菩薩藏佛教學會
20
背景
翻譯
下載 ▾

d3067吉祥如意寶牛龍樹 黑者 果勒哈貝

D3067

@##། །རྒྱ་གར་སྐད་དུ། ཀ་ལྱཱ་ཎ་ཀཱ་མ་དྷེ་ནུ། བོད་སྐད་དུ། དགེ་བའི་འདོད་འཇོ་། །བདུད་ཀྱི་སྟོབས་བཅོམ་པ་ལ་ཕྱག་འཚལ་ལོ། །ངན་འགྲོའི་ལམ་ནི་བཟློག་མཛད་པ། །སངས་རྒྱས་མཆོག་ལ་ཕྱག་འཚལ་ལོ། །ཡིད་ཆེས་ལུང་ནི་ཇི་བཞིན་དུ། །དགེ་བའི་འདོད་འཇོ་རྣམ པར་དབྱེ།།རིན་ཆེན་བྱི་རུའི་མཛོད་གྱུར་པ། །དཔའ་བོ་གཅིག་སྒྲུབ་སྔགས་ཡན་ལག་།སྤྲོས་པ་རིན་ཆེན་མྱུ་གུ་ཅན། །དགེ་བའི་འདོད་འཇོ་བསྟན་པར་བྱ། །ཞེས་བྱ་བ་ལ། མངོན་དུ་བྱ་བས་རིན་ཆེན་དེ་དངོས་གྲུབ་བོ། །དེ་ཉིད་བྱི་རུ་སྟེ་ནོར་བུའི་ཁྱད་པར་རོ། །མཛོད་ནི་དེའི་གནས་སུ་ གྱུར་པའི་མཛོད་དོ།།དཔའ་བོ་གཅིག་སྒྲུབ་སྔགས་ཡན་ལག་།ཅེས་བྱ་བ་ལ། དཔའ་བོ་གཅིག་ཅེས་བྱ་བ་ནི་དཀྱིལ་འཁོར་དང་ཕྱག་རྒྱ་ལ་སོགས་པ་ལ་ལྟོས་པ་མེད་པ་སྟེ་སྔགས་སོ། །སྔགས་དེའི་སྦྱོར་བ་ལས་ཡོན་ཏན་རྣམས་འཇོ་བས་ན། ཡན་ལག་སྟེ་ནུ་སོར་ལྟ་བུའོ། །སྤྲོས་པ་ ནི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱི་བྱེ་བྲག་གོ།།དེ་ཉིད་འདོད་པའི་དོན་རྫོགས་པར་བྱེད་པས་ན་རིན་པོ་ཆེའོ། །དེའི་མྱུ་གུ་བའི་ཡང་མྱུ་གུ་དང་འདྲ་བའི་རྭ་ཡོད་པ་སྟེ་བསྟན་བཅོས་སོ། །དེ་ཉིད་གང་ཞེ་ན། དགེ་བའི་འདོད་འཇོ་ཞེས་བྱ་བ་སྨོས་ཏེ། དེ་དགེ་བའི་ཆོས་ཀྱི་རྗེས་སུ་འགྲོ་བའི་ཡེ་ཤེས་སོ། ། འདོད་པ་ནི་དེར་འདུན་པའོ། །འདོད་པ་དེ་ཡོངས་སུ་རྫོགས་པར་འཇོ་བས་ན་བཞོ་བ་སྟེ། བསྟན་བཅོས་ཀྱི་བ་ལས་བཞིའི་རྐང་ལག་བཞི་དང་ལྡན་པའོ། །སྔགས་ཀུན་མང་དུ་ཕྱག་འཚལ་དང་། །སྭཱ་ཧཱ་སྦྱར་བའི་རང་བཞིན་ཅན། །དེ་བས་ལུང་དུ་མ་བསྟན་ཡང་། །ཐོག་མ་ཐ མར་སྦྱར་བར་བྱ་།།སྔགས་ཀུན་ཞེས་བྱ་བ་ནི་སྦྱར་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཕྱག་འཚལ་དང་སྭཱ་ཧཱ་སྦྱར་ཞེས་བྱ་བ་ནི་དང་པོར་ཨོཾ་དང་ཐ་མར་སྭཱ་ཧཱ་ལྡན་པར་བྱའོ། །ལུང་དུ་མ་བསྟན་ཀྱང་ཞེས་བྱ་བ་ནི་དངོས་སུ་བསྟན་པ་མེད་ཀྱང་ངོ་། །ཐོག་མ་ཐ་མ་ཞེས་བྱ་བ་ལ་སོགས་པས་ནི་གཞན་ འདི་ཡང་སྟོན་ཏེ།སྔགས་ཀྱི་དེ་ཁོ་ན་ཉིད་རིག་པའི་བླ་མའི་མན་ངག་ལས་སྔགས་སྤེལ་བ་དང་། སྔགས་སྤར་བ་དང་། སྔགས་གཟི་བྱིན་བསྐྱེད་པ་དང་། སྔགས་ཚིམ་པར་བྱ་བ་དང་། སྔགས་ཉེ་བར་བྱ་བ་ཤེས་པ་དག་གོ། །དེ་ལ་སྔགས་སྤེལ་བ་ནི། ཨོཾ་སཏྭ་ཆེ་གེ་མོའི་ཨུ་པ་སརྦ་ཨ་དྷི་ རཀྵ་ཞེས་བྱ་བ་ནི་བསྲུང་བ་ལའོ།།ཞི་བ་ལ་ནི་ཨོཾ་ཨ་མུ་ཀ་སྱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་སོ། །ཉེ་བར་བྱ་བ་ནི། ཨོཾ་ས་དྷ་སིནྡྷ་རྡ་བ་ན་མེ་ཀུ་རུ་སྭཱ་ཧཱ་ཞེས་སོ།

我來為您翻譯這段藏文: 梵文:Kalyāṇa-kāma-dhenu 藏文:དགེ་བའི་འདོད་འཇོ 漢譯:吉祥如意寶牛 向降伏魔力者頂禮! 向遮止惡趣道路的最勝佛陀頂禮! 依照可信教言, 詳細闡述吉祥如意寶牛。 成為珍寶珊瑚藏, 獨勇成就咒支分, 具足珍寶新芽相, 當說吉祥如意寶。 關於此義:現前所成即是珍寶,彼即珊瑚等珍寶之殊勝。藏即彼之所依處。 關於”獨勇成就咒支分”:所謂獨勇,即不依賴壇城、手印等之咒語。由於從此咒之修持能生功德,故稱支分,如乳牛之乳頭。 所謂”廣”,即成就法之差別。由能圓滿所欲之義故稱珍寶。其芽如同新芽般具角,此即論典。 何為此論?即所說”吉祥如意寶”:此為隨順善法之智慧。欲即希求。由能圓滿彼欲求故稱為出乳,即論典之牛具足四肢。 諸咒多有頂禮句, 以及具足娑婆訶, 是故雖未明示說, 首尾皆當如是加。 “諸咒”一詞與”當加”相連。“具足頂禮與娑婆訶”即是說首加”嗡”字,末加”娑婆訶”。“雖未明示”即雖未直接宣說。“首尾”等即顯示其他: 從了知咒真實性之上師口訣中,了知咒語增益、咒語擴充套件、咒語威光生起、咒語滿足及咒語親近等。 其中咒語增益即:“嗡 薩埵 某某 烏巴 薩瓦 阿地 囉叉”用於守護。 用於息災時即:“嗡 阿目嘎 夏 香丁 古如 娑婆訶”。 親近即:“嗡 薩達 悉達 達巴那 美 古如 娑婆訶”。

།སྔགས་སྒྲུབ་པ་ལ་ནི། ཨོཾ་སྭཱ་ཧཱ་མནྟྲ་སིདྡྷིཾ་མེ་ཀུ་རུ་སྭཱ་ཧཱ། ནད་བསལ་བ་ལ་ནི། ཨོཾ་ན་མོ་ན་མཿབྱཱ་དྷི་མེ་ཨ་པ་ན་ཡ་སྭཱ་ཧཱ་ཞེས་སོ། །རྒྱས་པ་ ལ་ནི།བཽཥ་ཊ་པུཥྚིཾ་མེ་ཀུ་རུ་སྭཱ་ཧཱ་ཞེས་སོ། །བསད་པ་ལ་ནི། ཨོཾ་ཕཊ་ཨ་མུ་ཀཾ་ཧ་ན་ཧ་ན་ཧཱུཾ་ཕཊ་ཅེས་སོ། །བསྐྲད་པ་ལ་ནི། ཧཱུཾ་ཨ་མུ་ཀ་མུཙྩ། ཏརྐ་ཡ་ཧཱུཾ་ཞེས་སོ། །ཉེར་གཞུག་པ་ནི། ཨོཾ་ཨ་མུ་ཀ་སྱ་ཨ་མུ་གནྡྷ་པ་ཡ་སྭཱ་ཧཱ། ཞི་བ་ཆེན་པོ་ལ་ནི་ཨོཾ་སྭཱ་ཧཱ་ཨ་མུ་ཀ་སྱ་ཨ་མུ་ཀཾ་ཨུ་པ་དྲ་བ་ཀྵ་ཡེ་སྭཱ་ཧཱ་ ཞེས་སོ།།ཕུར་བུ་གདབ་པ་ལ་ནི། ཨོཾ་ཀཱི་ལི་ཀཱི་ལ་ཡ་སརྦ་ཧཱུཾ་ཞེས་སོ། །དེ་དག་ལ་སོགས་པ་ཤེས་པར་བྱའོ། །སྦར་བ་ལ་ནི་སྔགས་ཐམས་ཅད་ལ་སྤྱི་བོར་ཐིག་ལེ་སྦྱིན་ནོ། །གཟི་བྱིན་བསྐྱེད་པ་ལ་ནི་ནཱ་ད་སྦྱིན་ནོ། །ཚིམ་པར་བྱ་བ་ལ་ནི་ཁཾ་ངོ་ཉེ་བར་བྱ་བ་ལ་ནི་དཀྱིལ་འཁོར་གྱིས་ཏེ། ས་དང་ ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་རྣམས་ལ་གོ་རིམས་བཞིན་དུ་ཤེས་པར་བྱའོ།།ནང་སྟོང་གཟི་ལ་དབྱིག་གོམས་པས། །མངོན་པར་མཐོ་འགྱུར་ཐེ་ཚོམ་མེད། །རྨུགས་འཛིན་ཆུ་དབང་གིས་ཀྱང་ནི། །སྐྱེས་བུ་གང་ཡིན་དེ་འདྲར་འགྱུར། །ཞེས་བྱ་བ་ལ་། ནང་ཞེས་བྱ་བའི་སྒྲས་ནི་ལུས་ ཀྱི་ནང་གཟུང་ངོ་།།སྟོང་ཞེས་བྱ་བ་ནི་བདག་མེད་པའི་སྟོང་པའོ། །གཟི་ཞེས་བྱ་བ་ནི་གཟི་བརྗིད་དེ་མེའི་དཀྱིལ་འཁོར་རོ། །དབྱིག་ཅེས་བྱ་བ་ནི་ནོར་རྒྱུན་མ་སྟེ་གོམས་པ་ནི་གོམས་པར་བསླབས་པའོ། །མངོན་པར་མཐོ་བ་ནི་མངོན་པར་མཐོ་བའི་དཔལ་ལོ། །འགྱུར་བ་ནི་འཐོབ་པའོ། །དེ་ བཞིན་དུ་རྨུགས་འཛིན་ཆུ་དབང་གོམས་པས་ཀྱང་།མཐོ་ཅན་མཐོ་བ་འཐོབ་འགྱུར་རོ། །འདིར་སྦྱོར་བ་ནི་འདི་ཡིན་ཏེ། སྙིང་གར་དཀྱིལ་འཁོར་གྲུ་གསུམ་མེའི་མདོག་ཅན་བསམས་ལ་དེའི་སྟེང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པ། དེའི་འདབ་མ་རྣམས་ལ་ཨོཾ་བ་སུ་དྷ་རི་ནི་སྭཱ་ཧཱ་ཞེས་བྱ་བ་ ནོར་རྒྱུན་མའི་ཡི་གེ་བརྒྱད་དགོད་དོ།།ལྟེ་བ་ལ་ནི་ཡི་གེ་བྷྲཱུཾ་གསུམ་བཀོད་ལ་ཡི་གེ་རེ་རེ་ཞིང་ཡཾ་རཾ་གཉིས་དང་སྤེལ་ལོ། །ཕྱོགས་བརྒྱད་དུ་ནི་གནོད་སྦྱིན་ཆེན་པོ་བརྒྱད་ཀྱི་ས་བོན་བྲིས་ཏེ། མ་ཎི་བྷ་དྲ་དང་། པཱུརྞ་བྷ་དྲ་དང་། དྷ་ན་ད་ཡ་དང་། བཻ་ཤྲ་བ་ཎ་རྣམས་ནི་ཕྱོགས་བཞིར་རོ། །ཀ་ལི་མཱ་ལི་ དང་།པི་ཙི་ཀུཎྜ་ལི་དང་། མུ་ཁནྡྲཱ་ཡ་དང་། ཙ་རེནྡྲཱ་ཡ་རྣམས་ནི་མཚམས་རྣམས་སུ་སྟེ། ཐམས་ཅད་ཀྱང་སྭཱ་ཧཱའི་མཐའ་ཅན་ནོ།

我來為您翻譯這段藏文: 對於咒語成就,唸誦:“嗡 娑婆訶 曼札 悉丁 美 古如 娑婆訶”。 對於除病,唸誦:“嗡 納摩 納摩 比亞地 美 阿巴納雅 娑婆訶”。 對於增益,唸誦:“鄔夏塔 普斯丁 美 古如 娑婆訶”。 對於誅殺,唸誦:“嗡 啪德 阿目康 哈納 哈納 吽 啪德”。 對於驅逐,唸誦:“吽 阿目嘎 目查 達嘎雅 吽”。 對於攝受,唸誦:“嗡 阿目嘎 夏 阿目甘達 巴雅 娑婆訶”。 對於大寂,唸誦:“嗡 娑婆訶 阿目嘎 夏 阿目康 烏巴 達巴 克夏耶 娑婆訶”。 對於橛打,唸誦:“嗡 基利 基拉雅 薩瓦 吽”。 應當了知這些等等。 對於增盛,於一切咒頂上加點。對於威光生起,加拿達。對於滿足,加康。對於親近,以壇城,即應當依次了知地、水、火、風四種壇城。 內空威光習多聞, 必定增上無疑慮, 持昏水王亦復然, 任何士夫皆如是。 關於此義:“內”字即表示身內。“空”即無我之空性。“威”即威光,為火壇城。“多聞”即多聞天女,“習”即修習。“增上”即增上吉祥。“成”即獲得。同樣,通過修習持昏水王,也能獲得具上者之上位。 這裡的修法是:觀想心間有三角火色壇城,其上有八瓣白蓮,在其花瓣上安置”嗡 瓦蘇 達日尼 娑婆訶”等多聞天女八字。中央安置三個”布隆”字,每一字都與”央”、“讓”二字相配。 在八方安置八大夜叉種子字:瑪尼跋陀羅、布爾納跋陀羅、達納達雅、毗沙門天在四方;迦梨瑪梨、毗支軍荼利、目肯德拉雅、遮連德拉雅在四隅,一切皆以娑婆訶為結尾。

