菩薩藏佛教學會
20
背景
翻譯
下載 ▾

d2904忿怒王金剛手著青衣修法儀軌 蘇錢札跋陀羅 毗那耶月 法慧

D2904

།[་]@##། །རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་རྟ་ར་བཛྲ་བཱ་ཎི་ཀྲོ་དྷ་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་སྒྲུབ་པའི་ཐབས། ཕྱག་ན་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །གཡོན་བརྐྱང་གར་གྱིས་རི་བོང་འཛིན་པ་ལ། །ལེགས བཞུགས་ཁྲོ་རྒྱལ་ཀླུ་དགྲ་དེ་བཏུད་ནས།།དེ་བསྙེན་ཆོ་ག་བླ་མ་བཟང་པོ་ལས། །ཇི་ལྟར་འོངས་པ་བདག་ཉིད་དྲན་པར་བྲི། །དེ་ལ་ཁྲོ་བོའི་བདག་པོ་ཡང་དག་པར་བསྙེན་པར་འདོད་པའི་རྣལ་འབྱོར་པས་ཐོ་རངས་ཉིད་དུ་གདོང་བཀྲུ་བ་ལ་སོགས་པ་བྱས་ནས་བསམ་གཏན་གྱི་ས་ལ་མེ་ཏོག་གཅལ་དུ་བཀྲམ་པས་ དགའ་བར་བྱས་པའི་དབུས་སུ་སྟན་བདེ་བ་ལ་འདུག་སྟེ།རང་གི་སྙིང་གར་ཡི་གེ་ཧཱུཾ་སྔོན་པོ་བསམས་ལ། དེའི་འོད་ཀྱིས་རྗེ་བཙུན་བླ་མ་དང་། སངས་རྒྱས་དང་རྒྱལ་བའི་སྲས་ཐམས་ཅད་བསྐུལ་ཏེ། དེ་དག་གི་མདུན་དུ་ཡང་དག་པར་མཆོད་པ་དང་། སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེའི་ འོག་ཏུ་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཨུ྅ཧཾ།ཚིག་གི་དོན་དང་བཅས་པར་སྟོང་པ་ཉིད་དུ་རྣམ་པར་བསམ་མོ།

我來為您翻譯這段藏文: 印度語:Nīlāmbara Vajrapāṇi Krodharāja Sādhanaṃ 藏語:忿怒王金剛手著青衣修法儀軌 頂禮金剛手忿怒尊! 左足伸展舞姿立於月輪上, 恭敬頂禮忿怒王、龍之敵, 依照善師所傳修法儀軌, 如實憶念記錄於此。 其中,瑜伽士若欲如實修持忿怒尊主,應當在黎明時分漱洗面部等,然後在禪修之處散佈鮮花作為地毯,在佈置喜悅的中央安坐舒適座墊之上。觀想自己心間有一藍色的吽(HŪṂ)字,其光芒召請尊貴上師、諸佛及一切菩薩,于彼等面前作供養、懺悔等。 之後誦唸:嗡 輸尼亞達 嘉那 班扎 索巴瓦 阿特瑪 口 吽(OṂ ŚŪNYATĀ JÑĀNA VAJRA SVABHĀVA ĀTMAKO HAṂ),伴隨著咒語的含義觀想一切皆空。 註:對於咒語部分,我已按要求以藏文原文呈現(已在原文中),梵文天城體和羅馬拼音已在括號中給出,並提供了漢語意思。

