菩薩藏佛教學會
20
背景
翻譯
下載 ▾

d2769吉祥觀世音甘露獲得食品儀軌

D2769

།དབང་མེད་སྐྱེ་བོ་འདུ་བར་འགྱུར། །སྨོན་ལམ་དུ་བྱ་བ་རྫོགས་སོ།།[་]@#། །དཔལ་བདུད་རྩིའི་སྦྱོར་བ་བརྙེས་པ་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དཔལ་བདུད་རྩི་བརྙེས། །བཟའ་དང་བཅའ་དང་མྱང་བ་སྨན། །བཏུང་བ་སྣ་ཚོགས་ ཉིད་མཆོད་བཞེས།།སྐལ་ལྡན་བྱིན་གྱིས་རློབ་པར་བཤད། །དུས་དང་དུས་མཚམས་དགའ་སྟོན་དུས། །བཟའ་དང་བཟའ་མིན་བཟའ་ཡིན་ཏེ། །རྣལ་འབྱོར་རྒྱལ་པོ་དམ་ཚིག་སྤྱོད། །རབ་གུས་མཆོད་བྱེད་སྦྱིན་ལ་བརྩོན། །སྐད་ཅིག་དྲན་པས་ལྷར་བསྐྱེད་ནས། །བཞི་པའི་ ཡི་གེ་སྦྱོར་བ་ཡིས།།མགྲིན་པ་ལྕེ་སྟེང་བྱིན་བརླབས་ལ། ། དང་ཀ་ཕྲེང་གཉིས་མེད་ཞུ། །སྒྲོན་མ་གཉིས་སྟེང་རྡོ་རྗེ་འཆང་། །དེ་བཞིན་སེང་གེ་རྣམ་བསྒྱིངས་གཉིས། །རྒྱུར་བྱས་ཐབས་དང་ཤེས་རབ་བསྐྱེད། །ཕྲེང་བ་གཉིས་ཀྱང་དགོད་པར་བྱ། །ཀ་པཱ་ལ་སོགས་པདྨ་ཅན། ། སྣ་ཚོགས་བཟའ་བས་བཀང་བྱས་ལ། །སྣོད་བཅུད་སྦྱང་དང་གཟི་བསྐྱེད་པས། །གྱ་ནོམ་གྱུར་པ་རྣལ་འབྱོར་ཚོགས། །ོཾ་ཨཱཿཧྲཱིཿབཾ་ཧོཿ། དྲི་བསལ་སྤྱོད་བྱེད་བདུད་རྩིར་བྱེད། །ཕུན་སུམ་ཚོགས་དང་དགེས་བྱེད་པ། །དམ་ཚིག་ཕྱག་རྒྱ་རྣམ་པ་ལྔ། །འོད་ཀྱི་སྦྱོར་བས་རྣམ་པར རྩེན།།དཔག་མེད་བདག་ལུས་སངས་རྒྱས་ལ། །བསམ་མི་ཁྱབ་སྤྲུལ་རྩི་ཡི་མཚོས། །ལུས་ལྔ་དག་ནི་བསྒྲུབ་པའི་ཕྱིར། །སྒྲུབ་པ་པོས་ནི་མཆོད་པར་བྱ། །ོཾ་ཨཱཿཧྲཱིཿཤྲཱི་ལོ་ཀ་ནཱ་ཐ་སརྦ་བུདྡྷ་བོ་དྷ་སི་བྷཱུ་པདྨ་བི་ཤུདྡྷ་ཨ་མྲྀཏ་ཏེ་ཛ་ར་བྷ་ཀྵ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨ་ནེ+ེ་ཀ་སཏྭ་ཙ་ས་མ། ཡ་སིདྡྷི་སྨ་ར་སྨ་ར་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་ལན་གསུམ་བརྗོད་པས་སོ། །དེ་ནས་ལྷག་མ་བསྡུས་ལ་གཏོར་མ་བྱའོ།