།ོཾ་ཛཾ་བྷ་ལ་ཛ་ལེནྡྲཱ་ཡ་ཞེས་བྱ་བའི་ཛཾ་བྷ་ལའི་ཡི་གེ་བརྒྱད་ནི་ཡང་པདྨ་འདབ་མ་བརྒྱད་པ་ལ་དགོད་དོ། །ཡང་དབུས་ཀྱི་ལྟེ་བ་ལ་ཛཾ་མོ། །གལ་ཏེ་བསམ་གཏན་ བྱ་བར་མི་ནུས་ན་ནི་གསེར་ལ་སོགས་པའི་བྱང་བུ་ལ་འཁོར་ལོ་གཉིས་ནི་ཇི་ལྟ་བ་བཞིན་དུ་བྲིས་ལ་ཁ་སྦྱར་ཏེ་མར་དང་སྦྲང་རྩིའི་ནང་དུ་བཞག་ལ་མཆོད་པ་བྱས་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ།དེར་བསྟིམས་ནས་ཉིན་རེ་ཞིང་དྲི་ཞིམ་པའི་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །ཡང་ན་ གུར་གུམ་གྱི་ཆུའི་ནང་དུ་བཞག་སྟེ་མཆོད་ན་མཐོ་རིས་ཀྱི་དཔལ་འཐོབ་པར་འགྱུར་རོ།།ོ་ཚིནྡ་ཚིནྡ་ཞེས་བྱ་བར་བསྟན་པ་དང་། ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་གང་ཡིན་འབྲུ་ཚུགས་སུ་ན་མ་ན་ནི། །ཤེས་གོམས་ཁྲག་དང་ཤ་འགུགས་འགྱུར། །ཞེས་བྱ་བ་ལ། སྔགས་ནི། ཨོཾ་ཚིནྡྷ་ཚིནྡྷ་བ་ས་ ཨ་མུ་ཀཾ་སྱ་རཀྟ་མཱཾ་སཉྩ་ཚིནྡྷ་ཚིནྡྷ།ཱ་ཀཪྵ་ཡ་ཧཱུཾ་ཕཊ། ཅེས་པའི་སྔགས་འབྲུ་ཚུགས་ཞེས་པ་ནི། མིག་འབྲུ་ཚུགས་སུ་བལྟ་བས་འབྲུ་ཚུགས་སུ་ལྟ་བའོ། །སུ་སུ་མ་ཞེས་བྱ་བ་ནི་རྩའོ། །ཤེས་པ་ནི་དེའི་སྦྱོར་བ་ཤེས་པ་སྟེ། ཁྲོ་བོའི་རྒྱལ་པོ་གང་ཡང་རུང་བའི་ཏིང་ངེ་འཛིན་ལ་གནས་ནས་[##]སྙིང་གར་ ཧཱུཾ་ཕཊ་དམར་ཞིང་སྔོ་བ་འབར་བ་དང་བཅས་པ་བསམས་ལ་སྲོག་གཉིས་གཅིག་ཏུ་བྱས་ཏེ།སྣ་གུང་གཡས་པ་ནས་སྐུད་པ་དང་འདྲ་བར་ཕྱུང་ནས་བསྒྲུབ་བྱ་མདུན་དུ་བསམས་ལ། སྲོག་རྩེ་མོ་ལྔར་གྱུར་པ་དེས་བསྒྲུབ་བྱའི་དཔྲལ་བ་དང་། ཁ་དང་སྙིང་ག་དང་། དཔུང་མགོ་ གཉིས་ཀྱི་རྩ་རྣམས་ཕུག་སྟེ།བར་བར་དུ་སྔགས་བཟླས་ནས་དབུགས་རྔུབ་པས་སླར་དྲངས་ཏེ་ཁའམ་སྣོད་ཀྱི་ནང་དུ་ཁྲག་དགུག་པར་བྱའོ། །གོམས་པ་ནི་གོམས་པར་བསླབས་པ་སྟེ། དང་པོར་ཤིང་ཐོག་གང་ཡང་རུང་བ་རང་གི་ལག་ཏུ་བཞག་ལ། སྔར་བསྟན་པའི་རྩ་སྔགས་ཀྱི་སྦྱོར་ བས་དགུག་པར་བྱའོ།།དེ་ནས་སླར་ཡང་ཤུགས་ཀྱིས་དགུག་པར་བྱ་སྟེ། དེ་ལྟར་ཇི་སྲིད་དུ་འབྲས་བུ་རོ་ཁར་མྱོང་གི་བར་དུ་བསླབ་བོ། །དེ་ནས་ནིམ་པའི་ཤིང་ལ་སོགས་པ་ཐག་རིང་པོ་ན་གནས་པ་རྣམས་ཀྱང་བསྒྲུབས་ལ། དེའི་འོག་ཏུ་ཁྲག་དགུག་པར་བྱའོ།

我來為您翻譯這段藏文: 對於”嗡 贊跋拉 扎連札雅”這八字贊跋拉咒,也應安置於八瓣蓮花上。中央蓮心處安置”贊”字。 若不能作觀想,則應在金等牌上如實繪製兩個輪,合而爲一,置於酥蜜之中,作供養后,迎請智慧輪,融入其中,每日以香花等物供養。或者置於鬱金香水中供養,即可獲得天界吉祥。 關於”欽達欽達”和”吽啪德”等咒語,若能凝視專注, 了知修習能攝血肉。 其咒為:“嗡 欽達 欽達 瓦薩 阿目康 夏 惹克達 芒薩嘉 欽達 欽達 阿卡夏雅 吽啪德”。“凝視”即目不轉睛地注視。“蘇蘇瑪”即脈。“了知”即了知其修法:安住于任一忿怒王三昧,觀想心間紅藍色的”吽啪德”字帶火光,合二氣為一,從右鼻孔如線般放出,觀想所修對像在前,氣成五尖,刺入所修者額、口、心及兩肩之脈,其間持誦咒語,以吸氣收回,攝其血入口或器中。 “修習”即反覆練習:首先將任一果實置於自手中,以前述脈咒之法攝取。然後再以力攝取,如是修習直至能嚐到果實之味為止。之後也修習遠處的楝樹等,隨後即可攝血。

།ནནྡ་ནི་བ་ར་ད། ཀི་ནི་ཁི་ནི། ཀི་ནི་ཁི་ནི། མ་ཧེ་ཞོན་པའི་སྙིང་པོ་འབུམ། །གུ་གུལ་རི་ལུ་སྦྱིན་སྲེག་བྱ། །སྡིག་ཅན་ཡིན་ཡང་དཔལ་འཕེལ་འགྱུར། །ཞེས་བྱ་བ་ལ། མ་ཧེ་ལ་ཞོན་པའི་སྙིང་པོའི་སྔགས་ནི། ཨོཾ་ནནྡ་ན་བ་ར་ཏི་དེ་ཀི་ནི་ཀི་ནི། ཁི་ནི་ཁི་ནི། ཤྲི་ཡཾ་མེ་ད་ད་བཽ་ཥཊ་སྭཱ་ཧཱ། ཞེས་བྱ་བ་ཡིན ནོ།།འདིའི་སྦྱོར་བ་ནི་འདི་ཡིན་ཏེ་། རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ལ་གནས་ནས་ཊཀྐི་རཱ་ཛ་ཐུགས་ཀ་ནས་སྤྲོས་ཏེ། ཕྱག་མཚན་གྱི་མཆོག་ལྕགས་ཀྱུ་དང་ཞགས་པ་ཕྱག་ན་བསྣམས་པ་མ་ཧེ་ལ་ཞོན་པའི་བགྲོད་དཀའ་ལྷ་མོ་ཞལ་བརྒྱད་པ། ཁ་དོག་མ་ར་ཀ་ཏ་ལྟར་སྔོ་བསངས་མ་མདུན་དུ་ བཀུག་ལ་ཨརྒྷཾ་བྱིན་ཏེ་སྔགས་འདི་ཉིད་ནི་བཟླས་བརྗོད་བྱའོ།།བཟླས་བརྗོད་རྫོགས་ནས་མཆོད་པ་ཕུལ་ཏེ་གཤེགས་སུ་གསོལ་ལོ། །དེ་ལྟར་དུས་གསུམ་དུ་ཇི་སྲིད་འབུམ་ཕྲག་གཅིག་ཡོངས་སུ་རྫོགས་ཀྱི་བར་དུ་བཟླས་པ་སྔོན་དུ་བསྙེན་པ་བྱས་པ་ལ། དེ་ནས་གུ་གུལ་གྱི་རི་ལུ་རུས་སྦལ་ གྱི་རུས་པའི་ཚད་ཙམ་བྱས་ལ་མར་དང་།སྦྲང་རྩི་དང་ཤ་ཁ་ར་དང་བཅས་པས་ཐབ་ཁུང་གྲུ་བཞི་པར་པ་ལ་ཤའི་མེ་སྦར་ལ། སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་ན་དེའི་འོག་ཏུ་བདག་ཉིད་ཆེན་པོའི་དཔལ་འཐོབ་པར་འགྱུར་རོ། །དཱུར་བ་ལྟར་ལྗང་གནོད་སྦྱིན་མ། །རྗེས་མཐུན་མཚན་མོ་བྲི་བར་ བྱ།།ཡན་ལག་ཆ་ཡི་ཕྲ་བཀོད་ཅིང་། །ནོར་བུའི་རྒྱན་གྱིས་འོད་འཕྲོ་བའོ། །ཞེས་བྱ་བ་ལ། དཱུར་བ་ལྟར་ལྗང་ཞེས་བྱ་བ་དཱུར་བའི་འདབ་མ་ལྗང་སྔོན་གྱི་ཁ་དོག་ཅན་ནོ། །མཚན་མོ་བྲི་བར་བྱ་བ་ནི་མནའ་མའི་རང་བཞིན་པས་ངོ་ཚ་བ་དང་བཅས་པའི་ཕྱིར་མཚན་མོ་བྲིའི་ཉིན་མོ་ནི་མ་ཡིན་ནོ། ། རྗེས་མཐུན་ཞེས་བྱ་བ་ནི་ཡན་ལག་ཐམས་ཅད་དང་ལྡན་ཞིང་བའི་བཞིན་ཅན་ཡིན་གྱི། ཁྲོ་བར་ནི་མ་ཡིན་ནོ། །ཡན་ལག་ཆ་ཤས་ཞེས་བྱ་བ་ལ་ཁ་དང་། རྣ་བ་དང་སྣ་དང་མིག་དང་སོ་དང་མཆུ་ལ་སོགས་པའི་ཚོགས་ཏེ་ཕྲ་བཀོད་པ་ནི་དེ་རྣམས་ཀྱིས་བརྒྱན་པའོ། །ཅི་འདྲ་ཞེ་ན། ནོར་བུ་ཞེས་བྱ་བ ལ་སོགས་པ་སྨོས་ཏེ།ཡན་ལག་གི་རྒྱན་དེ་དག་ནི་ནོར་བུ་དང་འདྲ་བས་ནོར་བུ་སྟེ། ནོར་བུའི་རྒྱན་ལས་འོད་ཟེར་འཕྲོ་བ་ལྟར་ཡན་ལག་དེ་དག་གིས་བརྒྱན་པས་ཉེ་བར་འབར་ཞིང་མཛེས་པའོ། །གནོད་སྦྱིན་མ་ཞེས་བྱ་བ་ནི་མནའ་མ་ཞེས་བྱ་བར་གྲགས་པའི་གནོད་སྦྱིན་མའོ།

我來為您翻譯這段藏文: “南達尼巴熱達,基尼啟尼,基尼啟尼”,持誦騎水牛咒心十萬遍, 以古古爾丸作護摩,即使是罪人也能增長吉祥。 騎水牛咒心為:“嗡 南達那 巴熱帝德 基尼基尼 啟尼啟尼 西日揚美 達達 邦薩德 梭哈”。 其修法為:安住于金剛吽行瑜伽,從札基惹札心間化現,手持最勝法器鉤索,騎水牛的難行天女,八面,如綠寶石般青色,召請於前,獻阿嘎供,持誦此咒。 誦咒圓滿后獻供並請返回。如是於三時中持誦直至圓滿十萬遍為前行修習。之後製作龜骨大小的古古爾丸,以酥油、蜂蜜、糖在方形火坑中以巴拉夏木生火,作十萬遍護摩,此後即可獲得大士吉祥。 如吉祥草般綠色的夜叉女, 應于夜晚如法繪製, 細緻描繪身體各部, 以寶飾莊嚴放光明。 “如吉祥草般綠色”即如吉祥草葉青綠色。“夜晚繪製”因其如新娘般具羞恥心,故夜晚繪製而非白天。“如法”即具足一切肢體且面相安詳,非忿怒相。“身體各部”即口、耳、鼻、眼、齒、唇等集合,以此等莊嚴。何等莊嚴?所謂”寶飾”等,即肢體莊嚴如寶,放射寶飾光芒,以此等莊嚴而顯美麗。“夜叉女”即所謂的新娘夜叉女。