།དེ་ནས་རང་གི་སྙིང་གར་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཧཱུཾ་མཐིང་ག་འོད་དང་བཅས་པར་བསམས་ཏེ། དེའི་འོད་ཀྱིས་འགྲོ་བ་མ་ལུས་པར་སྦྱངས་ཤིང་། རང་གི་ལྷག་ པའི་སྐུར་གྱུར་ཏེ།དེ་དག་ཐམས་ཅད་འདུས་ནས་ས་བོན་གྱི་ཡི་གེ་ལ་བཞུགས་པ་དང་། རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འོད་ཟེར་གྱི་ཕྲེང་བ་འཁྲུགས་པར་གྱུར་པ་བལྟ་སྟེ། དེ་ནས་ཡང་དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་མ་ལུས་པར་རབ་ཏུ་དྲངས་ཏེ། རྡོ་རྗེ་ལ་ཞུགས་པ་དང་། དེ་ནས་དེ་ཡོངས་སུ་གྱུར་པ་ལས་ ཁ་དོག་སྔོན་པོ་ཆེར་འབར་བ།།རབ་ཏུ་ཁྲོས་ཤིང་འདུག་པ་སྟེ། །གཡོན་བརྐྱང་པ་ཡིས་ལེགས་བརྟེན་པ། །བཅུ་དྲུག་ལོ་ལོན་ལྟ་བུ་ལ། །རབ་ཏུ་ཁྲོས་པའི་ལྟ་སྟངས་ཅན། །ལྟོ་འཕྱེ་བརྒྱད་ཀྱིས་རྣམ་བརྒྱན་ཅིང་། །ཟླ་བའི་གདན་ལ་ལེགས་བཞུགས་པ། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །གཡས་ ན་རྡོ་རྗེ་རྩེ་ལྔ་པ།།བསྣུན་པའི་ཚུལ་གྱིས་ལེགས་བཟུང་ཞིང་། །གཡོན་པ་སྡིགས་མཛུབ་འཛིན་མཛད་པ། །སྨད་གཡོགས་སྔོན་པོ་ལེགས་བསྣམས་ཤིང་། །སྤྱན་དམར་མཆེ་བ་རྣམས་གཙིགས་པ། །ཉི་མའི་འོད་ཅན་མགོ་སྐྱེས་ནི། །དམར་སེར་གྱེན་ཕྱོགས་ཅོད་པན་ཅན། །ཧ་ཧ་འོ་དོད་ཆེན་པོ་ཡིས། ། ལོག་འདྲེན་ལ་སོགས་སྐྲག་བྱེད་པ། །འཇིགས་བྱེད་ཁྲོ་བོའི་བདག་པོར་ནི། །བདག་ཉིད་རྣམ་པར་བསམ་པར་བྱ། །དེའི་རྗེས་སུ་ཉིད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་དཔའི་སྤྱན་དྲངས་ཏེ། ཡང་དག་པར་མཆོད་ལ་ཛཿཧཱུཾ་བཾ་ཧོཿཞེས་པས། དེ་དགུག་པ་དང་གཞུག་པ དང་།བཅིང་བ་དང་། དགྱེས་པར་བྱའོ། །དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཕྱིར་སྤྱི་བོ་དང་མགྲིན་པ་དང་སྙིང་གའི་ཟླ་བའི་དཀྱིལ་འཁོར་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་དཀར་པོ་དང་ནག་པོ་དང་དམར་པོའི་ཨོཾ་ཨཱཿཧཱུཾ་རྣམས་རྣམ་པར་བསམ་མོ། །དེའི་འོག་ཏུ་སྤྲོ་བ་དང་ བསྡུ་བའི་རིམ་པས་ཇི་སྲིད་སྐྱོ་བར་མ་གྱུར་གྱི་བར་དུ་བསྒོམ་པར་བྱ་ཞིང་སྐྱོ་བར་གྱུར་ན་སྔགས་བཟླས་པར་བྱ་སྟེ།སྐྱེན་པ་དང་བལ་བ་དང་ཤིན་ཏུ་གསལ་བ་དང་མི་གསལ་བ་ཡང་མ་ཡིན་པའི་རྣམ་པར་རྟོག་པ་སྤངས་པས་སོ།