以下是藏文的簡體中文直譯: 無力的眾生將會聚集。願望祈請已圓滿。

頂禮獲得甘露配製之尊。觀世音尊獲得殊勝甘露。食物、零食和藥物品嚐,飲用各種供品享用。具緣者得到加持所說。在時節與節氣歡慶時,可食與不可食皆可食。瑜伽王者持守誓言,恭敬供養精進佈施。 剎那觀想成為本尊后,以第四字母相應,加持喉部與舌上。二種無二融化的字串。燈上有兩位金剛持,如是有兩位獅子莊嚴。以因造作方便智慧生,二種字串也應當安置。嘎巴拉等蓮花容器,以各種食物裝滿之後,凈化器情生威光故,成為殊勝瑜伽眾會。 嗡阿啥邦吙(ོཾ་ཨཱཿཧྲཱིཿབཾ་ཧོཿ,ॐ आः ह्रीः वं होः,oṃ āḥ hrīḥ vaṃ hoḥ,種子字) 除去污穢行為成甘露,圓滿具足令人歡喜者,誓言手印共有五種,以光相應而作遊戲。無量自身諸佛前,不可思議化現甘露海,為成就五身故,修行者應當供養。 嗡阿啥室利洛嘎那他薩兒瓦布達波達斯布帕瑪比秫達阿密利達得匝拉巴克夏達卡卡卡嘿卡嘿阿內嘎薩埵札薩瑪雅悉地斯瑪拉斯瑪拉吽吽吽梭哈 (ོཾ་ཨཱཿཧྲཱིཿཤྲཱི་ལོ་ཀ་ནཱ་ཐ་སརྦ་བུདྡྷ་བོ་དྷ་སི་བྷཱུ་པདྨ་བི་ཤུདྡྷ་ཨ་མྲྀཏ་ཏེ་ཛ་ར་བྷ་ཀྵ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨ་ནེ+ེ་ཀ་སཏྭ་ཙ་ས་མ། ཡ་སིདྡྷི་སྨ་ར་སྨ་ར་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ,ॐ आः ह्रीः श्री लोकनाथ सर्व बुद्ध बोधसत्त्व पद्म विशुद्ध अमृत तेज रभक्षत ख ख खाहि खाहि। अनेक सत्त्व च समय सिद्धि स्मर स्मर हूं हूं हूं स्वाहा,oṃ āḥ hrīḥ śrī lokanātha sarva buddha bodhisattva padma viśuddha amṛta teja rabhakṣata kha kha khāhi khāhi | aneka sattva ca samaya siddhi smara smara hūṃ hūṃ hūṃ svāhā,咒語) 如是誦三遍。然後收集剩餘做朵瑪供養。

།བདག་ལུས་རྡོ་རྗེ་སྤྱན་རས་གཟིགས། །ཕུང་པོ་སངས་རྒྱས་རྣམ་པ་ལྔ། །བདེ་ཆེན་གཉིས་མེད་ཕྱག་རྒྱ་ཆེ། །དཔའ་བོ་རྣམ་པར་རོལ་པ་ཡིན། །ོཾ་ཨཱཿཧྲཱིཿ་ཨི་ཨུ་ཨེ་ཨོ་ཨཾ།

以下是藏文的簡體中文直譯: 自身金剛觀世音, 五蘊即是五佛身, 大樂無二大手印, 勇士示現遊戲爾。 嗡阿啥依烏誒哦昂 (ོཾ་ཨཱཿཧྲཱིཿ་ཨི་ཨུ་ཨེ་ཨོ་ཨཾ,ॐ आः ह्रीः इ उ ए ओ अं,oṃ āḥ hrīḥ i u e o aṃ,種子字)

