d2603聖者文殊火供儀軌無憂吉祥
D2603
། །།པཎྜི་ཏ་དྷརྨ་ཤྲཱི་མི་ཏྲ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།[་]@##། །རྒྱ་གར་སྐད་དུ། ཧོ་མ་བི་དྷི་པིཎྜི་ཏ། བོད་སྐད་དུ། སྦྱིན་སྲེག་གི་ཆོ་ག་མདོར་བྱས་པ། འཇམ དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ།།དེ་ལ་དང་པོ་སྔགས་པ་ནི། །རང་ལུས་འཇིག་ཀྱང་གཞན་ཕན་བརྩོན། །རྙེད་དང་བཀུར་སྟི་མ་ཆགས་སེམས། །སེམས་ཅན་དོན་ཕྱིར་སྦྱིན་སྲེག་བྱ། །དང་པོར་སའི་ཆོ་ག་དང་སྟ་གོན་ཆོ་ག་བྱ་སྟེ། རང་ཡིད་དུ་འོང་བའི་སར་ཐིག་ གདབ་སྟེ།དཀྱིལ་འཁོར་གྱི་དབུས་སུ་ཐབ་ཁུང་རྒྱར་ཁྲུ་གང་ཟབས་སུ་དེའི་ཁྲུ་ཕྱེད་པ་ཁ་ཁྱེར་སོར་བཞི་བྱི་དོར་བྱ། ནང་དུ་པདྨ་རྡོ་རྗེས་མཚན་པ། བྱུག་པ་དང་དྲི་དང་མེ་ཏོག་དཀར་པོས་བརྒྱན་པ། མཚམས་སུ་རྡོ་རྗེ་རྩེ་གསུམ་པ་དང་། ཁ་ཁྱེར་ལ་ཀུ་ཤ་དགྲམ་པར་བྱའོ། །ཤིན་ ཏུ་སར་པའི་རས་ཀྱིས་གཡོགས་པར་བྱ།དེ་ནས་མཆོད་རྫས་དང་སྲེག་རྫས་དང་། ཡམ་ཤིང་བུད་ཤིང་དང་དགང་གཟར་ལ་སོགས་པ་བཤམས་ཏེ། མཆོད་རྫས་གཡོན་དུ་གཞག་སྲེག་རྫས་གཡས་སུ་གཞག་།དགང་གཟར་དང་བླུགས་གཟར་མར་ནི་མདུན། དེ་ནས་བསོད་ནམས་ ཚོགས་བསགས་ལ།།ཚད་མེད་བཞི་ལྡན་སེམས་བསྐྱེད་བྱའོ། །དེ་ནས་སྟོང་པའི་ཏིང་འཛིན་བསྒོམ། །ོཾ་ཨ་བྷཱ་བ་སྭ་བྷཱ་བ་བཛྲ་ཙཀྵུ་ཨ་ཨཱ་ཨཾ་ཨཿ། དེ་ནས་བདག་ཉིད་ལྷ་རུ་བསྐྱེད། །སྤྱན་དྲང་བྱིན་བརླབ་དབང་བསྐུར་བྱ། །ཡེ་ཤེས་མེ་ལྕེ་འོད་འབར་གསལ། །དེ་ནས་རཾ་ལས་མེའི་དཀྱིལ་ འཁོར་གྲུ་གསུམ་འབར་བ་བསྐྱེད་པར་བྱའོ།།གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པས་དེ་ནས་ཨ་ལས་མེ་ལྷ་ནི། །སྐུ་མདོག་དཀར་པོ་ཚངས་པའི་གཟུགས། །དབྱུག་པ་བགྲང་ཕྲེང་འཛིན་པར་བསྐྱེད། །སྤྱན་དྲང་མཆོད་བསྟོད་བྱས་ནས་བསྟིམ། །བུམ་པའི་ཆུ་ཡིས་ བགེགས་བསྐྲད་བྱ།།དེ་ནས་མར་ནི་དགང་བླུགས་གསུམ། །མེ་ལྷ་ཉིད་ལ་དབུལ་བར་བྱའོ།
我來為您翻譯這段藏文: 這是由班智達達摩室利密札和譯師比丘法賢所翻譯。
