菩薩藏佛教學會
20
背景
翻譯
下載 ▾

d2771水施儀軌

D2771

།[་]@#། །ཐུགས་རྗེ་ཆེན་པོ་རྒྱུན་གྱི་ཕྲེང་བ་ཅན་ལ་ཕྱག་འཚལ་ལོ། །སྙིང་རྗེ་ཆེན་པོ་ཅན་གྱི་རྣལ་འབྱོར་པས། ཡི་དགས་ལ་སོགས་པ་ཕོངས་པ་རྣམས་ལ་ཆུའི་སྦྱིན་པ་སྦྱིན་པ་ལ་བརྩོན་པར་བྱ་སྟེ། རྒྱུ་གཅིག་སྔོན་དུ་སོང་བ་ཡིས། །འཕགས་པ་ཉིད ནི་དྲན་བྱས་ལ།།མགྲིན་པ་ལག་པ་འཁོར་ལོར་བཅས། །རྫོགས་པའི་སྦྱོར་བས་རྫོགས་པར་བྱས། །ཕྱག་གཡས་ཟླ་དབུས་ཡེ་ཤེས་ཅན། ། ཕྲེང་གིས་བསྐོར་གསལ་བ་ཡི། །མིང་མེད་རྩེ་ནས་མི་འགྱུར་བདུན། །འབབ་པ་བདུད་རྩིའི་རྒྱུན་རབ་འཛག་།པདྨོ་རྒྱས་བཏབ་རིན་ ཆེན་སྣོད།།བསིལ་ཞིམ་དངས་པས་བཀང་བའི་ཆུ། །པདྨོའི་མཚོ་ལ་ཆར་རྒྱུན་བཞིན། །ཡེ་ཤེས་བདུད་རྩིར་འབབ་པས་བསྲེ། །འཇུངས་པའི་མྱ་ངན་རྒུད་པ་ཡི། །གཟུགས་ཅན་ཇི་སྙེད་འཇིག་རྟེན་རྒྱུ། །དེ་སྙེད་ཕྱག་མཐིལ་འོད་ཟེར་གྱི། །མདུན་བདར་ས་གཞི་གང་བར་བྱ། །ོཾ་ ཨཱཿཧྲཱིཿམ་ཧཱ་ཀཱ་རུ་ཎི་ཀ་པྲ་སཱ་ད་སརྦ་པྲེ་ཏ་པྲ་ཏྱུད་ཏ་སཱི་གྷྲཾ་ཛ་ཛ་ཛཿ།།དེ་རྗེས་འོད་ཟེར་སྐར་མདའ་ཡི། །སྔགས་དང་ཕྱག་རྒྱ་གསལ་བ་ཡིས། །མ་ལུས་ལྕེ་ལ་འབར་བ་ཡི། །སྦུབས་བསམས་ཡི་གེ་བཞི་བརྗོད་སྦྱིན། །ོཾ་ཨཱཿཧྲཱིཿཧཱུཾ། ཟས་ཀྱི་བདུད་རྩིས་ཚིམ་བྱས་ ནས།།གནས་གྱུར་ལྷ་ལུས་ཐོབ་པ་ན། །བདེ་གཤེགས་བཀའ་ཡི་ཚིག་སྦྱིན་པས། །དུབ་པའི་སེམས་ཀྱང་ཚིམ་པར་བྱ། །མཐར་ནི་སྨོན་ལམ་གྱིས་སྨིན་པའི་གདུལ་བྱར་བྱས་པ་ལ་ལམ་བསྟེན་པའི་ཕྱག་རྒྱས་བཀའ་བསྒོ་ལ་ཅི་བདེ་བར་དེངས་སུ་གཞུག་གོ་།ཆུ་སྦྱིན་གྱི་ ་ཆོ་ག་རྫོགས་སོ།

我來為您翻譯這段藏文。這是一個關於水施儀軌的文字: 頂禮具有大悲心相續串珠者!具有大悲心的瑜伽士,應當精進地對餓鬼等貧困眾生布施水。 首先由一個因緣開始,憶念聖者,以完整的瑜伽法門圓滿throat(喉)、手和輪。右手月輪中具智慧,被珠串環繞光明,從無名指尖流出七種不變,流淌甘露之流。 蓮花印成寶器,盛滿清涼芬芳澄凈之水。如同蓮池中的雨流,與智慧甘露相融合。所有具有飢渴、憂愁、衰敗之形體,在世間遊蕩的眾生,以手掌放射的光明,照遍前方大地。 (以下是咒語部分) 藏文:ོཾ་ཨཱཿཧྲཱིཿམ་ཧཱ་ཀཱ་རུ་ཎི་ཀ་པྲ་སཱ་ད་སརྦ་པྲེ་ཏ་པྲ་ཏྱུད་ཏ་སཱི་གྷྲཾ་ཛ་ཛ་ཛཿ 梵文天城體:ॐ आः ह्रीः महाकारुणिक प्रसाद सर्व प्रेत प्रत्युद्गत सीघ्रं ज ज जः 梵文羅馬拼音:oṃ āḥ hrīḥ mahākāruṇika prasāda sarva preta pratyudgata sīghraṃ ja ja jaḥ 漢譯:嗡阿啥 大悲尊 加持一切餓鬼速疾升起 匝匝匝 之後以流星般的光芒,以明顯的咒語與手印,觀想無餘舌上燃燒的管道,誦四字咒: (以下是咒語部分) 藏文:ོཾ་ཨཱཿཧྲཱིཿཧཱུཾ 梵文天城體:ॐ आः ह्रीः हूं 梵文羅馬拼音:oṃ āḥ hrīḥ hūṃ 漢譯:嗡阿啥吽 以食物甘露令其滿足后,轉變獲得天身,以如來言教之語佈施,使疲憊的心得到滿足。 最後,對已經以願力成熟的所化眾生,以修持道路的手印教誡,隨宜令其離去。 水施儀軌圓滿。