།འདིའི་སྔགས་ནི། གྲུས་ ཛྱེ་བྷ་ར་བྷ་ར་གྲུས་ཛྱེ་སིདྡྷ་ཛྱེ་ཞེས་བྱ་བའི་སྔགས་སྟོང་ཕྲག་གཅིག་བཟླས།ཕྱག་འཚལ་བསལ་ཞིང་མེ་དང་སྦྱར། །སྤྱོས་ཀྱང་མནའ་མ་མཛེས་མ་འགྲུབ། །ཅེས་པའི་སྔགས་ནི། ཨ་གྲུས་ཛྱེ་བྷ་ར་བྷ་ར་གྲུས་ཛྱེ་སི་དྡྷ་སི་མ་ཛ་ཧྱ་ཞེས་བྱ་བའོ་། །ཕྱག་འཚལ་བསལ་ཞིང་མེ་དང་སྦྱར། །ཞེས་ བྱ་བ་ནི་ཨོཾ་གྱི་གནས་སུ་ཨ་གདོན་པ་སྟེ།དེས་བསྟེན་ན་དབང་དུ་འགྱུར་བ་དེ་བཞིན་དུ་འགྲུབ་པའོ། །སྤྱོས་ཀྱང་ཞེས་བྱ་བ་ནི་བརྒྱད་བཀག་ཀྱང་ངོ་། །ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། མི་སྨྲ་བླ་གབ་མེད་པར་ཉལ། །ཟླ་ཕྱེད་ཁྲུ་གསུམ་གོས་གསུམ་བརྗེ། །ཛཱ་ཏིའི་མེ་ཏོག་བརྒྱ་རྩ་བརྒྱད། །བསྲེགས་ ན་ཡིད་འོང་མཆོག་རྙེད་འགྱུར།།ཞེས་བྱ་བ་ལ། མི་སྨྲ་ཞེས་བྱ་བ་ནི་སྒྲུབ་པའི་གཡོག་འབའ་ཞིག་དང་སྨྲ་བར་བྱའི། གཞན་དམ་ཚིག་མེད་པ་དག་དང་ལྷན་ཅིག་མི་སྨྲའོ། །བླ་གབ་མེད་པར་ཉལ་ཞེས་བྱ་བ་ནི་སྟེང་སྒྲིབ་གཡོགས་མེད་པའི་གནས་སུ་བ་ལང་གི་ལྕི་བས་བྱུགས་ནས་རྩཝ་ ཀུ་ཤ་བཏིང་བའི་སྟེང་དུ་ཉལ་བར་བྱའོ།།ཇི་སྲིད་དུ་ཞེ་ན། ཟླ་བ་ཕྱེད་དུ་མར་ངོའི་ཞག་བཅོ་ལྔའི་བར་དུའོ། །གོས་གསུམ་བརྗེ་ཞེས་བྱ་བ་ནི་ཉིན་རེ་གོས་དཀར་པོ་གཙང་མ་གསུམ་གསུམ་བརྗེ་བའོ། །འདིར་ཡང་སྔ་མ་བཞིན་དུ་མདུན་དུ་བཀྲམ་པ་ལ་བཀུག་ལ། དྲི་དང་མེ་ཏོག་ལ་སོགས་ པས་མཆོད་ལ།ཇི་སྲིད་འབུམ་ཕྲག་གཅིག་གི་བར་དུ་བཟླས་བརྗོད་བྱས་ལ། དེའི་འོག་ཏུ་ཛཱ་ཏིའི་མེ་ཏོག་བརྒྱ་རྩ་བརྒྱད་ལ་སྔགས་སོ་སོར་བཟླས་ནས་བརྡེག་པར་བྱའོ། །ཆུང་མར་སྒྲུབ་ན་ནི་བྷ་ག་ལའོ། །སྲིང་མོར་སྒྲུབ་པ་ལ་ནི་ནུ་མ་ལའོ། །མར་སྒྲུབ་པ་ལ་ནི་རྐང་པ་ལའོ། །བྲན་ མོར་སྒྲུབ་པ་ལ་ནི་མགོ་ལའོ།།རྐ་དཀར་ལས་མཐེབ་ཚད་ཀྱིས། །ཚོགས་བདག་གཟུགས་བྱས་སྤྱིར་བཀན་ལ། །མཐའ་ཡིག་བཟླས་ཏེ་རྒྱན་བཀྱེ་ན། །ནམ་ཡང་འཕམ་པར་མི་འགྱུར་རོ། །ཞེས་བྱ་བ། སྐར་མ་རྒྱལ་གྱི་ཉིན་པར་ཨརྐ་དཀར་པོའི་རྩ་བ་བླངས་ཏེ། ཚོགས་ཀྱི་བདག་ པོའི་གཟུགས་ཕྱག་བཞི་པ་གསུས་པ་འཕྱང་བ།ཀླུའི་མཆོད་ཕྱིར་ཐོགས་ཅན་དང་། ཕྱག་བཞི་ན་མཆེ་བ་དང་། དགྲ་སྟ་དང་། ཞགས་པ་དང་། བགྲང་ཕྲེང་བསྣམས་པ། མཐེ་བོའི་ཚད་ཙམ་བྱས་ལ། དེ་ལག་པས་བཟུང་སྟེ་དེ་ཉིད་ཀྱི་སྦྱོར་བའམ། རང་གི་ལྷའི་སྦྱོར་བས་སྔགས་འབུམ་ ཕྲག་གཅིག་ཏུ་བཟླས་ཏེ།དེ་ནས་དེའི་སྦྱོར་བས་བཅིངས་ལ་ཆོ་ལོ་ལ་སོགས་པའི་རྒྱན་བཀྱེ་ན་ཕམ་པར་མི་འགྱུར་ཏེ་རྒྱལ་བར་འགྱུར་རོ།

我來為您翻譯這段藏文: 此咒為:“格如杰 巴熱巴熱 格如杰 悉地杰”,持誦此咒一千遍。 禮拜除障並結合火, 雖燒香亦成就美麗新娘。 其咒語為:“阿 格如杰 巴熱巴熱 格如杰 悉地 悉瑪扎哈”。 “禮拜除障並結合火”即在嗡的位置誦阿字,如是依止則能如是成就懾服。“雖燒香”即雖然阻礙。 如何修持?不語臥無遮,半月三衣更,茉莉花百八,焚之得勝意。 “不語”即僅與修法侍者交談,不與其他無誓言者交談。“臥無遮”即于無頂遮之處,涂以牛糞,鋪吉祥草而臥。持續多久?半月即衰月十五日。“三衣更”即每日更換三次清凈白衣。 此處亦如前述,於前方佈設召請,以香花等供養,持誦直至十萬遍。之後對一百零八朵茉莉花各自持咒后焚燒。若修為妻則向密處,修為姐妹則向乳房,修為母則向足,修為婢女則向頭。 以白阿迦根莖拇指量, 造作眾主形像平置, 持誦尾字散飾時, 永不遭受失敗也。 于勝宿日取白阿迦根,造作四臂眾主形像,垂腹,持龍供具,四手持獠牙、斧、索、數珠,大拇指量大小。手持此像,以其本尊瑜伽或自尊瑜伽持誦十萬遍。之後以其瑜伽繫縛,散置骰子等飾品,則不會失敗而獲勝。

།མཐའི་ཡི་གེ་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་འདིའི་མཐར་གནས་པའི་ཡི་གེ་སྟེ། ཨོཾ་ག་སྭཱ་ཧཱ་ཞེས་བྱ་བའོ། ། མ་ར་ཎི་ཛཱི་བན་ཏཱི་ཡེ། ཕྱག་འཚལ་སྭཱ་ཧཱ་ ཁ་སྦྱར་བྱ།།རྨ་བྱ་ཆེན་མོའི་སྙིང་པོ་འདི། །བཟླས་ན་ལས་ཀུན་བྱེད་པར་འགྱུར། །ཞེས་བྱ་བ་ལ། སྔགས་ནི། ཨ་མ་ར་ཎི་ཛཱི་བན་ཏཱི་ཡེ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་ཤིན་ཏུ་བཟླས་ན་ལས་ཐམས་ཅད་བྱེད་པར་འགྱུར་ཏེ། དེ་ལ་ནིར་ཀུན་ཏི་དང་པོ་ཙུ་མ་རྟའི་རྩ་བ་དང་ཅོད་པན་ཁྱིམ་བྱ་ཁམ་པ་ཅན་ གྱི་མཇུག་སྒྲོ་གཅིག་ཏུ་སྦྱར་ལ་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ཏེ།རིམས་ནད་ཀྱིས་ཟིན་པ་ལ་བདུག་ན། རིམས་ནད་ཐམས་ཅད་སེལ་བར་བྱེད་དོ། །ཀླད་གཟེར་ལ་ནི་མར་ནག་ལ་མངོན་པར་བཟླས་ཏེ་བསྐུས་ན། མགོ་བོའི་ཟུག་གཟེར་འཇོམས་སོ། །འབྲས་དང་འབྲུ་ཕྲན་ཚེགས་ལ་ནི་བཟླས་ཤིང་བྱབས་ པས་ཞི་བར་འགྱུར་རོ།།ཕོལ་མིག་དང་། འབྲུམ་བུ་ལ་སོགས་པ་ནི་ཙནྡན་གྱི་ཆུ་ལ་ལན་བདུན་བཟླས་ཏེ་བླུད་ན་ཞི་བར་འགྱུར་རོ། །སྦྱིན་སྲེག་གི་ལས་བྱས་ན་གདོན་ཐམས་ཅད་ཀྱིས་འཚེ་བ་ཞི་བར་འགྱུར་རོ། །གང་སུ་ཡང་རུང་བའི་སྐྲ་བཟུང་ལ་གཅེར་བུ་སྐྲ་གྲོལ་བ་དང་ལྡན་པས་ཁ་ལྷོར་བལྟས་ཏེ། སྒོའི་ཐེམ་པ་ལ་འདུག་ནས་སྒྲུབ་པ་པོ་ཁྲོས་བཞིན་དུ་སྔགས་ཟློས་ཤིང་ལག་པ་གཉིས་ཀྱིས་བསྐུ་མཉེའོ། །དེ་ལྟར་དུས་གསུམ་དུ་བྱས་ན། ཞག་གསུམ་གྱིས་དཔའ་བོ་ཉིད་ཀྱང་འཆི་བར་འགྱུར་རོ། །རྐཱ་རྐཱི་མ་རྐཱ་རྐཱི་ཧི་ན་ག་མ་ནི་ཕཊ། ཀྲྀཥྞ་ས་བ་ར་ཎཾ། ལོ་མ་ཅན་གྱི་བསྒྲུབ་པ་ལ། །ཀླུ་ནོར་ཞེས བྱའི་སྔགས་འབུམ་བཟླས།།བཙུན་མོའི་སྐྱེ་གནས་ཕྱོགས་སུ་ནི། །སེང་ལྡེང་ལས་བྱས་ཕུར་པ་ལ། །བརྒྱ་བཟླས་དམར་པོ་བྱུགས་ནས་ནི། །སྦྱར་ན་དེ་མོད་འགུགས་པར་འགྱུར། །ཞེས་བྱ་བ་ལ། སྔགས་ནི། ཨོཾ་ན་མ་སྐྲྀཥྞ་ས་བ་ར་ཎཾ་། ཨཱརྐཱ་རྐཱི་མ་རྐཱ་རྐཱི་ཧི་ནཱ་ག་མ་ནི་ཕཊ། སྔགས་འདིའི་ སྦྱོར་བ་ནི་འདི་ཡིན་ཏེ།དང་པོར་གཅེར་བུས་རྩ་བ་དང་འབྲས་བུ་དག་ཟ་ཞིང་འབུམ་ཕྲག་གཅིག་བཟླས་པས་བསྙེན་པར་བྱའོ། །དེ་ནས་སྤྲ་ཚིལ་ལས་མཐོ་གང་ཙམ་གྱི་བུད་མེད་ཀྱི་གཟུགས་བརྙན་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ་བྱས་ལ། །དེའི་དཔྲལ་བར་ནི་དེ་ཉིད་ཀྱི་དང་པོའི་མིང་བྲིའོ། ། སྙིང་གར་ནི་སྔགས་བྲི་སྟེ། དེ་ཡང་གོ་རོ་ཙ་ན་དང་། རང་གི་སྲིན་ལག་གི་ཁྲག་དང་བསྲེས་ལ་གྲོ་ག་ལ་མིང་སྤེལ་བ་དང་བཅས་པར་བྲི་སྟེ་དེའི་སྙིང་གར་གཞུག་གོ།

我來為您翻譯這段藏文: “尾字”即此偈頌末尾的字母,也就是”嗡嘎娑哈”。 “瑪熱尼吉萬帝耶,禮敬娑哈”合誦。 此大孔雀明王心咒, 持誦能成一切事業。 咒語為:“阿瑪熱尼吉萬帝耶娑哈”。若多誦此咒王,能成就一切事業。取尼爾昆提初生草根、冠雞尾羽合為一,持誦此咒一百零八遍。若對患熱病者熏之,能除一切熱病。對頭痛者,加持黑酥油塗抹,能除頭痛。對瘡癤小疾,持咒抹拭即可平息。 對皰瘡、痘瘡等,以旃檀水持誦七遍飲用即可平息。若行火供,能平息一切魔障侵害。取任何人之發,裸身散發向南而坐于門檻上,修法者以忿怒心持咒,雙手揉搓。如是三時修持,三日之內即使勇士亦將死亡。 “嘎嘎瑪嘎嘎希那嘎瑪尼啪特,黑薩瓦然”。 于有葉者修法時, 持誦龍財咒十萬。 于王妃密處方向, 以紫檀所制釘橛, 持咒百遍涂紅后, 若釘入即能召請。 咒語為:“嗡那瑪黑薩瓦然,阿嘎嘎瑪嘎嘎希那嘎瑪尼啪特”。此咒修法如下:首先裸身食用根果,持誦十萬遍為近修。然後以豬脂製作一肘高的女像,具足一切肢體。于其額頭書寫其本名首字,於心間書寫咒語。以牛黃及自己無名指血混合,寫于樺皮上並加持名號,置於其心間。

