菩薩藏佛教學會
20
背景
翻譯
下載 ▾

d3483大救度母修法儀軌

D3483

ཞེས་པའི་སྔགས་བཟླས་ལ། དེ་ཉིད་ཀྱི་ཡིད་ཀྱིས་ཇི་ལྟར་བདེ་བར་གནས་པར་བྱའོ། །སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའོ།།[་]@##། །རྒྱ་གར་སྐད་དུ། མ་ཧཱ་ཏཱ་རཱ+ེ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་ཆེན་མོའི སྒྲུབ་ཐབས།འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོ་རང་གི་སྙིང་གར་ཟླ་བའི་དབུས་སུ་གནས་པའི་ཏཱཾ་གི་ས་བོན་ལས་བྱུང་བའི་འོད་ཟེར་རྫོགས་པ་ལས་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་བསམས་ཏེ། དེ་རྣམས་ལ་ཡང་ཕྱི་དང་ནང་གི་མཆོད་པ་རྣམས་ཀྱིས་ཡང་དག་ པར་མཆོད་ནས།དེའི་མདུན་དུ་བླ་ན་མེད་པའི་མཆོད་པ་བདུན་བྱའོ། །དེ་ནས་སྟོང་པ་ཉིད་དུ་བསྒོམས་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོུ྅ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཟླ་བ་ལ་ཏཱཾ་ལས་ཡང་དག་པར་བྱུང་བའི་ཨུཏྤ་ལ་དཀར་པོ་ལ་གནས་པའི་ཏཱཾ་ཡིག་ལས་བྱུང་བའི་སྒྲོལ་མ་སྔོན་མོ་ཕྱག་གཉིས་པ ཨའི་གཡས་པ་མཆོག་སྦྱིན་པ།གཡོན་པ་སྡོང་བུ་དང་བཅས་པའི་ཨུཏྤ་ལ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨ་དང་ཟླ་བའི་གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པ་བསྒོམ་པར་བྱའོ། །ཐལ་མོ་སྦྱར་ནས་མཛུབ་མོ་གཉིས་ཀྱིས་གུང་མོ་དག་མནན་ཏེ། མཐེབ་ ་ཆེན་དག་ཆུ་སྐྱེས་ལ་རེག་པ་ནི་ཨུཏྤ་ལ་ཁ་བྱེ་བའི་ཕྱག་རྒྱའོ།

我來為您翻譯這段藏文: 誦此咒語后,應當隨心所欲安住。圓滿完成了仙達林的度母修法。此為圓滿佛陀所說。

梵文為:Mahā-tārā-sādhanaṃ 藏文為:སྒྲོལ་མ་ཆེན་མོའི་སྒྲུབ་ཐབས། 漢譯:大度母修法 頂禮聖度母!首先觀想自心月輪中央的種子字 “ཏཱཾ”(TAM) 放射圓滿光芒,觀想上師、諸佛及諸菩薩。以內外諸供養如法供養他們,在其前應作七種無上供養。 之後觀修空性,誦唸:“嗡 娑婆瓦 秫達 薩爾瓦 達瑪 娑婆瓦 秫多杭”(ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོུ྅ཧཾ)。 然後觀想月輪上,從種子字”ཏཱཾ”(TAM)所化現的白色青蓮花上,安住著種子字”ཏཱཾ”(TAM),從中顯現藍色度母,雙臂:右手施愿印,左手持帶莖青蓮。具足一切莊嚴,結跏趺坐于蓮花月輪座上。 雙手合十,以二食指按壓中指,大拇指觸及蓮花,此為青蓮開放手印。

D3484

།དེ་ནས་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་པའི་སྔགས་བརྗོད་པར་བྱའོ། །སྒྲོལ་མ་ཆེན་མོའི་སྒྲུབ་ཐབས་རྫོགས་སོ།།[་]@##། །རྒྱ་གར་སྐད་དུ། བ་ར་ད་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། མཆོག་སྦྱིན་སྒྲོལ་མའི་སྒྲུབ་ཐབས། འཕགས་ མ་སྒྲོལ་མ་ལ་ཕྱག་འཚལ་ལོ།།སྔོན་མ་བཞིན་དུ་སྟོང་པ་ཉིད་ཀྱི་མཐར་ཐུག་པ་བསྒོམས་ནས་པཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་ཆུ་སྐྱེས་ཀྱི་དབུས་སུ་ཨཾ་ཡིག་ལས་སྐྱེས་པའི་ཟླ་བ་ལ་ཏཱཾ་ཡིག་ལྗང་གུ་ལས་སྐྱེས་པའི་སྒྲོལ་མ་སྐུ་མདོག་ལྗང་གུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་ན་ ཨུཏྤ་ལ་བསྣམས་ཤིང་གཡས་པ་མཆོག་སྦྱིན་དང་ལྡན་པ།སྐྱིལ་ཀྲུང་ཕྱེད་པས་བཞུགས་པའོ། །གཡས་ཕྱོགས་ལོགས་ན་མྱ་ངན་མེད་པའི་འོད་ཟེར་ཅན་སེར་མོ་རིན་པོ་ཆེ་སྣ་ཚོགས་པའི་ཅོད་པན་ཅན། གཡོན་དང་གཡས་ཀྱི་ཕྱག་དག་གིས་མྱ་ངན་མེད་པའི་ཤིང་གི་ཡལ་ག་དང་བ་ཀུ་ལི་ བསྣམས་པའོ།།དེ་བཞིན་དུ་རྨ་བྱ་ཆེན་མོ་གཡོན་པ་དང་ཅིག་ཤོས་ཀྱི་ཕྱག་དག་གིས་རྨ་བྱའི་སྒྲོ་དང་རྔ་ཡབ་བསྣམས་པའོ། །གཡོན་ཕྱོགས་ལོགས་སུ་རལ་གཅིག་མ་ཐུང་ཞིང་གནག་པ། སྟག་གི་པགས་པའི་ན་བཟའ་བསྣམས་པ། སྤྱན་གསུམ་པ། ཞལ་མཆེ་བ་གཙིགས་པ། སྐྲ་ཁམ་ པ་གྱེན་དུ་འབར་བ།གྲི་གུག་དང་ཐོད་པ་བསྣམས་པའོ། །དེ་བཞིན་དུ་འཕགས་མ་དུག་སེལ་མ་ལྗང་གུ་གཡོན་པ་དང་གཡས་པའི་ཕྱག་དག་གིས་སྦྲུལ་ནག་པོ་དང་རྔ་ཡབ་བསྣམས་པ་བསྒོམ་པར་བྱའོ། །དེ་བཞིན་དུ་བསྒོམས་པས་ངལ་ན་སྔགས་བཟླས་པར་བྱའོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་སོ།

這是一段藏文的修法儀軌文獻,我來為您翻譯: 然後應當誦唸”嗡達熱度達熱度熱娑哈”這個咒語。 大救度母修法儀軌圓滿。