི་བསྔགས་པ་ཡིན། ། གང་ཞིག་སྙིང་རྗེས་བཅིངས་པ་ཡི། །བདག་ལ་བཟོད་མཛོད་སེམས་ཅན་ཆེ། །གང་ཞིག་ཅུང་ཟད་འདི་བརྗོད་པས། །དེ་ཡིས་བསོད་ནམས་གང་འགྱུར་བ། །བསོད་ནམས་དེ་ཡིས་སེམས་ཅན་རྣམས། །ལྷན་ཅིག་སྐྱེས་གྲུབ་ཐོབ་པར་ཤོག་།ལྷན་ཅིག་སྐྱེས་གྲུབ་རྫོགས་སོ།
我來為您翻譯這段藏文: 我已如實而體驗。 如同黑暗中明燈, 或如月亮與星宿, 於一切時一切處, 無有隱秘離怖畏。 大智慧由自證知, 若人于彼常憶念, 反覆憶念修持者, 彼得悉地得增長, 如佛出離輪迴海。 為使自身常憶念, 我乃稱讚如是法。 於我具大悲繫縛, 祈請容忍大有情。 若人稍說此法義, 由此所生諸福德, 愿以如是諸福德, 眾生獲得俱產生就。 俱產生就圓滿。
同部經論
與本文同名或相近的其他版本、科判、譯文與註疏。