།དེ་ནས་བདག་ཉིད་ལོ་མ་ཅན་གྱི་གཟུགས་མིག་དམར་བ་རྨ་བྱའི་ཅོད་པན་གྱི་བམ་པོ་མགོ་ལ་བཅིངས་པ། གླང་པོ་ཆེ་ཕྲུ་གུའི་མཆེ བའི་རྩེ་མོའི་རྣ་རྒྱན་ཅན།ཤིང་ཨ་ཤོ་ཀའི་ལོ་མའི་ཕྲེང་བས་རྐེད་པ་དཀྲིས་པ། ལྕགས་ཀྱུ་དང་ཞགས་པ་ལག་ན་ཐོགས་པར་བསྒོམས་ལ། བསྒྲུབ་བྱ་ལ་ཁ་བལྟས་ཏེ་ཟ་བཞིན་བསམས་ནས། བསྒྲུབ་བྱའི་ཕྱོགས་སུ་གཟུགས་བརྙན་གྱི་མགོ་བསྟན་ཏེ། གན་རྐྱལ་དུ་བཞག་ལ་སེང་ལྡེང་གི་ཕུར་ བུ་མཐེབ་སོར་གྱི་ཚད་ཙམ་ལ་སྔགས་ལན་བརྒྱ་བཟླས་ཏེ་གདབ་པར་བྱའོ།།ཕུར་བུ་དེ་ཡང་གྲུ་གསུམ་པ་རྒྱ་སྐྱེགས་ཀྱི་ཁུ་བས་བྱུག་པར་བྱའོ། །བརྒྱ་ཞེས་བྱ་བ་ནི་བརྒྱ་རྩ་བརྒྱད་དེ། ཕུར་བུ་དེས་སྐྱེ་གནས་ཞེས་བྱ་བ་མོ་མཚན་དུ་བཏབ་པ་ལ་འོད་འབར་བ་བསྒོམ་པར་བྱའོ། །དེ་ནས་མཆོད་པའི་ ཡོ་བྱད་དམར་པོ་རྣམས་ཀྱིས་དེ་ལ་མཆོད་ལ།དུས་གསུམ་དུ་སྔགས་བརྒྱ་རྩ་བརྒྱད་བཟླས་ན། ཞག་བདུན་གྱིས་བརྒྱ་བྱིན་གྱི་ཆུང་མ་ཡིན་ཡང་འོང་བར་འགྱུར་ན་བུད་མེད་གཞན་ལྟ་སྨོས་ཀྱང་ཅི་དགོས། ཚ་བི་ར་ལི་ཧཱུ~ཾ་ཕཊ་བཟླས། །གྲོ་ག་གདོང་གི་སྒོ་རུ་གཞུག་།རི་བོང་ཁྲག་གི་མཚན་མས་མཚན། མཁར་གནས་བཙུན་མོ་འགུགས་པར་འགྱུར། །གཞན་ཡང་རྒྱུ་ཞབས་དག་ཏུ་བཞག་།ཅེས་བྱ་བ་ལ། ཨོཾ་ཚ་བི་ར་ལི་ཧཱུཾ་ཕཊ་བྱའོ། །སྔགས་འདིའི་སྦྱོར་བ་ནི་འདི་ཡིན་ཏེ། དང་པོར་མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་མདུན་གྱི་ནམ་མཁའ་ལ་བསྐྱེད་དེ་བསམས་ལ། དེར བསྒྲུབ་བྱ་གཞུག་སྟེ།བདག་ཉིད་རིག་པ་མདོག་དམར་ཞིང་སྔོ་བ་ཕྱག་གཉིས་ན་ལྕགས་ཀྱུ་དང་ཞགས་པ་ཐོགས་པར་བསམས་ཏེ། ལྕགས་ཀྱུས་བསྒྲུབ་བྱའི་སྙིང་གར་ཕུག་ཅིང་། མགྲིན་པ་ཞགས་པས་བཅིངས་པ་གསལ་པོར་གྱུར་གྱི་བར་དུ་བསྒོམ་མོ། །དེ་ནས་གནས་དབེན་པར་སྔགས་ འབུམ་ཕྲག་གཅིག་གི་བར་བཟླས་ལ་སྒྲུབ་པོ།།ཇི་ལྟར་བསྒྲུབ་ཅེ་ན། གྲོ་ག་ལ་རི་བོང་གི་ཁྲག་གིས་ཡན་ལག་ཐམས་ཅད་དང་ལྡན་པའི་གཟུགས་བྲིས་ལ། དེའི་དཔྲལ་བར་དེ་ཉིད་ཀྱི་དང་པོའི་མིང་བྲི་སྟེ། སྤྲ་ཚིལ་གྱི་ནང་དུ་གཏུམས་ལ། སྤྲ་ཚིལ་གྱི་རི་ལུ་ཁར་བཅུག་ནས་སྔགས་ བཟླས་ན་དེ་འགུགས་པར་འགྱུར་རོ།།སྦྱོར་བ་གཞན་གཉིས་པ་ཡང་གྲོ་ག་ལ་རི་བོང་གི་ཁྲག་གིས་བསྒྲུབ་བྱ་དང་། སྒྲུབ་པ་པོའི་གཟུགས་གཉིས་སོ་སོར་བྲིས་ལ། བསྒྲུབ་བྱའི་མིང་ནི་སྒྲུབ་པ་པོའི་དཔྲལ་བར་བྲིའོ།

我來為您翻譯這段藏文: 然後觀想自己為有葉者形象:紅眼,頭戴孔雀冠飾,耳飾為幼象牙尖,腰繫阿輸迦樹葉環,手持鉤索。面向所修對象,觀想正在吞噬,將塑像頭部朝向所修對像方向平放,以紫檀木製拇指大小釘橛持咒百遍釘入。此釘橛應為三角形,涂以紅花汁。“百”即一百零八,以此釘橛釘入密處即女陰處,觀想放光。 然後以紅色供品供養,於三時各持咒一百零八遍,七日內即使是帝釋天妃也會前來,更何況其他女子。 “查比熱里吽啪特”持誦, 樺皮置於門前處, 兔血為記做標記, 能召宮中諸王妃, 亦可置於履底下。 咒語為:“嗡查比熱里吽啪特”。此咒修法如下:首先於前方觀想由”央”字生起風輪於前方虛空中,于其中置入所修對象。觀想自身為明妃,紅中帶藍色,雙手持鉤索,以鉤刺入所修對像心間,以索系其頸部,如是清晰觀想。 然後于寂靜處持咒至十萬遍而修持。如何修持?于樺皮上以兔血畫出具足一切肢體的形像,于其額頭書寫其本名首字,以豬脂包裹,將豬脂丸置入口中持咒即能召請。 第二種修法亦是于樺皮上以兔血分別畫出所修對象與修法者的形像,將所修對像之名書于修法者額頭。

།སྒྲུབ་པ་པོའི་མིང་ནི་བསྒྲུབ་བྱའི་དཔྲལ་བར་བྲི་སྟེ། འཁྲུལ་འཁོར་དེ་ གཉིས་ཇི་ལྟར་དཔྲལ་བ་དང་དཔྲལ་བ།ཁ་དང་ཁ། གསང་བ་དང་གསང་བ་ཕྲད་པར་འགྱུར་བ་དེ་ལྟར་ཁ་སྦྱར་ཏེ་དྲིལ་ནས་རང་གི་རྒྱུ་ཞབས་སུ་བཞག་སྟེ། ཁྲོ་བོའི་རྡུལ་གྱིས་གདུང་ཞིང་དབེན་པའི་གནས་སུ་སྔགས་བཟླས་ན་ཞག་གསུམ་གྱིས་འགུགས་པར་འགྱུར་རོ། ཧེ་ཏིཥྛ་བནྡྷ་དྷ་ར་ཡ་ནི་ རུནྡྷ།དང་པོར་སླར་ཡང་སྦྱར་བར་བྱ། །ུརྞ་མ་ཎི་སྭཱ་ཧཱ་མཐའ། །མཆོག་འདིས་མགྲིན་པར་ཆོ་ག་བྲི། །ཞེས་བྱ་བའི་སྔགས་ནི། ཨོཾ་ཧེ་ཏིཥྛ་ཏིཥྛ་བནྡྷ་བནྡྷ་དྷ་ར་ཡ་དྷ་ར་ཡ་ནི་རུནྡྷ་ནི་རུནྡྷ་ཨུརྞ་མ་ཎི་སྭཱ་ཧཱ། འདིའི་སྦྱོར་བ་ནི་འདི་ཡིན་ཏེ། སྔགས་འདི་ཐལ་བ་ལ་མངོན་པར་བཟླས་ལ་མཛུབ་མོས་ཐལ་ བ་དེའི་རི་མོ་གང་གི་མགུལ་བར་བྲིས་ན།དེའི་སྐྱུག་པའི་ནད་ཞི་བར་བྱེད་དོ། །ཡང་ཏཱ་ལའི་འདབ་མ་ལ་དགྲ་བོའི་མིང་དང་སྤེལ་བའི་མིང་བྲིས་ནས། ཀརྟའི་ཚད་དུ་བཅུག་ན་ཁ་འཆིང་བར་འགྱུར་རོ། །དེ་བཞིན་དུ་གྲོང་ཁྱེར་གཞན་ལ་སྟེར་བ་ལ་སོགས་པ་དག་ཀྱང་འཆིང་བར་འགྱུར་རོ། །དན་ དི་ལི་མཐའ་མོ་ཧ་དབུས།།མུ་ཙ་ལི་ནི་ཐོག་མར་བསྟན། །ཀུན་མཐར་སྭཱ་ཧཱ་སྦྱར་སྔགས་འདིས་། །རྨི་ལམ་བྲམ་ཟེ་ཕྲུ་གུ་སྟོན། །ཞེས་བྱ་བ་ལ་སྔགས་ནི། ཨོཾ་མུ་ཙི་ལི་སྭཱ་ཧཱ། མོ་ཧ་ནི་སྭཱ་ཧཱ། དན་ཏི་ལི་སྭཱ་ཧཱ། ཞེས་བྱ་བའོ། །འདིར་ཆོ་ག་ནི་འདི་ཡིན་ཏེ། འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་བླ་མའི་སྤྱན་ལམ་དུ་བའི་ལྕི་བ་ས་ལ་མ་ལྷུང་བས་མཎྜལ་བྱས་ལ།མེ་ཏོག་ལ་སོགས་པས་མཆོད་དོ། །སྔགས་འདི་ཉིད་ཀྱིས་ལན་བདུན་དུ་བཟླས་པའི་ལག་པས་གདོང་བྱུགས་ལ། དེ་ཉིད་སྣམ་བུ་གཙང་མ་གདན་དུ་བཏིང་སྟེ་དོན་ལ་དམིགས་ནས་ཉལ་ན། རྨི་ལམ་དུ་བདེན་པ་ སྟོན་པར་འགྱུར་རོ།།དེ་བཞིན་དུ་ཆུ་ལ་མངོན་པར་བཟླས་ཏེ་འཐུངས་ནས་མར་ནག་ལ་མངོན་པར་བཟླས་པས་གདོང་བྱུགས་ཏེ་ཉལ་ན་ཡང་། ཡང་དག་པའི་རྨི་ལམ་མཐོང་བར་འགྱུར་རོ། །ོཾ་ཙུན་དེ་ཙུ་ལེ་ཙ་ལེ་ཞེས་བྱ་བ། བཟློག་པ་ལུགས་བཞིན་བཟུང་བྱས་ན། །དུས་གསུམ་གྱི་ནི་ དངོས་པོ་རྣམས།།མེ་ལོང་གནས་ནས་སྟོན་པར་བྱེད། །ཅེས་བྱ་བ་ལ་སྔགས་ནི། ཨོཾ་ཙ་ལེ་ཙུན་དེ་དཪྴ་ཡ་སརྦ་སྭཱ་ཧཱ་ཞེས་བྱ་བ་ཡིན་ནོ། །སྦྱོར་བ་ནི་འདི་ཡིན་ཏེ། ཆོ་ག་བཞིན་དུ་སྔོན་དུ་བསྙེན་པ་སྟོང་ཕྲག་བཅུར་བཟླས་པའོ།

我來為您翻譯這段藏文: 修法者之名書于所修對像額頭,將這兩個影象的額對額、口對口、密處對密處相對摺疊,放入自己的鞋底下,以忿怒塵熏之,于寂靜處持咒,三日內即可召請。 “嘿提斯塔班達達熱雅尼潤達”,首先再次相合, “烏爾那瑪尼梭哈”為末, 以此殊勝于頸部書寫儀軌。 此咒為:“嗡嘿提斯塔提斯塔班達班達達熱雅達熱雅尼潤達尼潤達烏爾那瑪尼梭哈”。其修法如下:以此咒加持灰塵,用食指將此灰畫于任何人頸部,能平息其嘔吐病。 又于多羅樹葉上書寫敵人名字及配偶名字,置入耳中即可封其口。同樣也能約束贈予他鄉等事。 “丹帝利”為末”摩訶”居中, “姆扎利尼”首先示現, 末加”梭哈”此咒語, 夢中示現婆羅門童子。 咒語為:“嗡姆吉利梭哈、摩訶尼梭哈、丹帝利梭哈”。此處儀軌如下:于上師聖觀世音前以未落地牛糞作曼荼羅,以花等供養。以此咒誦七遍加持手掌擦臉,以清凈毛毯作墊鋪設,專注所求而睡,即能在夢中示現真實。 同樣,以加持之水飲用,以加持之酥油涂面而睡,亦能見到真實夢境。 “嗡尊德祖列扎列”,如法持誦迴轉,能示現三時諸事,如鏡中顯現。 此咒為:“嗡扎列尊德達夏雅薩兒瓦梭哈”。修法為:如法先行十萬遍前行持誦。