D2770

མ་ཧཱ་སུ་ཁ་བཛྲ་ཏ་ཏཱ་སརྦ་ཛྙཱ་ན་སྭ་བྷཱ་ཝ་བི་ཤུདྡྷ་ཧོ་ཧོ་ཧོཿཞེས་གླུ་བླང་བར་བྱའོ། །དཔལ་སྤྱན་རས་གཟིགས་བདུད་རྩི་བརྙེས་པའི་ཟས་ཀྱི་ཆོ་ག་རྫོགས་སོ།།[་]@#། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བདག་གི་ལུས་ལ་ལྷག་པར་ཆགས། །ནད་ནི་རྣམ་པ མང་ལྡན་པའམ།།ཡང་ན་བསོད་ནམས་ཚོགས་དོན་གཉེར། །དེས་ནི་ལུས་སྦྱིན་ཆོ་ག་བརྩམ། །རེ་ཞིག་ལོངས་སྤྱོད་དང་ལུས་ལ་རྨི་ལམ་དང་སྒྱུ་མ་ལྟ་བུར་རྟོགས་ཤིང་འདུ་བྱེད་ཐམས་ཅད་དྲི་ཟའི་གྲོང་ཁྱེར་རམ། མཚོན་ཆའི་སྦྱོར་བ་ལྟ་བུར་ཡོངས་སུ་ཤེས་པས། ཐོག་མ་ཁོ་ནར་མཆོད་པ་རྣམས་ ཀྱི་མཆོག་ཏུ་གྱུར་པ་ནི།རྣལ་འབྱོར་གྱི་ལུས་ཉེ་བར་སྦྱིན་པ་འདིའོ། །དེ་ནས་ཡང་རང་ཉིད་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་རྣམ་པར་དཀར་བ་འོད་ཟེར་བཅུ་དྲུག་གི་རྣམ་པ་ཅན་དུ་བསྒོམ་པར་བྱའོ། །དེའི་ཐུགས་ནི་ཧྲཱིཿཀུན་ད་ལྟ་བུའོ། །དེ་ལས་བྱུང་བའི་འོད་ཟེར་འབར་བའི་ གཟི་བརྗིད་ཀྱིས་གདུག་པ་ཅན་འདུལ་བའོ།།ལྟེ་བར་རི་དམར་པོ་ལས་སྐྱེས་པའི་མེའི་ཕྲེང་བ་གསལ་བྱེད་ཀྱི་འཁོར་ལོ་ཅན་ནོ། །དེ་བཞིན་དུ་ཐུགས་ཀར་ཡང་ཨ་དཀར་པོ་ལས་སྐྱེས་པའི་དབྱངས་ཀྱི་འཁོར་ལོ་ཡང་ངོ་། །མི་དང་ལྷ་དབང་ཀླུ་རྒྱལ་གྱི། །མགོ་གསུམ་སྤྱེད་པུའི་སྟེང་དུ་ནི། ། ལྷ་ཡི་སྨིན་མཚམས་ལས་བྱུང་བའི། །ཕ་ཏི་ཀ་ཡི་གྲི་གུག་གིས། །བདག་གི་ཐོད་ཕྱེད་བཅད་ནས་ནི། །ཕྲུ་བའི་ཚུལ་དུ་དགབ་པར་བྱ། །ལྷ་ཡི་ལྟེ་དབུས་རཾ་ཡིག་ལས། །མེ་ལྕེ་བསྐྱོད་པ་སྦར་བར་བྱ། །དེ་ཡི་ནང་དུ་བདག་ཉིད་ལུས། །གཅེར་བུ་ཙོག་ཀྲུང་འདུག་པ་ཡིན། །གནས གསུམ་ཡི་གེ་གསུམ་བསམས་ལ།།ཁུ་བ་དམར་པོས་བཞུ་བར་བྱ། །འབྲུ་གསུམ་ལན་གསུམ་བརྗོད་པ་ཡིས། །དག་པར་བྱས་དང་བདུད་རྩིར་བྱ། །ཕུན་ཚོགས་དགྱེས་པའི་རྒྱུ་བསམས་ཏེ། །ཐུགས་ཀའི་ཧྲཱིཿལས་བདུད་རྩི་དགུག་།དམ་ཚིག་ཡེ་ཤེས་འདྲེས་གྱུར་པ། །རྡོ་རྗེ་ཁ་ཕྱེའི་ཕྱག་རྒྱ་དང་། ། ཨོཾ་ཨཱཿབཛྲ་ཀཱ་ཡ་ཤུདྡྷ་བི་ཤུདྡྷཱ་ཀཱ་རོ་མུ་ཁཾ་ཨ་མྲྀ་ཏ་སྭ་བྷཱ་ཝ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཁ་ཁ་ཁཱ་ཧི་ཁཱ་ཧཱི། སརྦ་སཏྭཱ་རྠ་ཧོཿ། སྔགས་འདིས་ལན་གསུམ་བར་དུ་དབུལ། །མགྲོན་གསུམ་རྣལ་འབྱོར་ཆོ་གས་སོ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་མཻ་ཏྲིའི་གདམས་པ། ལུས ་སྦྱིན་པའི་ཆོ་ག་རྫོགས་སོ།

這是一段藏文的儀軌文字,我來為您翻譯: “應當唱誦:‘大樂金剛真如一切智自性清凈吽吽吽’。吉祥觀世音甘露獲得食品儀軌圓滿。