我來為您翻譯這段藏文: 然後觀想自心間從字母”阿”(ཨ,अ,A)生出月輪,其上有帶光芒的深藍色吽(ཧཱུཾ,हूँ,HŪṂ)字。其光芒遍凈一切眾生,化為自身殊勝身,所有這些都融入種子字中。觀想成為五股藍金剛杵,放射紛亂光芒。復從中放光,普遍引導一切眾生,融入金剛杵中。 隨後從其完全轉變中現出: 深藍色身放大光明, 現出極其忿怒姿態, 左足伸展善作依止, 形如十六歲少年相, 以極忿怒目光注視, 八大龍王為其裝飾, 安住月輪座墊上, 一面二臂之身相, 右手持五股金剛, 作擊打勢善執持, 左手作威嚇印相, 善披藍色下裙衣, 紅眼怒目現利齒, 日光般的頭髮豎, 紅黃色上冠莊嚴, 以大聲”哈哈”吼叫, 令邪魔等心驚怖, 應當觀想自身為, 此等可畏忿怒主。 之後從自心間的吽(ཧཱུཾ,हूँ,HŪṂ)字放光,迎請智慧尊,作供養后,以”匝吽邦吙”(ཛཿཧཱུཾ་བཾ་ཧོཿ,जः हूँ बं होः,JAḤ HŪṂ BAṂ HOḤ)召請、攝入、綁縛、令喜。 然後為加持身語意,于頂輪、喉輪、心輪月輪中,依次觀想白色、黑色、紅色的嗡阿吽(ཨོཾ་ཨཱཿཧཱུཾ,ॐ आः हूँ,OṂ ĀḤ HŪṂ)。 之後以放光收攝次第修持,直至疲憊為止。若生疲憊則應持誦咒語,應遠離急躁與懈怠,不應過分明顯也不應不明顯,應斷除分別念。

།དེ་ནས་བཟླས་པས་སྐྱོ་ན། ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་ པས་གཏོར་མ་ཉེ་བར་ཕུལ་ཏེ།ོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་བ་ཏིཥྛ། དྲི་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་སི་དྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་རྩི་ཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ ཧཱ་ས་མ་ཡ་སཏྭ་ཧཱཿཞེས་བྱ་བས་ལྷག་པ་དང་མ་ཚང་པ་དག་ཡོངས་སུ་རྫོགས་པར་བྱའོ།།དེའི་རྗེས་སུ་ཡེ་ཤེས་སེམས་དཔའི་ཡང་དག་པར་མཆོད་པས། ཨོཾ་ཀྲོ་དྷ་བྷ་བ་སརྦ་ས་ཏྲཱ་རྠ། སི་དྷཱ་ཏཏྟྭ་ཡ་ཐ་མུ་གཙྪ་དྷ། བུདྡྷ་བི་ཤྭ་ཡ་མ། པུ་ནར་ག་མ་ནཱ་ཡ་མུཿཞེས་བྱ་བ་འདིས་གཤེགས་པར་བྱའོ། ། དེ་ལ་འདིར་ཡང་དག་པར་བསྙེན་པའི་སྔགས་ནི། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཕཊ་ཅེས་བྱའོ། །དེ་ལྟར་སྒྲུབ་ལ་མངོན་བརྩོན་སྐལ་ལྡན་རྣམས་ཀྱིས་ནི། །བསྒྲིམས་ཏེ་རང་གི་བླ་མའི་མིན་ངག་བདུད་རྩི་གང་། །འཐུངས་པས་ལུས་སོགས་རབ་རྒྱས་སྔགས་རྩ་སྐྱེས་པ་ཡིས། །རྟོགས་པས བསྟན་པའི་ལས་ལ་རབ་སྦྱར་བདེ་བ་ནི།།དེ་ཡིས་གནོད་པ་མ་ལུས་བསལ་བར་ཕོད་པ་སྟེ། །གང་དག་སྐལ་ལྡན་སྔོན་གྱི་སྐྱེ་བར་བསྙེན་བྱས་པ། །དེ་དག་བླ་མ་བཟང་པོས་ཉེར་བསྟན་ཐོབ་ཙམ་གྱིས། །སྔོན་དུ་བསྙེན་པ་མ་བྱས་རྟོག་པར་སྦྱར་བས་ཀྱང་། །དགོས་པ་ལུས་མེད་མི་རིང་ཉིད་ ཀྱིས་འབྱུང་བར་འགྱུར།།དེ་ལྟར་བླ་མས་གང་བཤད་པ་ན་བྱུང་བདུད་རྩི་ཡི། །ཐིགས་པས་སྡུག་བསྔལ་ཞི་བྱེད་འདི་ནི་འདིར་གཏོར་བས། །སྐྱེ་བོ་རྟོག་པའི་དུག་ནི་ནད་མེད་ཉམས་གྱུར་པ། །དེ་རྟོགས་རྟོག་སྐྱེས་ནད་དང་ཉེར་འཚེ་ཞི་བར་ཤོག་།བདག་གིས་འདི་དང་གཞན་དག་ཏུ། ། བསོད་ནམས་གང་དང་གང་བགྱིས་པ། །བསོད་ནམས་དེ་ཡིས་མགོན་པོ་རྣམས། །རྟག་ཏུ་བདག་གིས་མཐོང་བར་ཤོག་།ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས། སློབ་དཔོན་སུ་ཙནྡྲ་བྷ་དྲའི་ཞལ་སྔ་ནས་མཛད་པ་རྫོགས་སོ།