།དེ་ནས་ཁྱེའུ་དང་བུ་མོ་གྲོང་གི་ཆོས་ཀྱིས་མ་ཉམས་པ་བཟུང་ལ་ཁྲུས་ བྱས་ཤིང་གོས་གཙང་མ་བསྐོན་ནས།ཐིག་ལེ་ལ་སོགས་པའི་རྒྱན་གྱི་ཆས་སུ་གསལ་ལ། འཕགས་པ་མི་གཡོ་བའི་སྔགས་དང་ཕྱག་རྒྱས་བསྲུང་ངོ་། །ཡང་དག་པར་མཆོད་དོ། །ོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་བྱ་བ་ནི་སྔགས་སོ། །རྡོ་རྗེ་བསྡམས་པ་ནང་དུ་བྱས་ལ་མཛུབ་མོ་བསྒྲེང་ སྟེ་ལྟོ་སྦྱར་ལ་མཐེ་བོང་གཉིས་སོ་སོར་བསྒྲེང་བ་ནི་ཕྱག་རྒྱའོ།།སྔགས་དང་ཕྱག་རྒྱ་འདིས་ཕྱོགས་དང་མཚམས་དང་། སྟེང་འོག་ཀྱང་བཅིང་བར་བྱའོ། །དེ་ནས་མཎྜལ་གྱི་དབུས་སུ་བུམ་པ་གོས་སར་པ་དཀར་པོས་མགུལ་པ་བཅིངས་ལ་དྲི་ཞིམ་པོའི་ཆུས་བཀང་བ་ཤིང་ལོ་ཡིད་དུ་འོང་བས་ཁ་རྒྱན་ བྱས་ཏེ།མེ་ཏོག་དང་བདུག་པ་ལ་སོགས་པས་མཆོད་ནས། སྔར་བསྟན་པའི་ཁྱེའུ་དང་བུ་མོ་ཁ་ཤར་དུ་བསྟན་ཏེ་བཞག་ལ། མིག་གཉིས་སུ་ཡི་གེ་ཨོཾ་བཀོད་དོ། །སྙིང་གར་ཡི་གེ་ཧཱུཾ་བཀོད། ཨོཾ་གཉིས་ཀྱི་དབུས་སུ་ཡཾ་དཾ་འོད་འབར་བ་བསམ་མོ་། །དེ་ནམ་མཁའི་ཕྱོགས་སུ་ཡང་ཙུཾ་ལས་ བསྐྱེད་པའི་ལྷ་མོ་སྐུལ་བྱེད་མ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ།ཕྱག་དང་པོ་གཉིས་ན་ལྷུང་བཟེད་བསྣམས་ཤིང་གཞན་གཉིས་ཀྱིས་པདྨ་དང་རལ་གྲི་བསྣམས་པའི་ཕྱག་བཞི་པ། སྐུ་མདོག་ཟླ་བ་ལྟར་དཀར་ཞིང་འཚེར་བ་བསམས་ལ། དེ་ཉིད་ལ་ཨརྒྷ་དབུལ་ཏེ། མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། བདག་ཉིད་ཀྱི་སྔགས་ཀྱིས་སམ་རྩ་བའི་སྔགས་ཀྱིས་བསྟོད་ལ། སྔགས་འདི་ཁྱེའུ་དང་བུ་མོའི་སྙིང་གར་གཞུག་པར་བྱའོ། །ོཾ་ཙ་ལེ་ཙུ་ལེ་པེ་ཤ་ཨ་ཏྲ་ཀུ་མ་དྲ་ཀུ་མ་དྲ་ཀུ་མ་རི་ཀ་ཡོ་ཤ་རི་རཻ་པྲ་བི་ཤྱ་དྷ་ར་ཤ་ཡ། སརྦ་ཡ་ཐཱ་བྷུ་ཧཾ་ཡ་ཐཱ་ད་ཏྱཾ། བུདྡྷ དྷརྨ་སཾ་གྷ་ས་ཏྱེ་ན་བ་ཏི་མ་བི་ལཾ་བ་མ་མ་ཨ་ཤ་པྲ་བུ་ར་ཡ་སྭཱ་ཧཱ།དེ་ནས་མེ་ལོང་ངམ། རལ་གྲིའམ། དྲི་མ་མེད་པའི་མཐེ་བོངའམ་། མར་མེའམ། ཆུའི་སྣོད་དག་ལ་སྔགས་ཡོངས་སུ་བཟླས་ཏེ། ཁྱེའུའམ་བུ་མོ་ལ་བསྟན་ལ་བདེ་བ་ཇི་ལྟ་བ་བཞིན་སྟོན་པར་འགྱུར་རོ། །དེ་ནས་གཤེགས་སུ་ གསོལ་ཏེ་ལྡང་བར་བྱའོ།།བ་ར་ད་ཀ་སྭཱ་ཧཱ་དྲུག་།ཕྱག་འཚལ་དང་ལྡན་ཚོགས་བདག་དགྱེས། །གཟུགས་བརྙན་མཎྜལ་གྲུ་བཞིར་བཞག་།ཟླ་བ་དྲུག་ཏུ་མཆོད་པ་བྱ། །ཞེས་བྱ་བ་སྔགས་ནི། ཨོཾ་བ་ར་ད་ག་སྭཱ་ཧཱ། ཞེས་བྱ་བའོ།

我來為您翻譯這段藏文: 然後選取未失鄉俗之童男童女,令其沐浴更衣清凈,以點飾等莊嚴裝飾,以聖不動尊咒語及手印守護。如法供養。 咒語為:“嗡贊達瑪哈若夏拏吽呸”。手印為:內結金剛印,豎食指相對,二拇指分開豎立。以此咒語及手印結界十方上下。 然後于曼荼羅中央置一水瓶,以新白布系其頸部,盛以香水,以悅意樹葉作頂飾,以花香等供養。令前述童男童女面東而坐,於二目安置”嗡”字,心間安置”吽”字,二”嗡”字中間觀想放光的”央”、“當”字。 復于虛空方向觀想由”尊”字所化之天女速疾母,安住月輪中,首二手持缽盂,餘二手持蓮花與寶劍,四臂身相,身色如月般白亮。向其獻阿伽供,以諸供品如法供養,以自咒或根本咒讚歎,將此咒置於童男童女心間: “嗡扎列祖列佩夏阿札庫瑪札庫瑪札庫瑪利卡約夏利來扎毗夏達熱夏雅 薩兒瓦雅塔布杭雅塔達丁 布達達爾瑪桑嘎薩帝納巴帝瑪毗藍巴瑪瑪阿夏扎布熱雅梭哈”。 然後于鏡、劍、無垢拇指、燈或水器等持誦咒語,示于童男或童女,即如實顯現。 之後請其離去而起。 “巴熱達嘎梭哈”六遍, 禮敬具足眾主喜, 影像曼荼羅方形置, 六月之中作供養。 此咒為:“嗡巴熱達嘎梭哈”。

།སྦྱོར་བ་ནི་འདི་ཡིན་ཏེ། གནས་དབེན་པར་བའི་ལྕི་བའི་མཎྜལ་ གྲུ་བཞི་བྱས་ལ།དེའི་དབུས་སུ་ཚོགས་བདག་གི་གཟུགས་སམ། བྲིས་སྐུ་བཞག་ནས་བདག་ཉིད་ཀྱིས་ལོག་འདྲེན་གྱི་གཟུགས་ཀྱིས་ཡང་དག་པར་མཆོད་དེ་གཅེར་བུར་གྱུར་པས་ཟླ་བ་དྲུག་གི་བར་དུ་ཉིན་དུས་གསུམ་དུ་སྔགས་བརྒྱ་རྩ་བརྒྱད་བཟླས་ན། ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་ པར་འགྱུར་རོ།།བྷྲ་མ་ཀེ་ཤེ་བྷྲ་མ་མ་ཏེ། བྷྲ་མ་བི་བྷྲ་མུས་ཛྱེ་མོ་ཧྱེ་སྭཱ་ཧཱ། དང་པོར་བྷྲ་མ་གཉིས་དང་ལྡན། །དེ་ནས་རིམ་བརྗོད་ཨུར་ནེར་བཅས། །ཞེས་བྱ་བ་ནི་སྔགས་ཏེ། དང་པོར་བྷྲ་མ་གཉིས་དང་ལྡན། །ཞེས་བྱ་བ་ནི། བྷྲ་མ་བྷྲ་མ་ཞེས་ལན་གཉིས་བརྗོད་པའོ། །རིམ་བརྗོད་ཅེས་བྱ་བ་ནི་ ལྷག་མ་ཕྲེང་བའི་རིམ་པ་བཞིན་དུ་བརྗོད་པའོ།།ུར་ནེར་བཅས་ཞེས་བྱ་བ་ནི་མཐར་ཨུར་ནེ་བརྗོད་པ་སྟེ། ཨོཾ་བྷྲ་མ་བྷྲ་མ་ཀེ་ཤི་བྷྲ་མ་ཏེ་བྷྲ་མ་བི་བྷྲ་མ་མུས་ཛྱེ་མོ་ཧེ་ཡ་ཨུརྣེ་སྭཱ་ཧཱ། ཞེས་བྱ་བ་སྟེ། མ་བསྒྲུབས་པར་ཡང་ལས་ཐམས་ཅད་བྱེད་པའོ། །འདིར་སྦྱོར་བ་ནི་འདི་ཡིན་ཏེ། ཡུངས་ཀར་ ཁྱོར་གང་ཙམ་ས་ལ་མ་རེག་པའི་བར་སྣང་ལ་བཞག་ལ།སྔགས་འབུམ་ཕྲག་གཅིག་བཟླས་སོ། །དེ་ནས་དེ་ལ་ཅུང་ཟད་ཅིག་བླངས་ལ། གཅེར་བུ་སྐྲ་ལྷུག་པས་ཁྱིམ་གྱི་ཐེམ་པའི་ཕྱི་ནས་ཡུངས་ཀར་གཏོར་ན། ཡུངས་ཀར་ལ་འགོམས་པ་ཙམ་གྱིས་ཇི་སྲིད་ཉི་མ་ཤར་གྱི་བར་དུ་དུས་མ་ཡིན་ པའི་གཉིད་མཐུག་པོས་ནོན་པར་འགྱུར་རོ།།གཉིད་བསྐྱེད་པའི་སྦྱོར་བའོ། །ཀིནྣི་ཀནྣི་གྷཎྜ་ཀ་ར་ཎ་ན་མེད་ཤ་ཡ་སྭཱ་ཧཱ། སྔགས་བཟླས་པ་ཡི་ཆུ་འཐུངས་ན། །རྨི་ལམ་བདེན་པ་སྟོན་པར་འགྱུར། །ཞེས་བྱ་བ་ལས། སྦྱོར་བ་ནི་འདི་ཡིན་ཏེ། རང་ལྷའི་སྦྱོར་བའམ། རྡོ་རྗེ་ཧཱུ~ཾ་མཛད་ཀྱི་ཏིང་ངེ་ འཛིན་ལ་གནས་ནས།།རྡོ་རྗེའི་མཚོན་ཆས་དྲིའི་ཚོགས་དགུག་པར་བྱའོ། །དེ་ཡང་སྐུ་མདོག་དཀར་པོ་ཕྱག་བཞི་པ། ཕྱག་ན་མདུང་རྩེ་གསུམ་དང་། དགྲ་སྟ་དང་། ཞགས་པ་དང་། ཐོ་བ་བསྣམས་པ་རྣ་བ་གཉིས་དྲིལ་བུའི་སྒྲ་དང་ལྡན་པ་བལྟས་ལ་ལག་པ་གཡོན་པ་མདུང་རྩེ་གསུམ་པར་ བྱས་པའི་དམ་ཚིག་གི་ཕྱག་རྒྱ་དེ་ལ་སྔགས་སྟོང་ཕྲག་བཅུར་བཟླས་ཏེ་མཆོད་པ་བྱའོ།།དེ་ནས་ཆུ་ལ་མངོན་པར་བཟླས་ཏེ་འཐུངས་ན་གདོན་མི་ཟ་བར་རྨི་ལམ་དུ་བདེན་པ་མཐོང་བར་འགྱུར་རོ།

我來為您翻譯這段藏文: 修法如下:于寂靜處以牛糞作四方曼荼羅,其中央安置眾主尊像或畫像,自身以魔形如法供養,裸身於六月中每日三時各誦咒一百零八遍,則一切所愿皆得圓滿。 “布熱瑪給謝布熱瑪帝 布熱瑪毗布熱目杰摩耶梭哈”。首有二布熱瑪,次第誦烏熱內。此即咒語。“首有二布熱瑪”即重複誦”布熱瑪布熱瑪”二次。“次第誦”即依次誦諸餘串珠。“具烏熱內”即最後誦”烏熱內”。即:“嗡布熱瑪布熱瑪給謝布熱瑪帝布熱瑪毗布熱瑪目杰摩黑雅烏熱內梭哈”。即使未修成亦能成辦一切事業。 此中修法如下:將一掬芥子置於不觸地之虛空中,誦咒十萬遍。然後取其少許,裸身披散頭髮于門檻外撒芥子,則凡踩踏芥子者,直至日出前皆為非時重睡所壓。此為生睡眠之修法。 “給尼根尼鋼札嘎熱拏那美達雅梭哈”。飲用持誦咒語之水,則能示現真實夢境。 其修法如下:住于本尊瑜伽或金剛吽行三摩地中,以金剛武器召集香部眾。其身白色四臂,手持三叉戟、斧、索、槌,二耳具鈴聲。觀想已,左手作三叉戟誓言手印,誦咒一萬遍作供養。然後加持水飲用,必定能于夢中見到真實。

།རྒྱ་མཚོར་འབབ་པའི་ཆུ་བོ་ལ། །ཛཱ་ཏིའི་མེ་ཏོག་འབུམ་བསྐུར་བྱ། །ོཾ་ཝཱ་ཀྱེ་དཾ་ན་མཿིད་དོ་ད་བྷ་ར་ དང་།འཇམ་དཔལ་གྱི་སྙིང་པོ་འདི་ཞེས་བྱ་བ་ལ་སྦྱོར་བ་ནི་འདི་ཡིན་ཏེ། ཛཱ་ཏིའི་མེ་ཏོག་ཁ་བྱེ་བ་འབུམ་བཟུང་ལ་རྒྱ་མཚོ་ཆེན་པོར་འབབ་པའི་ཆུ་བོར་སྐེ་མན་ཆད་ཆུའི་ནང་དུ་ཞུགས་ལ། མེ་ཏོག་རེ་རེ་ཞིང་སྔགས་ཟློས་ཤིང་ཆུ་ལ་བསྐྱུར་རོ། །དེ་ཇི་སྟེ་མེ་ཏོག་ཆུ་དང་བཅས་པ་གྱེན་དུ་རྒྱུན་ལས་བཟློག་སྟེ་ འབབ་པ་ན།མེ་ཏོག་ཆུ་དང་བཅས་པར་བླངས་ཏེ་སོས་མ་རེག་པར་འཐུངས་ན། ཐོས་པ་འཛིན་པའི་དངོས་གྲུབ་འཐོབ་པར་འགྱུར་རོ། །ོཾ་ཀུ་རུ་ཀུལླེ་སྭཱ་ཧཱ། ཁམས་གསུམ་འགུགས་པར་བྱེད་པ་བསྟན། །སྒྲོལ་མ་ཡི་ནི་སྙིང་པོ་འདི། །མགུལ་ནོར་བཅིངས་པའི་ཆོ་གར་གསུངས། །ཞེས་བྱ་ བ་ལ་བཅོམ་ལྡན་འདས་ཧ་ལ་ཧ་ལའི་ཏིང་ངེ་འཛིན་ལ་གནས་ལ།སྒྲོལ་མའི་སྔགས་འདི་བསྙེན་པ་བྱའོ། །དེ་ནས་ཚེས་དང་སྐར་མ་དང་ཉི་མ་བཟང་པོ་ལ་མཆོད་པ་བྱས་ནས། གྲོ་ག་ལ་ཨུཏྤ་ལའི་འདབ་མ་ལྟ་བུའི་འཁོར་ལོ་རྩིབས་བཅུ་དྲུག་པ་བྲིས་ལ། རྩིབས་བཅུ་དྲུག་ལ་ཨ་བྲིའོ། །ལྟེ་བ་ལ་ ནི་བསྒྲུབ་བྱའི་མིང་ཀུ་རུ་ཀུལླེ་ཞེས་བྱ་བའི་ཡི་གེ་བཞིས་བསྐོར་བ་བྲིའོ།།དེའི་ཕྱི་རོལ་དུ་ཨོཾ་ལས་བྱུང་བའི་རི་མོ་གསུམ་གྱིས་བསྐོར་རོ། །དེ་ནས་འཁོར་ལོ་གཉིས་པ་དེ་དང་འདྲ་བ་ལས་བསྒྲུབ་བྱའི་མིང་མ་གཏོགས་པ་བྲིས་ལ། །དེས་འཁོར་ལོ་སྔ་མའི་སྟེང་དུ་བཀབ་སྟེ། བཅོམ་ལྡན་འདས་མ་སྤྱན་དྲངས་ཏེ་ཡང་དག་པར་མཆོད་ནས་འཁོར་ལོ་དེར་བསྟིམས་ལ། ཡི་གེ་ལས་བྱུང་བའི་འོད་ཟེར་གྱིས་བསྒྲུབ་བྱ་བཀུག་སྟེ། ཤིང་རྩ་བ་ནས་བཅད་པ་ལྟར་བཅོམ་ལྡན་འདས་མའི་ཞབས་དྲུང་དུ་འགྱེལ་ནས་འདུག་པར་བསམས་ལ། །ཉི་མ་བདུན་དུ་དུས་གསུམ་དུ སྔགས་བརྒྱ་སྟོང་དུ་བཟླས་ན་བརྒྱ་བྱིན་ཉིད་ཀྱང་དབང་དུ་འགྱུར་རོ།།སྔགས་ནི། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ་ཆེ་གེ་མོ་ཨ་ནཾ་སྭཱ་ཧཱ། དྷ་ན་པ་རི་བ་རེ་ཙ་ས་མནྟ་སྭཱ་ཧཱ། ཞེས་བྱ་བ་ཡིན་ནོ། །ཉི་མ་བདུན་བཟླས་ནས་འཁོར་ལོ་ཞོ་དང་། མར་དང་སྦྲང་རྩིའི་ནང་དུ་གཞག་གོ།