梵文為:荷摩毗地品底達 藏文為:獻火儀軌略說 頂禮文殊智慧菩薩! 首先,修咒者應: 即使犧牲自身也要精進利他, 心不貪著利養恭敬, 為眾生利益而修獻火。 首先應當進行地基儀軌和準備儀軌。在自己喜歡的地方畫線,在壇城中央挖火坑,寬一肘,深半肘,邊緣四指寬要清潔。內部用蓮花金剛為標記,涂以涂香和香料,用白色花朵裝飾,四隅安置三叉金剛杵,在邊緣鋪設吉祥草。用全新的布料覆蓋。 然後陳設供品、火供物品、檀香木柴和供勺等物。供品置於左邊,火供物品置於右邊,供勺和油勺放在前面。 接著積累福德資糧, 生起具足四無量的菩提心。 然後修習空性禪定。 唵阿巴瓦梭巴瓦班扎查庫阿阿昂啊。 然後觀想自身為本尊, 迎請加持並灌頂。 智慧火焰光明熾然。 然後觀想從染字生起三角形火壇城,光明熾然。 具大威嚴且光明。 然後從阿字觀想火天: 身色潔白如梵天相, 手持杖與數珠而生起。 迎請供養讚頌后融入。 以瓶水驅除障礙。 然後以三次滿勺的油, 供養火天本尊。
།མེ་མཚན་ངན་ན་སྤོགས་པ་བྱ། །དེ་ནས་མཆོད་རྫས་དབུལ་བྱ་ཞིང་། །སྲེག་རྫས་ཕུལ་ནས་བསྟོད་པ་བྱ། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །ཞེས་ པ་ནི།དེ་ནས་ཐུགས་ཀར་ཕོ་བྲང་བཅའ། བགེགས་བསལ་ལ་སོགས་གོང་བཞིན་བྱ། །སྲེག་རྫས་མཆོད་རྫས་ཐམས་ཅད་དབུལ། །གདགས་པ་ཞི་བ་ཤཱནྟིཾ་ངོ་། །སྤྲིན་དཀར་དག་པ་བཞིན་དུ་དཀར། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །དེ་ནས་བུམ་པའི་ཆུས་ བསངས་ལ་།སྲེག་རྫས་མཆོད་རྫས་ཐམས་ཅད་དབུལ། །དགང་བླུགས་གཉིས་ཀྱང་དབུལ་བར་བྱ། །དེ་ནས་ཕྲིན་ལས་བཅོལ་བྱ་ཞིང་། །བསྟོད་པའི་རིམ་པས་གཞུང་བཞིན་བསྟོད། །རྩ་སྔགས་མུཿདང་བཅས་པས་གཤེགས། །བདག་གིས་དགེ་བ་འདི་བརྩམས་པས། །དགེ་བ ་དྲི་མེད་གང་ཐོབ་དེས།
我來為您翻譯這段藏文: 若遇不祥火相時應當制止。 然後應當獻上供品, 獻上火供物品後作讚頌。 “大寶光明吉祥”等。 然後在心間建立宮殿, 如前驅除障礙等。 獻上所有火供物品和供品。 所立為寂靜咒”香諦”。 如潔白雲彩般純白, 如初升太陽般莊嚴。 然後以瓶水凈化, 獻上所有火供物品和供品。 也要獻上兩次滿勺。 然後應當託付事業, 按照儀軌次第作讚頌。 以根本咒和”姆”字送走。 我以此所作善業, 愿以所獲無垢善業。
D2604
།བདག་དང་མཐའ་ཡས་སེམས་ཅན་རྣམས། །རྗེ་བཙུན་འཇམ་དབྱངས་ཐོབ་པར་ཤོག་།འཕགས་པ་འཇམ་དཔལ་གྱི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་མྱ་ངན་མེད་པའི་དཔལ་བས་མཛད་པ་རྫོགས་སོ།། །།[་]@##། །རྒྱ་གར་སྐད་དུ། ཛྙཱ་ན་སཏྭ་མཉྫུ་ཤྱ་ དི་བུདྡྷ་ནཱ་མ་སཱ་དྷ་ནཾ།བོད་སྐད་དུ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་པོའི་སངས་རྒྱས་ཞེས་བྱ་བའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐོག་མ་བར་དང་མཐར་སངས་རྒྱས། །སྲིད་པའི་དྲི་མ་དང་བྲལ་བའི། །རང་བཞིན་གྱིས་ནི་དག་ པའི་སྐུ།།དང་པོའི་སངས་རྒྱས་ལ་བཏུད་ནས། །སྙིང་པོ་བསྡུས་པའི་མཚན་རྒྱུད་ལས། །ཡེ་ཤེས་ལྔ་ཡི་སྒྲུབ་ཐབས་འདི། །མ་རིག་འཁྲུལ་པ་སྤང་བའི་ཕྱིར། །གསུང་གི་སྒྲུབ་ཐབས་གསལ་ཕྱིར་བྲི། །གནས་ཁང་ཡིད་དུ་འོང་བར་ནི། །བདེ་བའི་སྟན་ལ་ཉེར་འདུག་སྟེ། །ཚད་མེད་ བཞི་པོ་བསྒོམ་བྱས་ནས།།བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། ། བྷཱ་བ་སྭ་བྷཱ་བ་བི་ཤུདྡྷ་བཛྲ་ཙཀྲ་ཨ་ཨཱ་ཨཾ་ཨཿ། དེ་ནས་སྟོང་པའི་ཏིང་འཛིན་ལས། ། ཧཱུཾ་ལས་བྱུང་རྡོ་རྗེ་ནི། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་ཞལ་དྲུག་ལྡན། །མེ་དཔུང་འབར་བ་དང་ བཅས་པ།།འཇིགས་པའི་རྡོ་རྗེ་བསྐྱེད་པར་བྱ། །དང་པོ་ཡི་ནི་དབྱངས་ཡིག་ལས། །ཐབས་དང་ཤེས་རབ་རང་བཞིན་གྱི། །ཡེ་ཤེས་མིག་གཅིག་ཨེ་ཡི་ནང་། །ཉོན་མོངས་དྲི་མེད་པདྨའོ། །དང་པོའི་དབྱངས་ཡིག་ལས་བྱུང་བའི། །པཾ་ལས་བྱུང་བའི་པདྨའི་སྟེང་། །རྡོ་རྗེ་སྐྱིལ་ཀྲུང་ རྫོགས་སངས་རྒྱས།།སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྡོ་རྗེ་རྣོན་པོ་རང་བཞིན་ཞལ། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །རྣམ་དག་ཤེས་རབ་ཡེ་ཤེས་ཞལ། །སྨྲ་བའི་སྐྱེས་མཆོག་དམ་པ་ཡི། ། བཅོམ་ལྡན་སྡུག་བསྔལ་གཅོད་པའི་ཞལ། །སྟོབས་དང་ལྡན་པ་སྨྲ་བའི་རྒྱལ། །གསུང་དབྱངས་རྡོ་རྗེ་ཆོས་ཀྱི་ཞལ། །སྨྲ་བའི་དམ་པ་མཆོག་གི་གནས། །རྡོ་རྗེ་ཟབ་མོ་སྐུ་ཡི་ཞལ། །སྨྲ་བའི་སེང་གེ་ཉོན་མོངས་སེལ། །ཁ་དོག་སོ་སོར་མཚུངས་མེད་ཞལ། །ཀུན་དུ་ལྟ་བ་མཆོག་ཏུ དགའ།།སྐུ་ནི་གཟི་བརྗིད་ཕུང་པོ་ཡི། །མཚན་དང་དཔེ་བྱད་བལྟ་ན་སྡུག་།འོད་བཟང་རིན་ཆེན་འབར་བ་ཡི། །གཡོན་པའི་ཕྱག་བཞི་པུསྟི་འཛིན། །གཡས་པ་ཡི་ནི་ཕྱག་བཞི་ཡིས། །འདོད་དང་བཅས་པའི་རལ་གྲི་འཕྱར། །སྨན་པ་ཆེ་མཆོག་གཞོན་ནུའི་སྐུ། །ལྗོན་པའི་ཤིང་ དང་བཅས་པའོ།།སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །སངས་རྒྱས་ཀུན་གྱི་གསུང་ཆེ་བ། །རྩིབས་བཞི་མུ་ཁྱུད་གསུང་ཡང་ཡིན། །ོཾ་བཛྲ་ཏཱིཀྵྞ་ནུབ་ཏུའོ། །དུཿཁཙྪེ་ད་ཤར་དུའོ། །པྲཛྙཱ་ཛྙཱ་ན་མཱུརྟ་ཡེ་དབུས་སུའོ།
我來為您翻譯這段藏文: 愿我與無量眾生,證得至尊文殊。聖者文殊火供儀軌,由無憂吉祥阿阇黎所造圓滿。
同部經論
與本文同名或相近的其他版本、科判、譯文與註疏。