我來為您翻譯這段藏文: 若持咒疲倦,則以”嗡阿卡若目康”(ཨོཾ་ཨ་ཀཱ་རོ་མུ་ཁཾ,ॐ अकारो मुखं,OṂ AKĀRO MUKHAṂ)等獻近供朵瑪。 以”嗡班匝薩埵薩瑪雅,瑪努巴拉雅,班匝薩埵特諾巴底叉,則卓美巴瓦,蘇多久美巴瓦,阿努囸多美巴瓦,蘇波久美巴瓦,薩兒瓦悉地美撲囸雅察,薩兒瓦嘎兒瑪蘇雜美則當希熱雅古如吽哈哈哈哈吙,巴嘎萬,薩兒瓦達塔嘎達,班匝瑪美母雜,班則巴瓦瑪哈薩瑪雅薩埵阿”(藏文略,सर्व तथागत वज्र मा मे मुञ्च वज्री भव महा समय सत्त्व आः,OṂ VAJRASATTVA SAMAYA MANUPĀLAYA…)來圓滿過多或不足之處。 之後以正確供養智慧尊,以”嗡括達巴瓦薩兒瓦薩扎兒塔,悉達達埵雅塔目嘎察達,布達維夏雅瑪,布納兒嘎瑪納雅目”(藏文略,ॐ क्रोध भव सर्व सत्रार्थ…,OṂ KRODHA BHAVA SARVA SATRĀRTHA…)送走。 此處近修咒語為:“嗡尼藍巴囸達囸班匝巴尼吽啪德”(ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཕཊ,ॐ नीलाम्बर धर वज्र पाणि हूँ फट्,OṂ NĪLĀMBARA DHARA VAJRA PĀṆI HŪṂ PHAṬ)。 如是精進修持的具緣者們, 專注飲用上師教言甘露, 令身等增長生起咒脈, 以證悟善修教法事業。 由此能除盡一切損害, 具緣者於前世修近修, 僅得善師指示即可成, 即使未修近修而修觀, 不久亦能無餘成所愿。 如是上師所說甘露滴, 灑此能息眾生諸苦痛, 愿眾生分別毒患消除, 愿證悟所生病害平息。 我於此處及他方, 所修一切諸福德, 以此福德愿護主, 恒時與我相會遇。 忿怒王持金剛著藍衣修法儀軌,由阿阇黎蘇錢札跋陀羅造畢。

། །།རྒྱ་གར་གྱི་མཁན་པོ་བི་ན་ཡ ་ཙནྡྲ་དང་།

我來為您翻譯這段藏文: 印度堪布毗那耶月(བི་ན་ཡ ་ཙནྡྲ,विनय चन्द्र,Vinaya Candra,戒律月)