我來為您翻譯這段藏文: 向大海流注之河中,投擲十萬朵茉莉花。“嗡瓦給當那莫悉多達巴熱”及文殊心咒之修法如下:取十萬朵盛開的茉莉花,于流入大海之河中,身入水中至頸部,每取一花誦一遍咒語后投入水中。若花與水逆流而上,取花與水未經他人觸碰飲用,則得到持聞成就。 “嗡庫如庫列梭哈”。此咒能召攝三界,此為度母心咒,說為繫頸珠之儀軌。 於此,住於世尊哈拉哈拉三摩地中,修持此度母咒。然後于良辰吉日作供養,于貝葉上畫如青蓮花瓣之十六輻輪,於十六輻上書寫”阿”字。于中央書寫所修對像之名,以”庫如庫列”四字環繞。其外以從”嗡”字所生三重線環繞。 然後畫第二輪,與前相同但不寫所修對像之名。以此覆蓋前輪,迎請世尊母作如法供養后融入輪中。觀想從字放光召請所修對象,如樹從根斷般倒伏於世尊母足下。於七日中三時各誦咒百千遍,則帝釋天王亦能降伏。 咒語為:“嗡庫如庫列啥 某某阿南梭哈 達那巴日巴熱匝薩曼達梭哈”。 七日持誦后,將輪置於酸奶、酥油、蜂蜜中。

།དགའ་བདེ་མ་མྱོང་བུ་མོའི་ཡི་གེ་ དང་པོ་ནི།གསུམ་དྲུག་འབུམ་གཅིག་བཟླས་ན་དེར་ནི་རྙེད་པར་འགྱུར་རོ་ཉི་མ་དཀར་པོའི་མེ་ཏོག་སྦྱིན་སྲེག་བྱ་བའམ། ཡང་ན་པྲི་ཡདྐུ་ཡི་མེ་ཏོག་སྦྱིན་སྲེག་བྱ། །ཞེས་བྱ་བ་ལ། སྔར་དགའ་བ་དང་བདེ་བ་མ་མྱོང་བའི་བུ་མོ་གང་ཡིན་པ་དེའི་ཡི་གེ་ནི་དགའ་བདེ་མ་མྱོང་བའི་ཡི་གེ་སྟེ། ཡི་གེའི་ ཚོགས་དེ་ལས་དང་པོར་ཨ་དང་།གསུམ་པར་དི་དང་། དྲུག་པར་པོ་ཏི་རྣམས་གཟུང་བར་བྱའོ། །དེ་ཡང་བསྙེན་པའི་དུས་སུ་ཆང་དང་ཤ་ལ་སོགས་པ་བཅད་དོ། །དཀར་གསུམ་ལ་སོགས་པའི་ཟས་ཟ་ཞིང་། གོས་དང་བཅས་པར་ཆུའི་ནང་དུ་ཞུགས་ཏེ། མི་སྨྲ་བར་འབུམ་ཕྲག་གཅིག་བཟླས་ བརྗོད་བྱའོ།།སྔགས་ནི། ཨོཾ་ཨ་དི་ཏི་ཨ་མུ་ཀ་ཀན་ནཾ་མེ་དེ་ཧི་དྷེ་དྷ་བ་ཡ་སྭཱ་ཧཱ། ཞེས་བྱ་བའོ་། །བསྙེན་པ་ཐོན་ནས་ཨརྐ་དཀར་པོ་མེ་ཏོག་གམ། པྲི་ཡདྐུའི་མེ་ཏོག་ལ་སྔགས་རེ་རེ་ཞིང་སྦྱིན་སྲེག་འབུམ་ཕྲག་གཅིག་བྱའོ། །དེ་ཡང་གྲོ་ག་ལ་བུ་མོའི་མིང་དང་རང་གི་མིང་དུ་ཁ་སྦྱར་བ་བྲིས་ལ། རང་གི་རྒྱུ་ཞབས་སུ་བཞག་སྟེ། དེ་ལྟར་སྦྱིན་སྲེག་བྱས་ན། བུ་མོ་དེ་བདག་གིར་འགྱུར་ཏེ། སུ་ལ་ཡང་སྟེར་བར་མི་འགྱུར་རོ། །བི་ཙི་མོ་ཧི་སྭཱ་ཧཱ། ཨོཾ་དང་བཅས་ལ་གྲངས་བདུན་ཡིན། །གནོད་སྦྱིན་ཡུགས་ས་མོ་ཡི་སྔགས། །རོ་ལ་གཡོགས་པའི་རས་ལ་ནི། །དེ་ཡི་སེན་རྩིས་རྒྱན མེད་བྲི།།དེ་ཡི་གཟུགས་ལ་མེ་ཏོག་ནི། །སེར་པོས་མཆོད་ན་དེ་འགྲུབ་འགྱུར། །འཇིག་རྟེན་གསུམ་གྱི་ཡུགས་ས་མོ། །ཐམས་ཅད་བཀའ་ཉན་དུ་ནི་འགྱུར། །མོན་སྲན་གྲེའུ་ཁ་ཟས་ཀྱིས། །ཡུགས་ས་མོ་ཡི་སྔགས་བཟླས་འགྲུབ། །སྔགས་ནི། ཨོཾ་བི་ཙི་མ་ཧེ་སྭཱ་ཧཱ་ཞེས་བྱ་བ་སྟེ། སྔོན་དུ་བསྙེན་པ་འབུམ་ཕྲག་བདུན་བཟླས་སོ། །དེ་ནས་བྲམ་ཟེ་མོ་ལ་གཡོགས་པའི་རས་མའི་དུམ་བུ་ཁྲུ་གང་གྲུ་བཞི་པ་ལ་རོ་དེ་ཉིད་ཀྱི་སེན་རྩིས་བྲམ་ཟེ་མོ་དེ་ཉིད་ཀྱི་གཟུགས་མེད་པར་བྲིས་ལ་གནས་དབེན་པར་བྲིས་སྐུ་བཀྲམ་སྟེ། བདག་ཉིད་གཅིག་པུས་ཤིང་སཱ་ལ་སེར་པོའི་མེ་ཏོག་གིས མཆོད་ནས་ཟླ་བ་དྲུག་གི་བར་དུ་མཚན་མོ་མུན་པ་ལ་བརྒྱད་བརྒྱ་བརྒྱད་བཟླས་ན་ཟླ་དྲུག་གི་མཐར་འོང་བར་འགྱུར་རོ།།འོངས་ནས་མི་སྨྲ་བར་འདོད་པ་སྤྱད་ན་བརྒྱ་སྟོང་རི་བའི་མུ་ཏིག་གི་ཕྲེང་བ་བཀྲལ་ནས་འཇོག་པར་འགྱུར་རོ། །དེ་ལྟར་ཟླ་བ་དྲུག་གི་བར་དུ་ཉིན་རེ་ཞིང་བཞག་ནས་འགྲོ་བར་ འགྱུར་རོ།།ཟླ་བ་དྲུག་ཡོངས་སུ་རྫོགས་ནས་ཅི་བླངས་པའི་དངོས་གྲུབ་སྟེར་བར་འགྱུར་རོ།

我來為您翻譯這段藏文: 未經歡喜之少女的第一字,持誦三十六萬遍即可獲得。應以白色太陽花或波利央固花作護摩。 其中,未曾體驗歡喜和快樂的少女之字,即是未經歡喜之字。從字群中,首先取”阿”字,第三取”帝”字,第六取”波帝”等字。 在修持期間應戒除酒肉等物,食用三白等食物。著衣入水中,默然持誦十萬遍。 咒語為:“嗡阿帝帝阿目嘎堪囊美得黑得達巴雅梭哈”。 修持圓滿后,以白色太陽花或波利央固花,每誦一遍咒語作一次護摩,共十萬遍。另在貝葉上寫少女名字與自己名字相連,置於自己枕下,如是作護摩,則此少女將成為己有,不會嫁予他人。 “毗支摩希梭哈”,加”嗡”字共七字,此為夜叉女咒。于屍體裹布上,以其指甲畫無裝飾像。以黃色花供養其像則得成就。三界夜叉女,皆將聽從教令。以豆類食物,持誦夜叉女咒得成就。 咒語為:“嗡毗支瑪黑梭哈”,先行持誦七十萬遍。然後于婆羅門女所裹之布料一肘見方上,以其指甲畫其無裝飾像,于僻靜處展開畫像。獨自以黃色娑羅花供養,于夜晚黑暗中持誦八百零八遍,持續六個月,六個月后她將前來。 來后默然行欲,將留下價值百千的珍珠項鍊。如是六個月中每日留下後離去。六個月圓滿后,將賜予所求成就。

།ོཾ་གྷོ་གྷོ་རི་རུ་ཏྲ་དི་ཙི་དེ་ཡོ་གཱི་ཤྭ་རི་མུ་ཁ་ཧཱུཾ་ཕཊ་སྭཱ་ཧཱ། གྷོ་གྷོ་རི་དང་མུ་ཁ་ཡང་། །རི་དབང་བུ་མོའི་སྙིང་པོ་ཡིན། །བརླ་གཡོན་ལ་ནི་མིང་བྲིས་ཏེ། །ལག་པ་གཡོན་པས་བཀབ་ནས་སུ། །བཟླས་ ན་བུ་མོ་མོད་ལ་འགུགས།།སྐྱེས་པ་ལ་ནི་གཡས་པ་སྦྱར། །ཞེས་བྱ་བ་ལ་ནི། ཨོཾ་རུ་ཏྲི་དི་བི་དེ་ཡོ་གཱི་ཤྭ་རི་མུ་ཁ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པའོ་། །འདིར་གསེར་བཙག་དང་གོ་རོ་ཙ་ན་དང་། ལྡོང་རོས་གང་ཡང་རུང་བ་ལ་བསྒྲུབས་ཏེ། དེ་ཡང་ཟླ་བ་གཟས་ཟིན་པའི་དུས་སུ་ལྷ་མོ་གྷོ་གྷོ་རི་ལ་མཆོད་པ་ བྱས་ལ། ཤྭཏྠའི་ལོ་མ་བདུན་གྱི་སྟེང་དུ་གསེར་བཙག་ལ་སོགས་པ་བཞག་སྟེ། ཡང་ལོ་མ་བདུན་གྱི་སྟེང་ནས་བཀབ་ནས། དེའི་སྟེང་དུ་ལག་པ་གཡོན་པས་མནན་ནས་ཇི་སྲིད་ཟླ་བ་གཟས་བཟུང་བ་མ་གྲོལ་གྱི་བར་དུ་བཟླས་སོ། །དེས་བརླ་གཡོན་པའི་དབུས་སུ་བུ་མོའི་མིང་བྲིས་ལ། ལག་པ་གཡོན་པས་བཀབ་སྟེ་བཟླས་ན། འཆིང་བས་བཅིངས་པ་མ་གཏོགས་པ་རྣམས་འོང་བར་འགྱུར་རོ། །སྐྱེས་པ་འགུགས་པ་ལ་ནི་བརླ་གཡས་པའི་དབུས་སུ་དེ་ཉིད་ཀྱིས་དེའི་མིང་བྲིས་ལ་ལག་པ་གཡས་པས་བཀབ་སྟེ། ཇི་སྲིད་འོང་གི་བར་དུ་བཟླས་སོ། །རྐང་པས་དགུག་པའོ། ། དང་པོར་ཕྱག་འཚལ་ལྡན་པའི་སྔགས། །བི་ད་རི་ཀུ་རུ་ཧཱུཾ་ཕཊ། ཡིད་ཆེས་པ་ཡི་ཕྲིན་ཡིག་ལས། །གདོན་ནི་ཚར་གཅོད་བྱེད་པ་སྟེ། །ཡོངས་བཟླས་ཕྱག་རྒྱས་བཏབ་སྟེ་སྤྲིང་། །ཞེས་བྱ་བ་ལ། སྔགས་ནི། ཨོཾ་བི་ད་རི་ཀུ་རུ་ཧཱུ~ཾ་ཕཊ། ཅེས་བྱའོ། །འདིར་འཕགས་པ མི་གཡོ་བ་ཡིའམ།ཁྲོ་བོ་གང་ཡང་རུང་བའི་ཏིང་ངེ་འཛིན་ལ་གནས་ནས། སྔགས་ཕྲིན་ཡིག་དང་བཅས་པ་བྱང་བུ་ལ་བྲིས་ཏེ། དྲིལ་ནས་ཕྱག་རྒྱས་བཏབ་སྟེ་གདོན་གྱིས་ཟིན་པ་ལ་བསྐུར་ཏེ། དེའི་ལག་པར་བཏགས་ན་ངུ་བཞིན་དུ་འབྲོས་པར་འགྱུར་རོ། །ོཾ་བ་ཏྲ་བི་ད་ར་བི་ད་རི་སྭཱ་ཧཱ། ཞེས་བྱ་བའི་ཡི་གེ་བཅུ་པའི་རིག་པ་སྟེ། མི་དབང་གི་ནི་བཙུན་མོ་ཡང་། །བཟླས་པ་ཙམ་གྱིས་དབང་དུ་བྱེད། །ོཾ་མ་ལི་ནི་ཀིནྣི་ཀིནྣ་། དང་པོར་ཨརྐ་སྭཱ་ཧཱ་ལྡན། །དེ་ནས་དབྱངས་ཅན་སྐྱེས་བུ་ནི། །དབྱངས་ཅན་དག་ནི་འཐོབ་པར་འགྱུར། །ཞེས་བྱ་བ་ལ་སྔགས་ནི། ཨོཾ་ཨརྐ་མ་ལི་ནི ཀི་ནི་ཀི་ནི་སྭཱ་ཧཱ།ཞེས་བྱ་བ་སྟེ། དབྱངས་ཅན་མའི་མདུན་དུ་འབུམ་ཕྲག་གཅིག་བཟླས་པས་བསྙེན་པ་བྱའོ། །དེ་ནས་ཟླ་བ་གཅིག་གི་བར་དུ་དབྱངས་ཅན་མའི་སྨན་མར་ཁྱོར་བ་རེ་ལ་སྔགས་ལན་བདུན་བདུན་བཟླས་ཏེ་འཐུངས་ན་ངག་གི་དངོས་གྲུབ་སྟེར་བར་འགྱུར་རོ།

我來為您翻譯這段藏文: 咒語:“嗡郭郭日如札帝孜得約給濕瓦日目卡吽呸梭哈”。郭郭日與目卡,是山神女兒的心咒。於左腿寫名字,以左手覆蓋,持誦則能立即召請少女。對男子則用右手。 咒語為:“嗡如札帝毗得約給濕瓦日目卡吽呸梭哈”。此處用金汁、牛黃、檀香任一物修持。在月蝕時供養郭郭日天女,將金汁等物置於七片菩提樹葉上,再以七片葉子覆蓋,左手按住其上,持誦直至月蝕結束。 然後在左腿中央寫下少女名字,左手覆蓋持誦,除被束縛者外皆會前來。若要召請男子,則在右腿中央寫其名字,右手覆蓋,持誦直至其來。以足召請。 首先帶禮拜的咒語:“毗達日庫如吽呸”。從可信之書信中,能夠降伏邪魔,持誦後加印封寄。 咒語為:“嗡毗達日庫如吽呸”。此處安住于聖不動佛或任一忿怒尊的三摩地中,將咒語連同書信寫于木板上,捲起加印后寄給被邪魔附身者。繫於其手上,則會邊哭邊逃走。 “嗡巴札毗達熱毗達日梭哈”,此為十字明咒。即使國王的王妃,僅憑持誦也能降伏。 “嗡瑪麗尼給尼給那”,首先加”阿卡梭哈”。然後具有辯才的人,將獲得辯才。 咒語為:“嗡阿卡瑪麗尼給尼給尼梭哈”。于文殊菩薩前持誦十萬遍作為修持。然後一個月內,每天飲用文殊藥油一杯,每杯持誦七遍,將獲得語言成就。

།དེ་བཞིན་དུ་ཟླ་བ་གཅིག་ ཏུ་ཆུ་ལ་བཟླས་ཏེ་བཏུང་བའམ།མར་འབའ་ཞིག་ལ་བཟླས་ཏེ། ཟླ་བ་དྲུག་ཏུ་འཐུངས་ན་ངག་གི་དངོས་གྲུབ་འཐོབ་བོ། །མུན་དེ་ཤྲཱི་བ་ན་པི་ཤཱ་ཙི་ཞེས་བྱ་བ་ལ། འབར་དང་བཅས་སྔགས་སྒྲོགས་པ་སྟེ། །རྣ་བ་གཡོན་པར་སྒྲོགས་བྱེད་པ། །འབྲེང་བ་འདི་ནི་བཟློག་པར་བྱ། །ོཾ་ཤྲཱི་བ་ན་པི་ཤཱ་ ཅི་ནི་མུནྡེ་སྭཱ་ཧཱ།སྔགས་འདི་རུ་རྟ་ལ་ལན་བདུན་བཟླས་ཏེ། རྐང་པ་དང་གདོང་ལ་བྱུགས་ཏེ་ཉལ་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བ་སྒྲོགས་པར་གདོན་མི་ཟའོ། །ཟླ་ཕྱེད་འབབ་པ་ཟ་བྱེད་ཅིང་། །རི་ཡི་བུ་མོའི་ཆོ་ག་ཡིས། །མར་ལ་བསྒྲེས་པའི་བིལ་བ་བསྲེག་།རྒྱལ་སྲིད་སྟེར་འགྱུར་ གདོན་མི་ཟའོ།།སྔགས་ནི། ཨོཾ་གི་རི་ཀུ་མ་རེ་ག་མ་ཧེ་ར་ཛྱེ་སཏྭཱ་ཡ་སྭཱ་ཧཱ་ཞེས་བྱ་བ་ཡིན་ནོ། །དུརྒྒེ་བི་དུརྒྒེ་ཞེས་བྱ་བ་འོ་མ་ཅན་ཡམ་ཤིང་བསྲེག་ཅིང་། སྐྱེས་བུའི་མཚན་མ་ལན་བརྒྱར་བསྲེག་།སྔོན་དུ་བསྙེན་པ་མེད་པར་ཡང་། །གྲོང་ཁྱེར་སྟེར་འགྱུར་གདོན་མི་ཟ། །སྔགས་ནི། ཨོཾ་དུརྒྒེ་བི་ དུརྒྒེ་ནི་སྭཱ་ཧཱ།སྔགས་ནྱ་གྲོ་དྷ་དང་། ཨ་ཤྭཏྠ་ལ་སོགས་པའི་ཡམ་ཤིང་ལ་བེའུ་དང་ཁ་དོག་འདྲ་བའི་འོ་མས་གྲོང་ཁྱེར་གྱི་མིང་ནས་བཟུང་སྟེ་སྦྱིན་སྲེག་བྱས་ན་གྲོང་ཁྱེར་རྙེད་པར་འགྱུར་རོ། །ོཾ་གྷོ་ཨུལ་ཀ་སྭཱ་ཧཱ་ཨོཾ་དང་བཅས། །འོད་ཕྲེང་ཅན་གྱི་སྙིང་པོ་ཡིན། །པ་ལ་ཤ་ཤིང་གིས་ བསྲེགས་ན།།གསེར་སྲང་འབུམ་ནི་སྟེར་བར་འགྱུར། །སྔགས་ནི། ཨོཾ་མེ་གྷོ་ཨུ་ཀ་ཡ་སྭཱ་ཧཱ། ཚོགས་ཀྱི་བདག་པོའོ། །ོཾ་ག་ཤོ་ཨུལ་ཀ་ཡ་སྭཱ་ཧཱ་ཞེས་བྱ་བ་ཡང་འོད་ཕྲེང་ཅན་གྱི་སྟེ། འབྲས་བུ་ནི་སྔ་མ་བཞིན་ནོ། །ཀར་ན་མོ་ཏི་བཟླས་པར་བྱ། །ཧཱུ~ཾ་ཕཊ་ལྡན་པ་འབུམ་ཕྲག་ བཞིས།།སྐྱེ་ཚེ་བསྲེག་པས་ས་གསུམ་ཡང་། །ཉི་མ་གཅིག་གིས་འགུགས་པར་འགྱུར། །རཀྟེ་ཀརྟི་ནི་བཟླས་པར་བྱ། །པདྨའི་སྡོང་བུར་དུ་བ་བཏང་། །མི་ཡི་ཐོད་པར་མི་བཞག་སྟེ། །བསྐྱེད་པའི་དུ་བས་སྐལ་བཟང་འགྱུར། །སྔགས་ནི། ཨོཾ་རཀྟེ་རཀྟེ་ནི་སྭཱ་ཧཱ། ཞེས་བྱ་བ་ཡིན་ ཏེ།ཡོ་བྱད་ཐམས་ཅད་དམར་པོར་བསྒྲུབ་བོ།

我來為您翻譯這段藏文: 同樣,持誦咒語加持水飲用一個月,或僅對酥油持誦后飲用六個月,將獲得語言成就。 “蒙德室利巴那毗夏支”咒語,伴隨火焰誦咒,在左耳誦咒,可驅除這些鬼魅。“嗡室利巴那毗夏支尼蒙德梭哈”。此咒對蕓香持誦七遍,塗抹腳和臉后入睡,必定能在夢中預示善惡。 半月期間食用,以山神女兒的儀軌,將酥油混合木蘋果焚燒,必定能賜予王權。咒語為:“嗡格日庫瑪熱嘎瑪黑熱杰薩特瓦雅梭哈”。 “杜爾格毗杜爾格”咒語,焚燒含乳汁的供木,將男根形象焚燒百次,即使未做前行修持,也必定能得到城市。咒語為:“嗡杜爾格毗杜爾格尼梭哈”。以榕樹、菩提樹等供木,用與小牛顏色相同的乳汁,持誦城市名字作火供,即可獲得該城市。 “嗡郭烏卡梭哈”帶有”嗡”字,是光鬘咒心。用波羅樹木焚燒,將賜予十萬兩黃金。咒語為:“嗡美郭烏卡雅梭哈”,是眾主。“嗡嘎秀烏卡雅梭哈”也是光鬘咒,結果如前。 持誦”卡那莫帝”,帶”吽呸”字四十萬遍,焚燒生草,一日之內能召請三界。持誦”惹克得卡帝尼”,在蓮莖上燻煙,置於人頭蓋骨中,所生煙氣能帶來吉祥。咒語為:“嗡惹克得惹克得尼梭哈”。所有用具都應修成紅色。

།ཙནྡྲ་མུ་ཁི་ཀི་ལི་བཟླས། །དང་པོར་ཐམས་ཅད་འབར་ལྡན་བྱ། །ུ་ར་བཅས་པས་ངེས་པར་ནི། །ས་གསུམ་དཀྱིལ་འཁོར་བཀའ་ཉན་འགྱུར། །སྔགས་ནི། ཨོཾ་ཙནྡྲ་མུ་ཁི་ཀ་ལི་ཨུར་ནི་སྭཱ་ཧཱ། ཞེས་བྱ་བ་སྟེ། རྟག་ཏུ་བཟླས་ན་དབང་དུ་འགྱུར་ རོ།།ཀན་ཏ་ཏྱ་ཡ་སྭཱ་ཧཱ་ཞེས་བྱ་བས། །མིག་སྨན་བསྲེགས་ཏེ་མིག་སྨན་བྱ། །གླང་ཆེན་རྡུལ་དང་ཤིང་ཚ་དང་། །ུཏྤལ་སྔོ་བསྲེགས་སྐལ་བཟང་འགྱུར། །ཞེས་བྱ་བ་ལ། སྔགས་ནི། ཨོཾ་ཀྵ་པྱ་ཡ་སྭཱ་ཧཱ་ཞེས་བྱ་བའོ། །འདིར་སྦྱོར་བ་འདི་ཡིན་ཏེ། །ལུས་ཙནྡན་དམར་པོས་བསྐུས་ལ་ གོས་དམར་པོ་གྱོན་ཏེ།མེ་ཏོག་དང་ཕྲེང་བས་བརྒྱན་ལ། །ཡུན་རིང་དུ་བཟླས་པའི་སྔགས་གང་རུང་བས་བསྲུང་བ་བྱས་ནས། ཟླ་བ་མར་གྱི་ངོའི་ཚེས་གཉིས་པོ་གང་ཡང་རུང་བ་ལ་མ་མོའི་གནས་དང་ལམ་གྱི་བཞི་མདོའམ་དུར་ཁྲོད་དུ་བསྲུང་བ་ལ་སོགས་པ་བྱ་སྟེ། མིག་སྨན་སྔོན་པོ་བཏགས་པའི་ཕྱེ་ མ་དང་།གླང་པོ་ཆེའི་རྡུལ་དུ་བཅས་པ་ཟངས་ཀྱི་སྣོད་དུ་བཞག་སྟེ། ཁ་ལེགས་པར་བཅད་ནས་སྐལ་བཟང་མའི་རོའི་མངལ་དུ་བཅུག་སྟེ་བསྲེག་པར་བྱའོ། །བསྲེགས་ནས་བླངས་ཏེ་ཀ་མ་ལ་དེ་བ་མཎྜལ་བྱས་ཏེ་མཆོད་ལ། ཤིང་ཚ་དང་ཨུཏྤ་ལ་སྔོན་པོར་བཅས་པ་གསེར་དངུལ་གྱི་སྣོད་དུ་ སྦྱོར་ཏེ།མཎྜལ་གྱི་དབུས་སུ་བཞག་ནས། སྔགས་བརྒྱད་བརྒྱའམ་སྟོང་དུ་བཟླས་སོ། །དེས་མིག་སྨན་བྱས་ན་བུད་མེད་ཀྱི་འདོད་པའི་དབང་ཕྱུག་ཏུ་འགྱུར་རོ། །སྐྱེས་པ་དབང་དུ་བྱ་བ་ནི་སྐྱེས་པའི་སྙིང་གར་བསྲེག་གོ། །ན་ཡ་ན་མ་ནོ་ཧ་རས་བསྒྲུབ། །དྲི་ཞིམ་རྩ་བ་རས་དཀྲིས་ སྤར།།དམར་སེར་བ་དམར་དུ་བ་ཡིས། །རྟག་ཏུ་མཚུངས་མེད་ཆགས་པར་འགྱུར་། །ཞེས་བྱ་བ་ལ་སྔགས་ནི། །ོཾ་ཀ་མ་སྭཱ་ཧེ་སྭཱ་ཧཱ། ལྷག་མ་ནི་གོ་སླའོ། །ཀ་མ་ས་ར་སྭཱ་ཧཱ། སྦྲུལ་གྱི་ཁར་བསྲེགས་མིག་སྨན་ནི། །རུ་རྟ་རྒྱ་སྤོས་ཨ་ཀར་གནག་།གླང་ཆེན་སེང་བཏགས་དབང་དུ་ སྡུད།།ཅེས་བྱ་བ་ལ། སྔགས་ནི། ཨོཾ་ཀ་མ་སྭཱ་ཧེ་སྭཱ་ཧཱ། ཞེས་བྱ་བས་ཏེ། སྔོན་དུ་བསྙེན་པ་ཁྲི་ཕྲག་གཅིག་བཟླས་པར་བྱའོ། །འདིར་ཡང་གླང་པོ་ཆེའི་སེན་མོ་དང་མིག་སྨན་སྔོན་པོ་ཀུན་དརྱའི་སྔགས་ཀྱི་ཆོ་ག་བཞིན་དུ་བསྲེགས་ནས། དེའི་འོག་ཏུ་རྒྱ་སྤོས་དང་། རུ་རྟ་དང་། ཨ་ཀ་རུ་ནག་ པོ་དང་བཅས་པ་ཕྱེ་མར་བྱས་ལ།སྔ་མ་བཞིན་བཀབ་སྟེ། ལན་སྟོང་ཕྲག་ཏུ་བཟླས་ལ་མིག་སྨན་བྱས་ན་འགྲོ་བ་མ་ལུས་པ་དབང་དུ་སྡུད་པར་འགྱུར་རོ།