D2905

ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།།[་]@##། །རྒྱ་གར་སྐད་དུ། ཤྲཱི་བྷཱུ་ཏ་ཌཱ་མ་ར་མནྜལ་བི་དྷི་ནཱ་མ། བོད་སྐད་དུ། དཔལ་འབྱུང་བོ་འདུལ་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་འབྱུང་པོ་འདུལ་བྱེད་ལ་ཕྱག་འཚལ་ལོ། །ཆོ་གའི་དབྱེ་ བའི་རང་བཞིན་དྲི་མེད་གྲུབ་པ་སྟེར་བ་མི་རྣམས་བསྒྲལ་བའི་དོན་དུ་སྟོང་ཉིད་དོན་རྟོགས་བློ་བཟང་སྐྱོང་བ་བདག་གིས་བཤད།འདི་ལྟར་སྔོན་དུ་བསྙེན་པའི་བྱ་བ་བྱས་པས་སམ། རྟག་ཏུ་བཟླས་པའམ། ལོའི་ནང་དུའམ། ཟླ་བ་གཅིག་གི་ནང་དུ་བསྙེན་པ་བྱས་པས་དཀྱིལ་འཁོར་བྲི་བར་བྱའོ། །དེ་ཡང་ ཇི་ལྟར་འཆད་པའི་རིམ་པས་སོ།།དེ་ཡང་མིའི་རུས་པ་བཏགས་པས་བགེགས་བསལ་བའི་སྦྱིན་སྲེག་བྱ་སྟེ། སློབ་མའི་དོན་དུ་ཞི་བའི་སྦྱིན་སྲེག་བྱ་བ། ཉེས་པ་འཇོམས་པའི་སྔགས་བརྗོད་ལ། ཕྱོགས་བཅུའི་བགེགས་ལ་ཕུར་བས་བཏབ་སྟེ། གནས་བསྲུང་བར་བྱས་ལ། པུས་མོའི་བར་དུ་ བརྐོས་ལ།ཡང་ན་བརླ་འམ་རྐེད་པའི་བར་དུ་བརྐོས་པ་ནི། མཆོག་དང་བར་དང་ཐ་མའི་གྲུབ་པ་སྟེར་རོ། །སྐྲ་ལ་སོགས་པའི་ཉེས་པ་ཐམས་ཅད་བསལ་ལ། དྲི་བཟང་པོའི་ཆུས་གཏོར་ཏེ་དག་པར་བྱའོ། །ཉེས་པ་འཇོམས་པར་བྱེད་པའི་སྔགས་བརྗོད་ཅིང་། ཡང་ན་ས་གཞན་གྱིས་དགང་ བར་བྱའོ།།རིན་པོ་ཆེ་ལྔ་དང་། སྨན་ལྔ་དང་། འབྲུ་ལྔ་ཡང་གཞུག་ཅིང་མཉམ་པར་བྱས་ལ། དྲི་ཞིམ་པོའི་ཆུས་བྱུག་གོ། །དེ་ལྟར་ས་ལ་བརྟག་པ་ལ་ནི། ཞལ་དང་བཅས་པའི་གཙུག་ལག་ཁང་རྙིང་པ་མཆོག་ཡིན་ལ། བྱེ་མ་དང་ཡུངས་ཀར་དང་ཆུ་དང་བཅས་པ་ལ་ལན་བདུན་ བསྔགས་ཏེ་དཀྱིལ་འཁོར་གྱིས་གཞི་ལ་གཏོར་བར་བྱའོ།།རིན་པོ་ཆེ་དང་། བའི་རྣམ་པ་ལྔ་དང་། སྔོན་གྱི་སྨད་རྣམས་ཀྱིས་ཀྱང་བྱུག་པར་བྱ་སྟེ། ས་དག་པར་བྱ་བའི་ཆོ་གའོ།

我來為您翻譯這段藏文: 譯文: 由譯師比丘法慧翻譯。