我來為您翻譯這段藏文: 持誦”旃陀拉目契基利”,首先一切具火焰,加上”烏拉”必定能,使三界壇城聽命。咒語為:“嗡旃陀拉目契卡利烏爾尼梭哈”。若常持誦能令攝受。 以”堪達特雅梭哈”咒,焚燒眼藥制眼藥,大象塵與桂皮及,青蓮焚燒得吉祥。咒語為:“嗡克沙帕雅梭哈”。 此處修法如下:以紅檀香涂身,穿紅色衣服,以花鬘裝飾,用任何長期持誦的咒語作護持。在月虧第二日任一時,在空行母居處、四路交叉口或尸陀林中作護持等法。將研磨的藍色眼藥粉與大象塵放入銅器中,密封后置於吉祥女屍的子宮中焚燒。 取出后做蓮花天壇城供養,將桂皮和青蓮一起放入金銀器皿中,置於壇城中央,持誦咒語八百或一千遍。用此眼藥塗抹,將成為女人慾望的主宰。若要攝受男人則燒于男人心間。 以”那雅那瑪諾哈拉”修持,香根包裹布點燃,紅黃紅色煙氣中,常生無比愛慾心。咒語為:“嗡卡瑪梭黑梭哈”。餘下易懂。 “卡瑪薩拉梭哈”,蛇口中焚眼藥,蕓香檀香阿伽樓,像爪研磨能攝受。咒語為:“嗡卡瑪梭黑梭哈”。先應持誦一萬遍。 此處也是將大象爪甲和藍色眼藥按昆達利咒法焚燒,之後與檀香、蕓香、黑色沉香一起研磨成粉,如前覆蓋,持誦千遍後製成眼藥,能攝受一切眾生。

།ོཾ་ཥྚཾ་བནྡྷེ་ཞེས་བྱ་བའི་མིག་སྨན་གྱི་ནི་དུ་བས་ངེས་པར་དབང་དུ་བྱེད། འོད་ཟེར་ཅན་གྱི་མན་ངག་གིས། །རྟ་རྨིག་བཀང་སྟེ་བསྐྱོད་པར་བྱ། ། ཞེས་བྱ་བ་ལ། སྔགས་ནི། ཨོཾ་ཥྚྭཾ་བནྡྷ་སྭཱ་ཧཱ། འདི་འོད་ཟེར་ཅན་གྱི་མར་གྱིས་རྟའི་རྨིག་པའི་སྣོད་བཀང་ལ། རྟའི་རྨིག་པ་གཞན་གྱིས་སྟེང་ནས་བཀབ་པ་ལ་དུ་བ་བཏང་སྟེ་དུ་བ་དེ་བཟུང་ནས་བཅོམ་ལྡན་འདས་གཙུག་ཏོར་འཁོར་ལོས་སྒྱུར་བའི་མདུན་དུ་མཆོད་པ་བྱས་ཏེ། སྔགས་བཟླས པར་བྱའོ།།མནྡ་བ་རེ་ཞེས་བྱ་བའི། །ཡི་གེ་ཐོག་མར་ཡང་དག་ལྡན། །ཉིན་མཚན་བཟླས་པའི་ཡང་དག་གནས། །འཇིག་རྟེན་གསུམ་ཡང་བྲན་དུ་འགྱུར། །ཞེས་བྱ་བ་ལ། སྔགས་ནི། ཨོཾ་མནྟྲ་བ་རེ་ཨ་མུ་ཀཾ་མེ་སྭཱ་ཧཱ། ད་ནེ་ན་ས་བ་རི་བ་བ་མ་ན་ཡ་སྭཱ་ཧཱ། ཞེས་བྱ་བ་གང་དབང་དུ་བྱ་བར་ འདོད་པ་དེ་མདུན་དུ་བསམས་ནས་བཟླས་ན་བྲན་དུ་འགྱུར་རོ།།མི་མགོར་སྐྱེས་གཉིས་སྐུད་པ་གཉིས། །གཏུམ་དབང་རྐང་པ་སྐྲར་བཅས་སྡུད། །དྷུ་ནཱན་ཙནྡ་སྒྲར་ནི་བཅས། །ཉིན་མཚན་ཚ་བས་ཐེབས་པར་འགྱུར། །ཞེས་བྱ་བ་ལ། སྔགས་ནི། ཨོཾ་དྷུ་ནཱན་ཙན་ད་ཨ་མུ་ཀན་ཛྭ་རེ་ན་མཱ་ར་ཡ་ཧཱུཾ་ ཕཊ།ཅེས་སོ། །མིའི་མགོ་ནི་མིའི་ཐོད་པའོ། །སྐྱེས་གཉིས་སྐུད་པ་ནི་བྲམ་ཟེའི་སྐྲའི་སྐུད་པའོ། །གཏུམ་དབང་ནི་ལྷ་ཆེན་པོ་སྟེ། དེ་ལ་ཕུལ་བའི་མེ་ཏོག་བཟུང་ངོ་། །རྐང་པ་ནི་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་ལོ། །དེ་དག་མིའི་ཐོད་པར་བཞག་ལ། མིའི་རྗེ་ངར་གྱི་རུས་པའི་བསྲུབ་ཤིང་བྲམ་ཟེའི་ སྐྲའི་སྐུད་པས་བཏགས་ལ།སྔགས་ཟློས་བཞིན་དུ་དེར་སྒྲ་དང་བཅས་པར་བསྲུབས་ན། ཉི་མ་བདུན་གྱིས་སྐྱེས་བུ་ཆེན་པོ་ཡང་རིམས་ཚ་བས་ཐེབས་པར་འགྱུར་རོ། །དང་པོ་ཐ་མར་ཡང་དག་ལྡན། །གནོད་སྦྱིན་མ་ཡི་ཡིག་བདུན་བརྗོད། །བྷཀྐེ་བྷུཀྐེ་ཞེས་བཟླས་བྱ། །འབུམ་ཕྲག་བཞི་ཡིས་ སྐལ་བཟང་འགྱུར།།ཞེས་བྱ་བ་ལ། སྔགས་ནི། ཨོཾ་བྷཀྐེ་བྷུཀྐེ་སྭཱ་ཧཱ་ཞེས་བྱ་བ་སྟེ། སྔགས་འདི་སྲན་མ་མ་ཤའི་ཁ་ཟས་ཟ་ཞིང་། འབུམ་ཕྲག་བཞིར་བཟླས་བརྗོད་བྱས་ན། འཇིག་རྟེན་གསུམ་ན་གནས་པའི་ཡུགས་ས་མོ་རྣམས་དབང་དུ་འགྱུར་རོ།

我來為您翻譯這段藏文: 以”嗡斯當班德”咒語的眼藥煙氣必定能攝受。以具光明教授,裝滿馬蹄搖動之。咒語為:“嗡斯當班達梭哈”。此法以具光明酥油裝滿馬蹄器皿,以另一馬蹄覆蓋其上燻煙,持此煙氣,於世尊頂輪轉輪王前作供養並持誦咒語。 “曼達巴熱”咒語,首字具足圓滿,日夜持誦安住處,三界亦成為奴僕。咒語為:“嗡曼特拉巴熱阿目康美梭哈,達內那薩巴利巴巴瑪那雅梭哈”。觀想欲攝受者在前持誦,即成為奴僕。 人頭雙生二線繩,暴王足與發攝受,杜南旃達具聲響,日夜發熱得中計。咒語為:“嗡杜南旃達阿目康則熱那瑪拉雅吽呸”。 人頭即人顱骨,雙生線繩即婆羅門發繩。暴王即大自在天,取其供養之花。足即所修對像足跡塵。將這些放入人顱中,以人脛骨為攪棒,用婆羅門發繩繫縛,一邊持咒一邊發出聲響攪動,七日內即使大人物也會發熱得病。 首末皆圓滿,誦七夜叉女字,持誦”帕給布給”,四十萬遍得吉祥。咒語為:“嗡帕給布給梭哈”。持誦此咒時食用豆類飲食,持誦四十萬遍,則能攝受三界中的少女們。

།ཆུ་སྐྱོར་དྲུག་བཟླས་གནོད་ སྦྱིན་དང་།།གནོད་སྦྱིན་མོ་ཡང་མངོན་སུམ་མཐོང་། །གྲོང་གི་བྱང་དུ་ནྱ་གྲོ་དྷའི། །ཡམ་ཤིང་མངར་གསུམ་སྤགས་པ་བསྲེག་།ཅེས་བྱ་བ་ལ། དང་པོར་སྔ་དྲོའི་དུས་སུ་ནང་དུ་བྱུང་པའི་ཉི་མའི་གཟུགས་བརྙན་ཆུ་སྐྱོར་དྲུག་བཟླས་པ་དང་བཅས་པ་བྱིན་ལ། གྲོང་ཁྱེར་གྱི་བྱང་དུ་ནྱ་གྲོ་དྷའི་ཡམ་ཤིང་མངར་ གསུམ་ལ་སྤགས་པས་སྦྱིན་སྲེག་བྱས་ན་གནོད་སྦྱིན་དང་གནོད་སྦྱིན་མོ་མངོན་སུམ་དུ་མཐོང་བར་འགྱུར་རོ།།སྔགས་ནི། ཨོཾ་བྷཀྐེ་བྷུཀྐེ་སྭཱ་ཧཱ་ཞེས་སྔར་བསྟན་པ་ཡིན་ནོ། །གྲུབ་ནས་ཇི་ལྟར་འདོད་པའི་དངོས་གྲུབ་སྟེར་བར་འགྱུར་རོ། །ནགས་ཚལ་ཆུ་འགྲམ་རི་ལྗོངས་སུ། །སྔོ་ཚོད་འཐུང་ཞིང་ གནས་པར་བྱ།།དཔའ་བོས་རྒྱལ་བར་བྱེད་པ་དང་། །མཁར་གནས་འཁོར་ལོས་སྒྱུར་བར་འགྱུར། །ཞེས་བྱ་བ་ལ། དཔའ་བོ་ནི། ཨཱ་ཁཾ་བཱི་རའི་སྔགས་ཏེ། ནགས་ཚལ་ལ་སོགས་པའི་གནས་སུ་སྔོ་ཚོད་འཐུང་ཞིང་དཔའ་བོའི་སྔགས་ཀྱི་རྒྱལ་པོ་འདི་བཟླས་ན། གཡུལ་ལས་རྒྱལ་བར་ བྱེད་པ་དང་།ནམ་མཁའ་ལ་རྒྱུ་བའི་རྒྱལ་སྲིད་སྟེར་བར་འགྱུར་རོ། །ོཾ་རུ་ཏྲི་ནི་སྭཱ་ཧཱ་ཞེས་བྱ་བ། ཨུ་མའི་སྙིང་པོའི་ཡིག་འབྲུ་བཟླས་། །པྲི་ཡང་ཀུའི་མེ་ཏོག་བསྲེག་།ཡིད་ཀྱི་རེ་བ་སྐོང་བར་འགྱུར། །ག་ཎ་ཛ་ཡ་ཚོགས་བདག་སྙིང་། །ཕྱག་འཚལ་ག་ཎ་གསལ་བར་བཅས། །ཡི་གེ་ འབུམ་ཕྲག་བཟླས་ནས་སུ།།སྔགས་པས་རྟག་ཏུ་གུ་གུལ་བསྲེག་།ཅེས་བྱ་བ་ལ། ཚོགས་ཐམས་ཅད་ཀྱི་ནང་ནས་རྒྱལ་བར་བྱེད་པས་ན་ག་ཎ་ཛའོ། །དེ་ཅིའི་ཕྱིར་ཞེ་ན། ཚོགས་བདག་སྙིང་པོའོ། །ཇི་ལྟར་རྒྱལ་བར་བྱེད་ཅེ་ན། །གུ་གུལ་ཞེས་བྱ་བ་སྨོས་ཏེ། གུ་གུལ་གྱིས་སྦྱིན་སྲེག་བྱས་ནའོ། །སྔགས་ནི། ཨོཾ་ག་ཎ་མ་ག་ཎ་ཛ་ཡ་སྭཱ་ཧཱ་ཞེས་བྱ་བའོ། །དགེ་བའི་འདོད་འཇོའི་རྣམ་པར་བཤད་པའོ། །སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ནག་པོའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་འགོས ་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།

我來為您翻譯這段藏文: 持誦六杯水咒語,夜叉與夜叉女現前可見。于城北尼拘陀樹,甘木三味和合焚燒。即在清晨時分,將室內出現的日影與六杯持咒之水供奉,在城北以尼拘陀樹木與三甘味和合作護摩,則夜叉與夜叉女將現前可見。咒語為:“嗡帕給布給梭哈”,如前所示。成就后將賜予所欲成就。 于林地水邊山野中,飲食青菜而安住。勇士能令得勝利,住城轉輪能自在。勇士即”阿康毗拉”咒,于林地等處飲食青菜並持誦此勇士咒王,則能戰勝敵軍,並獲得遨遊虛空之王權。 “嗡盧德利尼梭哈”咒,持誦烏瑪心咒字,焚燒普利央古花,能滿一切心所愿。伽那勝主眾心咒,禮敬伽那具光明,持誦十萬遍咒語,修者常以安息香。因能勝伏一切眾故名伽那勝。為何如此?因是眾主心咒。如何令勝?所謂安息香者,以安息香作護摩。咒語為:“嗡伽那瑪伽那匝雅梭哈”。 此為善愿滿足之廣說。 大阿阇黎龍樹所造圓滿。 印度堪布黑者與藏譯師果勒哈貝翻譯、校對並審定。